[སྔོན་འགྲོའི་དཔར་གཞི།]་ @001A ༄༅། །གདུགས་དཀར་གྱི་གདོན་ཟློག་གེགས་སེལ་ཅེས་བྱ་བ་བཞུགས་སོ།། @001B ༄༅༅།། །།ན་མོ་ཤཱཀྱ་མུ་ན་ཡེ། བདེ་གཤེགས་གཙུག་ཏོར་ལས་འཁྲུངས་ཤིང༌། །གཞན་གྱིས་མི་ཐུབ་བདུད་བགེགས་ཚོགས། །ཚར་གཅོད་རྒྱལ་བ་ཀུན་གྱི་ཡུམ། །གཙུག་ཏོར་གདུགས་དཀར་ཞབས་ལ་ འདུད། །དེ་ལ་གདུགས་དཀར་གྱི་སྒོ་ནས་གཞན་གྱི་འགལ་རྐྱེན་སེལ་བའི་ཐབས་ཅུང་ཟད་ཅིག་བཤད་པར་བྱ་སྟེ། དེ་ཡང་འདིའི་བཟློག་ཆེན་བྱ་ཚུལ་ཞིག་ནི་ལོགས་སུ་འཆད་པར་འགྱུར་ལ། འདིར་གཞུང་འགའ་ཞིག་ནས་བྱད་བཟློག་ཅེས་གྲགས་པའི་ཆོ་ག་ ཞིག་འབྱུང་ཞིང༌། དེ་ལ་ཡང་མི་འདྲ་བ་འགའ་རེ་སྣང་བ་ལས། གདོན་ཟློག་གི་ཁ་སྐོང་དགོས་པས་ཁ་བསྐང་ནས་འཇུག་པ་བདེ་ཁུལ་དུ་བྱས་ནས་འགའ་ཞིག་ལ་ཕན་འདོད་ཀྱི་བསམ་པས་བརྗོད་པར་བྱའོ། །བཅའ་ཐབས་ནི། དཀྱིལ་འཁོར་གྲུ་བཞི་སྒོ་བཞི་པ། དབུས་སུ་པདྨ་འདབ་བརྒྱད་ལྟེ་བ་དང་བཅས་པ། དེའི་ཕྱི་རོལ་ཏུ་པད་འདབ་ཀྱི་དབྱིབས་ལྟ་བུའི་འཁོར་ལོ་རྩིབས་བཅུ་དྲུག་པ། དབུས་ཀྱི་ལྟེ་བར་ཞལ་ཡོངས་རྫོགས་ཀྱི་སྐུ་དཀའ་བས། ཞལ་གཅིག་ཕྱག་གཉིས་མ་གཡས་སྐྱབས་སྦྱིན་དང་གཡོན་གདུགས་ དཀར་འཛིན་པ་བཀོད་ཀྱང་མི་འགལ་ཡང༌། མ་གྲུབ་ན་དབུས་ནས་བཟུང་སྟེ་ལྷ་རྣམས་ཀྱི་གནས་ཐམས་ཅད་དུ་ཐིག་ལེ་དང༌། དེའི་སྟེང་དུ་ཚོམ་བུ་ལྷ་གྲངས་དང་མཉམ་པ་བཀོད་ན་ལེགས་ཤིང༌། གཙོ་མོའི་གནས་སུ་ཙ་ཀ་ལི་སོགས་ཀྱི་སྐུ་ཡོད་ན་དེའི་སྟེང་དུ་ དར་རམ་ཤོག་རས་དཀར་པོའི་གདུགས་བྱ། གནས་ཀྱི་མདོག་ནི་ཤར་སོགས་བཞི་རིམ་པ་བཞིན་དཀར་སེར་དམར་ལྗང་ཁུར་བྱའོ། །དེ་ལྟར་བྱས་པ་དེ་ཉིད་མདུན་དུ་སྟེགས་ཀྱི་ཁར་བཞག་སྟེ། མཐར་དར་རམ་རས་ཤོག་སོགས་ཀྱིས་བསྐོར་ནས་རྒྱན་ @002A ༄༅། །གྱིས་བརྒྱན། མདུན་དུ་མཆོད་པ་ཆུ་གཉིས་ཉེར་སྤྱོད་ལྔ་དང་འདོད་ཡོན་དང་བཅས་པ་དང༌། གཙོ་མོའི་ཟླུམ་གཏོར་གྱི་མཐར་གཏོར་ཆུང་ཉེར་གཉིས་སམ་ཅི་འགྲུབ་དང༌། གཞི་བདག་གི་གཏོར་མ་ཡང་བྱའོ། ༈ །དེ་ནས་བདག་མདུན་ གཉིས་ལས། བདག་བསྐྱེད་ལ་ལྷ་གཞན་ལ་བརྟེན་པ་ཡང་རུང་མོད། འདིར་གདུགས་དཀར་ཉིད་ཀྱི་བདག་བསྐྱེད་བྱ་སྟེ། དེ་ལ་ཡང་ཕྱག་སྟོང་མ་དང༌། ཞལ་གསུམ་ཕྱག་བརྒྱད་མ་དང༌། ཞལ་གསུམ་ཕྱག་དྲུག་མ་དང༌། ཞལ་གཅིག་ཕྱག་གཉིས་མ་ རྣམས་ལས། འདིར་ཕྱག་སྟོང་མའི་དབང་དུ་བྱ་སྟེ། དེ་ལ་ཡང་བསྐྱེད་ཚུལ་ལྷ་དྲུག་བསྐྱེད་དང༌། ཆོ་ག་གསུམ་བསྐྱེད་དང༌། སྐད་ཅིག་དཀྲོང་བསྐྱེད་རྣམས་ལས་གང་བྱས་ཀྱང་མི་རུང་བ་མི་སྣང་ཡང༌། འདིའི་རྒྱ་གཞུང་རྣམས་ནས་ཆོ་ག་གསུམ་བསྐྱེད་ བྱས་པ་མང་དུ་སྣང་བ་ལྟར་བྱ་སྟེ། ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་སོགས་བྱས་ནས། །ཨོཾ་སྭ་བྷཱ་ལྔས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པཾ་ལས་སྣ་ཚོགས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་ སྟེང་དུ་ཨོཾ་ལས་གདུགས་དཀར་པོའི་ཏོག་ལ་ཨོཾ་ཡིག་གིས་མཚན་བ་ལས་འོད་ཟེར་འཕྲོས། སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་བཅོམ་ལྡན་འདས་མ་གདུགས་དཀར་པོ་ཅན། དབུ་སྟོང་ དང་ཕྱག་སྟོང་མངའ་བ། སྤྱན་བྱེ་བ་བརྒྱ་སྟོང་མངའ་བ། མི་ཕྱེད་འབར་བའི་མཚན་རྟགས་ཅན། སྐུ་མདོག་དཀར་མོ་སྒེག་ཅིང་དཔའ་བའི་ཉམས་ལྡན། རྩ་ཞལ་ཉིས་བརྒྱ་དཀར། གཡས་ཞལ་ཉིས་བརྒྱ་སེར༌། @002B རྒྱབ་ཞལ་ཉིས་བརྒྱ་དམར། གཡོན་ཞལ་ཉིས་བརྒྱ་ལྗང༌། སྟེང་ཞལ་ཉིས་བརྒྱ་སྔོ། ཞལ་རེ་རེ་ལ་ཡང་སྤྱན་གསུམ་གསུམ་ལྡན་ཞིང༌། དབུ་རེ་རེ་ལ་ཁྲོ་བོའི་རྡོ་རྗེས་མཚན་པ། དབུའི་སྟེང་དུ་སངས་རྒྱས་བྱེ་བ་ཕྲག་བདུན་གྱི་ཅོད་པན་ འཆང་བ། ཕྱག་གཡས་ཀྱི་དང་པོས་འཁོར་ལོ་དང་བཅས་པའི་སྐྱབས་སྦྱིན། གཡོན་གྱི་དང་པོས་གདུགས་དཀར་པོའི་ཡུ་བ་ཐུགས་གར་འཛིན་ཅིང༌། གཡས་གཡོན་གྱི་ལྷག་མ་དགུ་བཅུ་རྩ་དགུ་ན་འཁོར་ལོ་དང་མདའ། གཡས་ཀྱི་ ལྷག་མ་བཞི་རྒྱས་རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་སྣ་ཚོགས་རྡོ་རྗེ་རྣམས་བརྒྱ་ཕྲག་རེ་རེ་འཛིན་ཅིང་ངོ། གཡོན་གྱི་ལྷག་མ་བཞི་བརྒྱས་མདའ་གཞུ་དང་རལ་གྲི་དང་ཞགས་པ་དང་ལྕགས་ཀྱུ་རྣམས་བརྒྱ་ཕྲག་རེ་རེ་འཛིན་པ། དར་གྱི་ན་བཟའ་ དང༌། རིན་པོ་ཆེའི་རྒྱན་སྣ་ཚོགས་པས་སྤྲས་བ། ཞབས་གཡས་ལྔ་བརྒྱ་བརྐྱངས་པས་རྒྱལ་པོའི་ཆད་པ་ལ་སོགས་པའི་འཇིགས་པ་དང༌། གཡོན་ལྔ་བརྒྱ་བསྐུམས་པས་མདངས་འཕྲོག་མ་ལ་སོགས་པའི་གདོན་ཐམས་ཅད་འཇོམས་ པར་མཛད་པ། སྐུའི་ཆ་ཐམས་ཅད་ན་ཟུར་གྱིས་ལྟ་བ་དང༌། ཆེར་བགྲད་པ་ལ་སོགས་པའི་སྤྱན་བྱེ་བ་བརྒྱ་སྟོང་མངའ་བ། ཉམས་དགུ་དང་ལྡན་པ། སྐུའི་བ་སྤུའི་བུ་ག་ཐཾས་ཅད་ནས་ཡེ་ཤེས་ཀྱི་རྡོ་རྗེའི་མེ་རབ་ཏུ་འབར་བས་ས་གསུམ་ གྱི་དཀྱིལ་འཁོར་ཐམས་ཅད་འགེངས་པ། འཇིགས་པ་ཐམས་ཅད་ལས་སྐྱོབ་ནུས་བའི་བདག་ཉིད་ཅན་དུ་གྱུར། དེའི་སྤྱི་བོར་ཨོཾ་དཀར་པོ་ནས་ཧཱུཾ་སྔོན་པོ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་ @003A ༄༅། །བཅོམ་ལྡན་འདས་གདུགས་དཀར་མོ་ཅན་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། ཨེ་ཧྱེ་ཧི་བཛྲ་ས་མཱ་ཡ་ཛཿ ཛཿ། ཛྲཿ ཧཱུཾ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། དབང་གི་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས། ཁྱོད་རྣམས་ཀྱིས་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་ཨོཾ་སརྦ་ནས་ ཤྲཱི་ཡེ་ཧཱུཾ་ཞེས་གསུངས་ཤིང་སྤྱི་བོ་ནས་དབང་བསྐུར་བས། ལུས་ཀྱི་ནང་ཐམས་ཅད་གང༌། དྲི་མ་ཐམས་ཅད་དག་ཆུ་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས་རྣམ་སྣང་གིས་དབུ་བརྒྱན་པར་གྱུར། དེ་ནས་མཆོད་པ་ཨ་ མྲྀ་ཏས་བསངས། སྭ་བྷཱ་ཝས་སྟོང་བར་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་ཡོན་ཞབས་བསིལ་ནས་ཤཔྟ་ཨཱཿ ཧཱུཾ་གིས་རྒྱུད་སྡེ་ འོག་མ་ལྟར་བྱིན་གྱིས་བརླབས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་སི་ཏ་ཏ་བ་ཏྲེ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱ་ཧཱ་ནས་ཤཔྟའི་བར་གྱིས་མཆོད་ལ། རྒྱལ་ཀུན་མཐུ་སྟོབས་ནུས་པའི་དབུང༌། །གཅིག་བསྡུས་ལྷ་མོའི་སྐུར་ཤར་བ། ། དྲན་པ་ཡིས་ཀྱང་གདོན་བགེགས་ཚོགས། །འཇོམས་མཛད་ཁྱོད་ལ་ཕྱག་འཚལ་བསྟོད། །རང་གི་ཐུགས་ཀའི་ཨོཾ་ཡིག་གི་མཐར་སྔགས་འཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་ @003B ནད་གདོན་ཐམས་ཅད་ཞི་བར་བྱས། སླར་འདུས་ནས་སྔགས་འཕྲེང་ལ་ཐིམ་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་སི་ཏ་ཏ་བ་ཏྲེ་ཧཱུཾ་ཕཊ། ཧཱུཾ་མ་མ་ཧཱུཾ་ནི་སྭཱ་ཧཱ། ཞེས་པའི་ཉེ་སྙིང་དང་སྙིང་པོ་ཅི་འགྲུབ་བཟླས་ནས། ཡིག་བརྒྱ་བརྗོད་དེ། སླར་ ཡང་མཆོད་བསྟོད་བྱེད་དམ་མིན་ཡང་རུང་ངོ། ༈ །དེ་ནས་མདུན་བསྐྱེད་སྒྲུབ་པ་ནི། སྒྲུབ་གཞིབ་སངས་སྦྱངས། སྟོང་པའི་རང་ལས་རང་གི་མདུན་དུ་བྷྲུཾ་ལས་གཞལ་ཡས་ཁང་གྲུ་བཞི་པ་ལ་སོགས་པའི་མཚན་ཉིད་ཐམས་ཅད་དང་ ལྡན་པའི་ནང་དུ་པདྨ་འདབ་མ་བརྒྱད་པ་འཁོར་ལོ་རྩིབས་བཅུ་དྲུག་པ་ཟླ་བའི་གདན་དང་བཅས་པ་ཡོངས་སུ་རྫོགས་པར་གྱུར། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་གདུགས་ དཀར་མོ་ཅན་རིག་སྔགས་ཀྱི་ལྷ་མོའི་ཚོགས་དང་བཅས་པ་སྤྱན་དྲངས། རྒྱལ་བའི་མཚན་མཆོག་གཙུག་ཏོར་ལས་འཁྲུངས་པའི། །གཞན་གྱིས་མི་ཐུབ་གཙུག་ཏོར་གདུགས་དཀར་ཞེས། །ཡོངས་སུ་གྲགས་པའི་བཅོམ་ ལྡན་འདས་མ་ཉིད། །རིག་སྔགས་ལྷ་མོའི་ཚོགས་བཅས་གཤེགས་སུ་གསོལ། །ཨེ་ཧྱེ་ཧི། ཨུཥྞཱི་ཥ་སི་ཏ་ཏ་བ་ཏྲེ་ས་བཱ་རི་ཝ་ར་བཛྲ་ས་མཱ་ཡ་ཛཿ ཛཿ ཛཿ ཕོ་བྲང་གི་ནང་དུ་རང་རང་གི་གདན་ལ་བཞུགས་པར་གྱུར། དབུས་ ཀྱི་གདན་ལ་བཅོམ་ལྡན་འདས་མ་གདུགས་དཀར་མོ་ཅན། དབུ་སྟོང་དང་ཕྱག་སྟོང་མངའ་བ། སྤྱན་བྱེ་བ་བརྒྱ་སྟོང་མངའ་བ། ཞེས་པ་ནས་འཇིགས་པ་ཐམས་ཅད་ལས་སྐྱོབ་ནུས་པའི་བདག་ཉིད་ཅན་དུ་གྱུར། yc+འཁོར་གྱི་ལྷ་ @004A ༄༅། །རྣམས་ལ་སྐུ་མདོག་དང་ཕྱག་མཚན་མི་འདྲ་བ་གཞན་ཡོད་ཀྱང་འདིར།-yc་དེའི་ཤར་གྱི་འདབ་མ་ལ་གཞན་གྱིས་མི་ཐུབ་དྲག་ཤུལ་ཆེ་གཡས་རྡོ་རྗེ། ལྷོར་གཏུམ་པ་ཆེན་མོ་སྟོབས་ཆེན་མོ་གཡས་ནོར་བུ། ནུབ་ཏུ་འབར་ བ་ཆེན་མོ་གཟི་བརྗིད་ཆེ་གཡས་པདྨ། བྱང་དུ་དཀར་མོ་ཆེན་མོ་སྟོབས་ཆེན་མོ་གཡས་སྣ་ཚོགས་རྡོ་རྗེ། བཞི་ཀའི་གཡོན་པས་འཕྲེང་བ་འཛིན་ཅིང༌། སྐུ་མདོག་དཀར་སེར་དམར་ལྗང་ཁུའོ། །མཚམས་སུ་བདུད་རྩིས་ གང་བའི་བུམ་པ་བཞི། ཤར་གྱི་རྩིབས་དང་པོ་ལ་འབར་བའི་འཕྲེང་བ་གོས་དཀར་མ། གཉིས་པ་ལ་འཕགས་པ་སྒྲོལ་མ་ཁྱོ་གཉེན་ཅན། གསུམ་པ་ལ་རྒྱལ་བའི་རྡོ་རྗེ་འཕྲེང་ཞེས་གྲགས་མ། བཞི་པ་ལ་པདྨའི་མངོན་ མཚན་རྡོ་རྗེའི་མཚན་མ་སྟེ་བཞི་ཀའང་གཡས་རྡོ་རྗེ་དང་གཡོན་འཕྲེང་བ་འཛིན་ཅིང༌། ཐམས་ཅད་ཀྱང་སྐུ་མདོག་དཀར་པོའོ། །ལྷོའི་རྩིབས་དང་པོ་ལ་གཞན་གྱིས་མི་ཐུབ་འཕྲེང་བ་ཅན། གཉིས་པ་ལ་རྡོ་རྗེ་མཁར་བསྣམས་ འཇོམས་པ་མོ། །གསུམ་པ་ལ་ཞིབ་ལྷ་རྣམས་ཀྱིས་མཆོད་མ། བཞི་པ་ལ་གཟུགས་བཞི་གཟི་བརྗིད་ཆེན་མོ་ཅན་རྣམས་གཡས་རིན་པོ་ཆེ་དང་གཡོན་ཨུཏྤལ་འཛིན་ཅིང༌། ཐམས་ཅད་ཀྱང་སྐུ་མདོག་སེར་པོའོ། ། ནུབ་ཀྱི་རྩིབས་དང་པོ་ལ་འཕགས་མ་སྒྲོལ་མ་སྟོབས་མོ་ཆེ། གཉིས་པ་ལ་རྡོ་རྗེ་ལུ་གུ་རྒྱུད་གཞན་མ། གསུམ་པ་ལ་རྡོ་རྗེ་གཞོན་ནུ་རིག་འཛིན་མ། བཞི་པ་ལ་ལག་ན་རྡོ་རྗེ་རིགས་གསེར་འཕྲེང་རྣམས་གཡས་ཨུཏྤལ་ @004B དམར་པོ་དང་གཡོན་འཕྲེང་བ་འཛིན་ཅིང༌། ཐམས་ཅད་ཀྱང་སྐུ་མདོག་དམར་པོའོ། །བྱང་གི་རྩིབས་དང་པོ་ལ་ལེབ་རྒན་རྩི་དང་རིན་ཆེན་མ། གཉིས་པ་ལ་སྣང་མཛད་རྡོ་རྗེ་གཙུག་ཏོར་གྲགས་མ། གསུམ་པ་ལ་རྣམ་པར་བསྒྱིངས་ མ་རྡོ་རྗེ་ཅན། བཞི་པ་ལ་གསེར་འོད་ལྟ་བུའི་སྤྱན་མངའ་མ་རྣམས་གཡས་སྣ་ཚོགས་རྡོ་རྗེ་དང་གཡོན་ཨུཏྤ་ལའི་འཕྲེང་བ་འཛིན་ཅིང༌། ཐམས་ཅད་ཀྱང་སྐུ་མདོག་ལྗང་ཁུའོ། །དེའི་ཕྱི་རོལ་གྱི་ཕྱོགས་མཚམས་སུ། རྡོ་རྗེ་འགྲོས་ དང་དཀར་མོ་དང༌། པདྨའི་སྤྱན་དང་ཟླ་འོད་དང༌། སངས་རྒྱས་དཔལ་དང་དེ་བཞིན་སྤྱན། རྡོ་རྗེ་ཉི་མའི་འོད་དང་ནི། དེ་བཞིན་ཟླ་བ་རྡོ་རྗེ་འཛིན་རྣམས་རང་རང་གི་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་དང་བཅས་པ་སྟེ། ཐམས་ཅད་ཀྱང་ ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་ཟླ་གདན་ལ་བཞུགས་པའོ། །ཤར་སྒོར་རྡོ་རྗེ་ལྕགས་ཀྱུ། ལྷོ་སྒོར་རྡོ་རྗེ་ཞགས་པ། ནུབ་སྒོར་རྡོ་རྗེ་ལྕགས་སྒྲོགས། བྱང་སྒོར་རྡོ་རྗེ་དྲིལ་བུ་མ་སྟེ། ཐམས་ཅད་ཀྱང་རང་རང་གི་སྐུ་མདོག་ཕྱག་མཚན་རྒྱན་ ཆ་ལུགས་དང་བཅས་པ། དེ་རྣམས་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་གིས་མཚན་པར་གྱུར། yc+མཆོད་པ་བྱིན་བརླབ་ནི་གོང་དུའམ། འདིར་བྱེད་ན་སྔར་ལྟར་བསངས་སྦྱངས་བསྐྱེད་དེ་བྱིན་གྱིས་བརླབ། འོན་ཀྱང་འདིར་འདོད་ཡོན་ལྔ་སོགས་ ཀྱང་བྱིན་བརླབ་བྱ།-yc་ཨོཾ་སརྦ་བི་ད་པཱུ་ར་པཱུ་ར་ནས་ཧོཿ བཛྲ་སྥ་ར་ཎ་ཁཾ་སྭཱ་ཧཱ། yc+ཞེས་པ་ལན་གསུམ།-yc་ཕྱོགས་བཅུའི་མཆོད་ཚོགས་ཐམས་ཅད་དང༌། །བདག་གིས་བཤམས་པའི་མཆོད་ཡོན་འདི། །བཅོམ་ལྡན་གདུགས་ @005A ༄༅། །དཀར་ལྷ་ཚོགས་ལ། །འབུལ་ལོ་བཞེས་ལ་དངོས་གྲུབ་སྩོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སི་ཏ་ཏ་པ་ཏྲེ་ས་བཱ་རི་ཝ་ར་ཨརྒྷཾ་པྲ་ཏིཙྪ་ཧཱུཾ་སྭཱ་ཧཱ། དེ་བཞིན་དུ་ཞབས་བསིལ་སོགས་སྦྱར་ནས་ཤཔྟའི་བར་དང༌། རཱུ་པ་ནས་སྤརྴའི་ yc+བར-yc་གཟུགས་མཆོག་སོགས་སྦྱར་ནས་འབུལ། གཞན་ཡང་རིན་ཆེན་སྣ་བདུན་དང༌། །གླིང་བཞི་ཉི་ཟླ་རི་རབ་བཅས། །བཅོམ་ལྡན་(X)། །འབུལ་ལོ་(X)། །ཨོཾ་སརྦ་ཏ་ཐཱ་ག་ཏ་ནས་ཝ་ར་མ་ཧཱ་སཔྟ་རཏྣ་མཎྜ་ལ་པྲ་ཏིཙྪ་ཧཱུཾ་ སྭཱ་ཧཱ། ཞེས་མཆོད། དེ་ནས་བསྟོད་བ་ནི། རྒྱལ་བ་ཀུན་གྱི་མཚན་མཆོག་གཙུག་ཏོར་ནས། །ལེགས་པར་འཁྲུངས་བའི་རྨད་བྱུང་ལྷ་མོ་ནི། །གཞན་གྱིས་མི་ཐུབ་གཙུག་ཏོར་གདུགས་དཀར་ཞེས། །ཡོངས་སུ་གྲགས་ པའི་ཞབས་ལ་ཕྱག་འཚལ་བསྟོད། །སྤྲུལ་པའི་དབུ་དང་ཕྱག་ནི་སྟོང་ལྡན་ཅིང༌། །བྱེ་བ་བརྒྱ་སྟོང་སྤྱན་མངའ་སྒེག་དཔའ་སོགས། །གར་དགུའི་ཉམས་ལྡན་མི་ཕྱེད་མཚན་རྟགས་ཅན། །བཅོམ་ལྡན་འདས་མ་ཁྱོད་ལ་གུས་ པས་བསྟོད། །མ་ལུས་གདོན་བགེགས་འབྱུང་པོའི་ཚོགས་ཀུན་དང༌། །ཕྱི་ནང་བར་ཆད་མི་མཐུན་ཕྱོགས་ཐམས་ཅད། །ཞི་མཛད་དྲག་ཤུལ་ཆེ་སོགས་རིག་སྔགས་ཀྱི། །ལྷ་མོའི་ཚོགས་ལ་གུས་པས་ཕྱག་འཚལ་ བསྟོང༌། །ཅེས་པ་འམ། རྒྱས་བར་ན། རྒྱལ་བ་བྱེ་བ་བདུན་དང་འཕགས་པའི་འཁོར། །ཞེས་སོགས་ཀྱི་བསྟོད་པ་རྒྱས་པ་བརྗོད། དེ་ནས་བཟླས་པ་ནི། གཙོ་མོའི་ཐུགས་ཀའི་ཨོཾ་ཡིག་གི་མཐར་ཞེས་པ་ནས་ @005B སྔགས་འཕྲེང་ལ་ཐིམ་པར་གྱུར། ཏདྱ་ཐཱ། ཨོཾ་ཨ་ན་ལེ་ཨ་ན་ལེ། ཁ་ས་མེ་ཁ་ས་མེ། བཻ་ར་བཻ་ར། སཽ་མེ་སཽ་མེ། སརྦ་བུདྡྷ་ཨཱ་དྷིཥྛ་ན་ཨཱ་དྷིཥྛི་ཏེ་སྭཱ་ཧཱ། སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་སི་ཏ་ཏ་པ་ཏྲེ་ཧཱུཾ་ཕཊ། ཧཱུཾ་མ་མ་ཧཱུཾ་ནི་སྭཱ་ཧཱ། ཞེས་པ་ཅི་འགྲུབ་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་མན་གང་མང་བཟླས་ལ་ཡིག་བརྒྱ་བརྗོད། དེ་ནས་ཟླུམ་གཏོར་བཟང་པོ་རྒྱན་ལྡན་བཤམས་པ་ལ་ཆབ་བྲན་ཏེ་བསངས། སྦྱངས་སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་ཟག་པ་མེད་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿ ཧཱུཾ། ལན་གསུམ་གྱིས་བྱིན་བརླབས་བྱས་ལ། བཅོམ་ལྡན་འདས་མ་འཁོར་དང་བཅས་པའི་ལྗགས་འོད་ཟེར་གྱི་ སྦུ་གུས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་སི་ཏ་ཏ་པ་ཏྲེ་ས་པཱ་རི་ཝ་ར་ཨི་དཾ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ལན་བདུན་གྱིས་བསྔོས་ནས་གཞི་བདག་གཏོར་མ་ཡང་འབུལ་ཞིང༌། ལེགས་ ལྡན་སོགས་ལ་མཆོད་ཚུལ་ཞིག་འོག་ཏུ་བཤང་བར་བྱའོ། །དེ་ནས་བསྟོད་ཅིང་འཕྲིན་ལས་བཅོལ་བ་ནི། ཧཱུཾ་བཅོམ་ལྡན་མཐུ་རྩལ་ཐོགས་པ་མེད། །བདུད་དང་གདོན་བགེགས་མ་ལུས་པ། །འདུལ་མཛད་གར་དགུའི་ཉམས་ ལྡན་པ། །གདུགས་དཀར་ཅན་ལ་ཕྱག་འཚལ་བསྟོད། །བདེ་གཤེགས་གཙུག་ཏོར་ལས་འཁྲུངས་ཤིང༌། །སྤྲུལ་བའི་ཞལ་ཕྱག་སྟོང་ཕྲག་དང༌། །སྤྱན་ནི་བྱེ་བ་བརྒྱ་སྟོང་ཅན། །གཙོ་མོ་ཁྱོད་ལ་ཕྱག་འཚལ་བསྟོད། ། @006A ༄༅། །གང་གི་མཚན་བརྗོད་དྲན་པས་ཀྱང༌། །གདོན་དང་བགེགས་ཀྱི་ཚོགས་རྣམས་ཀུན། །ཟློག་མཛད་མཐུ་རྩལ་སྟོབས་ལྡན་པའི། །རིགས་སྔགས་ལྷ་མོའི་ཚོགས་ལ་བསྟོད། ༈ །བྷྱོ་གཙོ་མོ་བཅོམ་ ལྡན་གདུགས་དཀར་མོ། །གདོན་རིགས་སུམ་བརྒྱ་དྲུག་ཅུ་ཟློག །གཞན་གྱིས་མི་ཐུབ་དྲག་ཤུལ་ཆེ། །ལྷ་ཡི་གདོན་ཚོགས་ཟློག་ཏུ་གསོལ། །གཏུམ་པ་ཆེན་མོ་སྟོབས་ཆེན་མོ། །ཀླུ་ཡི་གདོན་ཚོགས་ཟློག་(X)། ། འབར་བ་ཆེན་མོ་གཟི་བརྗིད་ཅན། །ལྷ་མིན་(X)། །འཕགས་མ་སྒྲོལ་མ་སྟོབས་ཆེན་མོ། །རླུང་ལྷའི་(X)། །འབར་བའི་འཕྲེང་བ་གོས་དཀར་མོ། །མཁའ་ལྡིང་(X)། །འཕགས་མ་སྒྲོལ་མ་ཁྲོ་གཉེར་ཅན། །དྲི་ཟའི་(X)།། རྒྱལ་བའི་རྡོ་རྗེ་འཕྲེང་ཞེས་གྲགས། །མི་འམ་ཅིའི་གདོན་ཟློག་(X)། །པདྨའི་མངོན་མཚན་རྡོ་རྗེའི་མཚན། །ལྟོ་འཕྱེའི་གདོན་ཚོགས་(X)། །གཞན་གྱིས་མི་ཐུབ་འཕྲེང་བ་ཅན། །གནོད་སྦྱིན་(X)། །རྡོ་རྗེ་མཁར་བསྣམས་ འཇོམས་པ་མོ། །སྲིན་པོའི་(X)། །ཞི་བའི་ལྷ་རྣམས་ཀྱིས་མཆོད་མ། །ཡི་དགས་(X)། །གཟུགས་བཞི་གཟི་བརྗིད་ཆེན་མོ་ཅན། །ཤ་ཟའི་(X)། །འཕགས་མ་སྒྲོལ་མ་སྟོབས་མོ་ཆེ། །འབྱུང་པོའི་(X)། །རྡོ་རྗེ་ལུ་གུ་ རྒྱུད་གཞན་མ། །གྲུལ་བུམ་(X)། །རྡོ་རྗེ་གཞོན་ནུ་རིག་འཛིན་མ། །སྲུལ་པོའི་(X)། །ལག་ན་རྡོ་རྗེ་རིགས་གསེར་འཕྲེང༌། །ལུས་སྲུལ་གདོན་(X)། །ལེབ་རྒན་རྩི་དང་རིན་ཆེན་མ། །སྐེམ་བྱེད་(X)། །སྣང་མཛད་རྡོ་རྗེ་གཙུག @006B ཏོར་གྲགས། །བརྗེད་བྱེད་(X)། །རྣམ་པར་བསྒྱིངས་མ་རྡོ་རྗེ་ཅན། །སྨྱོ་བྱེད་(X)། །གསེར་འོད་ལྟ་བུའི་སྤྱན་མངའ་མ། །གྲིབ་གནོན་(X)། །རྡོ་རྗེ་འགྲོས་དང་དཀར་མོ་ཅན། །གནོན་པོའི་གདོན་(X)། །པདྨའི་སྤྱན་དང་ཟླ་འོད་མ། ། ནམ་གྲུའི་(X)། །སངས་རྒྱས་དཔལ་དང་དེ་བཞིན་སྤྱན། །རྡོ་རྗེ་ཉི་མའི་འོད་དང་ནི། །དེ་བཞིན་ཟླ་བ་རྡོ་རྗེ་འཛིན། །གདོན་རིགས་ཐམས་ཅད་བཟློག་ཏུ་གསོལ། yc+།གོང་ཁ་བཟློག་པའི་ཆེད་ལྟ་བུ་ཡིན་ན།-yc་གོང་ཁ་གོད་འདྲེ་ ངན་པ་དང༌། །ལྷ་ཡི་གདོན་ཚོགས་བཟློག་ཏུ་གསོལ། །ཞེས་སྦྱར་ཞིང༌། གཞན་ལ་ཡང་འགྲེའོ། ༈ །བྷྱོ་བཅོམ་ལྡན་གདུགས་དཀར་ལྷ་ཚོགས་ཀྱིས། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཟློག །གདོན་རིགས་སུམ་ བརྒྱ་དྲུག་ཅུ་(X)། །ནད་རིགས་བཞི་བརྒྱ་རྩ་བཞི་(X)། །བྱིས་པའི་གདོན་ཆེན་བཅོ་ལྔ་(X)། །གློ་བུར་བརྒྱད་ཅུ་རྩ་གཅིག་(X)། །ཡེ་འབྲོག་སུམ་བརྒྱ་དྲུག་ཅུ་(X)། །རྦོད་གཙོང་བྱད་ཁ་ཕུར་ཁ་(X)། །རྨི་ལྟས་མཚན་མ་ངན་པ་(X)། ། དུས་མིན་འཆི་བ་ཐམས་ཅད་(X)། །གོད་ཁ་གོད་འདྲེ་ཐམས་ཅད་(X)། །ཟ་འདྲེ་ཕུང་འདྲེ་ཐམས་ཅད་(X)། །མི་ཁ་བྲམ་མཆུ་ཐམས་ཅད་(X)། །བྱུར་འདྲེ་ངན་པ་ཐམས་ཅད་(X)། །ལོ་ཟླ་ཞག་སྐེག་ཐམས་ཅད་(X)། །མདོར་ན་མི་མཐུན་ མི་ཤིས་པའི། །གནོད་པ་ཐམས་ཅད་ཞི་བ་དང༌། །ཚེ་རིང་ནད་མེད་ལོངས་སྤྱོད་སོགས། །ལེགས་ཚོགས་ཐམས་ཅད་རྒྱས་པར་མཛོད། །ཅེས་འཕྲིན་ལས་བཅོལ་བ་ལན་གཅིག་གམ་གསུམ་བྱ། དེ་ནས་ཡུངས་ཀར་དང་བྱེ་མ་ @007A ༄༅། །སོགས་ལ། གདུགས་དཀར་གྱི་སྔགས་དང༌། རྟ་མགྲིན་ཕྱག་རྡོར་སོགས་ཀྱི་དྲག་སྔགས་བཏབ་ཏེ་བཞག། བགེགས་གཏོར་ཏིང་ལོ་འཆད་བུ་བཅས་བསངས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་ རྒྱ་ཆེ་བའི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་ཁ་དོག་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོ་མགྲོན་རྣམས་མཉེས་པར་བྱེད་པའི་ནུས་པ་དང་ལྡན་པར་གྱུར། ཨོཾ་ཨཱཿ ཧཱུཾ། ལན་གསུམ། རང་གི་ ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་གནོད་བྱེད་གདོན་བགེགས་ལན་ཆགས་ཀྱི་མགྲོན་རིགས་ཐམས་ཅད་སྤྱན་དྲངས། ཨེ་དྷྱེ་ཧི། པདྨ་ཀ་མ་ལ་ཡ་སྟེ། ཨོཾ་ཨ་ཀ་རོ་ནས་ཨོཾ་ཨཱཿ ཧཱུཾ་ཕཊ་སྭཱ་ཧཱ་ལན་བདུན་ནམ་གསུམ་ གྱིས་བསྡོས་ནས། ཀྱཻ་སྟེང་འོག་བར་གསུམ་དབྱེ་བ་ཡི། །གདོན་བགེགས་འབྱུང་པོའི་ཚོགས་རྣམས་དང༌། །ཟས་སུ་མངལ་ཟ་ཁྲག་འཐུང་སོགས། །གདོན་གྱི་རིགས་གྱུར་ཐམས་ཅད་དང༌། །ལན་ཆགས་བུ་ལོན་ གྱུར་པ་ཡི། །གནོད་བྱེད་ཀུན་དང་ཁྱད་པར་དུ། །རྣལ་འབྱོར་སྦྱིན་བདག་འཁོར་བཅས་ལ། །གནོད་པར་བྱེད་པའི་གདོན་བགེགས་ལ། །མར་མེ་འཆང་བུ་སོགས་བཅས་པའི། །འདོད་ཡོན་ལྔ་ལྡན་གཏོར་མ་འདི། ། འབུལ་ལོ་བཞེས་ནས་བདག་ཅག་ལ། །ཕྱིན་ཆད་གནོད་པ་མི་བྱེད་པར། །རང་རང་སོ་སོའི་གནས་སུ་སོང༌། །གལ་ཏེ་གནོད་སེམས་དང་བཅས་ཏེ། །མི་འགྲོ་གནས་འདིར་འདུག་བྱེད་ན། །གདུགས་དཀར་ལྷ་ཚོགས་ @007B ཐུགས་ཁྲོས་ནས། །སྐུ་ལས་སྤྲོས་པའི་ཁྲོ་བོ་དང༌། །མི་བཟད་མཚོན་ཆའི་ཆར་ཕབ་སྟེ། །བརླག་པར་འགྱུར་བར་གདོན་མི་ཟ། །ཞེས་དང༌། སུམྦྷ་ནིའི་སྔགས་བརྗོད་ཅིང༌། ཡུངས་ཀར་སོགས་ཀྱིས་བྲ་བ་ལ། གུ་གུལ་གྱིས་བདུལ་ བར་བྱའོ། །དེ་ནས་བུམ་པའི་ནང་དུ་དྲི་བཟང་གི་ཆུ་བླུགས་ལ་བསངས་སྦྱངས་སྟོང་པའི་ངང་ལས་བཾ་ལས་བུམ་པ་མཚན་ཉིད་དང་ལྡན་པའི་ནང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཨོཾ་ཡིག་གི་མཐར་བཟླས་བྱའི་ སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས་པས་རྒྱལ་བ་ཞི་ཁྲོ་ཐམས་ཅད་ཀྱི་བྱིན་རླབས་ཐམས་ཅད་བསྡུས་ནས་སྔགས་འཕྲེང་ལ་ཐིམ་པས་དེ་ལས་བདུད་རྩིའི་རྒྱུན་བབ་པས་བུམ་པའི་ཆུ་དང་དབྱེར་མེད་དུ་གྱུར་པར་བསམས་ལ། གདུགས་དཀར་གྱི་སྔགས་གོང་དུ་བརྗོད་པ་དེ་དང༌། རྣམ་འཇོམས་ཀྱི་སྔགས་དང་སྔགས་གཞན་ཅི་ལྟར་རིགས་པ་བཟླ་ཞིང༌། ཨོཾ་ཨཱཿ ཧཱུཾ་ལན་བདུན་གྱིས་བྱིན་གྱིས་བརླབས་ལ། བསྒྲུབ་བྱ་མདུན་དུ་འཁོད་པ་ལ་བུམ་ཆུ་བླུད་དེ་བཀྲུ་བ་དང་ལྷན་ཅིག་གདུགས་ དཀར་དང་རྣམ་འཇོམས་ཀྱི་སྔགས་ཚར་རེ་སྔོན་དུ་བཏང་ནས། སྦྱིན་པའི་བདག་པོ་འཁོར་དང་བཅས་པའི་ནད་ཐམས་ཅད་ཤནྟི་ང་བུ་རུ་ཡེ་སྭཱ་ཧཱ། དེ་བཞིན་དུ་གདོན་ཐམས་ཅད་དང༌། རིམས་(X)། །ཁོ་ན་(X)། །བྱད་(X)། གྲིབ་(X)། ལྟ་ས་ ངན་པ་(X)། བཀྲ་མི་ཤིས་པ་(X)། རྨི་ལྟས་ངན་པ་(X)། ཉེ་བར་འཚེ་བ་(X)། བར་གཅོད་མི་མཐུན་པའི་ཕྱོགས་ཐམས་ཅད་(X)། དེ་ནས་བདེན་བརྗོད་བྱས་ནས་ཁྲུས་ཆུ་ཕྱིར་འདོར། འདོད་ན་སྔགས་སྔ་མ་བརྗོད་ཅིང༌། རྨ་བྱའི་སྒོས་ཁྱབས་ @008A ༄༅། །ཏེ་སྔར་གྱི་ཚིག་ནད་ཐམས་ཅད་ཤི་ནད་ཀུ་རུ་ཡེ་སྭཱ་ཧཱ་ཞེས་སོགས་ལ་ཨ་བ་ན་ཡེ་སྭཱ་ཧཱ་སྦྱར་བ་དང༌། ནད་ཐམས་ཅད་ལས་རཀྵ་རཀྵ་ཡེ་སྭཱ་ཧཱ། ཞེས་སྦྱར་ནས་སྲུང་བ་དང༌། སངས་རྒྱས་རྣམས་ནི་ཞེས་སོགས་ཀྱི་བདེན་ཚིག ཀྱང་བརྗོད་པར་བྱའོ། བསྡུ་ན། རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང༌། ཞེས་སོགས་བརྗོད་པས་ཀྱང་འགྲུབ་བོ། །དེ་ནས་མཇུག་ཏུ། སླར་མཆོད་བསྟོད་དང་བཟོད་གསོལ་བཀྲ་ཤིས་བཅས་བྱའོ། །དངོས་གཞི་ ནི་དེས་གྲུབ་ཅིང༌། གནོད་པ་ཟློག་པ་ལ་ནི་ལེགས་ལྡན་མཆེད་གསུམ་དང༌། འཇིག་རྟེན་པ་རྣམས་ལ་གཏོར་འབུལ་དང་བཅས་པའི་འཕྲིན་ལས་བཅོལ་བར་བྱས་ན་ཡང་ལེགས་པས། དེའི་ཚུལ་ནི། སྔན་གྱི་དཀྱིལ་འཁོར་བྲིས་པ་དེའི་སྒོའི་ཕྱི་རོལ་ ནས་སོར་གསུམ་མམ་བཞི་ནས་གྲུ་བཞིའི་རྣམ་པ་བྱས་ལ། ཤར་སྒོའི་མདུན་འཐད་དབུས་དང་གཡས་གཡོན་གསུམ་དུ་ཚོམ་བུ་དང༌། ཕྱོགས་མཚམས་གཞན་རྣམས་སུ་གྲོ་ནས་སོགས་ཀྱི་མེ་ཏོག་བཀྲམ། ལེགས་ལྡན་རྣམས་ལ་གཏོར་མ་ གསུམ་མམ་གཅིག །འཇིག་རྟེན་པ་རྣམས་ལ་གཏོར་མ་བརྒྱད་དམ་ཐུན་མོང་དུ་གཅིག་དང༌། མཆོད་པ་རྣམས་སྔར་བཞིན་བྱིན་གྱིས་བརླབས་ལ། མགྲོན་རྣམས་སྤྱན་འདྲེན་པ་ནི། སྔོན་མའི་གཏང་རག་སོགས་མ་བྱས་པའི་བར་དེར༌། རང་གདུགས་དཀར་མོ་ཅན་དུ་གསལ་བའི་ཐུགས་ཀའི་ཨོཾ་ལས་འོད་ཟེར་འཕྲོས་སོ་སོའི་རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་མའི་བཀའ་སྲུང་ལེགས་ལྡན་མཆེད་གསུམ་དང༌། རྒྱལ་ཆེན་བཞི་ཕྱོགས་སྐྱོང་བཅུ། @008B ལྷ་ཆེན་བརྒྱད། ཀླུ་ཆེན་བརྒྱད། གཟའ་ཆེན་བརྒྱད། རྒྱུ་སྐར་ཉེར་བརྒྱད། སྡེ་དཔོན་དགུ་ལ་སོགས་པའི་འཇིག་རྟེན་སྐྱོང་བ་རྣམས་སྤྱན་དྲངས། ཨོཾ་མ་ཧཱ་ཀཱ་ལ་ལོ་ཀ་པཱ་ལ་ས་པཱ་རི་ཝ་ར་ཨེ་ཧྱ་ཧི་བཛྲ་ས་མཱ་ཡ་ཛཿ ཛཿ ཛཿ ཞེས་ དང་རྒྱས་བར་ན། ཀྱཻ་རྒྱལ་ཡུམ་གཙུག་ཏོར་གདུགས་དཀར་མོའི། །བཀའ་སྒྲུབ་བསྟན་སྲུང་མཐུ་རྩལ་ཅན། །ལེགས་ལྡན་ནག་པོ་མཆེད་གསུམ་དང༌། །རྒྱལ་ཆེན་ཕྱོགས་སྐྱོང་ལྷ་ཆེན་དང༌། །ཀླུ་ཆེན་གཟའ་ཆེན་རྒྱུ་སྐར་ དང༌། །འཇིགས་བྱེད་ཆེན་པོ་དགུ་ལ་སོགས། །འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱང༌། །མཆོད་སྦྱིན་གནས་འདིར་སྤྱན་འདྲེན་གྱིས། །བརྩེ་བས་དགོངས་ཏེ་གཤེགས་སུ་གསོལ། ཤར་སྒོའི་ཕྱི་རོལ་ཏུ་ལེགས་ལྡན་མཆོད་གསུམ་ དང༌། གཞན་རྣམས་སོ་སོའི་གནས་སུ་བཞུགས་པར་གྱུར། ཀ་མ་ལ་ཡ་སྟྭཾ། ཨོཾ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱ་ཧཱ། དེ་ནས་མཆོད་པ་ནི། ལྷ་མིའི་མཆོད་ཡོན་དམ་པ་དང༌། །བདག་གིས་འབུལ་བའི་མཆོད་ཡོན་འདི། །ལེགས་ ལྡན་འཇིག་རྟེན་སྐྱོང་རྣམས་ལ། །འབུལ་བགྱིས་བཞེས་ནས་བདག་ཅག་དང༌། །སྦྱིན་བདག་མི་ནོར་འཁོར་བཅས་ཀྱི། །འགལ་རྐྱེན་ཟློག་ལ་མཐུན་རྐྱེན་སྒྲུབས། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ལོ་ཀ་པཱ་ལ་ས་པཱ་རི་ཝ་ར་ཨརྒྷཾ་པྲ་ཏིཙྪ་ཧཱུཾ་ སྭཱ་ཧཱ། དེ་བཞིན་དུ་ཞབས་བསིལ་སོགས་སྦྱར་ནས་ཤཔྟའི་བར་དང༌། གཟུགས་མཆོག་དང་རཱུ་པ་སོགས་སྦྱར་ནས་འདོང་ཡོན་ཀྱང་འབུལ། བསྟོད་པ་ནི། བཅོམ་ལྡན་འདས་མའི་བཀའ་སྒྲུབ་ཅིང༌། །གདོན་བགེགས་ @009A ༄༅། །འབྱུང་པོའི་ཚོགས་རྣམས་ཀུན། །ཚར་གཅོད་ལེགས་ལྡན་དྲག་པོ་སོགས། །ལེགས་ལྡན་མཆེད་གསུམ་ཉིད་ལ་བསྟོད། །ས་འོག་ས་སྟེང་ཐམས་ཅད་དུ། །རྫུ་འཕྲུལ་མཐུ་ཡིས་དབང་བསྒྱུར་ཞིང༌། ། ལེགས་ཉེས་སྣ་ཚོགས་སྟོན་བྱེད་པའི། །དཔལ་མགོན་རྣམས་ལ་ཕྱག་འཚལ་བསྟོད། །དེ་ནས་གཏོར་མ་བྱིན་གྱིས་བརླབས་ཏེ། ལེགས་ལྡན་འཁོར་དང་བཅས་པའི་ལྗགས་འོད་ཟེར་གྱི་སྤུ་གུས་གཏོར་མའི་བཅུད་ཐམས་ ཅད་དྲངས་ཏེ་གསོལ་བར་གྱུར། ཨོཾ་ཤྲཱེ་མ་ཧཱ་ཀཱ་ལ་ས་པཱ་རི་ཝ་ར་ཨི་དཾ་བ་ལིང་ཏ་ཁ་ཁཾ་ཁཱ་ཧི་ཁཱ་ཧི། ལན་བདུན་དང༌། ཨརྒྷཾ་སོགས་ཀྱིས་མཆོད། སྲིན་པོའི་གཟུགས་ཀྱི་ཚུལ་བསྟན་ནས། །གདུག་བ་ཅན་ཀུན་ འདུལ་མཛད་ཀྱང༌། །བྱང་ཆུབ་སེམས་དཔའི་སྤྲུལ་བ་སྟེ། །གཏུམ་པོ་མཆེད་ལ་ཕྱག་འཚལ་བསྟོད། །དེ་ནས་འཇིག་རྟེན་པའི་གཏོར་མ་བྱིན་གྱིས་བརླབས་ཏེ། འཇིག་རྟེན་པ་རྣམས་ཀྱི་ལྗགས་ནས་གསོལ་བར་གྱུར༌། ཨོཾ་མ་ཧཱ་ར་ཛཱ་དིཀྐ་པཱ་ལ་མ་ཧཱ་དེ་བ་ནཱ་ག་རཱ་ཛཱ་གྲྀ་ཧ་ན་ཀྵ་ཏྲ་བཻ་ར་ཝ་ས་བཱ་ར་ཝ་ར་ཨི་དཾ་བ་ལི་ང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཞེས་ལན་བདུན་ནམ་གསུམ་གྱིས་དབུལ་ལ། ཕྱི་རོལ་ཁོར་ཡུག་ལ་གནས་པའི། །རྒྱལ་ཆེན་ལྷ་ཀླུ་གཟའ་ སྐར་དང༌། །འཇིག་བྱེད་ལ་སོགས་མཐུ་ལྡན་པའི། །འཇིག་རྟེན་སྐྱོང་བ་རྣམས་ལ་བསྟོད། །དེ་ནས་འཕྲིན་ལས་བཅོལ་བ་ནི། ཀྱཻ་བཅོམ་ལྡན་གདུགས་དཀར་ལྷ་ཚོགས་ཀྱི། །ཞི་རྒྱས་དབང་དྲག་འཕྲིན་ལས་ @009B རྣམས། །ཚུལ་བཞིན་སྒྲུབ་མཛད་བསྟན་སྲུང་གཙོ། །ལེགས་ལྡན་མཆེད་གསུམ་འཁོར་བཅས་དང༌། །སྲིད་པ་གསུམ་ན་གནས་པ་དང༌། །རྒྱུ་བའི་དྲེགས་ལྡན་ཀུན་གྱི་རྗེ། །རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བཅུ། ། ལྷ་ཆེན་བརྒྱད་དང་ཀླུ་ཆེན་བརྒྱད། །གཟའ་ཆེན་བརྒྱད་དང་རྒྱུ་སྐར་ཚོགས། །འཇིག་བྱེད་ཆེན་པོ་འཁོར་བཅས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ནས། །རྣལ་འབྱོར་སྦྱིན་བདག་འཁོར་བཅས་ལ། །གནོད་ཅིང་ འཚེ་བར་བྱེད་པ་ཡི། །ནད་རིགས་བཞི་བརྒྱ་རྩ་བཞི་ཟློག །གདོན་རིགས་སུམ་བརྒྱ་དྲུག་ཅུ་(X)། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་(X)། །ཡེ་འབྲོག་སུམ་བརྒྱ་དྲུག་ཅུ་(X)། །བྱིས་པའི་གདོན་ཆེན་བཅོ་ལྔ་(X)། ། གདོན་ཆེན་ཕལ་པ་བཅུ་བཞི་(X)། །བྱད་ཁ་ཕུར་ཁ་ཐམས་ཅད་(X)། །རྨི་ལྟས་མཚན་མ་ངན་པ་(X)། །བསམ་ངན་སྦྱོར་རྩུབ་ཐམས་ཅད་(X)། །གོང་ཁ་གོད་འདྲེ་ཐམས་ཅད་(X)། །ཟ་འདྲེ་ཕུང་འདྲེ་(X)། །མི་ཁ་གྲམ་མཆུ་(X)། ། གཟའ་དང་རྒྱུ་སྐར་གནོད་པ་(X)། །བཙན་དང་རྒྱལ་པོའི་གནོད་བ་(X)། །ཀླུ་དང་ས་བདག་གནོད་པ་(X)། །བདུད་དང་འགོང་པོའི་གནོད་པ་(X)། །མི་མཐུན་ཕྱོགས་ཀུན་ཞི་བ་དང༌། །ཚེ་རིང་ནད་མེད་ལོངས་སྤྱོད་སོགས་(X)། །ལེགས་ ཚོགས་ཐམས་ཅད་རྒྱས་པ་དང༌། །སྲུང་སྐྱོབ་བྱེད་བའི་འཕྲིན་ལས་མཛོད། །བསྡུན་དེས་ཆོག་ཅིང༌། དངོས་གྲུབ་ཞུ་ཚུལ་རྒྱས་བར་བྱེད་ན། ཀྱཻ་ལེགས་ལྡན་འཇིག་རྟེན་སྐྱོང་རྣམས་ཀྱིས། །རྣལ་འབྱོར་སྦྱིན་ @010A ༄༅། །བདག་འཁོར་བཅས་ལ། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །ལུས་སྲོག་བརྟན་པའི་(X)། །དབང་ཐང་དར་བའི་(X)། །ཀླུང་རྟ་དར་བའི་(X)། །དཔལ་འབྱོར་རྒྱས་པའི་(X)། །གསེར་དངུལ་རིན་ཆེན་(X)། ། དར་ཟབ་གོས་བཟང་(X)། །མྱུར་མགྱོགས་རྟ་ཡི་(X)། །འདོད་འཇོ་བཞོན་མའི་(X)། །སྣ་ཚོགས་འབྲུ་ཡི་(X)། །རོ་བརྒྱའི་ཟས་ཀྱི་(X)། །སྨྲ་མཁས་གཏམ་གྱི་(X)། །དཔའ་རྩལ་མཐུ་ཡི་(X)། །སྙན་གྲགས་རྒྱས་པའི་(X)། །རིགས་ བརྒྱུད་འཕེལ་བའི་(X)། །ཕུན་ཚོགས་འཁོར་གྱི་(X)། །བཀྲ་ཤིས་དཔལ་གྱི་(X)། །དེ་ལ་སོགས་པ་སྲིད་གསུམ་ན། །ལེགས་པའི་དངོས་གྲུབ་ཅི་མཆིས་པ། །ཐམས་ཅད་རྣལ་འབྱོར་སྦྱིན་བདག་ལ། །ཐོགས་མེད་ ལྷུན་གྱིས་གྲུབ་པར་མཛོད། །ཅེས་པ་ལྟ་བུ་དང་གཞན་ཡང་བརྗོད་པར་བྱའོ། །ཟོར་འཕེན་འདོད་ནའང་དུག་སྒྲོ་ཅན་གྱི་སྐྱེར་མདའ་དང་ཁྲ་གཟོར་དུག་ཟོར་གཏོར་ཟོར་རྣམས་འཕེན་པར་བཤད་པ་ལྟར་བྱའོ། །ལོ་ཏོག་གི་རིམ་གྲོའི་དུས་སུ་ཟློག་པ་སོགས་ལ་ དམིགས་བསལ་གྱི་སྤེལ་ཚིག་སྦྱོར་ཚུལ་ཤེས་དགོས་ལ། དེར་མ་ཟད་རིགས་བརྒྱུད་ཀྱི་དོན་དང༌། བདེ་སྲུང་གི་ཆེད་དུ་བྱེར་ནའང་སྔར་ལྟར་འཕྲིན་ལས་བཅོལ་ན་ལེགས་སོ།། མཇུག་ཏུ་ཇི་ལྟར་བྱ་བ་ནི། མཆོད་པ་བྱིན་གྱིས་བརླབས་ནས༌། དང་པོ་གདུགས་དཀར་ལྷ་ཚོགས་ལ་ཚིགས་བཅད་སྔགས་དང་བཅས་པས་སམ་སྔགས་ཀྱང་གིས་མཆོད་ནས། བསྟོད་པ་རྒྱས་བསྡུས་ཅི་རིགས་བྱ། དེ་ནས་ལེགས་ལྡན་སོགས་ལ་ཡང་སྔར་ལྟར་རྒྱས་བསྡུས་གང་རུང་གིས་མཆོད་ཅིང༌། @010B བསྟོད་ལ། ཡིག་བརྒྱ་བརྗོད་དེ། མ་རྙེད་ཡོངས་སུ་མ་ཤེས་དང༌། ཞེས་སོགས་ཀྱིས་བཟོད་གསོལ་དང༌། བཅོམ་ལྡན་འདས་མ་འཁོར་དང་བཅས་རྣམས་ཀྱིས། །རྣལ་འབྱོར་སྦྱིན་བདག འཁོར་དང་བཅས་པ་ལ། །དངོས་གྲུབ་སྩལ་ཅིང་འཕྲིན་ལས་མཛད་པ་ལེགས། །ད་ནི་སོ་སོའི་རང་བཞིན་གནས་སུ་གཤེགས། །བཛྲ་མུཿ འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མགྲོན་ རྣམས་རང་གནས་སུ་གཤེགས་པར་གྱུར། བདེ་གཤེགས་ཐུགས་རྗེས་གཙུག་ཏོར་ལས་འཁྲུངས་ཤིང༌། །ཞེས་པ་ནས། བདེ་མཆོག་གདུགས་དཀར་ཅན་གྱི་བཀྲ་ཤིས་ཤོག །ཞེས་དང༌། བསྔོ་སྨོན་བྱའོ། །ཅེས་པ་འདི་ཡང་ལ་མར་ནང་གི་སྔགས་བོན་དང་ལྡན་རྣམས་གྱིས་བསྐུལ་བ་ལྟར་ཤཱཀ་བཙུན་བཤད་སྒྲུབ་མིང་ཅན་གྱིས་རྒྱ་བོད་ཀྱི་གཞུང་འགའ་ཞིག་དང་བསྟུན་ཏེ་གཞན་ ལ་ཡང་ཕན་སྲིད་སྙམ་ནས་ཅོ་ནེའི་དགོན་ཉིད་དུ་སྦྱར་བ་སྟེ། དད་སྟོབས་ལྡན་པའི་སྔགས་འཆང་སྣ་ལམ་རྡོ་རྗེ་དབང་ཕྱུག་གིས་བར་དུ་སྒྲུབ་བའི་ཚེ། ཡི་གེ་པ་ནི་ཐོ་ལོའི་སྔགས་འཆང་ཚེ་དབང་མགོན་པོའོ། །མངྒ་ལཾ།