[སྔོན་འགྲོའི་དཔར་གཞི།]་ @001A ༄༅། །སློབ་དཔོན་བཤད་སྒྲུབ་མིང་ཅན་གྱིས་བརྩམས་པའི་དཔེ་ཐོ་རིན་ཆེན་འབྱུང་གནས་བཞུགས་སོ།། @001B ༄༅། yc+ཀ-yc༌།ན་མོ་མཉྫུ་གྷོ་ཥཱ་ཡ། རྒྱལ་བའི་མདོ་སྔགས་དམ་པའི་ཆོས། །འཆད་རྩོད་རྩོམ་པས་འཛིན་མཛད་པ། །རྒྱལ་སྲས་འཛམ་གླིང་རྒྱན་དྲུག་སོགས། །བཤེས་གཉེན་རྣམས་ལ་གུས་པས་འདུད། ། འཕགས་བོད་མཁས་མང་རིམ་བརྒྱུད་པའི། །གསུང་རབ་རྒྱ་མཚོས་འཛིན་མའི་ཁམས། །ཁྱབ་ཕྱིར་སྔོན་མེད་ལེགས་བཤད་གཞན། །སྲིད་མིན་འཆད་པར་ཆེས་དཀའ་ཡང༌། །གསུང་རབ་དགོངས་པ་འགྲེལ་དང་གོམས་ཕྱིར་དང༌། ། གཞན་ཕན་ཆེད་དུ་བདག་ཉིད་ཀྱིས་བརྩམས་པའི། །བསྡུས་གྲྭ་འདུལ་མཛོད་དབུ་ཕར་སོགས་མང་ལས། །ཕྱེད་ལྷག་བར་དུ་བསྐྲུན་པའི་དཀར་ཆགས་བྲི། །གང་དག་ཕྱོགས་ལྷུང་གདོན་དབང་ཡིད་འཁྱོག་པའི། །མཁས་རྨོངས་ གཞན་ལ་ཕན་པར་རབ་དཀའ་མོད། །གཟུར་གནས་བླ་ལྡན་ལེགས་བཤད་དོན་གཉེར་འགས། །མཐོང་ན་འཇུག་པའི་རྐྱེན་དུ་འགྱུར་རམ་སྙམ།། yc+ཀ-yc་མདོ་སྔགས་ཆོས་བརྒྱུད་ཀྱི་བླ་རབས། 13 །སྔགས་རིམ་གྱི་སྙིང་པོ་ བསྡུས་པ། 51 ཡི་དམ་སྣ་ཚོགས་པའི་སྒྲུབ་སྐོར། 34 གསང་འདུས་བསྐྱེད་རིམ། 36 དེའི་རྫོགས་རིམ། 35 བདེ་མཆོག་བསྐྱེད་རིམ། 37 དེའི་རྫོགས་རིམ། 48 འཇིགས་བྱེད་བསྐྱེད་རིམ། 38 དེའི་རྫོགས་རིམ། 27 དྲིལ་བུ་ལྷ་ལྔའི་བསྐྱེད་རྫོགས་གཉིས། 20 འཇིགས་བྱེད་དཔའ་བོ་གཅིག་པའི་བསྐྱེད་རྫོགས་གཉིས། 17 བདེ་གསང་གི་རྒྱུད་ཀྱི་ལྟ་བ། 20 395