[སྔོན་འགྲོའི་དཔར་གཞི།]་ @001A ༄༅། །ཡི་དམ་སྒྲུབ་སྐོར་འདོད་དགུ་འབྱུང་བའི་ཟ་མ་ཏོག་ཅེས་བྱ་བ་བཞུགས་སོ། ། @001B ༄༅༅། །རབ་འབྱམས་དཀྱིལ་འཁོར་འཁོར་ལོའི་གཙོ། །ཁྱབ་བདག་རྡོ་རྗེ་འཆང་ཆེན་དང༌། །དབྱེར་མེད་བླ་མའི་ཞབས་བཏུད་ནས། །སྒྲུབ་ཐབས་རིམ་པ་ཕྱོགས་གཅིག་བྲི། yc+།ཐོག་མར་བླ་མ་དང་ རྡོ་རྗེ་འཆང་ཟུང་འབྲེལ་གྱི་རྣལ་འབྱོར་ནི། སྐྱབས་འགྲོ་སེམས་བསྐྱེད་སོགས་སྔོན་དུ་བཏང་ནས།-yc་རང་གི yc+མདུན་ནམ-yc་སྤྱི་བོར་སེངྒེ་ཆེན་པོ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི་ཡངས་ཤིང་རྒྱ་ཆེ་བ། དེའི་སྟེང་དུ་སྣ་ཚོགས་པདྨ་དང་ཟླ་ བའི་གདན་ལ། དྲིན་ཅན་རྩ་བའི་བླ་མ་དང་ངོ་བོ་དབྱེར་མི་ཕྱེད་པའི་ཁྱབ་བདག་རྡོ་རྗེ་འཆང་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོར་དྲིལ་བཟུང་ནས་ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མར་འཁྱུད་པ། རིན་ པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ན་བཟའ་ཅན། མཚན་དཔེས་སྤྲས་ཤིང༌། འོད་ཀྱི་ཕུང་པོའི་དབུས་ན་ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། དེའི་སྤྱི་བོར་ཨོ་དཀར་པོ། མགྲིན་པར་ཨཱཿ དམར་པོ། ཐུགས་ ཀར་ཧཱུཾ་སྔོན་པོ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འབྲོས། རང་བཞིན་གྱི་གནས་ནས་རྩ་བརྒྱུད་ཀྱི་བླ་མ་རྣམས་དང་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་སྤྱན་དྲངས། ཛཿ ཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར་བར་ @002A ༄༅། །བསམ་པ། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། yc+།ཞེས་སོགས་དང༌།-yc་གང་གི་དྲིན་གྱིས་བདེ་ཆེན་གནས། yc+།ཞེས?་སོགས་ཀྱིས་ཕྱག་བྱ།-yc་བདག་བྱོ?་བཟུང་དང་མ་བཟུང་བའི། །དངོས་བཤམས་ཡིད་ ཀྱིས་སྤྲུལ?་པ་ལས། །བྱུང་བའི་ཕྱི་ནང་གསང་བ་ཡི། །སྣ་ཚོགས་མཆོད་སྦྲིན?་རྒྱ་མཚོས་མཆོད། །བདག་གཞན་ལུས་ངག་ཡིད་གསུམ་སོགས་ཀྱིས་མཆོད་པ་དང་མཎྜལ་འབུལ། དེ་ནས་ཡན་ལག་ལྷག་མ་བྱེད་ན། ཐོག་མེད་ནས་བས(Gs) སྡིག་ལྟུང་སོ་སོར་བཤགས། །རང་གཞན་དགེ་ཚོགས་ཀུན་ལ་རྗེས་ཡི་རང༌། །ཟབ་དང་རྒྱ་ཆེའི་འཁོར་ལོ་བསྐོར་ཏུ་གསོལ། །བསྐལ་བརྒྱར་མྱ་ངན་མི་འདའ་རྟག་པར་བཞུགས། །དགེ་ཀུན་རྡོ་རྗེ་འཆང་དབང་ཐོབ་ཕྱིར་བསྡོ། ། yc+གསོལ་འདེབས་ནི།-yc་སངས་རྒྱས་ཀུན་འདུས་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །དམ་ཆོས་ཀུན་འདུས་(+)། འཕགས་ཚོགས་ཀུན་འདུས་སྐྱབས་གནས་ཀུན་འདུས་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །བདག་གི་ རྒྱུད་ལ་ངེས་འབྱུང་བྱང་ཆུབ་ཀྱི་སེམས་ཡང་དག་པའི་ལྟ་བ་དང་རིམ་པ་གཉིས་ཀྱི་ལམ་རྣམས་མྱུར་དུ་སྐྱེ་བར་བྱིན་གྱིས་བརློབ་ཏུ་གསོལ། yc+ཞེས་ལན་གསུམ་སོགས་ཅི་རིགས་ཤུགས་དྲག་ཏུ་བརྗོད།-yc་དེ་ལྟར་གསོལ་བཏབ་བླ་མའི་གནས་གསུམ་ @002B ལས། །འོད་ཟེར་དཀར་དམར་མཐིང་གསུམ་རིམ་ཅན་དང༌། །ཅིག་ཅར་བྱུང་ནས་བདག་གི་གནས་གསུམ་དུ། །རིམ་དང་ཅིག་ཅར་ཐིམ་ནས་སྒྲིབ་བཞི་དག །དབང་བཞི་ཐོབ་ནས་སྐུ་བཞིའི་ནུས་པ་བཞག །དགྱེས་བཞིན་རང་གི་སྤྱི་བོར་བྱོན་ནས་ཀྱང༌། །སྙིང་གའི་པདྨོའི་དབུས་ སུ་བརྟན་བར་བཞུགས། །སྐྱེ་བ་ཀུན་དུ་ཡང་དག་བླ་མ་དང༌། yc+།ཞེས་སོགས་རྩང?་བརྗོད་བར་བྱའོ།། །།འཇིགས་བྱེད་ཀྱི་བླ་མའི་རྣལ་འབྱོར་ནི།-yc་མདུན་གྱི་ནམ་མཁར་སྣ་ཚོགས་པད་ཉིའི་སྟེང༌། །ཡི་དམ་ཀུན་འདུས་འཇམ་དཔལ་གཤིན་རྗེ་གཤེད། །སྐུ་མདོག་སྔོན་པོ་ཞལ་དགུ་ཕྱག སོ་བཞི། །ཁྲོ་བོའི་ཉམས་རྫོགས་ཕྱག་མཚན་སྣ་ཚོགས་འཛིན། །བཅུ་དྲུག་ཞབས་ལྡན་དྲེགས་པ་བརྫིས་པའི་སྟེང༌། །གཡས་བརྐྱངས་གཡོན་བསྐུམ་ཡུམ་དང་བཅས་པའི་སྐུར། །ཡོངས་གྱུར་རྡོ་རྗེ་གསུམ་མཚན་ཧཱུཾ་ཡིག་ལས། །འོད་འཕྲོས་རང་བཞིན་གནས་ནས་རང་ འདྲ་བའི། །རྒྱལ་བ་ཀུན་དངོས་འཇིགས་མཛད་རྡོ་རྗེ་ནི། །སངས་རྒྱས་བྱང་སེམས་ཡི་དམ་ལྷ་ཚོགས་དང༌། །དཔའ་བོ་མཁའ་འགྲོ་བསྟན་སྲུང་ཚོགས་དང་བཅས། །སྤྱན་དྲངས་དམ་ཚིག་པ་དང་དབྱེར་མེད་གྱུར། །སྐྱབས་གནས་ཀུན་འདུས་གཤིན་རྗེ་གཤེད་པོ་ལ། གྲངས་མེད་ལུས་སྤྲུལ་སྒོ་གསུམ་གུས་ཕྱག་འཚལ། །ཇི་སྙེད་ཕྱི་ནང་གསང་བའི་མཆོད་སྤྲིན་དང༌། །བདག་ལུས་ལོངས་སྤྱོད་དགེ་ཚོགས་བཅས་ཏེ་འབུལ། །ཐོག་མེད་དུས་ནས་སྒོ་གསུམ་གྱིས་བསགས་པའི། །སྡིག་ལྟུང་ཉེས་པའི་ཆོགས་རྣམས་སོ་སོར་བཤག?། རང་གཞན་སྐྱེ་འཕགས་ཀུན་གྱི་རྣམ་དཀར་ལ། །བསམ་པ་ཐག་པས་རྗེས་སུ་ཡི་རང་ངོ། །གདུལ་བྱའི་ཁམས་དང་བསམ་པ་ཇི་བཞིན་དུ། །ཟབ་དང་རྒྱ་ཆེའི་ཆོས་འཁོར་བསྐོར་དུ་གསོལ། །འགྲོ་ཀུན་དོན་ཕྱིར་འཁོར་བ་མ་སྟོངས་པར། །མྱ་ངན་མེ་འདའ་རྟག @003A ༄༅། །བར?་བཞུགས་སུ་གསོལ། །འདིས་མཆོན་ཇི་སྙེད་མཆིས་པའི་དགེ་བ་རྣམས། །བླ་མེད་རྫོགས་པའི་བྱང་ཆུབ་ཐོབ་ཕྱིར་བསྔོ། །བླ་མ་མཆོག་གསུམ་དཔའ་བོ་མཁའ་འགྲོ་དང༌། །ཡི་དམ་བསྟན་སྲུང་ཚོགས་དང་བཅས་པ་ཡི། །སྐྱབས་མཆོག་ཀུན་འདུས་རྡོ་རྗེ་ འཇིགས་བྱེད་ལ། །རྩེ་གཅིག་གུས་པའི་ཡིད་ཀྱིས་གསོལ་བ་འདེབས། །བདག་གི་ཕྱི་ནང་འགལ་རྐྱེན་ཀུན་ཞི་ཞིང༌། །མཐུན་རྐྱེན་མ་ལུས་ལྷུན་གྱིས་འགྲུབ་པ་སོགས། །མདོར་ན་མཆོག་དང་ཐུན་མོང?་དངོས་གྲུབ་ཀུན། །མྱུར་དུ་འགྲུབ་བར་བྱིན་གྱིས་བརློབ་ཏུ་གསོལ། ། yc+ཅེས་པ་ལན་གསུམ་སོགས་བརྗོད་ལ། དེ་ནས-yc་དེ་ལྟར་གསོལ་བ་བཏབ་པས་གནས་གསུམ་ལས། །བདུད་རྩི་དཀར་དམར་མཐིང་གསུམ་རིམ་ཅན་དང༌། །ཅིག་ཅར་བྱུང་ནས་བདག་གི་གནས་གསུམ་དུ། །ཐིམ་བས་སྒྲིབ་བཞི་དག་ནས་དབང་བཞི་ཐོབ། །སྐུ་བཞི་མངོན་དུ་འགྱུར་བའི་ ནུས་པ་བཞག །དགྱེས་བཞིན་བདག་གི་སྤྱི་བོར་བྱོན་ནས་ཀྱང༌། །ཐིམ་པས་བྱིན་རླབས་རང་ཉིད་སྐད་ཅིག་གིས། །འཇམ་དཔལ་གཤིན་རྗེ་གཤེད་དུ་གསལ་བར་གྱུར། yc+།བར་བསམ་ལ་སྔགས་གསུམ་ཅེ?་འགྲུབ་བཟླས་ནས།-yc་དགེ་བ་འདི་ཡིས་yc+སོགས་བསྔོ་སྨོན་བྱའོ།། །།རྗེ་བླ་མའི་རྣལ་འབྱོར་ནི། སྐྱབས་སེམ་ སོགས་སྔོན་དུ་བཏང-yc་རང་གི་སྤྱི་བོར་སེང་ཁྲི་པད་ཟླའི་སྟེང༌། །དུས་གསུམ་རྒྱལ་བ་ཀུན་དང་དབྱེར་མེད་པའི། །རྩ་བའི་བླ་མ་རྒྱལ་བ་བློ་བཟང་གྲགས། །དཀར་དམར་མདངས་ལྡན་དགྱེས་བའི་འཛུམ་ཞལ་ཅན། །ཆོས་འཁོར་ཕྱག་རྒྱས་ཨུཏྤལ་གེ་སར་སྟེད། །ཡེ་ཤེས་རལ་གྲི་ཤེར་ཕྱིན་གླེགས་བམ་ བསྣམས། །དུར་སྨྲིག་ཆོས་གོས་གསེར་མདོག་པཎ་ཞྭ་གསོལ། །སྐྱིལ་ཀྲུང་ཚུལ་གྱིས་འོད་ཀྱི་གུར་ཁྱིམ་དབུས། །གསལ་རྫོགས་མཚན་དང་དཔེ་བྱད་དཔལ་གྱིས་མཛེས། །ཟབ་དང་རྒྱ་ཆེའི་དམ་པའི་ཆོས་སྒྲ་སྒྲོགས། །དྲི་མེད་མཁྱེན་དང་བརྩེ་བའི་གཏེར་གྱུར་བ། །གདུལ་བྱའི་ @003B དཔལ་དུ་ལྷམ་མེར་བཞུགས་པ་ཡི། །གནས་གསུམ་རྡོ་རྗེ་གསུམ་མཚན་འོད་ཟེར་གྱིས། །རྒྱལ་བ་སྲས་བཅས་ཚོགས་ཀྱིས་ཡོངས་བསྐོར་བའི། །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ། །སྤྱན་དྲངས་ཐིམ་པས་ཀུན་འདུས་བདག་ཉིད་གྱུར། །ཤེས་བྱ་ཀུན་ ལ་ཐོགས་མེད་འཇམ་པའི་དབྱངས། །མཐའ་ཡས་འགྲོ་བའི་མར་གྱུར་སྤྱན་རས་གཟིགས། །མ་ལུས་བདུད་དཔུང་འཇོམས་མཛད་གསང་བའི་བདག །རིགས་གསུམ་ཀུན་འདུས་བླ་མར་གུས་ཕྱག་འཚལ། །སྲིད་ཞིའི་ཕྱི་ནང་གསང?་བ་མཆོད་པའི་ཚོགས། །དངོས་ བ་ཤམས་ཡིད་སྤྲུལ་ནམ་མཁའ་གང་བ་དང༌། །བདག་ལུས་ལོངས་སྤྱོད་དུས་གསུམ་དགེ་ཚོགས་བཅས། །རྗེ་བཙུན་བླ་མ་འཁོར་བཅས་མཉེས་ཕྱིར་འབུལ། །ཐོག་མེད་ནས་བསགས་སྡིག་ལྟུང་ཐམས་ཅད་བཤགས། །རང་གཞན་རྣམ་དཀར་ཀུན་ལ་རྗེས་ཡི་རང༌།། འགྲོ་ལ་བསྐལ་བརྒྱར་ཆོས་འཁོར་བསྐོར་དུ་གསོལ། །ནམ་མཁའ་ཇི་སྲིད་བར་དུ་བརྟན་པར་བཞུགས། །འདིས་མཚོན་དགེ་བ་བྱང་ཆུབ་ཆེན་པོར་བསྔོ། yc+།ཞེས་ཡན་ལག་བདུན་པ་བྱས་ནས། དམིགས་བརྩེམ་བཟླ། དེ་ནས-yc་སྐྱབས་གསུམ་ཀུན་འདུས་བླ་མ་རིན་པོ་ཆེ། །རྩེ་གཅིག་གུས་ བའི་ཡི་ཀྱིས་གསོལ་བ་འདེབས། །སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་མྱུར་རྫོགས་ཏེ། །རྫོགས་བྱང་མྱུར་དུ་ཐོབ་པར་བྱིན་གྱིས་རློབས། yc+།ལན་གསུམ-yc་དེ་ལྟར་གསོལ་བས་བླ་མའི་གནས་གསུམ་ལས། །བདུད་རྩི་དཀར་དམར་མཐིང་གསུམ་རིམ་ཅན་དང༌། ། ཅིག་ཆར་བྱུང་ཐིམ?་སྒྲིབ་བྱང་དབང་བཞི་ཐོབ། །སྐུ་བཞི་མངོན་དུ་འགྱུར་བའི་ནུས་ལྡན་གྱུར། །བླ་མ་དགྱེས་བཞིན་རང་གི་སྤྱི་བོར་བྱོན། །འོད་ཀྱི་གོང་བུར་གྱུར་ཏེ་སྤྱི་གཙུག་ནས། །སྙིང་གའི་རླུང་སེམས་ཤིན་དུ་ཕྲ་བ་ལ། །ཐིམ་བས་འདྲེས་ཏེ་བྱིན་གྱིས་ @004A ༄༅། །བརླབས་པར་དཀྱུར། །ཚེ་རབས་ཀུན་ཏུ་རྒྱལ་བ་བཙོང་ཁ་བས། yc+།ཞེས་སོགས་ཀྱང་བརྗོད་དོ།། །།རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི། སངས་རྒྱས་ཆོས་ཚོགས་མ་ལྟ་བུའི་སྐྱབས་འགྲོ་རྒྱས་བ་སྡུས་ཅི་རིགས་སྔོན་དུ་བཏང་ནས།-yc་རང་གི་སྤྱི་བོར་བཾ་ལས་པདྨ་དང་ ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ?་བ་ལྟེ་བ་ལ་ཧཱུཾ་གིས་མཚན་པ། དེ་ལས་འོད་འཕྲོས་དོན་གཉིས་བྱས་འདུས་ཡོངས་སུ་གྱུར་བ་ལས། རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས། ཡུམ་ རྡོ་རྗེ་སྙེམས་མ་དཀར་མོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པ་ལ་འཁྱུད་པ། གཉིས་ཀའང་དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་བས་སྤྲས་ཤིང༌། ཡབ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་སྤྱི་བོར་ཨོཾ། མགྲིན་བར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ?་དཀར་པོ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་རྡོ་རྗེ་སེམས་དཔའི་ཡེ་ཤེས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མ་ཛཿ ཨོཾ་བཛྲ་སཏྭ་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ནས་ཤཔྟའི་yc+བར་གྱིས་མཆོད།-yc་ཛཿ ཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས། པཉྩ་ཀཱུ་ལས་མཆོད་པའམ། yc+མིན་ཀྱང་རུང་སྟེ།-yc་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་བར་དབང་བསྐུར་ཏུ་གསོལ། ཞེས་གསོལ་པ་བཏབ་པས། དེ་རྣམས་ ཀྱིས། ཨོཾ་སརྦ་ཏ་ཐཱ་ག་ཏ་ནས་ཧཱུཾ་ཞེས་དབང་བསྐུར། ལུས་གང༌། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ། བདག?་གཞན་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ @004B ཅད་བྱང་ཞིང་དག་བར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་བས། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཐམས་ཅད་སྦྱངས། རྒྱལ་བ་སྲས་བཅས་རྣམས་ཀྱི་བྱིན་རླབས་ཐམས་ཅད་འོད་ཀྱི་རྣམ་བར་བསྡུས་ནས་ཧཱུཾ་ཡིག་སྔགས་ འཕྲེང་དང་བཅས་པ་ལ་ཐིམ་པར་གྱུར་བར་བསམ་ལ། དམིགས་པ་དང་བཅས་ཏེ་ཡིག་བརྒྱ་ཉེར་གཅིག་སོགས་བཟླའོ།-yc༌།མཐད་བདག་ནི་མི་ཤེས་རྨོངས་པ་ཡི། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཇོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་ བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །ལས་སྒྲིབ་ཐམས་ཅད་སྦྱང་དུ་གསོལ། །ཞེས་གསོལ་བ་བཏབ་པས། ཞལ་གྱིས་བཞེས་ནས། རང་ལ་ཐིམ་བས་རང་གི་སྒོ་གསུམ་དང་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པར་གྱུར་yc+བར་བསམ་ལ་བསྔོ་སྨོན་ཅི་རིགས་ བྱའོ།། །།ངན་འགོ་འཇོམས་མཛད་མི་འཁྲུགས་པའི་སྒྲུབ་ཐབས་ནི། སྐྱབས་སེམས་ཚད་མེད་བཞི་སྔོན་དུ་བཏང་ནས། སྔོན་འགྲོ་ཚོགས་ཞིང་བྱས་ན་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་འགྱུར་ཡང༌། མ་བྱས་ཀྱང་ཆད་ལྷག་ཏུ་མི་འགྱུར་བས། འཇུག་པ་བདེ་བའི་ཆེད་སྒྲུབ་ཐབས་ཀྱི་དངོས་བཞི་ནས་དགོད་པར་བྱའོ། །-yc་ ཨོཾ་སྭ་བྷཱ་ཝས་སྦྱངས། སྟོང་བའི་ངང་ལས་རང་གི་སྙིང་གར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ཡིག་མཐིང་ཤུན་གྱི་མདོག་ལྟ་བུ། དེ་ལས་འོད་ཟེར་འཕྲེས?། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་ངན་འགྲོར་སྐྱེ་བའི་རྒྱུ་ལས་སྒྲིབ་བག་ཆགས་དང་བཅས་པ་ཐམས་ ཅད་བྱང་ཞིང་དག་པར་བྱས། བཅོམ་ལྡན་འདས་ཀྱི་གོ་འཕང་ལ་བཀོད། ཆུར་འདུས་ཡོངས་སུ་གྱུར་བ་ལས་རང་ཉིད་བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་ལ་སྐུ་མདོག་སྔོན་པོ་དབུ་གཙུག་ཏོར་དང་ལྡན་ཞིང༌། ཤུམ་ཐབས་དང་ཆོས་གོས་གསོལ་བ། སྤྲུལ?་སྐུའི་ཆ་བྱད་ཅན། གཡས?་ས་ @005A ༄༅། །གནོན་དང་གཡོན་རྡོ་རྗེས་མཚན་པའི་མཉམ་གཞག་གི་ཕྱག་རྒྱ་མཛད་ཅིང༌། པད?་ཟླའི་གདན་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་བར་ཨཱཿ ཐུགས་གར་ཧཱུཾ། ཐུགས་གའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ ནས་རྒྱལ་བ་མི་འཁྲུགས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ། ཨོཾ་བཛྲ་ས་མཱ་ཛཿ ས་སྦྱན?་དྲངས། yc+མཆོད་པ་པོ་དན་བྱིན་གྱིས་བཟླས་ལ།-yc་ཨོཾ་བཛྲ་ཨ་ཀྵོ་བྷྱཿ ས་བ་རི་ཝཱ་ར་ཨརྒྷཾ་ནས?། ཤཔྟ་པྲ་ཏིཙྪའི་བར་གྱིས་མོ་ཅད?། ཆོས་ཉིད་མཉམ་བའི་དང?་ལས་མ་གཡོས་ ཀྱང༌། །ཐུགས་རྗེས་རྟག་ཏུ་མྱ་ངན་མི་འདའ་བར། །མཐའ་ཡས་འགྲོ་བའི་དོན་སྒྲུབ་ལྷུང?་མཛད་བ། །བཅོམ་ལྡན་མི་འཁྲུགས་པ་ལ་ཕྱག་འཚལ་བསྟོད། །ཛཿ ཧཱུཾ་བཾ་ཧོཿ གཉིས་སུ་མེད་བར་གྱུར། སླར་ཡང་འོད་ཟེར་འགྲོས་དབང་གི་ལྟ་རིགས་ལྔ་འཁོར་དང་བཅས་པ་སྤྱན་དྲངས། ཁྱེད་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས་yc+ནས-yc་ཆུའི་ལྷག་མ་ཡར?་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་yc+བསམ་ལ་སྔར་ལྟར་མཆོད་བསྟོད་བྱ་བའམ། མི་བྱེད་ཀྱང-yc་ཐུགས་ཀའི་ཟླ་གདན་གྱི་སྟེང་དུ་ཧཱུཾ་ཡིག་གི་མཐར་སྔགས་འཕྲེང་གིས་ བསྐོར་བ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་ལས་ཀྱི་སྒྲིབ་པ་ཐམས་ཅད་སྦྱངས། རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་ཐམས་ཅད་བསྡུས་ནས་སྔགས་འཕྲང་ལ་ཐིམ་པར་yc+བསམ་ལ།-yc་ན་མོ་རཏྣ་ཏྲ་ཡཱ་ལ། ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦྦ་ཀརྨཱ་པ་རཾ་པ་རཱ་ཎི་མེ་སརྦྦ་ས་ཏྭཱ་ནཱཉྩ་སྭཱ་ཧཱ། yc+ཞེས་ཅི་ནུས་བཟླ། མཇུག་ཏུ་ཡིག་བརྒྱ་བརྗོད། མཚེད?་བསྟོད་བསྡུས?་བ་དང་ཉེར་བསྡུ་བྱས་ཏེ་ཡངས་པའམ། མ་བྱས་ཀྱང་མི་འགལ་ཞིང-yc་དགེ་བ་འདི་ཡིས་མྱུར་དུ་བདག ། @005B མི་འཁྲུགས་རྒྱལ་པོ་འགྲུབ་གྱུར་ནས། །ཞེས་སོགས་བསྔོ་སྨོན་དང་ཤིས་བརྗོད་བྱའོ།། །།སངས་རྒྱས་སྨན་བླ་ནི། སྐྱབས་སེམས་སྔོན་དུ་བཏང་ནས། སྭ་བྷཱ་ཝས་སྦྱངས། སྟོང་བའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སེམས་ཉིད་ཧཱུཾ་སྔོན་ པོ། དེ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས། འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་རྒྱལ་བ་སྨན་གྱི་བླ་སྐུ་མདོག་བཻ་ཌཱུརྱ་སྔོན་པོ་ལྟར་དྭང་བ། ཞལ་གཅིག་ཕྱག་གཉིས་གཡས་མཆོག་སྦྱིན་གྱི་ཕྱག་རྒྱས་དུག་གསུམ་འཇོམས་པའི་ཨ་བུར?་དང༌། གཡོན་མཉམ་གཞག་གི་ ཕྱག་རྒྱས་སྨན་གྱིས་གང་བའི་ལྷུང་བཟེད་བསྣམས་པ། མཚན་དཔེས་སྤྲས་ཤིང་ཆོས་གོས་རྣམ་གསུམ་གསོལ་བ། ཞབས་རྡོ་རྗེའི་སྐྱིལ་གྲུང་གིས་འོད་ཟེར་གྱི་ཕུང་བོའི་དབུས་ན་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་ འོད་ཟེར་འཕྲོས་རྒྱལ་བ་སྨན་གྱི་བླ་མ་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། ཛཿ ཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་སྤྱན་ དྲངས། ཁྱེད་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་ཨོཾ་yc+ནས-yc་དབང་བསྐུར་ལུས་གང་དྲི་མ་དག །ཆུ་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་བ་ལས་མི་བསྐྱོད་བས་དབུ་བརྒྱན་བར་གྱུར་བར་བསམ་ ཨོཾ་གུ་རུ་བཻ་ཌཱུརྱ་ཨརྒྷཾ་yc+ནས-yc་ཤཔྟའི་yc+བར་གྱིས་མཆོད།-yc་ཐུགས་རྗེ་ཀུན་ལ་སྙོམས་པའི་བཅོམ་ལྡན་འདས། །མཚན་ཙམ་ཐོས་རྤས་ངན་འགྲོའི་སྡུག་བསྔལ་སེལ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻཌཱུརྱ་ཡི་འོད་ལ་ཕྱག་འཚལ་བསྟོང༌། །ཞལ?་བསྟོད། རང་གི་ @006A ༄༅། །ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ཡིག་གི་མཐར་སྔགས་འཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་ཐམས་ཅད་བསྡུས་ནས་རང་ཉིད་ལ་ཐིམ་པར་ བསམ་ལ། ཏདྱ་ཐཱ། ཨོཾ་བྷཻ་ཥ་ཛྱེ་བྷེ་ཥ་ཛྱེ། མ་ཧཱ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ་རཱ་ཛཱ་ས་མུངྒ་ཏེ་སྭཱ་ཧཱ། ཅི་ནུས་དང༌། གྷུ་མེ་གྷུ་མེ་སོགས་བཟླས་ནའང་ཕུན་སུམ་ཚོགས་པར་འགྱུར། མཐར་ཡིག་བརྒྱ་དང་མཆོད་བསྟོད་བྱས་ནས་དགེ་བ་འདི་ཡིས་སོགས་ཀྱི་བསྔོ་སྨོན་བྱའོ།། །།ཀླུ་དབང་གཙོ་ འཁོར་ལྔ་ནི། སྐྱབས་སེམས་སྔོན་དུ་བཏང་ནས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པ་ལས་པདྨ་དང་ཨ་ལས་ཟླ་བའི་སྟེང་དུ་རང་གི་སེམས་ཀྱི་ངོ་བོ་ཧཱུཾ་ཡིག་སྔོན་པོ། དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཞི་བར་བྱས་ འོད་ཟེར་ཚུར་འདུས། ཡོངས་སུ་གྱུར་བ་ལས་རང་ཉིད་བཅོམ་ལྡན་འདས་ཀླུའི་དབང་ཕྱུག་རྒྱལ་པོ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་ཞལ་དང་མགྲིན་པ་དུང་ལྟར་དཀར་བ། ཕྱག་གཉིས་དམ་ཚིག་གི་ཕྱག་རྒྱ་མཛད་པ། ཆོས་གོས་མཛེས་པར་གསོལ་ ཞིང༌། མཚན་དཔེས་སྦྲས་པ་སྦྲུལ་གྱི་གདེངས་ཀའི་རྒྱབ་ཡོལ་ཅན། འོད་ཀྱི་ཕུང་པོའི་དབུས་ན་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། མདུན་དུ་བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་དཀར་པོ་རིན་པོ་ཆེའི་མྱུ་གུ་དང་བུམ་པ་བསྣམས་པ། གཡས་སུ་ བྱམས་པ་དམར་པོ་ཀླུ་ཤིང་གི་མེ་ཏོག་དང་རིལ་པ་སྤྱི་བླུགས་བསྣམས་པ། རྒྱབ་ཏུ་འཇམ་དཔལ་སེར་པོ་ཨུཏྤ་ལ་བསྣམས་པ། གཡོན་དུ་སྤྱན་རས་གཟིགས་དཀར་པོ་པདྨ་བསྣམས་པ། བཞི་ཀའང་པད་ཟླའི་གདན་ལ་བཞུགས་པའོ། །དེའི་གཡས་སུ་བྱང་ཆུབ་ @006B སེམས་དཔའ་དང་གཡོན་དུ་དགྲ་བཅོམ། འོག་ཕྱོགས་སུ་ཀླུའི་ཚོགས་དཔག་ཏུ་མེད་པ་འཁོད་པ། རང་གི་སྤྱི་བོར་ཨོཾ་དཀར་པོ་ནས་ཧཱུཾ་སྔོན་པོ། །ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀླུའི་དབང་ཕྱུག་རྒྱལ་ པོ་གཙོ་འཁོར་ལྔའི་རྣམ་པར་སྤྱན་དྲངས། ཨོཾ་བྷ་ག་ཝན་ནཱ་གེནྡྲ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱཙྪི་ནས། ཤཔྟའི་བར་གྱིས་མཆོད། གང་གི་མཚན་ཙམ་བཟུང་བས་ཀྱང༌། །མྱོང་དེས་ལས་ཀྱི་སྒྲིབ་པ་དང༌། །ཀླུ་ནད་མ་ལུས་ཞི་མཛད་པ། །ཀླུ་ཡི་དབང་ཕྱུག་རྒྱལ་པོར་བསྟོད། །ཛཿཧཱུཾ་བཾ་ཧོ། གཉིས་སུ་མེད་པར་གྱུར། yc+འདི་སོགས་ཕལ་ཆེར་ལ་དབང་ལྷ་སྤྱན་འདྲེན་མ་མཛད་པ་ལྟར་བཀོད། དེ་ནས-yc་རང་གི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ཡིག་གི་མཐར་བཟླས་བྱའི་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས། སེམས་ཅན་རྣམས་ཀྱི་ལས་སྒྲིབ་དང༌། ཁྱད་པར་ཀླུ་ལས་ གྱུར་པའི་ནད་དང་གདོན་སོགས་ཞི་བར་བྱས། རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་ཐམས་ཅད་འོད་དང་བདུད་རྩིའི་རྣམ་པར་བསྡུས་ནས་རང་ཉིད་ལ་ཐིམ་པར་yc+བསམས-yc་ལ་ཏདྱ་ཐཱ། ཨོཾ་ཏ་ཐཱ་ག་ཏཱ་བྷ་ག་ཝན་ནཱ་ག་རཱ་ཛེ་ཤྭཱ་ར་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ། yc+ཞེས་ཅི་ནུས་བཟླས་ཏེ། ཡིག་བརྒྱས་བརྟན་ བར་བྱས་ལ་མཆོད་བསྟོད་བྱ། དགེ་བ་འདི་ཡིས་yc+སོགས་བསྔོ་སྨོན་ཤིས་བརྗོད་ཀྱིས་བརྒྱན་པར་བྱའོ།། །།ངན་སོང་སྦྱོར་བའི་རྣམ་སྣང་ནི། སྐྱབས་སེམས་སོགས་སྔོན་དུ་འགྲོ་བས།-yc་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་ལ་ཨོཾ་ལས་འཁོར་ལོ་ཨོཾ་གྱིས་མཆན་པ་ལས་འོད་འགྲོས?། དོན་གཉིས་བྱས། ཚུར་འདུས་ཡོངས་སུ་གྱུར་བ་ལས། རང་ཉིད་རྣམ་སྣང་དཀར་པོ་ཞལ་བཞི་དཀར་བ། ཕྱག་གཉིས་མཉམ་གཞགི?་ཕྱག་རྒྱས་འཁོར་ལོ་བསྣམས་པ། དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། བདག་ཉིད་ @007A ༄༅། །ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། དེ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཛ?ཿཧཱུཾ་བཾ་ཧོཿ གཉིས་སུ་མེད་ བར་གྱུར། མཆོད་པ་ཡོད་ན་བརླབ་ལ། ཨོཾ་བཻ་རོ་ཙ་ན་ཨརྒྷཾ་yc+ནས-yc་ཤཔྟའི་བར་གྱིས་མཆོད་ཆོས་དབྱིངས་ཡེ་ཤེས་རྣམ་པར་དག །རྣམ་པར་སྣང་མཛད་བཅོམ་ལྡན་འདས། །ཏིང་ངེ་འཛིན་ལྡན་ཕྱག་རྒྱ་ཅན། །རྣམ་པར་སྣང་མཛད་ལ་ཕྱག་འཚལ། །ཅེས་བས་བསྟོད། རང་གི་ ཐུགས་ཀའི་ཨོཾ་ཡིག་གི་མཐར་སྔགས་འཕྲེང་གིས་བསྐོར་བ་ལས་འོད་འཕྲོས། སེམས་ཅན་ཐམས་ཅད་ཀྱི་ངན་སོང་གི་སྡུག་བསྔལ་རྒྱུ་དང་བཅས་པ་ཞི་བར་བྱས། འོད་ཟེར་སླར་འདུས་ནས་རང་ཉིད་ལ་ཐིམ་པར་yc+བསམ་ལ-yc་ཨོཾ་སརྦ་བིད་སརྦ་ཨཱ་ཝ་ར་ཎ་བི་ཤོ་དྷ་ན་ཧ་ན་ཧཱུཾ་ཕཊ། yc+ཅེས་ཅི་ནུས་དང་གཟུངས་རིང་ཀྱང་བཟླ། དེ་ལྟར་བྱས་ན་ངན་སོང་མྱོང་ངེས་ཀྱི་ལས་སྒྲིབ་བདག་བར་འགྱུར་རོ། །མཐར་ཡིག་བརྒྱ་བཟླས་ནས། མཆོད་བསྟོད་བསྡུས་པ་དང༌། བསྔོ་སྨོན་ཅི་རིགས་བྱའོ།། །།ཤཱ་ཀ་ཐུབ་ནི། སྐྱབས་སེམས་སྔོན་དུ་བཏང་ནས། སྭ་བྷཱ་ཝས་སྦྱངས་⁽14c6⁾་བད?་ཟླའི་གདན་ལ་མུཾ་སེར་པོ། དེ་ལས་ འོད་འཕྲོས། དོན་གཉིས་བྱས། འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པ་སྐུ་གསེར་བཅོ་མའི་མདོག་ལྟར་སེར་བ། ཞལ་གཅིག་ཕྱག་གཉིས་གཡས་ས་གནོན་དང་གཡོན་མཉམ་གཞག་གི་ཕྱག་རྒྱས་ལྷུང་བཟེད་བསྣམས་པ། མཚན་དབེས?་ སྤྲས་ཤིང༌། སྐུ་ལ་ཆོས་གོས་རྣམ་གསུམ་གསོལ་བ། འོད་ཀྱི་ཕུང་པོའི་དབུས་ན་ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི། སྤྱི་བོར་ཨོཾ་yc+ནས-yc་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་རྒྱལ་བ་ཤཱཀྱ་ཐུབ་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་ @007B དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། ཨོཾ་ཤཱཀྱ་མུ་ནེ་ས་བ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ནས་ཤཔྟའི་བར་གྱིས་མཆོད་ལ་ཐབས་མཁས་ཐུགས་རྗེ་མས་བསྟོད་ཛཿ ཧཱུཾ་བཾ་ཧོཿ རང་ལ་ཐིམ་པས་གཉིས་སུ་མེད་པར་གྱུར། རང་གི་ཐུགས་ཀའི་ཟླ་གདན་གྱི་སྟེང་དུ་མུཾ་ཡིག་གེ་མཐར་བཟླས་ བྱའི་སྔགས་ཀྱིས་བསྐོར་བ་ལས་འོད་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་གྱི་ཚོགས་ཞི་ཞིང་བདེ་བ་དང་ལྡན་པར་བྱས། སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་བྱིན་རླབས་ཐམས་ཅད་དྲངས་ཏེ་རང་ཉིད་ལ་ཐིམ་པར་yc+བསམ་ལ།-yc་ཏདྱ་ཐཱ། ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ན་ ཡ་སྭཱ་ཧཱ། ཞེས་ཅི་ནུས་བཟླས་ལ། ཡིག་བརྒྱ་བརྗོད་པ་སོགས་བྱའོ།། །།འོད་དཔག་མེད་ནི། སྐྱབས་སེམས་སོགས་སྔོན་དུ་འགྲོ་བས། སྭ་བྷཱ་ཝས་སྦྱངས་སྟོང་པའི་ངང་ལས་བཾ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སེམས་ཉིད་ཡི་གེ་ཧྲཱིཿ དམར་པོ། དེ་ལས་ འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་བཅོམ་ལྡན་འདས་འོད་དཔག་མེད་སྐུ་མདོག་དམར་པོ་སྤྲུལ་སྐུའི་ཆ་བྱད་ཅན། ཕྱག་གཉིས་མཉམ་གཞག་གི་ཕྱག་རྒྱ་མཛད་པ། འོད་ཀྱི་ཚོགས་མཐའ་ཡས་འགྲོ་ བའི་དབུས་ན་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའི། སྤྱི་བོར་ཨོཾ་ནས་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། བདེ་བ་ཅན་ནས་མགོན་པོ་འོད་དཔག་མེད་ལ་རྒྱལ་བ་སྲས་བཅས་ཀྱིས་བསྐོར་བ་སྤྱན་དྲངས། ཨོཾ་པདྨ་དྷ་ར་ས་བ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཐུགས་ བསྐྱེད་སྨོན་ལམ་དག་པའི་མཐུས། །མ་དག་སྙིགས་མའི་འགྲོ་བ་ཀུན། །དག་པའི་ཞིང་དུ་འདྲེན་པའི་དཔལ། །འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཛཿ ཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། རང་གི་ཐུགས་ཀའི་ཧྲཱིཿ ཡིག་ལས་འོད་འཕྲོས། རྒྱལ་བ་སྲས་བཅས་ཐམས་ @008A ༄༅། །ཅད་ཀྱི་བྱིན་རླབས་མཐའ་དག་བསྡུས་ནས་རང་ཉིད་ལ་ཐིམ་པར་yc+བསམ་ལ-yc་ཨོཾ་པདྨ་དྷ་ར་ཧྲཱིཿསྭཱ་ཧཱ། ཞེས་ཅི་ནུས་དང༌། ཏདྱ་ཐཱ། ཨོཾ་ཨ་མི་ཏེ། ཨ་མི་ཏེ་ཨུད་བྷ་ཝེ། ཨ་མི་ཏ་སམྦྷ་བ། ཨ་མི་ཏ་བི་ཀྲཱནྟེ། ཨ་མི་ཏ་གཱ་མི་ནི། ག་ག་ན་ཀཱིརྟི་ཀ་རེ་སརྦ་ཀླེ་ཤ་ ཀྵ་ཡཾ་ཀ་རི་སྭཱ་ཧཱ། ཞེས་བཟླས་ན་ཕན་ཡོན་དཔག་ཏུ་མེད་པར་བཤད་དོ། །མཐར་ཡིག་བརྒྱ་བཟླ། འདོད་ན་ཡེ་ཤེས་པ་མདུན་གྱི་ནམ་མཁར་བཞུགས་པར་གྱུར་yc+པར་བསམ་ལ།-yc་ཇི་སྙེད་སུ་དག yc+སོགས་ཡན་ལག་བདུན་པ་དང༌།-yc་རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་yc+སོགས་སྨོན་ལམ་བྱས་ན་ཕུན་སུམ་ཚོགས་པར་ འགྱུར་ལ་བསྡུ་ན། གོང་གི་མཇུག་ཏུ།-yc་དགེ་བ་འདི་ཡིས་yc+སོགས་སྨོན་ལམ་ཅི་རིགས་བྱའོ།། །།ཚེ་དཔག་མེད་ནི། སྐྱབས་སེམས་སོགས་སྔོན་དུ་བཏང-yc་སྭ་བྷཱ་ཝས་yc+སྦྱངས-yc་སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་ལ་རང་གི་སེམས་ཉིད་ཧྲཱིཿ དམར་པོ་རིང་ཆ་ཚིག་དྲག་དང་བཅས་པ། དེ་ལས་འོད་འཕྲོས། དོན་གཉིས་བྱས་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་རྒྱལ་བ་ཚེ་དཔག་མེད་སྐུ་མདོག་དམར་པོ། །ཞལ་གཅིག་ཕྱག་གཉིས་མཉམ་གཞག་གི་ཕྱག་རྒྱས་བདུད་རྩིས་གང་བའི་བུམ་པ་བསྣམས་པ། མཚན་དཔེ་གསལ་རྫོགས་ཀྱིས་སྦྲས་ཤིང་ དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་བརྒྱན་པ། འཇའ་འོད་འཁྲིགས་པའི་དབུས་ན་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། རང་གི་སྤྱི་བོར་ཨོཾ་དཀར་པོ་ནས་ཧཱུཾ་སྔོན་པོ་མཚན་པ། དེ་ལས་འོད་འཕྲོས། བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་དང༌། དབང་གི་ལྷ་རྣམས་ སྤྱན་དྲངས། ཛཿ ཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། དབང་གི་ལྷ་རྣམས་ཀྱིས། ཨོཾ་སརྦ་yc+ནས-yc་ཡོངས་སུ་གྱུར་པས་ལས་འོད་དཔག་མེད་གྱིས་དབུ་བརྒྱན་པར་གྱུར། yc+མཆོད་པ་བྱིན་གྱིས་བརླབས་ལ-yc་ཨོཾ་ཨཱརྱ་ཨ་པ་ར་མི་ཏ་ཨ་ཡུར་ཛྙཱ་ན་ཨརྒྷཾ་yc+སོགས་ཀྱིས་མཆོད-yc་འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་ @008B དཔག་མེད། yc+།སོགས་ཀྱིས་བསྟོད-yc་རང་གི་ཐུགས་ཀར་ཟླ་གདན་གྱི་སྟེང་དུ་ཧྲཱིཿཡིག་གི་མཐར་སྔགས་འཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། རང་གི་ཚེ་མི་མ་ཡིན་གྱིས་འཕྲོག་པ་དང༌། སྣོད་བཅུད་ཀྱི་ནུས་པའི་ཡོན་ཏན་རྣམས་རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་དང་ལྷན་ཅིག་ཏུ་འོད་དང་བདུད་ རྩི་དམར་སེར་གྱི་རྣམ་པར་བསྡུས་ནས་བ་ཀུག་སྟེ་སྔགས་འཕྲེང་ལ་ཐིམ། དེ་ལ་བདུད་རྩིའི་རྒྱུན་བབ་བས་ལུས་ཀྱི་ནང་ཐམས་ཅད་གང༌། ནད་གདོན་སྡིག་སྒྲིབ་ཐམས་ཅད་དག །ཚེ་དང་བསོད་ནམས་ཕུན་སུམ་ཚོགས་པ་ཐོབ་པར་གྱུར་yc+བར་བསམ་པ།-yc་ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། yc+ཞེས་ཅེ་ནུས་དང་ གཟུངས་རིང་ཀྱང་བཟླ། མཐར་ཡི་གེ་བརྒྱ་བ་བརྗོད་ཅིང༌།-yc་དགེ་བ་འདི་ཡིས་སོགས་དང༌། དུས་མིན་ཆི་བའི་མཚན་མ་མཐོང་བ་ན། yc+།ཤེས་སོགས་བསྔོ་སྨོན་བཀྲ་ཤིས་ཀྱིས་བརྒྱན་བར་བྱའོ།། །།བྱམས་པའི་རྣལ་འབྱོར་ནི། སྐྱབས་སེམས་སོགས་སྔོན་དུ་བཏང་ནས།-yc་རང་གི་མདུན་གྱི་ནམ་མཁའི་དབྱིངས་སུ་སེངྒེའི་ཁྲིའི་སྟེང་དུ་ པདྨ་དང་ཟླ་བའི་གདན་ལ་བཅོམ་ལྡན་འདས་བྱམས་པ་མགོན་པོ་སྐུ་མདོག་དམར་སེར་ཞལ་གཅིག་ཕྱག་གཉིས་པ། ཕྱག་ཡིས་ཐུགས་ཀར་ཆོས་འཁོར་གྱི་ཕྱག་རྒྱ་མཛད་པའི་གཡོན་པའི་མཐེབ་སྲིན་གྱིས་སྤྱི་བླུགས་ཀྱིས་མཚན་བའི་བླུ་ཤིང་གེ་སྡོང་པོ་བསྣམས་པ། དབུ་ལ་ཐུབ་བའི་ངོ་བོ་ བྱང་ཆུབ་མཆོད་རྟེན་གྱིས་མཛེས་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་ཤིང༌། ཞབས་གཉིས་བཟང་པོའི་འདུག་སྟངས་ཀྱིས་འོད་ཀྱི་ཕུང་པོའི་དབུས་ན་བཞུགས་པ། དེའི་སྤྱི་བོར་ཨོཾ་ནས་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་དགའ་ལྡན་ལ་སོགས་པའི་རང་བཞིན་གྱི་གནས་ནས་རྗེ་ བཙུན་བྱམས་པ་མགོན་པོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཛཿ ཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། བྱམས་ཆེན་མེ་ཡིས་yc+ཞེས་སོགས་ཀྱིས་བསྟོད་ཅིང༌།-yc་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་རྗེ་བཙུན་བྱམས་པ་མགོན་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་ @009A ༄༅། །སྐྱབས་སུ་མཆིའོ། yc+།ཞེས་ལན་གསུམ་མཾ?་བདུན་སོགས་དང-yc་ཇི་སྙེད་མཆོད་བའི་ཆོགས་མ་ལུས་པ་འབུ་ལོ། །སྡིག་ལྟུང་ཐམས་ཅད་བཤགས་སོ། །དགེ་བ་ལ་རྗེས་སུ་ཡི་རང་ངོ། །ཆོས་ཀྱི་འཁོར་ལོ་དམ་པ་བསྐོར་བར་བསྐུལ་ལོ། །མྱ་ངན་ལ་མི་འདའ་བར་རྟག་པར་ བཞུགས་སུ་གསོལ། དགེ་བ་ཀུན་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བགྱིའོ། །དེ་ནས་ཐུགས་རྗེའི་བདག་ཉིད་རྗེ་བཙུན་བྱམས་པ་མགོན་པོ་ལ་གསོལ་བ་འདེབས་སོ། །བདག་ལ་བྱིན་གྱིས་བརློབ?་ཏུ་གསོལ། yc+ཞེས་ཅི་ནུས་བརྗོད་བའི-yc་མཐར། དགྱེས་ བཞིན་ངང་ལ་ཐིམ་པས་རང་ཉིད་ཀྱང་རྗེ་བཙུན་བྱམས་མགོན་གྱི་སྐུར་གྱུར་yc+བར་བསམ་ལ།-yc་ཨོཾ་སཱདྱ་མཻ་ཏྲི་སྭཱ་ཧཱ། ཅི་ནུས་དང༌། གཟུངས་རིང་བྱང?་བཟླས་ན་ཐུན་ཕུན་ཚོགས་པར་འགྱུར?་རོ། །འདི་ཡི་དགེ་བས་སོགས་ཀྱིས་སྨོན་ལམ་བྱའོ།། །།རྗེ་བཙུན་འཇམ་དབྱངས་དམར་སེར་ནི། སྐྱབས་སེམས་ སོགས་སྔོན་དུ་བཏང༌། ཚོགས་ཞིང་བྱེད་ན། རང་ཉིད་སྐད་ཅིག་གིས་འཇམ་དབྱངས་སུ་བསྐྱེད། ས་བོན་ལས་འོད་ཟེར་སྤྲོས་ཏེ་ཚོགས་ཞིང་སྤྱན་དྲངས་ནས་ཆུ་གཉིས་ཉེར་སྤྱོད་དང་བཅས་པ་ཙམ་མམ། ཡན་ལག་འདུན་པ་བྱས་ལ་ཚད་མེད་བཞི་བསྒོམ་པ་སྤྱི་ལྟར་བྱ། དངོས་གཞི་ནི། རང་ཐ་མལ་དུ་གནས་པའི་སྙིང་སྒོ?་ང་ལྟ་བུའི་ རྩེ་མོ་གྱེན་དུ་བསྟན་པའི་ནང་དུ་ཟླ་བའི་དཀྱིལ་འཁོར་ཆ་ཤས་ཡོངས་སུ་རྒྱས་པའི་སྟེང་དུ་དྷཱིཿ ཡིག་དམར་སེར་ཚེག་དྲག་དང་བཅས་པ་ལས་འོད་ཟེར་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང༌། སྡིག་སྒྲིབ་རྨོངས་པ་དང་བཅས་པ་དག །འོད་ཟེར་ཕྱིར་འཕྲོས། སེམས་ཅན་ ཐམས་ཅད་ཀྱི་ཡེ་ཤེས་པའི་མུན་པ་བསལ། རྒྱལ་བ་སྲས་བཅས་རྣམས་མཆོད་ཅིང་དེ་དག་གི་བྱིན་རླབས་ཐམས་ཅད་བསྡུས་ནས་རང་ལ་ཐིམ། རང་ཉིད་པར་ཟླའི་གདན་ལ་རྗེ་བཙུན་འཇམ་པའི་དབྱངས་སྐུ་མདོག་དམར་སེར་ཞལ་གཅིག་ཕྱག་གཉིས་གཡས་ @009B ཤེས་རབ་ཀྱི་རལ་གྲི་འཕྱར་ཞིང༌། གཡོན་ཨུཏྤ་ལའི་ཡུ་བ་མཐེབ་སྲིན་གྱིས་ཐུགས་ཀར་བཟུང་བའི་འདབ་ལ་སྙན་གྱི་ཐད་དུ་ཁ?་ཕྱེ་བའི་སྟེང་ན་ཤེར་ཕྱིན་གྱི་གླེགས་བམ་བསྣམས་པ། རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། དཔུང་རྒྱན། ཕྱག་གདུབ། ཞབས་གདུབ་ལ་ སོགས་པ་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་སྤྲས་ཤིང༌། ལྷ་རྫས་ཀྱི་དར་གྱི་སྟོད་གཡོགས་དང་སྨད་གཡོགས་མཛེས་པར་གསོལ་བ། རལ་པའི་ཟུར་ཕུད་གཡོན་དུ་སྦུད་པ། བཅུ་དྲུག་ལོན་པའི་ན་ཚེ་ཅན། ཞི་འཛུམ་སྒེག་པའི་ཉམས་ལྡན། འོད་ཀྱི་ཕུང་པོའི་དབུས་ ན་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། རང་གི་སྤྱི་བོར་ཨོཾ་དཀར་པོ་ནས་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། རང་བཞིན་གྱི་གནས་ནས་རྗེ་བཙུན་འཇམ་པའི་དབྱངས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། ཛཿ ཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། འདི་འཇམ་དབྱངས་ཆོས་སྐོར་ནས་འབྱུང་བ་ལྟར་ཡིན་པས་དབང་བསྐུར་རྒྱས་འདེབས་མ་བྱས་ལ། ས་པཎ་ནས་བརྒྱུད་པ་ལ་དབང་བསྐུར་རྒྱས་འདེབས་སྣང་ངོ། ཨོཾ་ཨཱརྱ་མཉྫུ་ཤྲཱི་ས་བ་རི་ཝ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། གཞོན་ནུའི་ཆ་ལུགས་སོགས་དང༌། སྒྲོན། མཚམས་སྦྲེན?་གཞོན་ནུ་མས་བསྟོད། དེ་ནས་རང་གི་ ཐུགས་ཀར་ཟླ་གདན་གྱི་སྟེང་དུ་དྷཱིཿ ཡིག་གི་མཐར་བཟླས་བྱའི་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་བཅས་སོགས་ཀྱི་བྱིན་རླབས་དང་ཤེས་རབ་ཀྱི་སྣང་བ་ཐམས་ཅད་བསྡུས་ནས་རང་ཉིད་ལ་ཐིམ་པར་བསམ་ལ་ཨོཾ་ཨ་ར་པ་ཙ་ན་དྷཱིཿ ཞེས་ཅི་ནུས་དང༌། མཐར་ ཡིག་བརྒྱ་བཟླས་ནས། མཆོད་བསྟོད་བྱ་བའམ། སྤྲོ་ན། ཡེ་ཤེས་པ་མདུན་གྱི་ནམ་མཁར་བྱོན་ནས་ཞལ་རང་ལ་ཕྱོགས་ཏེ་བཞུགས་པར་གྱུར་ཅེས་བརྗོད་ལ། ཡན་ལག་བདུན་པའམ། མཆོད་བསྟོད་གསོལ་འདབས་ཅི་རིགས་བྱ། དགེ་བ་འདི་ཡིས་སོགས་དང༌། བརྩེ་ལྡན་ཁྱོད་ཀྱིས་སོགས་དང༌། རྒྱལ་ @010A ༄༅། །བའི་གསུང་རབ་ཀུན་ལ་དམིགས་པ་ཡི། །ཞེས་སོགས་བསྔོ་སྨོན་ཀྱང་བྱའོ།། །།འཇམ་དབྱངས་དཀར་པོ་ནི། སྐྱབས་སེམས་སོགས་སྔོན་དུ་བཏང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་དང་ལས། བཾ་ལས་འོ་མའི་རྒྱ་མཚོ་དངས་ཤིང་གསལ་བ་པདྨོའི་ཚལ་གྱིས་ ཁྱབ་ཅིང༌། མཐའ་ནེའུ་སིང་གིས་བསྐོར་བ་ལ་གླང་ཆེན་ཐལ་དཀར་མཆེ་བ་དྲུག་ལྡན་དུ་མ་དལ་གྱིས་རྒྱུ་བ། མཚོའི་དབུས་སུ་བད་དཀར་འདབ་སྟོང་ལྡན་པའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་རང་གི་སེམས་ཉིད་ཨ་དཀར་པོ། །དེ་ལས་འོད་འཕྲོས། འཕགས་ པ་མཆོད། སེམས་ཅན་རྣམས་ཀྱི་མི?་ཤེས་པའི་མུན་པ་བསལ། ཤེས་རབ་ཀྱི་སྣང་བ་ལ་བཀོད། ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་རྗེ་བཙུན་འཇམ་པའི་དབྱངས་སྐུ?་མདོག་གངས་རི་ལྟར་དཀར་བ། གཡས་མཆོག་སྦྱིན་གྱི་ཕྱག་རྒྱས་བཟུང་བའི་ཨུཏྤ་ལའི་སྟེང་ དུ་ཤེས་རབ་ཀྱི་རལ་གྲི་དང༌། གཡོན་ཆོས་འཆད་ཀྱི་ཕྱག་རྒྱས་བཟུང་བའི་བད་དཀར་སྙན་ཐད་དུ་ཁ་བྱེ་བའི་སྟེང་ན་ཤེར་བྱིན་གྱི་གླེགས་བམ་བསྣམས་པ། དབུ་རྒྱན་ལ་སོགས་པ་རིན་པོ་ཆེ་དང༌། དར་སྣ་ཚོགས་ཀྱི་ན་བཟས་མཛེས་པ། བཅུ་དྲུག་ཡོན་པའི་ན་ཚོད་ཅན། ཞི་ འཇུམ་སྒེག་པའི་ཉམས་ལྡན། འོད་ཀྱི་ཕུང་པོའི་དབུས་ན་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའི་སྤྱི་བོར་ཨོཾ་ནས་ཧཱུཾ་ལས་འོད་འཕྲོས། རང་བཞིན་གྱིས་གནས་ནས་རྗེ་བཙུན་འཇམ་དབྱངས་དཀར་པོ་ལ་སངས་རྒྱས་བྱང་སེམས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས། ཛཿ ཧཱུཾ་བཾ་ཧོཿ སླར་ཡང་ནས་སྤྱན་དྲངས། ཁྱེད་རྣམས་ཀྱིས་ནས་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པས་དབུ་བརྒྱན་བར་བསམ་མོ། །མཆོད་པ་ཡོད་ན་བྱིན་གྱིས་རླབས་ལ། ཨོཾ་ཨཱརྱ་མཉྫུ་ཤྲཱི་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། རི་བོང་འཛིན་པ་ལྟར་དཀར་གླེགས་བམ་རལ་གྲིས་ཕྱག་མཚན་ཞིང༌། རབ་ @010B མཛེས་ཤིན་ཏུ་ཞི་བའི་གཞོན་ནུ་ཟུར་ཕུད་ལྔ་ལྡན་པ། །དགའ་བ་རྒྱ་ཆེན་ཐར་མཆོག་སྤྱན་ནི་པདྨའི་འདབ་ལྟར་ཡངས། །བློ་གྲོས་ངན་པ་སྲེག་མཛད་འཇམ་པའི་དབྱངས་ལ་ཕྱག་འཚལ་བསྟོད། །རང་གི་སྙིང་ཀར་འཁོར་ལོ་དཀར་པོ་རྩིངས་དྲུག་བ་མུ་ཁྱུད་དང་བཅས་པ། ལྟེ་བར་ཟླ་བའི་སྟེང་དུ་ ཨ་དཀར་པོ། །རྩིབས་དྲུག་ལ་ཡིག་དྲུག་གིས་བསྐོར་བ་ལས་འོད་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང༌། མི་ཤེས་བའི་མུན་པ་བསལ། འོད་ཟེར་ཕྱིར་འཕྲོས། རྒྱལ་བ་སྲས་བཅས་ཀྱི་བློ་གྲོས་སྤོབ་པ་ཐམས་ཅད་བསྡུས་ནས་རང་ཉིད་ལ་ཐིམ་པར་yc+སམས་ལ།-yc་ཨོཾ་ཝཱ་ཀྱཻ་ད་ན་མཿ yc+ཞེས་བཟླ། དེའི་ཚེ་འཁོར་ལོ་གཡས་དང་ཡིག་དྲུག་གཡོན་དུ་འཁོར་བ་ལྟ་བུའི་དམིགས་པ་དང༌། མཇུག་ཏུ་ཡིག་བརྒྱ་བཟླས་ནས་བསྔོ་སྨོན་བྱ། གཏོར་མ་འབུལ་ན། འོག་ནས་ཐུན་མོང་དུ་འབྱུང་བ་ལྟར་བྱ། མ་ཤའི་སྦྱོར་བ་ནི་གཞན་ལས་ཤེས་པར་བྱའོ།། །།སྤྱན་རས་གཟིགས་ཕྱག་བཞི་པ་ནི། སྐྱབས་སེམས་སོགས་བྱས་ལ།-yc་སྭ་བྷཱ་ ཝས་སྦྱངས། སྟོང་པའི་ངང་ཡས། པཾ?་ལས་པདྨ་འདབ་བརྒྱད་ཀྱི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་རང་གི་རྣམ་ཤེས་ཀྱི་ངོ་བོ་ཧྲཱིཿ དཀར་པོ། །དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་ཐུགས་ རྗེ་ཆེན་པོ་སྤྱན་རས་གཟིགས་སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་དཀར་བ། ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་འོག་མས་ཤེལ་ཕྲེད་དང༌། གཡོན་འོག་མས་པདྨ་དཀར་པོ་འཛིན་པ། དབུ་རྒྱན་ལ་སོགས་པ་རིན་པོ་ཆེའི་རྒྱན་གྱིས་སྦྲས་ཤིང༌། དར་གྱི་ སྟོད་གཡོགས་དང་སྨད་གཡོགས་ལྷབ་ལྟུབ་ཏུ་གསོལ་བ། རི་དྭགས་ཀྲྀཥྞ་ས་རའི་པགས་པ་ནུ་མ་གཡོན་པ་ལ་བཀབ་པ། འཇའ་ཟེར་འཁྲུགས་པའི་འོད་ཀྱི་ཕུང་པོའི་དབུས་ན་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། རང་གི་སྤྱི་བོར་ཨོཾ། མགྲིན་པར་ཨཱ། ཐུགས་ཀར་ཧཱུཾ་ @011A ༄༅། །དེ་ལས་འོད་འཕྲོས། པོ་ཏ་ལ་ནས་སྤྱན་རས་གཟིགས་དབང་ཕྱུག་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ས་སྤྱན་དྲངས་ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ནས་སྤྱན་དྲངས། དེ་བཞིན་ གཤེགས་པ་ཐམས་ཅད་ཀྱིས་མངོན་བར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་ཨོཾ་ནས་འོད་དཔག་མེད་ཀྱིས་དབུ་བརྒྱན་བར་བསམ། མཆོད་པ་ཡོད་ན་བྱིན་རླབས་འོག་ནས་འབྱུང་བ་ལྟར་བྱ། ཨོཾ་ཨཱརྱ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་ མཆོད། སྐྱོན་གྱིས་མ་གོས་སོགས་ཀྱིས་བསྟོད། རང་གི་ཐུགས་ཀར་ཟླ་གདན་གྱི་སྟེང་དུ་ཧྲཱིཿ ཡིག་གི་མཐར་ཡིག་དྲུག་གིས་བསྐོར་བ་ལས་འོད་འཕྲོས། རི(Gs) དྲུག་གི་སྡུག་བསྔལ་རྒྱུ་དང་བཅས་པ་སྦྱངས་ཏེ་འཕགས་པའི་གོ་འཕང་ལ་བཀོད། རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་ ཐམས་ཅད་འོད་ཀྱི་རྣམ་པར་བསྡུས་ནས་རང་ལ་ཐིམ། སྣང་བ་སྐུའི་ཁྱེར་སོ། གྲག་སྟོང་གསུང་གི་ཁྱེར་སོ། དྲན་རྟོགས་ཐུགས་ཀྱི་ཁྱེར་སོ་སྟེ་འཁྱེར་སོ་གསུམ་དང་ལྡན་པར་གྱུར་བར་བསམ་ལ། ཡིག་དྲུག་ཅི་ནུས་བཟླས་ནས་ཡིག་བརྒྱ་བརྗོད་པ་སོགས་བྱའོ།། །།འདི་ལ་བརྟེན་ ནས་རིལ་སྒྲུབ་བྱེད་ན། དམ་རྫས་ལྡན་པའི་རིལ་བུ་མཚལ་གྱི་ན་བཟའ་ཅན་གཤེར་ཐག་ཆོད་པ་བུམ་པ་ཅི་ཙམ་འདོད་པའི་ནད་དུ་བླུགས། མགུལ་བཅིངས་དང་གཟུངས་ཐག་བཏགས་པ་སྟེགས་ཀྱི་ཁར་བཞག་ལ་མདུན་དུ་མཆོད་གཏོར་བཤམས་པ་སོགས་མཐོང་བ་བརྒྱུད་པའི་ཕྱག་ལེན་ཤེས་པར་བྱ། སྒྲུབ་ཚུལ་ལ་ ནི། རྒྱལ་དབང་ལྔ་པས་མདོ་སྔགས་ཀྱི་ཕྱོགས་གཉིས་གསུངས་ཀྱང༌། སྔགས་ཀྱི་སྐབས་དང་སྦྱར་བ་ནི་འཇུག་བ་བདེ་ཞིང༌། དེ་ལ་དགེ་སློང་འཇམ་དབྱངས་གྲགས་པས་ཁ་སྐོང་དང་བཅས་པའི་རིལ་སྒྲུབ་ཀྱི་ཆོ་ག་གནང་བ་འདི། དེང་སང་དར་སོ་ཆེ་བས་འདིར་དེ་དང་བསྟུན་ནས་ཁ་འགེངས་འོས་བས་ཁ་བཀང༌། གབ?་ @011B དཀུགས་བསལ་ཏེ། ཕྱག་ལེན་མཐོང་བརྒྱུད་ལྟར་བྲི་བར་བྱའོ། །དེ་ཡང་ཕྱོགས་བཅུ་དུས་གསུམ་ཞེས་པ་ནས་དགེ་འདུན་ལ་སྐྱབས་སུ་མཆིའོ། །ཡི་དམ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །དབལ་མགོན་⁽14c6⁾་མཆིའོ། །ཞེས་པ་དང༌། བླ་མ་ལ་སྐྱབས་སུ་མཆིའོ། །ཞེས་པ་ལན་གསུམ་སོགས་བརྗོད། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་བར་བྱ། དེའི་ཆེད་དུ་འཕགས་པ་ཐུགས་རྗེ་ཆེན་པོའི་བསྒོམ་བཟླས་ལ་འཇུག་བར་བགྱིའོ། །ཞེས་ལན་གསུམ། ཚོགས་ཞིང་དང་བདག་བསྐྱེད་ ཀྱི་མཆོད་པ་ཐུན་མོང་དུ་བྱིན་བརླབ་བྱ་བ་ནི། རང་ཉིད་སྐད་ཅིག་གིས་ཐུགས་རྗེ་ཆེན་པོར་གྱུར། ཨོཾ་བཛྲ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོང་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་མཆོད་རྫས་རྣམས་རང?་རང་གི་མིང་ཡིག་དང་པོ་ཐིག་ལེས་ བརྒྱན་པ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་སྦྲིན་ས་དང་བར་སྣང་གི་ཁྱོན་ཐམས་ཅད་གང་བར་གྱུར། ཨོཾ་ཨཱཿཧཱུཾ། yc+ལན་གསུམ-yc་རང་གི་ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་འཕགས་པ་ཐུགས་རྗེ་ཆེན་པོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ མདུན་གྱི་ནམ་མཁར། ཨོཾ་བཛྲས་མཱ་ཛཿ འདིར་ཁྲུས་གསོལ་བྱེད་ན། མ་ལུས་མ་སོགས་སྤྱན་འདྲེན་དང༌། ཁྲུས་གསོལ་ཀྱང་རྒྱས་བསྡུས་སྐབས་དང་བསྟུན། ཡང་ན། ཡན་ལག་བདུན་པ་ཙམ་དང༌། བསྡུ་ན། ཨོཾ་ཨཱརྱ་ལོ་ཀི་ཤྭ་ར་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་yc+སོགས་ཀྱིས་མཚད་ལ།-yc་དཀོན་མཆོག་གསུམ་ལ་ སོགས་ལན་གསུམ་དང༌། ཚད་མེད་བཞི་བསྒོམ། དེ་ནས་བདག་མདུན་གཉིས་ལས། དང་པོ་ནི། སྭ་བྷཱ་ཝས་སྦྱངས། །སྟོང་པའི་ངང་ལས་པཾ་ལས་པདྨ་འདབ་མ་བརྒྱད་ཀྱི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེར་དུ་རང་གི་རྣམ་ཤེས་ཀྱི་ངོ་བོ་ཧྲཱིཿདཀར་པོ་ནས། མཇུག་གི་མཆོད་བསྟོད་ཀྱི་བར་ @012A ༄༅། །བྱའོ།། །།གཉིས་པ་མདུན་བསྐྱེད་ནི། བུམ་པའམ་རིལ་སྒྲུབ་མཛད་པར་ཞུ་ཞེས་སྙན་གསན་ཕབ་ནས། བུམ་པ་ཨ་མྲྀ་ཏས་yc+བསངས-yc་སྭ་བྷཱ་ཝས་སྦྱངས། བུམ་པ་གཉིས་སོགས་ཡོད་ན་སྟོང་པའི་ངང་ལས་བྷྲུཾ་བྷྲུཾ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་ཕྱི་བུམ་པ་ལ་?་ གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་བ་ལ་སོགས་པ་མཚན་ཉིད་ཐམས་ཅད་དང་ལྡན་པའི་དབུས་སུ་རིལ་བུ་རྣམས་མི་དམིགས་པར་གྱུར། སྟོང་བའི་ངང་ལས་ཧྲཱིཿལས་པདྨ་ཧྲཱིཿས་མཚན་པ། དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་ སུ་གྱུར་པ་ལས། ཐུགས་རྗེ་ཆེན་པོ་སྦྱན་རས་གཟིགས་ནས། yc+རྒྱས་འདེབས་ཀྱི་བར་བྱ། མཆོད་པ་བྱིན་གྱིས་བརླབས་ལ། ཆུ་བོ་ག(NG+G'A) མ་དང༌། ཆོས་དབྱིངས་རྣམ་དག་མ་སོགས་ཀྱི་ཚིགས་བཅད་སྔགས་དང་བཅས་པས་ཕུལ་ཏེ། སྐྱོན་གྱིས་མ་གོས་སོགས་ཚིགས་བཅད་གཅིག་གམ། སྤྲོ་ན། རབ་དཀར་ཆུ་སྐྱེས་བཞད་ བའི་ལྟེ་བ་ཡ། །ཟླ་བ་ཞུན་མར་འཁྱིལ་བའི་གདན་སྟེང་དུ། །མཚན་དབེའི་ལང་ཚོ་རྒྱས་པའི་ཟློས་གར་ཅན། །འཇིག་མེད་རྡོ་རྗེའི་སྐུལ་ཕྱག་འཚལ་བསྟོད། །འགག་པ་མེད་པ་ཚངས་པའི་དབྱངས་གྱི་གདངས། །ཟབ་དོན་དམ་བའི་ཆོས་སུ་ཉེར་འཆར་བའི། །སྐལ་བཟང་ན་ བའི་བདུད་རྩི་བླ་ན་མེད། །ཡན་ལག་དྲུག་ཅུའི་གསུང་ལ་⁽14c6⁾། །སྐྱེ་འགག་གནས་བྲལ་གདོད་ནས་སྟོང་པའི་དབྱིངས། །འགྱུར་བ་མེད་པ་བདེ་ཆེན་ཆོས་སྐུའི་ཀློང༌། །མ་བསྒྲིབས་ཤེས་བྱ་ཐམས་ཅད་ཀུན་གཟིགས་པའི། །ཟག་མེད་ཡེ་ཤེས་ཐུགས་ལ་⁽14c6⁾། །མ་འདྲེས་ཀུན་ལ་མཛའ་ བའི་བཤེས་གྱུར་ཀྱང༌། །དུས་མཐར་བོད་ཀྱི་ལྷ་སྐལ་འཇིག་རྟེན་དབང༌། །ཐུགས་རྗེ་ཆེན་བོ་འཁོར་བཅས་ཁྱེད་རྣམས་ཀྱིས། །བདག་སོགས་ཕན་བདེའི་དཔལ་ལ་འགོད་བར་མཛོད། yc+།ཞེས་བསྟོད།-yc་རང་གི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ་སོང་ @012B བས་བུམ་པའི་ལྷ་རྣམས་ཀྱི་ཐུགས་རྒྱུད་བསྐུལ་དེ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། རྒྱལ་པ་སྲས་བཅས་ཀྱི་བྱིན་རླབས་ནུས་པ་ཐམས་ཅད་བསྡུས་ནས་ལྷ་སོ་སོ་ལ་ཐིམ་པར་yc+བསམ་ལ། ཡིག་དྲུག་བཟླ་དོ༌།ཐུན་མཐར་ཡིག་བརྒྱ་བཟླ། མཆོད་བསྟོད་བྱས་ལ།-yc་རྒྱལ་བའི་སྲས་པོ་འཕགས་མཆོག སྤྱན་རས་གཟིགས། །གདུང་ཤུགས་དྲག་པོས་ཐུགས་རྗེའི་རྒྱུད་བསྐུལ་ན། །དམ་རྫས་རིལ་བུ་འདི་ལ་བྱིན་རླབས་ལ། །འགྲོ་རྣམས་སྨིན་ཅིང་གྲོལ་བར་མཛད་དུ་གསོལ། yc+།ཞེས་ལན་གསུམ་དང༌།-yc་རྩེ་གཅིག་གསོལ་བ་བཏབ་པའི་བྱེད་པོ་ཡིས། །འཕགས་པའི་ཐུགས་གའི་ཧྲཱིཿལས་འོད་ འཕྲོས་ནས། །རྒྱལ་བ་སྲས་བཅས་ཉན་རང་ལ་སོགས་པ། །སྐྱབས་གནས་ཀུན་གྱི་བྱིན་རླབས་ནུས་མཐུའི་ཆོགས། །འོད་དང་འོད་ཟེར་བདུད་རྩིའི་ཆུ་རྒྱུན་དང༌། །འཕགས་པའི་སྐུའི་རྣམ་པར་ཐོགས་མེད་བསྡུས། །རིལ་བུ་ཐུགས་རྗེ་ཆེན་པོའི་རྣམ་པ་ལ། །ཆུལ་ཆུ་བཞག་བཞིན་ དུ་རོ་གཅིག་གྱུར། yc+།ཅེས་བརྗོད། གཏོད་མ་གསུམ་ལས། དང་པོ་ནི།-yc་ཨམྲྀ་yc+ཏས་བསངས་སྦྱངས-yc་སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ། yc+ལན་ གསུམ-yc་འཕགས་པའི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་གྱུར། ཨོཾ་ཨཱརྱ་ལོ་ཀེ་ཤྭ་ར་ས་པཱ་རི་ཝཱ་ར་ཨི་དཾ་སོགས་གྱིས་ལན་གསུམ་དུ་ཕུལ་ནས་མཆོད་བསྟོད་བྱ། གཉིས་པ་དང་གསུམ་པ་ཆོས་སྐྱོང་དང་གཞི་བདག་གི་གཏོར?་མ་བྱིན་གྱིས་བརླབས་ལ་སྤྱི་ལྟར་ཕུལ་ནས། ཡིག་བརྒྱ་ལན་ གསུམ་བརྗོད་དེ། མ་རྙེད་yc+སོགས་ཀྱིས་བཟོད་གསོལ་དང༌།-yc་འདིར་ནི་གཟུགས་དང་ཞེས་སོགས་ཀྱིས་བརྟན་བཞུགས་དང་ཤིས་བརྗོད་བྱ། གྲོལ་བའི་ཉིན་བར་རྒྱལ་བའི་སྲས་པོ་ཞེས་སོགས་གྱི། གསོལ་བདེབས་ནི། བཟོད་གསོལ་གྱི་མཇུག་ཏུ་བླངས་ལ། རྐང་པ་ཐ་མ་གཉིས། རིལ་བུ་ཐུགས་རྗེ་ཆེན་པོར་གསལ་བ་རྣ(Ms) @013A ༄༅། །འོད་ཞུ་གཉིས་སུ་མེད་པར་བྱིན་གྱིས་རློབས། །ཞེས་གསོལ་བ་བཏབ་པས་རིལ་བུ་ལྷའི་རྣམ་པར་བཞུགས་པ་རྣམས་འོད་དུ་ཞུ་ནས་རིལ་བུའི་རྣམ་བར་གྱུར། ཨོཾ་སུ་བྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་བརྗོད་ཅིང་མེ་ཏོག་གཏོར་ཏེ། བསྔོ་སྨོན་སོགས་བྱ། ཉེད་ བསྡུམ་བྱས་ཀྱང་མི་འགལ་ལོ། ཁྱེད་ན་བདག་བསྐྱེད་ཀྱི་མཇུག་ཏུའང་རུང་ལ། འདིར་བྱེད་ན། སུ་བྲ་ཏིཥྛའི་མཇུག་ཏུ་རང་ལྷར་གསལ་བ་འོད་དུ་ཞུ་ནས་ཐུགས་ཀའི་སྔགས་འཕྲེང་ལ་ཐིམ། དེ་ཉིད་ཀྱང་ཧྲཱིཿལ་ཐིམ། དེར་བཏགས་ལ་ཐིམ། ར་བཏགས་ཁོག་པ་ལ་ཐིམ། ཁོག་པ་མགོ་ བོ་ལ་ཐིམ། མགོ་བོ་གི་གུ་ལ་ཐིམ། གི་གུ་ནམ་མཁའ་ལ་འཇའ་ཡལ་བ་ལྟར་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རང་ཉིད་སྐད་ཅིག་གིས་ཐུགས་རྗེ་ཆེན་བོར་གྱུར། ཅེས་བརྗོད་དེ་བསྔོ་སྨོན་ཤིས་བརྗོད་བྱའོ། །དེ་ལྟར་སྒྲུབ་པའི་རིལ་བུ་ནི་མོས་པ་དྲག་པོས་ལོངས་སྤྱད་ན་རྒྱུད་ལ་ལྷའི་བྱིན་ རླབས་ཞུགས་ཏེ་ལས་སྒྲིབས་འདགས་ཤིང་རྟེན་བཟང་པོ་འགྲུབ་པ་དང་འཚང་རྒྱ་བར་འགྱུར་བའི་ནུས་པ་འཇོག་པ་སོགས་ཀྱི་རྟེན་འདྲེལ་ཁྱད་པར་ཅན་ཡོད་དོ།། །།འདིར་བཅུ་གཅིག་ཞལ་གྱི་མངོན་རྟོགས་དང་སྦྱར་བའི་སྨྱུར་གནས་ཀྱི་ཆོ་ག་མདོར་བསྡུས་པཎ་ཆེན་དང་རྒྱལ་དབང་གི་གསུང་ལས་བྱུང་བ་ལ་ཅུང་ཟད་ཁ་ བཀང་སྟེ་འཇུག་པ་བདེ་བར་བྲེ་བར་བྱའོ། །དེ་ཡང༌། དཀྱིལ་འཁོར་འདབ་མ་བརྒྱད་པའི་ལྟེ་བ་དང་ཕྱོགས་བཞིར་སྐུའམ་ཚོམ་བུ་དགོད། བུམ་རྫས་དང་ལྡན་པའི་བུམ་པ་མགུལ་འཆིང་ཅན་འོ་མ་ཅན་གྱི་ཤིང་གིས་བརྒྱན་པ་དང༌། མཎྜལ། མཆོད་པ། གཏོར་མ་གསུམ་སོགས་སྟ་གོན་བྱ། ཉམས་ལེན་ལ་སྦྱོར་དངོས་མཇུག་གསུམ་ལས། དང་པོ་ ནི། ཐོག་མར་ལངས་ནས་པདྨའི་རགས་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅས་ཏེ། ཨོཾ་པདྨ་ཨུད་བྷ་ཝ་ཡེ་སྭཱ་ཧཱ། ཞེས་བརྗོད་དེ་ཁྲུས་བྱ། གསོ་སྦྱོང་ནི་བླ་མ་འམ། རྟེན་གྱི་དྲུང་དུ་ལེན་ན་སངས་རྒྱས་བྱང་སེམས་སོགས་ཀྱི་འདུ་ཤེས་བཞག་ལ་ཕྱག་བཙལ་ནས་མཎྜལ་རྒྱས་བསྡུས་ཅི་རིགས་ཕུལ་ཏེ། ཇི་ལྟར་སྔོན་གྱི་དེ་བཞིན་གཤེ(Gs) @013B གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྟ་ཅང་ཤེས་ལྟ་བུ། གླང་བོ་ཆེན་པོ། །བྱ་བ་བྱས་ཤིང་བྱེད་པ་བྱས་པ། ཁུར་བོ་བ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་དུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་བཀའ། ལེགས་པར་རྣམ་པར་གྲོལ་བའི་ཐུགས་ ལེགས་པར་རྣམ་པར་གྲོལ་བའི་ཤེས་རབ་ཅན་དེ་དག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དང༌། ཕན་བར་བྱ་བའི་ཕྱིར་དང༌། གྲོལ་བ་བྱ་བའི་ཕྱིར་དང༌། མུ་གེ་མེད་པར་བྱ་བའི་ཕྱིར་དང༌། ནད་མེད་པར་བྱ་བའི་ཕྱིར་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱ་ བའི་ཕྱིར་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ངེས་པར་རྟོགས་པར་བྱ་བའི་ཕྱིར་གསོ་སྦྱོང་ཡང་དག་པར་མཛད་པ་དེ་བཞིན་དུ་དག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ་སང་ཉི་མ་མ་ཤར་གྱི་བར་དུ་གསོ་སྦྱོང་ཡང་དག་པར་བླང་བར་བགྱིའོ། yc+།ཞེས་ལན་གསུམ།-yc་ དེང་ནས་སྲོག་གཅོད་མི་བྱ་ཞིང༌། །གཞན་གྱི་ནོར་ནི་བླང་མི་བྱ། །ལ་དྲིག་བའི་ཆོས་ཀྱང་མི་སྤྱད་ཅིང༌། །རྫུན་གྱི་ཚིག་ཀྱང་མི་སྨྲའོ?། །སྐྱོན་མང་པོ་ཉེར་བརྟེན་པའི། །ཆང་ནི་ཡོངས་སུ་སྤང་བར་བྱ། །ཁྲི་སྟན་ཆེ་མཐོ་མི་བྱ་ཞིང༌། །དེ་བཞིན་དུས་མ་ཡིན་པའི་ཟས། །དྲི་དང་ཕྲེང་བ་དང་ ནི་རྒྱན། །གང་དང་བླུ་སོགས་སྤང་བར་བྱ། །ཇི་ལྟར་དགྲ་བཅོམ་རྟག་ཏུ་ནི། །སྲོག་གཅོད་ལ་སོགས་མི་བྱེད་ལྟར། །དེ་བཞིན་སྲོག་གཅོད་ལ་སོགས་སྤང༌། །བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །སྡུག་བསྔལ་མང་འཁྲུགས་འཇིག་རྟེན་འདི། །སྲིད་པའི་མཚོ་ལས་འདོན་པར་ཤོག །ཞེས་ ལན་གཅིག་བརྗོད་ལ། ཨོཾ་ཨ་མོ་གྷ་ཤཱི་ལ་སམྦྷ་ར་སམྦྷ་ར། བྷ་ར་བྷ་ར། མ་ཧཱ་ཤུདྡྷ་སཏྭ། པདྨ་བི་བྷུ་ཥི་ཏ་བྱུ་ཛ། དྷ་ར་དྷ་ར། ས་མནྟ་ཨབ་ལོ་གེ་ཏེ་ཧཱུཾ་ཕཊ། yc+ཅེས་ཚུལ་ཁྲིམས་རྣམ་དག་གི་གཟུངས་ཉེར་གཅིག་བཟླའོ། །དེ་ནས། སྐྱབས་འགྲོ་སོགས་བྱས་ལ། རང་ཉིད་སྐད་གཅིག་གིས་ཐུགས་རྗེ་ @014A ༄༅། །ཆེན་པོར་གྱུར། །མཆོད་པ་ཨ་མྲྀ་ཏཥ་བསངས་སྭ་བྷཱ་ཝས་སྦྱངས་སྟོང་པའི་ངང་ལས་བྷུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་ལས་མཆོད་པ་རྣམས་ལྷ་མིའི་མཆོད་རྫས་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུཾ། སན་གསུམ། ཡང་ན་སོ་སོར་ བྱིན་གྱིས་བརླབས། ཚོགས་ཞིང་ནི། རང་གི་ཐུགས་ཀའི་ཧྲཱིཿ ལས་འོད་ཟེར་འཕྲོས། ཐུགས་རྗེ་ཆེན་པོ་ལ་སོགས་པ་བླ་མ་རྒྱལ་བ་སྲས་དང་བཅས་པ་སྤྱན་དྲངས། བསྡུན། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ཨརྒྷཾ་སོགས་ཀྱིས་མཆོད་དེ། ཕྱག་སྟོང་སོགས་ཀྱིས་བསྟོད། ཅུང་ཟད་སྦྲོན་མཆོད་པ་བཞག་པས་བསྟོད་པ་དེ་ཉིད་ཀྱི་མཐར། ཌཱ་ཀིའི་གཙོ་མོ་དཔལ་ལྡན་དཔལ་མོའི་ཞབས། yc+།ཞེས་སོགས་ཅི་རིགས་ཀྱིས་ཕྱག་བཙལ་ཏེ།-yc་ཇི་སྙེད་སུ་དག yc+སོགས་ཡན་ལག་བདུན་པའང་བྱ། yc+བཤགས་པའི་ཚེས?་ལྟུང?་བཤགས་སོགས་བྱེད་ན་སྐབས་དང་སྦྱར། གཉིས་པ་དངོས་གཞིས་བདག་མདུན་གཉིས་ལས། དང་པོ་ནི། མཆོད་པ་སྔར་བ་བརླབས་ན་འདིར་བྱ། བསྐྱེད་པའི་ཚུལ་ནི། ལྷ་དྲུག་བསྐྱེད་དང་ གསུམ་བསྐྱེད་སོགས?་བཤད་ཀྱང༌། འདིར་འཇུག་པ་བདེ་ཆེད་འདི་བཞིན་?་བྱ་སྟེ། ཨོཾ་སྭ་བྷྭཱ་ཝས་སྦྱངས། སྟོང་པའི་ངང་ལས་བཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿཡིག་དཀར་པོ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། འདུས་ཡོངས་སུ་ གྱུར་བ་ལས་རང་ཉིད་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ། རྩ་ཞལ་དཀར། གཡས་ལྗང་གཡོན་དམར། དེའི་སྟེང་མ་དབུས་ལྗང༌། གཡས་དམར་གཡོན་དཀར། དེའི་སྟེང་མ་དཔུས་དམར། གཡས་དཀར་གཡོན་ལྗང༌། དེའི་སྟེང་དུ་ཁྲོ་ཞལ་ནག་པོ། དེའི་སྟེང་དུ་ཞི་ཞལ་དམར་པོ་ གཙུག་ཏོར་ཅན། ཕྱག་དང་པོ་གཉིས་ཐལ་མོ་སྦྱར་བ། གཡས་ཀྱི་གཉིས་པན་བགྲང་ཕྲེང༌། གསུམ་པ་མཆོག་སྦྱིན་གྱི་ཕྱག་རྒྱ།། བཞི་པ་ན་འཁོར་ལོ། གཡོན་གྱི་གཉིས་པ་ན་པདྨ། གསུམ་བ་ན་སྤྱི་བླུགས། བཞི་པ་ན་མདའ་གཞུ། ཕྱག་ལྷག་མ་དགུ་བརྒྱ་དགུ་བཅུ་རྩ་ @014B གཉིས་པོ་ཐམས་ཅད་ཀྱང་མཆོག་སྦྱིན་མཛད་པའི་མཐིལ་ན་སྦྱན་རེ་རེ། དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་སྦྲས་ཤིང༌། འོད་ཀྱི་ཕུང་པོའི་དབུས་ན་ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པའི་སྤྱི་བོར་ཨོཾ་དཀར་པོ། yc+ནས-yc་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་ འཕྲོས། ཐུགས་རྗེ་ཆེན་པོ་ལ་སངས་རྒྱས་ནས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་yc+ནས-yc་ཡོངས་སུ་གྱུར་པ་ལས་རེགས་ལྔས་དབུ་བརྒྱན་པར་གྱུར། ཨོཾ་ཨཱརྱ་ལོ་ཀེ་ཤྭར་ཨརྒྷཾ་yc+སོགས་ཀྱིས་མཆོད་ལ་བསྟོད།-yc་དེ་ནས་རང་གི་ཐུགས་ཀར་ཟླ་གདན་ལ་ཡེ་ཤེས་ སེམས་དཔའ་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་ཧྲཱིཿདཀར་པོ། དེའི་མཐར་སྔ(Gs) ཕྲེང་གིས་བསྐོར་བ་ལས་འོད་འཕྲོས། རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་ཐམས་ཅད་བཀུག་ནས་རང་ཉིད་ལ་ཐིམ་པར་yc+བསམས་ཏེ།-yc་ན་མོ་རཏྣ་ཏྲ་ ཡཱ་ཡ། ནམ་ཨཱརྱ་ཛྙན་སཱ་ག་ར་བཻ་རོ་ཙ་ན་བྱཱུ་ཧ་རཱ་ཛཱ་ཡ། ཏཐཱ་ག་ཏཱ་ཡ། ན་མཿསརྦྦ་ཏ་ཐཱ་ག་ཏེ་བྷྱཿ ཨརྷད་བྷྱཿ ས(MMYA)ཀྶཾ་བུདྡྷེ་བྷྱཿ ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཨིཊྚེ་ཝཊྚེ། ཙ་ལེ་ཙ་ལེ། པྲ་ཙ་ལིཾ་པྲ་ཙ་ལེ། ཀུ་སུ་མེ་ཀུ་སུ་མ་ཝ་རེ། ཨི་ལི་མི་ལི། ཙི་ཏི་ཛྭ་ལ་མ་པཱ་ན་ཡེ་སྭཱ་ཧཱ། ཞེས་པ་ལན་གཅིག་དང༌། ཏཏྱ་ཐཱ་མན་བརྒྱ་དང་བདུན་ཏེ་བརྒྱ་རྩ་བརྒྱད་བཟླས་ལ། ཡིག་དྲུག་ལ་གཙོ་བོར་འབད། ཡིག་བརྒྱ་བཟླས་ནས་མཆོད་བསྟོད་བསྡུས་པ་བྱ། གཉིས་པ་མདུན་བསྐྱེད་ནི། སྒྲུབ་གཞི་ལ་དམིགས་ཏེ།-yc་ཨ་མྲྀ་ཏས་ yc+བསངས།-yc་རང་གི་ཐུགས་ཀའི་ཧྲཱིཿལས་བྷྲུཾ་དཀར་པོ་ཞིག་མདུན་དུ་ཆད། སྭ་བྷཱ་ཝས་སྦྱངས། བྷྲུཾ་དེ་ཉེད་ཡོངས་སུ་གྱུར་པ་ལས་རིན་པོ་ཆེའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ་ལ་སོགས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་རིན་པོ་ཆེའི་ཁྲིའི་སྟེང་དུ་པད་ཟླའི་གདན་ལ་ཧྲཱིཿཡིག??་ @015A ༄༅། །དཀར་པོ། །དེ་ལས་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་འདུས་ཡོངས་སུ་གྱུར་པ་ལས་དབུས་སུ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ། ཞེས་པ་ནས། སྟབས་ཀྱིས་བཞེངས་པ། དེའི་ཤར་དུ་ཧཱུཾ་ལས་མི་བསྐྱོད་པ་སྔོན་པོ། །ལྷོར་ཏྲཱཾ་ ལས་རིན་འབྱུང་སེར་པོ། །ནུབ་ཏུ་ཨོཾ་ལས་རྣམ་སྣང་དཀར་པོ། །བྱང་དུ་ཨཱཿལས་དོན་གྲུབ་ལྗང་ཁུ་རྣམས་རང་རང་གི་ཕྱག་རྒྱ་ཅན། དར་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། དེ་རྣམས་ཀྱི་སྤྱི་བོར་ཨོཾ་དཀར་པོ་ནས་རྒྱས་འདེབས་ཀྱི་བར་བྱ། མཆོད་པ་བརླབས་ལ། ཨོཾ་ཨཱརྱ་ལོ་ཀེ་ཤྭ་ར?་ ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། སྤྲོན་ཆིགས་བཅད་སྔགས་དང་བཅས་པས་འབུལ། སྐྱོན་གྱི་མ་གོས་སོགས་དང༌། ཆོས་སྐུ་ནམ་མཁའ་བཞིན་དུ་ཞེས་སོགས་ཀྱིས་བསྟོད། བདག་མདུན་གཉིས་ཀའི་ཕྱག་མཛུབ་ལས་བདུད་རྩི་བབ་པས་བུམ་པ་གང་བར་གྱུར། ཅེས་བརྗོད་ལ། མདུན་བསྐྱེད་དང་བུམ་པ་གཉིས་ཐུན་མོང་དུ་གཟུངས་རིང་ཐུང་ཅི་རིགས་བཟླ། དེ་ནས་བོ?་བསྟོད་ནི། ཨོཾ་འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ། །འཇིག་རྟེན་བླ་མ་སྲིད་པ་གསུམ་གྱིས་བསྟོད་པ་པོ། །ལྷ་ཡི་གཙོ་བོ་བདུད་དང་ཚངས་པས་བསྟོད་པ་པོ། །ཐུབ་པའི་རྒྱལ་མཆོག་བསྟོང་བས་གྲུབ་པར་ མཛད་པ་པོ། །འཇིག་རྟེན་གསུམ་གྱི་མགོན་པོ་མཆོག་ལ་ཕྱག་འཚལ་ལོ། །བདེ་གཤེགས་དཔག་མེད་སྐུ་སྟེ་སྐུ་བཟང་འཛིན་པ་པོ། །བདེ་གཤེགས་སྣང་བ་མཐའ་ཡས་དབུ་རྒྱན་འཛིན་པ་པོ། །ཕྱག་གཡས་མཆོག་སྦྱིན་ཡི་དྭགས་བཀྲེས་སྐོམ་སེལ་བ་པོ། །ཕྱག་གཡོན་ གསེར་གྱི་པདྨས་རྣམ་པར་བརྒྱན་པ་པོ། །དྲི་ཞིམ་རལ་བའི་ཕྲེང་བ་དམར་སེར་འཁྱུག་པ་པོ། །ཞལ་རས་རྒྱས་པ་ཟླ་བ་ལྟ་བུར་མཛེས་པ་པོ། །སྦྱན་ནི་པདྨ་མཆོག་ཏུ་བཟང་ཞིང་ཡངས་པ་པོ། །ཁ་བ་དུང་ལྟར་རྣམ་དག་དྲི་དང་ལྡན་པའོ། །དྲི་མེད་འོད་ཆགས་མུ་ཏིག་ཚོམ་བུ་ @015B འཛིན་པ་པོ། །མཛེས་པའི་འོད་ཟེར་སྐྱ་རེངས་དམར་པོས་བརྒྱན་པ་པོ། །པདྨའི་མཚོ་ལྟར་ཕྱག་ནི་དངར་བར་བྱས་པ་པོ། །སྟོན་ཀའི་སྤྲིན་གྱི་མདོག་དང་ལྡན་ཞིང་གཞོན་པ་པོ། །རིན་ཆེན་མང་པོས་དཔུང་པ་གཉིས་ནི་བརྒྱན་པ་པོ། །ལོ་མའི་མཆོག་ལྟར་ཕྱག་མཐིལ་གཞོན་ཞིང་འཇམ་པ་པོ། ། རི་དྭགས་པགས་པས་ནུ་མ་གཡོན་པ་བཀབ་པ་པོ། །སྙན་ཆ་གདུ་བུས་སྒེག་ཅིང་རྒྱན་རྣམས་འཆང་བ་པོ། །དྲི་མ་མེད་པ་པདྨའི་མཆོག་ལ་གནས་པ་པོ། །ལྟེ་བའི་ངོས་ནི་པདྨའི་འདབ་ལྟར་འཇམ་པ་བོ། །གསེར་གྱི་སྐེ་རགས་མཆོག་ལ་ནོར་བུས་སྦྲས་པ་པོ། །སྟ་ཟུར་དཀྲིས་པའི་རས་བཟང་ ཤམ་ཐབས་འཛིན་པ་པོ། །ཐུབ་པའི་མཁྱེན་མཆོག་མཚོ་ཆེན་ཕ་རོལ་ཕྱིན་པ་པོ། །མཆོག་བརྙེས་བསོད་ནམས་མང་པོ་ཉེ་པར་བསགས་པ་པོ། །རྟག་ཏུ་བདེ་བའི་འབྱུང་གནས་རྒ་ནད་སེལ་བ་པོ། །གསུམ་མཐར་མཛད་ཅིང་མཁའ་སྤྱོད་སྤྱོད་པ་སྟོན་པ་པོ། །ལུས་ཅན་མཆོག་སྟེ་བདུད་ དཔུང་འཁྲུག་ལས་རྒྱལ་བ་པོ། །གསེར་གྱི་རྐང་གདུབ་སྒྲ་ཡིས་ཞབས་ཡིད་འོང་བ་བོ། །ཚངས་པའི་གནས་པ་བཞི་ཡིས་དབེན་པར་མཛད་པ་པོ། །དད་པའི་འགྲོས་འདྲ་གླང་ཆེན་དྲེགས་ལྟར་གཤེགས་པ་པོ། །ཡོངས་རྫོགས་ཉེ་བར་བསགས་ཤིང་བསྟན་པ་གཉེར་བ་པོ། །འོ་མའི་མཚོ་ དང་ཆུ་ཡི་མཚོ་ལས་སྒོལ་བ་པོ། །གང་ཞིག་རྟག་ཏུ་མཐོ་རངས་ལངས་ནས་གུས་པ་ཡིས། །སྤྱན་རས་གཟིགས་ཀྱི་དབང་པོ་ཡིད་ལ་སེམས་བྱེད་ཅིང༌། །བསྟོད་པ་མཆོག་འདིས་དག་ཅིང་གསལ་བར་བསྟོད་བྱེད་ན། །དེ་ནི་སྐྱེས་བའམ་ནི་བུད་མེད་ཡིན་ཡང་རུང༌། །སྐྱེ་བ་འདིའམ་མ་ འོངས་སྐྱེ་བ་ཐམས་ཅད་དུ། །འཇིག་རྟེན་འཇིག་རྟེན་ལས་འདས་དགོས་པ་ཀུན་འགྲུབ་འགྱུར། yc+།ཞེས་བོ?་བསྟོད་ཉེན་གཅིག་བཟླ་ཞིང༌། དེའི་ཚེ་ལངས་ཏེ་ཕྱག་འཚལ་བའམ། མ་ནུས་ན་མ་བྱས་ཀྱང་རུང་ལ། པོ་བསྟོད་ཉེར་གཅིག་བརྗོད་པ་མ་ལྕོགས་ན་དཔལ་ལྡན་ཡེ་ཤེས་ཀྱིས་ཚར་བདུན་བྱ་བར་བཤད་པ་བཞིན་བྱའོ། ། @016A ༄༅། །yc+བསྟོད་བ་འདི་ནི་ཤིན་ཏུ་གལ་ཆེ་མོད། འོན་ཀྱང་རྣམ་པ་ཐམས་ཅད་དུ་མེད་མི་རུང་བའི་ཡན་ལག་ནི་མ་ཡིན་ཏེ། རྒྱལ་བའི་དབང་པོ་བློ་བཟང་རྒྱ་མཚོས་མཛད་བའི། སྨྱུར་གནས་རྩི་ཆོག་མདོར་བསྡུས་བ་ལས་འདིས་བསྟོད་བར་མ་བཤད་བས་སོ། །གསུམ་བ་མཇུག-yc་ཆོག་བ༌། འཕགས་མཆོག་ཐུགས་རྗེའི་གཏེར་ཆེན་པོ། །ཚེ་རབས་ཀུན་ཏུ་བཤེས་མཛོད་ལ། །སྒྲིབ་སྦྱོར་ལམ་སྟོན་དག་ཞིང་དུ། །སྐྱེས་ནས་སངས་རྒྱས་ཐོབ་བྱིན་རློབས། yc+།ཞེས་ལན་གསུམ་གྱིས་གསོལ་གདབ་བྱ། གཏོར་མ་གསུམ་ནི།-yc་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་དང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་ལས་གཏོར་མ་ཟག་བ་མེད་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ། yc+ལན་གསུམ།-yc་དང་པོ་ནི། འཕགས་བ་འཁོར་བཅས་ཀྱི་ལྗགས་བོད་ཟེར་གྱི་སྦུ་གུས་གཏོར་མའི་ བཅུད་དྲངས་ཏེ་གསོལ་བར་yc+བསམས་ལ།-yc་ཨ་ཀྭ་རོ་yc+ལན་གསུམ་གྱིས་འཕགས་པ་འཁོར་བཅས་ལ་ཐུལ་ནས་མཆོད་བསྟོད་མདོར་བསྡུས་བྱ། གཉིས་པ་དེས་ཆོས་སྐྱོང་ལ་ཕུལ་ནས།-yc་བཛྲ་ཨརྒྷཾ་yc+སོགས་ཀྱིས་མཆོད་ལ། མཆོད་སྦྱིན་གྱི་གཏོར་མ་འདི་ནི་ཆོས་སྐྱོང་སྲུང་མ་རྣམས་ལ་འབུལ་ལོ། ། སངས་རྒྱས་ཀྱི་བསྟན་པ་སྲུང་བ་དང་བདག་གི་བར་ཅད་ཞི་ཞིང་མཐུན་རྐྱེན་འགྲུབ་པར་མཛད་དུ་གསོལ། yc+ཞེས་དང༌། གསུམ་བ་དེས་གཞི་བདག་ལ་ཕུལ་ནས། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད་དམ་མིན་ཀྱང༌།-yc་མཆོད་སྦྱིན་གྱི་གཏོར་མ་འདི་ནི། གཞི་བདག་རྣམས་ལ་ སྦྱིན་ནོ། །བདག་ཅག་གི་བྱ་བ་ཅི་བྱས་ཀྱང་ཀོ་ལོང་མི་མཛད་པར་མཐུན་རྐྱེན་ཐམས་ཅད་འགྲུབ་བར་མཛད་དུ་གསོལ། yc+ཞེས་བརྗོད། དེ་ནས་ཞུས་ནི། མེ་ལོང་ངོས་སུ་བུམ་པའི་ཆུས།-yc་མགོན་པོ་སྤྱན་རས་གཟིགས་དབང་ལ། །དྲི་ཞིམ་བདུད་རྩིའི་ཁྲུས་གསོལ་བས། ། @016B བདག་དང་འགྲོ་བའི་ཉེས་བ་ཀུན། །བྱང་སྟེ་སྐུ་གསུམ་ཐོབ་བར་ཤོག །yc+ཅེས་ཁྲུས་གསོལ། ཡིག་བརྒྱ་བཟླས་ཏེ།-yc་བཅོམ་ལྡན་འདས་ཁྱེད་ལ་བདག་གིས་ཉེས་བའི་ཚོགས་ཅི་བགྱིས་པ་ཐམས་ཅད་བརྗོད་བར་གསོལ་གྱིས། བདག་ལ་སྒྲིབ་པ་མི་འགྱུར་བར་མཛད་དུ་གསོལ༌། ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་བརྗོད་བས་འཕགས་པ་ནམ་མཁར་བྱོན་ནས་བདག་ལ་ཁྲུས་གསོལ་བས་སྒྲིབ་པ་ཐམས་ཅད་དག་པར་གྱུར་བར་བསམས་ལ། བུམ་ཆུ་བཅུང༌། དེ་ལྟར་སྦྱོར་དངོས་གཉིས་ལ་ཆོ་ག་ཚར་གསུམ་གསུམ་དགོས་པའི་ཆོ་ག་དང་པོ་གཉིས་ལ་ཁྲུས་བྱ་སྟེ་གསོ་སྦྱོང་ནས་བཟུང་ཚར་རེ་ དང༌། ཕྱི་མ་གཉིས་ལ་གསོ་སྦྱོང་མ་གཏོགས་མཇུག་གི་ཁྲུས་ཀྱི་བར་ཚར་གཉིས་ར་བྱའོ། །ཕྱག་ལེན་རྒྱས་བ་གཞན་དུ་ཤེས་དགོས་ཤིང༌། རྗེས་ཆོག་ལ་གསོ་སྤྱོད་མ་གཏོགས་ཆར་གཅིག་བྱས་ལ། རྟེན་ཡོད་ན། བདག་དང་འགྲོ་ལ་སོགས་ཀྱིས་བརྟན་བཞུགས་དང༌། མེད་ན། བཛྲ་མུཿཡེ་ ཤེས་པ་དང་མགྲོན་གཞན་རྣམས་གཤེགས་ཤིང༌། དམ་ཚིག་པ་རང་ཉིད་ལ་ཐིམ་པར་གྱུར་པར་བསམས་ལ་ཤིས་པ་བརྗོད་བར་བྱའོ། །དེ་དག་ནི་མཁས་བའི་མན་ངག་ལ་བརྟེན་ནས་མདོར་བསྡུས་ཏེ་བཀོད་བའོ།། །།ཕྱག་རྡོར་ནི། སྐྱབས་འགྲོ་སོགས་སྔོན་དུ་བཏང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་སྣ་ཚོགས་པདྨ་དང་ཉི་མའི་གདན་གྱི་སྟེང་དུ་རང་གི་སེམས་ཉིད་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས་འོད་ཟེར་འཕྲོས། གདུག་པ་ཅན་ཐམས་ཅད་ཚར་བཅད། ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་དཔལ་ཕྱག་ན་རྡོ་ རྗེ་སྐུ་མདོག་སྔོ་ནག །ཞལ་གཅིག་ཕྱག་གཉིས་གྱི་གཡས་རྡོ་རྗེ་འཕྱར་སྟབས་སུ་འཛིན་ཅིང༌། གཡོན་ཐུགས་ཀར་སྡིགས་མཛུབ་མཛད་པ། རིན་པོ་ཆེ་དང་སྦྲུལ་གྱིས་བརྒྱན་ཅིང་སྟག་གི་པགས་པའི་ཤམ་ཐབས་ཅན། ཞབས་གཡས་བསྐུམས་ཤིང་གཡོན་ @017A ༄༅། །བརྐྱངས་བའི་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་དབུང་འབར་བའི་དབུས་ན་བཞུགས་པ། རང་གི་སྦྱི་བོར་ཨོཾ་ནས། ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། ལྕང་ལོ་ཅན་ནས་གསང་བའི་བདག་པོའི་ཡེ་ཤེས་པ་ལ་སངས་རྒྱས་ དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་དང་དབང་གི་ལྷ་རྣམས་སྦྱན་དྲངས། ཡེ་ཤེས་པ་ཛཿཧཱུཾ་བཾ་ཧོཿ དབང་གི་ལྷ་རྣམས་ཀྱིས་ཨོཾ་སརྦ་ནས། ཡོངས་སུ་གྱུར་པ་ལས་མི་བསྐྱོད་པས་དབུ་བརྒྱན་བར་གྱུར། ཨོཾ་བཛྲ་པཱ་ཎི་ས་པ་རི་ ཝ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ལྕང་ལོ་ཅན་གྱི་གནས་མཆོག་དམ་བ་ན། ཞེས་སོགས་ཀྱིས་བསྟོད། རང་གི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱེ་སྟེང་དུ་ཧཱུཾ་ཡིག་གི་མཐར་སྔགས་འཕྲེང་གིས་བསྐོར་བ་ལས་འོད་འཕྲོས། རྒྱལ་བ་ སྲས་བཅས་ཀྱི་མཐུ་སྟོབས་བྱིན་རླབས་ཐམས་ཅད་བསྡུས་ནས་རང་ཉིད་ལ་ཐིམ་བར་yc+བསམ་ལ-yc། ཨོཾ་བཛྲ་པཱ་ཎི་ཧཱུཾ་རཾ་ཕཊ། yc+སྐྱར་པ་ཅི་ནུས་པ་ཟླ། མཇུག་ཏུ་ཡིག་བརྒྱ་དང༌། བསྔོ་སྨོན་བྱའོ།། །།ཕྱག་རྡོར་གསུམ་པོ་ནི། སྐྱབས་འགྲོ་ སོགས་སྔོན་དུ་བཏང༌།-yc་སྭ་བྷཱ་ཝས་སྦྱངས། སྟོང་བའི་ངང་ལས་པད་ཉིའི་གདན་ལ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་དེ་ལས་འོད་འཕྲོས། འདུས་ཡོངས་སུ་གྱུར་པ་ལས་རྡོ་རྗེ་གཏུམ་པོ་སྐུ་མདོག་མཐིང་ནག །ཞལ་གདངས་ནས་མཆེ་བ་གཅིགས་ བ། སྤྱན་གསུམ་དང་ལྡན་ཞིང༌། ཁྲོ་གཉེར་བསྡུས་བ། ཞལ་གཅིག་ཕྱག་གཉིས་གཡས་གསེར་གྱི་རྡོ་རྗེ་ཕྲག་གོང་དུ་འཕྱར་ཞིང༌། གཡོན་དྲིལ་བུ་དཀུར་བརྟེན་པ། དབུ་སྐྲ་དང་སྨ་ར་དམར་སེར་འབར་ཞིང་དབུ་རྒྱན་ལ་སོགས་པ་རིན་པོ་ @017B ཚ་དང་སྦུལ་གྱིས་བརྒྱན་བ། དེའི་སྤྱི་བོར་ཁྱུད་དཀར་པོ། །མགྲིན་པར་ཁྱུང་དམར་པོ། །ཐུགས་ཀར་ཁྱུང་སྔོན་པོ། །ལྟེ་བར་ཁྱུང་སེར་པོ། །གསང་གནས་སུ་ཁྱུང་ལྗང་ཁུ། ཞབས་གཡས་བསྐུམས་ཤིང་གཡོན་བརྐྱངས་པའི་སྟབས་ཀྱིས་ཡེ་ཤེས་ ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པའི་སྦྱི་བོར་ཨོཾ་དཀར་པོ། །མགྲིན་པར་ཨཱཿདམར་པོ། །ཐུགས་ཀར་ཧཱུཾ་སྔོན་པོ། །ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་ལྕང་ལོ་ཅན་ནས་བསྒོམས་བ་དང་འདྲ་བའི་ཡེ་ཤེས་བ་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ནས། མི་བསྐྱོད་བས་དབུ་བརྒྱན་པར་གྱུར། ཨོཾ་བཛྲ་པཱ་ཎི་ས་བ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད་ལ། ལྕང་ལོ་ཅན་གྱི་གནས་མཆོག་དམ་བ་ན། །གསང་སྔགས་རིག་སྔགས་ཀུན་གྱི་བདག་པོ་སྟེ། །ལོག་འདྲེན་ བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་བའི། །བཅོམ་ལྡན་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། yc+།ཞེས་པས་བསྟོད།-yc་རང་གི་ཐུགས་ཀར་ཉི་གདན་གྱི་སྟེང་དུ་ཧཱུཾ་ཡིག་གི་མཐར་སྔགས་འཕྲེང་གིས་བསྐོར་བ་ལས་འོད་འཕྲོས། གདུག་བ་ཅན་ཐམས་ ཅད་ཚར་བཅད། རྒྱལ་བ་སྲས་བཅས་ཀྱི་མཐུ་སྟོབས་ནུས་པ་ཐམས་ཅད་དྲངས་ནས་རང་ཉིད་ལ་ཐིམ་བར་བས(Ms) ལ། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། yc+ཅེས་ཅི་ནུས་དང༌། དེའི་མཇུག་ཏུ།-yc་ཨོཾ་??་ག་རུ་ཌ་ཧཾ་ས་ ཧེ་ཙ་ལེ་ཙ་ལེ་སྭཱ་ཧཱ། yc+ཞེས་སྦྱར་བའང་ཅི་ནུས་བཟླ།-yc་ཨོཾ་བཛྲ་སཏྭ་ཧཱུཾ། yc+ལན་གསུམ་དང༌།-yc་མཆོད་བསྟོད་བྱས་ལ།། །།དགེ་བ་འདི་ཡིས་སོགས་བསྔོ་སྨོན་བྱའོ།། །།yc+རྡོ་རྗེ་རྣམ་འཇོམས་ནི། སྐྱབས་ @018A ༄༅། །འགྲོ་སོགས་སྔོན་དུ་བཏང༌། སྭ་བྷ་ཝས་སྦྱངས།-yc་སྟོང་བའི་ངང་ལས་སྣ་ཚོགས་པདྨ་དང་ཉི་མའི་སྟེང་དུ་རང་གི་སེམས་ཉིད་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ཧཱུཾ་གིས་མཚན་བ། དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ ཡོངས་སུ་གྱུར་བ་ལས། རང་ཉིད་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་ལྗང་སྔོན་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་བ། ཕྱག་གཡས་སྣ་ཚོགས་རྡོ་རྗེ་ཐུགས་ཀར་འཛིན་ཅིང༌། གཡོན་དེས་ཡུབ་བྱས་བའི་དྲིལ་བུ་དཀུར་བརྟེན་པ། རལ་པའི་ཐོར་ཚུགས་ཅན། དར་དང་རིན་པོ་ཆེའི་ རྒྱན་གྱིས་སྦྲས་ཤིང༌། འོད་ཀྱི་ཕུང་པོའི་དབུས་ན་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་སྤྱི་བོར་ཨོཾ་དཀར་པོ། yc+ནས-yc་དེ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་རྡོ་རྗེ་རྣམ་འཇོམས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་དང༌། དབང་གི་ལྷ་རྣམས་ སྤྱན་དྲངས། ཡེ་ཤེས་བཛཿཧཱུཾ་བཾ་ཧོཿདབང་གི་ལྷ་རྣམས་ཀྱིས་ཨོཾ་སརྦ་ནས་རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་གྱུར། yc+མཆོད་པ་ཡོད་ན་བརླབས་ལ།-yc་ཨོཾ་བཛྲ་བི་དཱ་ར་ཎས་པ་རི་ཝཱ་ར་yc+སོགས་གྱིས་མཆོད་ལ-yc་གང་ཐུགས་གཉིས་སུ་མེད་པའི་yc+སོགས་ཀྱིས་བསྟོད།-yc་རང་གི་ཐུགས་ཀར་ཉི་གདན་གྱི་སྟེང་དུ་ཧཱུཾ་ཡིག གི་མཐར་སྔགས་འཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། རང་གཞན་སེམས་ཅན་གྱི་ནད་གདོན་ཉམས་གྲིབ་ཐམས་ཅད་སྦྱངས། སངས་རྒྱས་སྲས་བཅས་ཀྱི་བྱིན་རླབས་ཐམས་ཅད་འོད་དང་བདུང་རྩིའི་རྣམ་པར་བཀུག་ནས་རང་ལ་ཐིམ་བར་yc+བསམས་ལ། གཟུངས་རིང་ཅི་ནས་སམ། ཡང་ན་གཟུངས་??་ ཅིག་ཤོས་དང༌། དེ་ལང་མི་སྦྲོན།-yc་ན་མ་ཤྩ་ཎྜ་བཛྲ་ཀྲོ་དྷ་ཡ། ཧུ་ལུ་ཧུ་ལུ། yc+ནས-yc་ཨ་མྲྀ་ཏེ་ཧཱུཾ་ཕཊ། yc+ཆེས་བའི་གཟུངས་པུར་ཅི་ནུས་བརླས་ནས་ཡིག་བརྒྱ་བརྗོད་བ་སོགས་བྱའོ།། །།འདིའི་སྒོ་ནས་བྱས་?་འདོད་ན། བདག་བསྐྱེད་སྔོན་དུ་བཏབ་ནས་བུམ་བསྐྱད་བསྡུས་པ་ནི། བུམ་བ་ཕྱག་ལེན་བཞིན་སྟ་གོན་བྱས་བ། མདུན་དུ་སྟེགས་ཀྱི་ཁར་བཀོད། @018B མཆོད་བསམ་པར་བསྐོར་བ།-yc་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བཾ་ལས་མཚན་ཉིད་ཐམས་ཅད་དང་ལྡན་པའི་བུམ་པའི་ནང་དུ་སྣ་ཚོགས་པདྨ་དང་ཉི་མའི་གདན་གྱི་སྟེང་དུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ཧཱུཾ་གིས་མཚན་པ། དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྣམ་པར་འཇོམས་པ། yc+ཞེས་བ་ནས།-yc་རྡོ་རྗེ་སེམས་དབས་དབུ་བརྒྱན་བར་གྱུར། ཅེས་བའི་བར་སྡར་བཞིན་བརྗོད། མཆོད་པ་བྱིན་གྱིས་བརླབས་ཏེ། མཆོད་བསྟོད་བྱ། བུམ་པའི་ལྷའི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་ རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་ཐམས་ཅད་འོད་དང་བདུད་རྩིའི་རྣམ་པར་བསྡུས་ནས་སྔགས་ཕྲེང་ལ་ཐིམ། དེ་ལས་རྒྱུ་བདུད་རྩིའི་རྒྱུན་བབས་པས་ཐུམ་པ་གང་བར་yc+བསམ་ལ། སྔགས་གསུམ་ཅི་རིགས་བཟླས་ནས་ཡིག་བརྒྱ་བརྗོད། གཏོར་མ་འབུལ་ན། བྱ་རྒྱུང་ལྟར་བྱིན་གྱིས་བརླབས་ཏེ།-yc་བཅོམ་ ལྡན་འདས་ཀྱི་ལྗགས་འོད་ཟེར་གྱི་སཱུ་གུས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་གྱུར། ཨོཾ་བཛྲ་བི་དཱར་ཎ་ཨི་དཾ་བ་ལ་ཏེ་ཁ་ཁ་ཁཱ་ཧི་ཁཱ་ཧེ། yc+ལན་གསུམ་གྱིས་ཕུལ་ནས་མཆོད་བསྟོད་བྱ། དེ་ནས་བསྒྲུབ་བྱ་མདུན་དུ་འཁོད་པ་ལ། རང་ཉིད་ལྦཱི་རྒྱལ་བརྩན་བོས། གཟུངས་བུར?་ཚར་གཅིག་བརྗོད་ ནས།-yc་ཆེ་གེ་མོའི་སྡིག་པ་དང་སྒིབ་པ་ཐམས་ཅད་ཤཱནྟིཾ་གུ་རུ་ཡེ་སྭཱ་ཧཱ། yc+དེ་བཞིན་དུ་འོག་མ་ཕུན་ལ-yc་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། yc+ཞེས་སྦྱར་ཏེ།-yc་ནད⁽14c6⁾་རིམས⁽14c6⁾་གདོན⁽14c6⁾་ཉེ་བར་འཚེ་བ⁽14c6⁾་དུས་མ་ཡིན་པར་འཆི་བ⁽14c6⁾་ཁོ་ན⁽14c6⁾་གྲིབ⁽14c6⁾་བདུད⁽14c6⁾་བྱུར⁽14c6⁾་སྐལ་བ་ངན་པ⁽14c6⁾་ལྟས་ངན་བ⁽14c6⁾་མཚན་ མངན་པ⁽14c6⁾་རྨི་ལམ་ངན་པ⁽14c6⁾་བཀྲ་མི་ཤིས་པ⁽14c6⁾་མཚན་མ་ནག་མོའི་གདོན⁽14c6⁾་བདུད་ཀྱི་ཞགས་པ⁽14c6⁾་གཤིན་རྗེའི་ཕོ་ཉ⁽14c6⁾་བགེགས་དང་ལོག་འདྲེན་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། yc+ཞེས་ལན་མང་དུ་བརྗོད་ཅིང་བགྲའོ། །དེ་ནས་བར་ཆུ་ཅུང་ཟད་བཟུང་ཞིང༌། བགྲུས་པའི་ལྷག་མ་མདུན་དུ་གླུད་ལས་ @019A ༄༅། །ཀྱི་སྣོད་བཞག་བ་དེར་འཕོ་བར་བསམ་ལ།-yc་རྨ་བྱའི་སྒྲོ་ཆུན་གྱི་སྟེང་དུ་ཉི་གདན་ལ་གནས་པའི་ཧཱུཾ་ཡིག་སྔགས་འཕྲེང་དང་བཅས་པའི་འོད་ཟེར་གྱིས་ཆེ་གེ་མོའི་ནད་གདོན་ཐམས་ཅད་བྱབས་ཤིང་དེད་བར་གྱུར། yc+དེས་བྱབས་ནས། སྙིང་པོ་བརྗོད་པའི་རྗེས་སུ།-yc་ཆེ་གེ་ མོའི་སྡིག་བ་དང་སྒྲིབ་བ་ཐམས་ཅད་ཨ་བ་ན་ཡེ་སྭཱ་ཧཱ། yc+དེ་བཞིན་དུ་གཞན་རེ་རེའི་མཐར་ཨ་བན་ཡེ་སྭཱ་ཧཱ། yc+ཞེས་བརྗོད་པའི་རྗེས་སུ་ཁའི་ཆུ་དེ་སྡར་བཀྲུས་བའི་ཆུ་ནང་དུ་འཕོའོ། །དེ་ནས-yc་ན་མོ་སངས་རྒྱས་ཀྱི་བདེན་པ་དང༌། yc+ཞེས་སོགས་བདེན་སྟོབས་ཀྱི་མཇུག་ཏུ།-yc་སུམྦྷ་ནི་བརྗོད་ཅིང༌། yc+ཡུངས་ཀར་གྱིས་བྲ་བས། གུ་གུ་ གྱིས་བདུགས། རོལ་མོའི་སྒྲ་དྲག་ཏུ་བྱས་ལ་ཆུ་དེ་ཕྱི་རོལ་དུ་འདོར།-yc་སངས་རྒྱས་རྣམས་ནི་བདུད་ལས་རྒྱལ། །ཆོས་ནི་ཆོས་མ་ཡིན་ལས་རྒྱལ། །དགེ་འདུན་མུ་སྟེགས་རྣམས་ལས⁽14c6⁾་དབང་པོ་ལྷ་མིན⁽14c6⁾་ལྷ་མིན་ཟླ་བ⁽14c6⁾་ནམ་མཁའ་ལྡིང་ནི་རྒྱ་མཚོ་ལས། །མེ་ནི་ཤིང་རྣམས་ཀུན་ལས་རྒྱལ། ཆུ་ནི་མེ་ལས་རྒྱལ་བར་འགྱུར། །རླུང་ནི་སྦྲིན་ལས་རྣམ་པར་རྒྱལ། །རྡོ་རྗེ་ཡིས་ནི་རིན་ཆེན་ཕུག །ལྷ་རྣམས་བདེན་པ་རབ་ཏུ་གནས། །ས་ཡང་བདེན་བར་གནས་བ་ལ། །སངས་རྒྱས་དང་ནི་ཆོས་ཀྱང་བདེན། །བདེན་པ་རྒྱལ་གྱུར་རྫུན་མ་ལགས། །བདན་ པ་དང་བདེན་པའི་ཚིག་འདི་དག་གིས་ཆེ་གེ་མོ་འདུང་དང་མི་མཐུན་བའི་ཕྱོགས་ཐམས་ཅད་ལས་རྒྱལ་བར་གྱུར་ཅིག །ཛ་ཡ་ཛ་ཡ་སིདྷི་ཕ་ལ་ཕ་ལ་ཧོཿ yc+ཅེས་བརྗོད། དེ་ནས་ཡང-yc་ན་མཤྩཎྜ་བཛྲ་yc+ནས-yc་ཧཱུཾ་ཕཊ། ཆེ་གེ་མོའི་སྡིག་བ་དང་སྒྲིབ་བ་ཐམས་ཅད་ལས་རཀྵ་རཀྵ་ ཡེ་སྭཱ་ཧཱ། yc+དེ་བཞིན་དུ་ཐམས་ཅད་ལའང་སྦྱར་ནས་བརྗོད་ཅིང༌། མཐར་རྡོ་རྗེ་འཇོག་བའམ། བཞག་པར་མོས་ཏེ།-yc་རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང༌། །རྡོ་རྗེ་རྣམ་པར་འཇོམས་པའི་མཐུ་སྟོབས་ཀྱིས། །ནས་མ་བྱེད་ཅིག །རཀྵ་རཀྵ་ཡེ་སྭཱ་ཧཱ། yc+ཞེས་དང་ཤིས་བརྗོད་བྱའོ།། །། @019B མི་གཡོ་བ་སྔོན་པོ་ནི། སྐྱབས་འགྲོ་སོགས་སྔོན་དུ་བཏང༌། ཆོགས་ཞིང་བྱེད་ན། ཐུན་མོང་དུ་འཆད་འགྱུར་ལྟར་བྱས་ནས། རྒྱུན་བཤགས་དང་ཚད་མེད་བཞི་བསྒོམ། དངོས་གཞི་ནི།-yc་སྭ་བྷཱ་ཝས་སྦྱངས། སྟོང་བའི་ངང་ལས་བཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སེམས་ཀྱི་ངོ་བོ་ཧཱུཾ་ཡིག་མཐིང་ནག དེ་ལས་འོད་འཕྲོས། དོན་གཉིས་བྱས། འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་རྗེ་བཙུན་མི་གཡོ་བ་སྐུ་མདོག་སྔོན་བོ། ཞལ་གཅིག་ཕྱག་གཉིས་པ་དམར་ལ་ཟླུམ་པའི་སྦྱན་གསུམ་དང་ལྡན་ཞིང་མཆེ་བ་གཙིགས་པ། དབུ་སྐ་དང་སྨིན་མ་དམར་སེར་གྱེན་དུ་འབར་བ། ཕྱག་གཡཥ་ ཤེས་རབ་ཀྱི་རལ་གྲི་འཕྱར་ཞིང་གཡོན་ཐུགས་ཀར་ཞགས་པ་དང་བཅས་པའི་སྡིགས་མཛུབ་མཛད་པ། དར་སྔོན་བོའི་སྟོད་གཡོགས་དང་སྟག་གི་བགས་པའི་ཤམ་ཐབས་ཅན། རིན་པོ་ཆེ་དང་སྦྲུལ་གྱིས་བརྒྱན་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་ཞབས་གཡས་བསྐུམ་ ཞིང་གཡོན་བརྐྱངས་ཏེ་བགེགས་ཀྱི་རྒྱལ་བོ་གན་རྐྱལ་དུ་སྒྱེལ་བའི་སྟེང་ན་བཞུགས་པའི་སྤྱི་བོར་ཨོཾ་དཀར་པོ། yc+ནས-yc་རང་བཞིན་གྱི་གནས་ནས⁽14c6⁾་ས་མཱ་ཛཿ ཨོཾ་ཨ་ཙ་ལ་ཨརྒྷཾ། yc+སོགས་ཀྱིས་མཆོད།-yc་སྐུ་མདོག་སྔོན་བོ་རལ་གྲི་ཞགས་པ་ཅན། །བརྐྱངས་བསྐུམས་སྟབས་ཀྱིས་ བདུད་བཞི་རབ་ཏུ་འཇོམས། །མ་གཡོ་མི་གཡོ་གཡོ་བ་མི་མངའ་བའི། །བཅོམ་ལྡན་མི་གཡོ་མགོན་ལ་ཕྱག་འཚལ་ལོ། །ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་བར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། དབང་གི་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས། ཨོཾ་པཉྩ་ཀཱུ་ལའི་yc+སྔགས་ཀྱིས་མཆོད།-yc་ཁྱེད་རྣམས་ཀྱིས་ནས་ལུད་བ་ལས་རྡོ་རྗེ་སེམས་དཔས་དབུ་བརྒྱན་བར་གྱུར། རང་གི་ཐུགས་ཀར་ཉི་གདན་གྱི་སྟེང་དུ་ཧཱུཾ་ཡིག་གི་མཐར་སྔགས་འཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་བཅས་སོགས་ཀྱི་སྐུ་ @020A ༄༅། །གསུང་ཐུགས་ཀྱི་བྱིན་རླབས་ནུས་པ་ཐམས་ཅད་བསྡུས་ནས་སྔགས་འཁོར་ལ་ཐིམ་པར་yc+བསམས་ལ།-yc་ཨོཾ་ཙ་ཎ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། yc+ཅེས་པ་ཅི་ནུས་བཟླ། མཐར་ཡིག་བརྒྱ་བརྗོད་ནས་མཆོད་བསྟོད་སོགས་བྱ་ཞིང༌། ཉེར་བསྡུ་བྱངས་ཀྱང་རུང་ངོ།། །།རྟ་མགྲིན་ གསང་སྒྲུབ་ནི། སྐྱབས་འགྲོ་སོགས་སྔོན་དུ་བཏང༌།-yc་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་རང་གི་སེམས་ཉིད་yc+བཎ་ཆེན་ལྟར་ས་བོན་ལས་བསྐྱེད་ན། དྷཱིཿདམར་པོ་དེ་ལས་འོད་འཕྲོས། འདུས་ཡོངས་སུ་གྱུར་བ་ལས་རང་ཉིད་ཞེས་སྦྱོར-yc་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་སྐུ་མདོག་དམར་ པོ། ཞལ་གསུམ་ཕྱག་དྲུག་པ། ཞལ་དབུས་དམར། གཡས་ལྗང༌། གཡོན་དཀར། ཞལ་རེ་རེ་ལ་དམར་ལ་ཟླུམ་པའི་སྤྱན་གསུམ་སྡང་མིག་ཏུ་བལྟ་བ། ཞལ་གདངས་ནས་མཆེ་བ་རྣོན་པོ་བཞི་གཙིགས་ཤིང༌། དབུ་སྐྲ་དང་སྨིན་མ་སྨར་ཁམ་སེར་གྱེན་དུ་བརྗེས་པ། དབུ་རེ་ རེའི་སྟེང་ན་རྟ་མགོ་ལྗང་ནག་རྟ་སྐད་མཚེར་ཞིང༌། རྡོག་མའི་གསེབ་ནས་མེ་སྟག་འཕྲོ་བ། ཕྱག་གཡས་ཀྱི་དང་པོ་ན་རྡོ་རྗེ། གཉིས་པ་ན་ཁ་ཊྭཱཾ་ག །གསུམ་པ་ན་རལ་གྲི། གཡོན་གྱི་དང་པོས་སྡིགས་མཛུབ། གཉིས་པ་ན་མདུང་ཐུང༌། གསུམ་བ་ན་རྒྱུ་ཞགས་བསྣམས་བ། གླང་ཆེན་གྱི་ཀོ་རློན་དང་ཞིང་ཆེན་གྱི་གཡང་གཞིས་སྟོད་གཡོགས་པ། སྟག་གི་པགས་པའི་ཤམ་ཐབས་ཅན། མི་མགོ་སྐམ་པོ་ལྔ་ལྔའི་དབུ་རྒྱན་དང་རློན་པ་ལྔ་བཅུའི་དོ་ཤལ་བྱས་བ། ཁྲག་ཞག་གི་ཐིག་ལེ་དང་ཐལ་ཆེན་གྱིས་བྱུགས་ཤིང༌། རུས་པའི་རྒྱན་གྱིས་ བརྒྱན་པ། སྒེག་པ་ལ་སོགས་པའི་གར་དགུའི་ཉམས་ལྡན། སྐུ་ལ་ཁྲོ་ཆུང་གི་ཚོགས་ཀྱིས་གཏམས་པ། ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དཔུས་སུ་ཀླུའི་ངོ་བོ་སྦྲུལ་བརྒྱད་བརྫིས་པའི་སྟེང་ན་ཞབས་བརྒྱད་གཡས་བསྐུམ་ཞིང་གཡོན་བརྐྱངས་བའི་སྟབས་ཀྱིས་བཞུ(Gs) @020B བ། yc+འདིར་རྒྱལ་དབང་ལྔ་བའི་སྒྲུབ་ཐབས་སུ་བདག་བསྐྱེད་རྐྱང་བ་ལ་ཡེ་ཤས་པ་སྦྱན་དྲངས་ནས་མཆོད་བསྟོད་བྱ་བ་མ་གསུངས་ཀྱང༌། རྗེ་དགེ་འདུན་རྒྱ་མཚོ་དང༌། པཎ་ཆེན་རིན་པོ་ཆེ་རྣམ་བ་གཉེས་ཀྱིས་བཤད་བ་ལྟར་བྱས་ན་བློ་དང་འཚམ་བས། དེ་ལྟར་ན།-yc་བདག་ཉིད་ཀྱི་སྤྱི་བོར་ཨོཾ་དཀར་པོ། ནས་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་ གྱུར། yc+ཅེས་བའི་བར་བྱ། ནང་མཆོད་དང་མཆོད་བ་ཡང་ན།-yc་ཨོཾ་པདྨཱནྟ་ཀྲཾཏ་ཧཱུཾ་ཕཊ། yc+ཀྱིས་བསངས།-yc་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨཱཿལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ནང་མཆོད་དང་མཆོད་རྫས་རྣམས་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྣམ་བ་ཅན་སོ་སོའི་བྱེད་ལས་ཀྱི་ ནུས་པ་ཅན་དུ་གྱུར། ཨོཾ་ཨཱཿཧཱུཾ། yc+ལན་གསུམ་དང-yc་ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུཾ། yc+སོགས་ཀྱིས་བྱིན་གྱིས་བརླབས-yc་ཨོཾ་པདྨཱན་ཀྲཾ་ཏས་པཱ་རི་ཝཱ་ར་ཨརྒྷཾ་yc+སོགས་ཀྱིས་མཆོད། དེའི་མཐར་འབྲུ་གསུམ་གྱིས་ནང་མཆོད་ཀྱང་འབུལ།-yc་ཧཱུཾ་འཇིགས་རུང་དུས་མཐའི་མེ་ལྟར་འབར་བའི་སྐུ། །མི་བཟད་དྲག་སྔ(Gs) ང་རོ་སྒྲོག་བའི་གསུང༌། །མཁྱེན་བརྩེ་ནུས་པ་དཔག་བར་དཀའ་བའི་ཐུགས། །ཁྲོ་རྒྱལ་དབང་པོའི་སྐུ་ལ་ཕྱག་འཚལ་བསྟོད། །རང་གི་སྐུའི་ཆ་རྣམས་དང་ཐུགས་ཀའི་ཉི་མའི་སྟེང་དུ་ཧཱུཾ་ཡིག་གི་མཐར་སྔགས་འཕྲེང་གིས་བསྐོར་བ་ལས་འོད་ཟེར་མེ་འོད་ལྟ་བུ་ཕྱོགས་བཅུར་ འཕྲོས། རང་གཞན་གྱི་ནད་གདོན་ཐམས་ཅད་ཞི་བར་བྱས། རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་ཐམས་ཅད་བསྡུས་ནས་རང་ལ་ཐིམ་བར་yc+བསམ་ལ།-yc་ཨོཾ་ཧྲཱིཿཔདྨཱནྟ་ཀྲིད་བཛྲ་ཀྲོ་དྷ་ཧ་ཡ་གྷི་བ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། yc+ཅེས་བཅི་ནུས་དང༌། རྒྱལ་དབང་ལྔ་པའི་དེར་མི་འདྲ་བ་ཞིག་སྣང་ཡང༌། རྗེ་དགེ་འདུན་ རྒྱ་མཚོའི་གསུང་ལས།-yc་ཨོཾ་བཛྲ་ཐུན་བྷྱོཿཨོཾ་ཏྲཾ་ག་ནན་བཛྲ་ཛ་ཛཿས་མ་ཡ་སྟྭཾ། ཞེས་བ་དང༌། ཨོཾ་ཧཾ་ཤ། ཏྲིག་ཏྲིག་ནན། ཏྲིག་ཧུར་ཐུམ་ཛཿ མཱ་ར་ཡ་ཕཊ། ཨོཾ་རུ་ཏྲིག་ཏྲིག་རུ་ཏྲིག་ཏྲིག་ནན། ཏྲིག་ཉུར་ཐུམ་ཛཿ མཱ་ར་ལ་ཕཊ། yc+ཅེས་བ་རྣམས་ཀྱང་བཟླ་བར་བཤད། བཎ་ཆེན་ @021A ༄༅། ?་yc+།གྱི་མངོན་རྟོགས་བསྡུས་པ་གཉིས་ལས་སྔགས་སྔ་མ་ཁོ་ན་ལས་མི་འབྱུང་ཞིང༌། དེར་མ་ཟད། དེ་གསུམ་ལས་ཞལ་དང་ཕྱག་མཚན་སྔགས་སོགས་གོ་རིམ་ཅུང་མི་འདྲ་བ་ཞིག་འབྱུང་ཡང་མི་འགལ་ལོ། མཇུག་ཏུ་ཡིག་བརྒྱ་བཟླས་ནས་མཆོད་བསྟོད་བྱའོ། །རྒྱུན་པའི་མངོན་རྟོགས་ལ་ནི་གཏོར་མ་མེད་ཀྱང་ ཆོག་བར་བཤད་ལ། བསྙན་པའི་སྐབས་ཡིན་ན། གཏོར་མ་སྔར་ལྟར་བསངས་སྦྱངས།-yc་སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿཧཱུཾ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམ་ལ། ཨོཾ་ ཨཱཿཧཱུཾ། yc+ལན་གསུམ།-yc་རང་གི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། དཔལ་རྟ་མགྲིན་གྱི་ལྷ་ཚོགས་མདུན་གྱི་ནམ་མཁར་སྤྱན་དྲངས། ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར། ཨོཾ་པདྨཱནྟ་ཀྲྀཏ་ས་པ་རི་ཝཱ་ར་མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ ཧི། yc+ཞེས་པ་གསུམ་མམ་བདུན་གྱི་དབུ་ལ། སྔར་ལྟར་ཕྱི་ནང་གི་མཆོད་པ་ཕུལ་ནས་བསྟོད་ལ།-yc་བཅོམ་ལྡན་འདས་བདག་གི་བར་ཆད་ཐམས་ཅད་ཞི་ཞིང་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། yc+ཞེས་གསོལ་བ་གདབ།-yc་བཛྲ་མུཿ གཏོར་མགྲོན་རང་བཞིན་གྱི་གནས་སུ་གཤེགས་པར་གྱུར་yc+པར་ བསམ་ལ་ཤིས་བརྗོད་བྱའོ། །འདིར་འཇུག་པ་བདེ་བར་བྱས་པ། རྒྱས་པར་བྱེད་འདོད་ན་རྒྱལ་དབང་རྣམ་པ་གཉིས་ཀྱིས་སྨན་ངག་གཏོར་གསུམ་འབུལ་ཚུལ་བཤད་པ་ལྟར་རིགས་སོ།། །།སྒྲོལ་ལྗང་ནི། སྐྱབས་འགྲོ་སོགས་སྔོན་དུ་བཏང༌།-yc་རང་གི་མདུན་གྱི་ནམ་མཁར་སྣ་ཚོགས་པདྨ་དང་ཟླ་བའི་དཀྱིལ་འཁོར་ གྱི་སྟེང་དུ་ཏཱཾ་ལྗང་ཁུ་དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རྗེ་བཙུན་འཕགས་མ་སྒྲོལ་མ་སྐུ་མདོག་ལྗང་ཁུ་ཞི་ཞིང་འཛུམ་པ། ལང་ཚོ་དར་ལ་བབ་པའི་ཉམས་ཅན། ཞལ་ @021B གཅིག་ཕྱག་གཉིས་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་ཅིང༌། གཡོན་ཐུགས་ཀར་མཐེབ་སྲིན་གྱིས་ཨུཏྤ་ལའི་ཡུ་བ་ནས་བཟུང་བའི་འདབ་མ་སྙན་གྱི་ཐད་དུ་ཁ་བྱེ་བ། དབུ་སྐྲ་མཐོན་མཐིང་ཕྱེད་ཐོར་ཅོག་གི་ཚུལ་དུ་བཅིངས་ཤིང་ལྷག་མའི་ཟར་བུ་སྐུ་སྟོད་དུ་འཕྱང་བ། དབུ་རྒྱན། སྙན་རྒྱན། མགུལ་རྒྱན། ཕྱག་གདུབ། ཞབས་གདུབ་ལ་སོགས་པ་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་སྤྲས་ཤིང༌། དར་སྣ་ཚོགས་ཀྱི་སྟོད་གཡོགས་དང༌། སྨད་གཡོགས་མཛེས་པར་གསོལ་བ། སྐུ་ལས་སྐྱེས་བའི་འོད་ཀྱི་ཕུང་པོའི་དབུས་ན་ཞབས་གཡས་ བརྐྱངས། གཡོན་བསྐུམ་པའི་ཚུལ་གྱིས་བཞུགས་པ། དེའི་སྤྱི་བོར་ཨོཾ་དཀར་པོ། yc+ནས-yc་འོད་འཕྲོས། པོ་ཏ་ལ་ནས་འཕགས་མ་སྒྲོལ་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། ཛ་ཧཱུཾ་པཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ yc+ནས-yc་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། yc+སྒྲོལ་བསྟོད་འདོན་པ་གཙོ་བོར་བྱེད་ན། དེ་ཉིད་རྗེ་བཙུན་མ་དངོས་ཡིན་པར་མོས་ལ།-yc་ཨོཾ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཞེས་པ་ནས། ཉི་ཤུ་རྩ་གཅིག yc+།ཞེས་པའི་བར་ཉེར་གཅིག་སོགས་བརྗོད་པའི་མཐར།-yc་རྗེ་བཙུན་འཕགས་མ་སྒྲོལ་ མ་དང༌། yc+།ཞེས་སོགས་ཀྱི་ཡན་ལག་བདུན་པ་བྱ། གཙོ་བོར་མི་བྱེད་ན། ཚར་གཅིག་གམ། ཡང་ན། རྒྱས་བཏབ་མ་ཐག།-yc་ཨོཾ་ཨཱརྱ་ཏཱ་རེས་པཱ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད་ལ། ལྷ་དང་ལྷ་མིན་yc+སོགས་ཚིགས་བཅད་གཅིག་གིས་བསྟོད། དེ་གཉིས་གང་བྱེད་ཀྱང༌། མཐར-yc་ཛ་ཧཱུཾ་བཾ་ཧོཿརྗེ་བཙུན་མ་རང་ལ་ཐིམ་ པས། རང་ཉིད་བད་ཟླའི་གདན་ལ་རྗེ་བཙུན་མའི་སྐུར་བཞེངས་བར་གྱུར། རང་གི་ཐུགས་ཀར་ཟླ་བའི་སྟེང་དུ་ཏཱཾ་ཡིག་གི་མཐར་བཟླས་བྱའི་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་གྱི་རིགས་ཐམས་ཅད་བསལ། སངས་རྒྱས་སྲས་ @022A ༄༅། །བཅས་ཀྱི་བྱིན་རླབས་ཐམས་ཅད་རྗེ་བཙུན་མའི་སྐུའི་ཚོགས་དང་འོད་ཀྱི་རྣམ་པར?་བསྡུས་ནས་རང་ཉིད་ལ་ཐིམ་པར་བསམས་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། yc+ཞེས་ཅི་ནུས་བཟླ། མཐར་ཡིག་བརྒྱ་དང༌། མཆོད་བསྟོད་བསྡུས་པ་བྱ།-yc་དགེ་བ་འདི་ཡིས་yc+སོགས་ ཀྱི་བསྔོ་སྨོན་བྱའོ།། །།སྒྲོལ་དཀར་ནི། སྐྱབས་འགྲོ་སོགས་སྔོན་དུ་བཏང༌།-yc་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རྡོ་རྗེའི་ས་གཞི། དྭ་བ་གུར་བླ་རེ། མེ་རི་དང་བཅས་པའི་དབུས་སུ་བ་ལས་པད་དཀར་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ཏཱཾ་ཡིག་དཀར་པོ་ལས་ཨུཏྤ་ལ་ ཏཱཾ་གྱིས་མཚན་པ། དེ་ལས་འོད་འཕྲོས། དོན་གཉིས་བྱས། འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་རྗེ་བཙུན་སྒྲོལ་མ་དཀར་མོ་ཞལ་གཅིག་ཕྱག་གཉིས་མ། བཅུ་དྲུག་ལོན་པའི་ན་ཚོད་ཅན། ཕྱག་གཉིས་ཀྱི་གཡས་མཆོག་སྦྱིན་དང༌། གཡོན་དཀོན་མཆོག་གསུམ་ མཚོན་གྱི་ཕྱག་རྒྱ་མཛད་ཅིང༌། གཉིས་ཀའང་ཨུཏྤལ་སྔོན་པོས་མཛེས་པ། ཞི་ཞིང་འཛུམ་པའི་ཉམས་ཅན་དབྲལ་བ་དང་ཕྱག་ཞབས་ཀྱི་མཐིལ་ན་སྤྱན་རེ་རེ་མངའ་བ། དབུ་སྐྲ་རལ་པ་ཕྱེད་བཅིངས་སུ་བྱས་པའི་སྤྱི་བོར་རིགས་བདག་ཏུ་ཚེ་དཔག་མེད་བཞུགས་པ། རིན་པོ་ཆེའི་རྒྱན་སྣ་ ཚོགས་པས་བརྒྱན་ཅིང་དར་གྱི་སྟོད་གཡོགས་དང་སྨད་གཡོགས་མཛེས་པར་གསོལ་བ། མཚན་དབེས་སྤྲས་ཤིང་ཟླ་བའི་རྒྱབ་ཡོལ་ཅན། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་སྤྱི་བོར་ཨོཾ་དཀར་པོ། ནས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་བསྒོམས་པ་དང་འདྲ་བའི་ ཡེ་ཤེས་པ་དང་ལྷན་ཅིག་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ནས་ཡར་ལུད་པ་ལས་ཚེ་དཔག་མེད་དང་དབྱེར་མེད་དུ་འདྲེས་ཏེ་དབུ་བརྒྱན་པར་གྱུར། yc+མཆོད་པ་བྱིན་གྱིས་བརླབས་པ།-yc་ཨོཾ་ཨཱརྱ་ཏཱ་རེ་ས་པཱ་རི་ཝཱ་ར་ཨརྒྷཾ་yc+སོགས་ཀྱིས་མཆོད།-yc་རྒྱལ་བའི་འཕྲིན་ལས་གཅིག @022B བསྡུས་ནས། །ལྷ་མོའི་གཟུགས་སུ་རབ་ཤར་བ། །ཚེ་དང་ཡེ་ཤེས་སྩོལ་མཛད་པའི། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་བསྟོད། yc+།དེ་ནས-yc་རང་གི་ཐུགས་ཀའི་སྔགས་འཕྲེང་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། སྣོད་བཅུད་ཀྱི་ཡོན་ཏན་དང༌། སངས་རྒྱས་ བྱང་སེམས་ཀྱི་བྱིན་རླབས་ཐམས་ཅད་འཆི་མེད་ཚེའི་བདུད་རྩིའི་རྣམ་པར་བཀུག །སྤྱི་བོའི་ཚེ་དཔག་མེད་ཀྱི་སྐུའི་ཆ་དང་ཕྱག་གི་བུམ་པར་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབ། རང་གི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་བས་ཚེ་དང་བསོད་ནམས་འཕེལ་ཞིང་རྒྱས་པར་བསམས་ ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨཱ་ཡུཿཔུཥྚིཾ་ཀུ་རུ་སྭཱ་ཧཱ། yc+ཞེས་ཅི་ནུས་བཟླ། ཡིག་བརྒྱ་འདོན་པ་སོགས་བྱའོ། །སྔ་མ་དང་འདི་ལ་དམིགས་སྐོང?་མི་འདྲ་བ་སྣང་ཡང་འདིར་པཎ་ཆེན་གོང་མའི་བཞེད་པ་བཞིན་བཀོད་དོ།། །།རྣམ་པར་རྒྱལ་མ་ལྷ་དགུ་ནི། སྐྱབས་འགྲོ་སོགས་སྔོན་དུ་བཏང༌།-yc་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བཾ་ལས་ པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲུཾ་ལས་སྣ་ཚོགས་རྡོ་རྗེ་བྷྲུཾ་གྱིས་མཚན་པ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས། འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་རྗེ་བཙུན་རྣམ་པར་རྒྱལ་མ་སྐུ་མདོག་དཀར་མོ་ཞལ་གསུམ་ཕྱག་བརྒྱད་མ། རྩ་ཞལ་དཀར། གཡས་ཞལ་སེར། གཡོན་ཞལ་སྔོན་པོ་ཡིད་ཙམ་ཁྲོ་བ། ཞལ་རེ་རེ་ལའང་སྤྱན་གསུམ་གསུམ་དང་ལྡན་ཞིང༌། མཆེ་བ་ཅུང་ཟད་གཙིགས་པ། ཕྱག་བརྒྱད་ཀྱི་གཡས་དང་བོས་སྣ་ཚོགས་རྡོ་རྗེ། གཉིས་པས་འོད་དཔག་མེད། གསུམ་པས་མདའ། བཞི་བས་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པ། གཡོན་ དང་པོས་སྡིགས་མཛུབ་དང་བཅས་ཏེ་ཞགས་པ་འཛིན་པ། གཉིས་པས་མི་འཇིགས་པའི་ཕྱག་རྒྱ། གསུམ་པ་ན་གཞུ། བཞི་བས་མཉམ་གཞག་གི་ཕྱག་རྒྱའི་སྟེང་ན་བདུད་རྩིས་གང་བའི་བུམ་པ་བསྣམས་པ། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་བརྒྱན་ཅིང༌། ཞ(Bs) @023A ༄༅། །རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་གཡས་སུ་སྤྱན་རས་གཟིགས་དཀར་པོ། གཡས་ཇ་ཡབ་དཀར་པོ་དང་གཡོན་པདྨ་དཀར་པོ་བསྣམས་པ། གཡོན་དུ་གསང་བའི་བདག་པོ་སྔོན་པོ་གཡས་རྔ་ཡབ་དཀར་པོ་དང༌། གཡོན་རྡོ་རྗེས་མཚན་ པའི་ཨུཏྤལ་སྔོན་པོ་བསྣམས་པ། གཉིས་ཀའང་ཞི་བའི་ཉམས་ཅན། རིན་པོ་ཆེ་དང་དར་གྱིས་མཛེས་ཤིང་ཟླ་བའི་གདན་དུ་བཞེངས་ནས་གཙོ་བོ་ལ་ཕྱོགས་པའོ། །ཤར་དུ་མི་གཡོ་བ་གཡས་རལ་གྲི༌།ལྷོར་འདོད་རྒྱལ་གཡས་ལྕགས་ཀྱུ། ནུབ་ཏུ་དབྱུག་སྔོན་ཅན་ གཡས་དབྱུག་པ། བྱང་དུ་སྟོབས་པོ་ཆེ་གཡས་རྡོ་རྗེ། ཐམས་ཅད་ཀྱང་སྐུ་མདོག་སྔོན་པོ། གཡོན་སྡིགས་མཛུབ་ཐུགས་ཀར་མཛད་པ། དབུ་སྐྲ་དང་སྨ་ར་འབར་ཞིང་མཆེ་བ་གཙིགས་པ། སྟག་གི་པགས་པའི་ཤམ་ཐབས་ཅན། སྦྲུལ་དང་རིན་པོ་ཆེས་བརྒྱན་པ། ཡེ་ ཤེས་ཀྱི་མེ་འབར་བའི་དབུས་ན་ཉི་གདན་ལ་གཡོན་བརྐྱངས་པའི་སྟབས་ཀྱིས་བཞུགས་པ། སྟེང་གི་ཆ་ལ་གཡས་གཡོན་དུ་གནས་གཙང་མའི་ལྷའི་བུ་གཉིས་སེར་པོ། ལྷའི་དར་གྱིས་བརྒྱན་ཅིང༌། ཕྱག་གཉིས་བདུད་རྩིས་གང་བའི་བུམ་པ་བཟུང་ནས་གཙོ་མོ་ལ་ཁྲུས་ གསོལ་བ། ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། ནས་ཧཱུཾ་ལས་འོད་འཕྲོས། རང་བཞིན་གྱི་གནས་ནས་གཙུག་ཏོར་རྣམ་པར་རྒྱལ་མ་ལྷ་དགུ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ ནས་གཙོ་མོ་ལ་རྣམ་སྣང་སོགས་རང་གི་རིགས་བདག་སོ་སོས་རྒྱས་བཏབ་པར་གྱུར། ཨོཾ་ཨཱརྱ་ཨུཥྞཱི་ཥ་བི་ཛ་ཡས་པཱ་རེ་ཝཱ་ར་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱ་ཧཱ། སོགས་ཀྱིས་མཆོད་ལ། དཔལ་ལྡན་ལྷ་མོ་ཞེས་སོགས་དང༌། རྣམ་རྒྱལ་འཇིག་རྟེན་དབང་ཕྱུག་གསང་བའི་བདག །མི་ @023B གཡོ་འདོད་རྒྱལ་དབྱིག་སྔོན་སྟོབས་པོ་ཆེ། །གནས་གཙང་ལྷའི་བུ་དང་བཅས་པ་ཡི། །རྣམ་རྒྱལ་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོད། །ཞེས་པས་བསྟོད། རང་གི་ཐུགས་ཀར་ཟླ་གདན་གྱི་སྟེང་དུ་བྷྲུཾ་ཡིག་གི་མཐར་སྔགས་འཕྲེང་གིས་བསྐོར་བ་ལས་འོད་འཕྲོས། སེམས་ ཅན་ཐམས་ཅད་ཀྱི་ལས་ཀྱི་སྒྲིབ་པ་མ་ལུས་པ་སྦྱངས། རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་ཐམས་ཅད་དང་སྣོད་བཅུད་ཀྱི་ནུས་པའི་ཡོན་ཏན་ཐམས་ཅད་འོད་དང་བདུད་རྩི་དཀར་པོའི་རྣམ་པར་བསྡུས་ནས་རང་ཉིད་ལ་ཐིམ་པར་yc+བསམས་ལ། གཟུངས?་རིང་ཅི་ནུས་དང༌།-yc་ཨོཾ་བྷྲུཾ་སྭཱ་ཧཱ། yc+ཞེས་སྙིང་པོ་དང༌།-yc་ཨོཾ་ཨ་མྲྀ་ཏ་ཨཱ་ཡུརྡཱཿདེ་སྭཱ་ཧཱ། yc+ཞེས་ཉེ་སྙིང་ཅི་ནུས་བཟླས་ན་ལས་སྒྲིབ་དག་ནས་ཚེ་དང་བསོད་ནམས་སོགས་འཐོབ་པར་འགྱུར་རོ། །མཇུག་ཏུ་ཡིག་བརྒྱ་དང༌། མཆོད་བསྟོད་བསྔོ་སྨོན་བྱའོ།། །།དབྱངས་ཅན་དཀར་མོ་ནི། སྐྱབས་འགྲོ་སོགས་སྔོན་དུ་བཏང༌།-yc་ཨོཾ་སྭ་བྷཱ་ཝyc+ས་སྦྱངས།-yc་སྟོང་པའི་ངང་ལས་པཾ་ལས་ པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་རང་གི་རྣམ་ཤེས་ཀྱི་ངོ་བོ་ཧྲཱིཿདཀར་པོ། དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་མི་ཤེས་པའི་མུན་པ་བསལ། ཤེས་རབ་ཀྱི་སྣང་བ་ལ་བཀོད། ཚུར་འདུས་ ཡོངས་སུ་གྱུར་པ་ལས་རང་ཉིད་ལྷ་མོ་དབྱངས་ཅན་དཀར་མོ་ཞལ་གཅིག་ཕྱག་གཉིས་ཀྱི་གཡོན་པས་པི་ཝང་རྒྱུད་སྟོང་དང་ལྡན་པ་འཛིན་ཅིང༌། གཡས་པའི་ཕྱག་སོར་གྱིས་མངོན་པར་བརྡུང་བ་ལ་བརྩོན་པ། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་སྤྲས་ཤིང༌། དབུ་སྐྲ་ མཐོན་མཐིང་ཕྱེད་གྲོལ་བའི་ཟར་བུས་སྐུ་སྟོད་ཁེབས་ཤིང་ཕྱེད་ཐོར་ཅོག་ཏུ་བྱས་པའི་རྩེ་མདོ་མེ་ཏོག་གིས་བཙངས་པ་ལ་རིན་པོ་ཆེ་དང་ཟླ་བ་ཕྱེད་པས་མཛེས་པ། འོད་ཀྱི་ཕུང་པོའི་དབུས་ན་ཞབས་གཉིས་ཅོག་བུར་བཞུགས་པའི་སྤྱི་བོར་ཨོཾ་དཀར་པོ། ནས་ཧཱུཾ་མཐིང་ཁ། @024A ༄༅། །དེ་ལས་འོད་འཕྲོས། ལྷོ་ཕྱོགས་དྲི་ཟ་དགའ་བའི་ཚལ་ནས་རང་འདྲའི་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་རང་གི་སྙིང་གྱེན་དུ་འགྲེང་བའི་ནང་དུ་སྲོག་གི་ངོ་བོ་ཨཾ་དཀར་པོ། དེའི་ནཱ་ད་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་དབུགས་ དང་ལྷན་ཅིག་སྣ་བུག་གཡས་པ་ནས་འཕྲོས། ལྷ་མོ་དབྱངས་ཅན་མའི་ཤངས་བུག་གཡོན་པ་ནས་ཞུགས། དེའི་ཤེས་རབ་ཀྱི་འཁོར་ལོ་ལ་རེག་པས། ལྕགས་ཀྱུས་འཐེན་པ་བཞིན་དུ་ཤངས་བུག་གཡས་པ་ནས་འཐོན། མདུན་གྱི་ནམ་མཁར་བྱོན་པར་གྱུར། ཨོཾ་སྭ་ར་སྭསྟི་ཨརྒྷཾ་ནས་ ཤཔྟའི་བར་གྱིས་མཆོད། འདིར་བསྟོད་པ་མི་སྣང་ཛཿཧཱུཾ་བཾ་ཧོཿ འོད་ཀྱི་རྣམ་པར་རང་གི་སྣ་བུག་གཡོན་པ་ནས་ཞུགས། ཨཾ་ཡིག་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་རང་གི་སྙིང་ཁོང་སྟོང་གི་ནང་དུ་པད་དཀར་འདབ་བརྒྱད་ཀྱི་ལྟེ་བར་ཧྲཱིཾཿདཀར་པོ། འདབ་མ་བརྒྱད་ལ་དབྱངས་ཡིག་གཉིས་ གཉིས་ཏེ་བཅུ་དྲུག་གིས་བསྐོར་བ་ལས་འོད་ཟེར་མར་མེའི་ཕྲེང་བ་ལྟར་དཀར་ཞིང་གསལ་བ་འཕྲོས། ལུས་ཀྱི་ནང་གང༌། མི་ཤེས་པའི་སུན་དང?་ལས?་ལ། བ་སྤུའི་སྒོ་ནས་ཕྱིར་འཕྲོས། རྒྱལ་བ་སྲས་བཅས་ཀྱི་མཁྱེན་རབས་ཐམས་ཅད་བསྡུས་ནས་རང་ཉིད་ལ་ཐིམ་པར་བསམས་ལ། ཨ་ཨཱ། ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿ ཧྲཱིཾཿཧྲཱིཾཿཧྲཱིཾཿ ཞེས་པ་བདུན་སོགས་ཅི་ནུས་དང༌། དེ་ནས་རང་གི་ཐུགས་ཀའི་ཧྲཱིཾཿགི་དྷཱ?་ད་ལ?་ཧྲཱིཾཿརེ་རེ་ཆད་རང་གི་ཞལ་ནས་ཐོན། ལྟེ་བར་ཞུགས། མགལ་མེའི་འཁོར་ལོ་ལྟར་འཁོར་བའི་འོད་ཟེར་གྱིས་མི་ཤེས་པའི་ རྨོངས་པ་ཐམས་ཅད་བསལ། ཤེས་རབ་ཀྱི་སྣང་བ་ཁྱད་པར་ཅན་ཐོབ་པར་བསམ་ལ། ཧྲཱིཾཿ yc+བརྒྱ་སྟོང་ཁྲི་འབུམ་སོགས་བཟླ། ཡང་སྐབས་དེར་སྐྱེ་འཕགས?་ཐམས་ཅད་ཀྱི་ཤེས་རབ་ཚུར་སྡུད་པའི་དམིགས་པ་དང༌། ཁྱད་པར་ཐུན་འཇོག་པའི་ཆེ་བྱའོ། །འདི་ལ་མ་གྲུབ་ན་སྦོག་ཆོག་ཞིག་གསུངས་ཀྱང་མ་བྲིས། བགེགས་ཟློག་པ་མ་ཁྲོ་བོ་གང་ @024B དྲུང་དང༌། དབུལ་བ་སེལ་ཆེད་ནོར་ལྷ་ཡང་བསྒོམས་ན་ལེགས་པར་གསུང༌། མཐར་ཡིག་བརྒྱ་བཟླ་བ་དང༌། བསྔོ་སྨོན་བྱའོ། །གཏོར་འབུམ་འོག་ནས་ཐུན་མོང་དུ་འཆད་པར་འགྱུར་རོ།། །།གདུགས་དཀར་ནི། སྐྱབས་སེམས་སོགས་སྔོན་དུ་འགྲོ་བས། ཤཱུ་ནྱ་ཏས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་ དཀྱིལ་འཁོར་གྱི་སྟེང་དུ་ཨོཾ་ལས་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་ཏོག་ལ་ཨོཾ་གྱིས་མཚན་པ། དེ་ལས་འོད་འཕྲོས། དོན་གཉིས་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་བཅོམ་ལྡན་འདས་གདུགས་དཀར་མོ་ཅན་སྐུ་མདོག་ཟླ་བ་ལྟར་དཀར་བ། ཞལ་གསུམ་ཕྱག་དྲུག པ། རྩ་ཞལ་དཀར། གཡས་སྔོ། གཡོན་དམར་བ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་ཞིང༌། ཅུང་ཟད་ཁྲོ་ཞིང་འཛུམ་པ། yc+འདི་ལས་?་མཚན་གྱི་ངོ་བོ་དང་གོ་རིམ་ཅུང་མི་འདྲ་བ་སྣང་བར?་རྒྱལ་དབང་ལྟར་བྱས་ན།-yc་གཡས་གསུམ་རིམ་པ་བཞིན་འཁོར་ལོ་ལྕགས་ཀྱུ་གཞུ། གཡོན་གསུམ་རིམ་པ་ བཞིན། རྡོ་རྗེ་མདའ་ཞགས་པ་དང་བཅས་པའི་སྡིགས་མཛུབ་ཅན། དབུ་སྐྲ་གནག་སྣུམ་རལ་པའི་ཐོར་ཚུགས་དང་ལྷག་མ་ལན་བུར་འཕྱང་བ། ནུ་འབུར་རྒྱས་ཤིང༌། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་སྤྲས་པ། འོད་ཕུང་འཕྲོ་བའི་དབུས་ན་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུ(Gs) པའི་སྤྱི་བོར་ཨོཾ་དཀར་པོ། ནས་ཐུགས་ཀའི་ཧཱུཾ་དང་ས་བོན་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་གདུགས་དཀར་མོ་ཅན་ལ་རྒྱལ་བ་སྲས་བཅས་ཀྱིས་བསྐོར་བ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿ ཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ནས་རྣམ་པར་ སྣང་མཛོད་ཀྱིས་དབུ་བརྒྱན་བར་གྱུར། ཨོཾ་ཨུ་(DZn'A)་ཥ་སི་ཏ་ཏཱ་པ་ཏྲི་ཨརྒྷཾ་yc+སོགས་ཀྱིས་མཆོད་ལ།-yc་རྒྱལ་བ་ཀུན་གྱི་མཚན་མཆོག?་གཙུག་ཏོར་ནས། །ལེགས་པར་འཁྲུངས་པའི་རྨད་བྱུང་ལྷ་མོ་ནི། །གཞན་གྱིས་མི་ཐུབ་གཙུག་ཏོར་གདུགས་དཀར་ཞས། །ཡོངས་སུ་གྲགས་པའི་ཞབས་ @025A ༄༅། །ལ་ཕྱག་འཚལ་ལོ། །ཞེས་བསྟོད། རང་གི་ཐུགས་ཀར་ཟླ་གདན་ལ་ཨོཾ་ཡིག་གི་མཐར་སྔགས་འཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་ནུས་མཐུ་ཐམས་ཅད་བསྡུས་ནས་རང་ཉིད་ལ་ཐིམ་པར་བསམས་ལ། ཨོཾ་སརྦ་ཏ་ཐཱ་ ག་ཏོ(shT'I) ཥ་སི་ཏ་ཏཱ་པ་ཏྲེ་ཧཱུཾ་ཕཊ་སྭཱ་ཧཱ། yc+ཞེས་དང༌།-yc་ཏདྱ་ཐཱ། ཨོཾ་ཨ་ན་ལེ་ཨ་ན་ལེ། བི་ཥ་དེ་བི་ཥ་དེ། བཻ་རེ་བཻ་རེ། བཛྲ་དྷ་རི་བྷཱནྡྷ་བྷནྡྷ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། yc+ཞེས་ཅི་ནུས་བཟླ། གཉན་སྔགས་མི་འདྲ་བ་ཞིག་ཀྱང་སྣང༌། མཇུག་ཧཱ?་ཡིག་བརྒྱ་བཟླས་ནས། མཆོད་བསྟོད་བསྔོ་སྨོན་བྱའོ།། །།ལོམ་གྱོན་མ་ནི། སྐྱབས་ འགྲོ་སོགས་སྔོན་དུ་བཏང༌།-yc་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རང་གི་སེམས་ཉིད་པཾ་སེར་པོ། དེ་ལས་འོད་འཕྲོས། དོན་གཉིས་བྱས། འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་རི་ཁྲོད་ལོ་མགྱོན་མ་སྐུ་མདོག་ལྗང་སེར། ཞལ་གསུམ་ཕྱག་དྲུག་པ། རྩ་ཞལ་ལྗང་སེར། གཡཥ་ དཀར། གཡོན་དམར་བ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་ཞིང༌། མེ་ཏོག་དམར་པོའི་ཐོད་དང་རལ་པའི་ཐོར་ཅོག་སྤྱི་བོར་བཅིངས་པ། ཕྱག་གཡས་གསུམ་རིམ་པ་བཞིན་རྡོ་རྗེ་དགྲ་སྟ་མདའ། གཡོན་གསུམ་རིམ་པ་བཞིན་སྡིགས་མཛུབ་དང་བཅས་པའི་ཞགས་པ་ ཤིང་ལོའི་ཆུན་པོ། གཞུ་བསྣམས་པ། ཤིང་ལོ་གཤིབས་པའི་སྟོད་གཡོགས་དང༌། སྟག་པགས་ཀྱི་ཤམ་ཐ(Bs) ཅན་རིན་པོ་ཆེ་དང་སྦྲུལ་གྱིས་བརྒྱན་པ། ཞབས་གཡས་བུས་མོ་དང་གཡོན་པའི་མཐིལ་གྱིས་ཟླ་གདན་ལ་བཞུགས་པའི་སྤྱི་བོར་ཨོཾ་དཀར་པོ། ནས་ཐུགས་ཀའི་ཧཱུཾ་ ལས་འོད་འཕྲོས། བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་དང་དབང་གི་ལྷ་རྣམས་སྤྱན་དྲངས། ཡེ་ཤེས་བ་ཛཿཧཱུཾ་བཾ་ཧོཿ དབང་གི་ལྷ་རྣམས་ཀྱིས་ཨོཾ་སརྦ་ནས་མི་བསྐྱོད་པས་དབུ་བརྒྱན་བར་གྱུར། ཨོཾ་ཨཱརྱ་པརྞ་ཤ་ཝ་རི་ཨརྒྷཾ་སོགས་ཀྱིས་མཆོད་ལ། རྒྱལ་བ་ཀུན་ @025B གྱི་ཡེ་ཤེས་སྒྱུ་མ་ཡི། །ཞེས་སོགས་ཀྱིས་བསྟོད། རང་གི་ཐུགས་ཀའི་བཾ་ཡིག་སྔགས་འཕྲེང་དང་བཅས་པ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་ནད་གདོན་ཐམས་ཅད་ཞི་བར་བྱས། རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་ཐམས་ཅད་བསྡུས་ནས་རང་ཉིད་ལ་ཐིམ་པར་ བསམས་ལ། ཨོཾ་པི་ཤཱ་ཙེ་པརྞ་ཤ་ཝ་རི་སརྦ་ཛྭ་ར་པྲ་ཤ་མ་ན་ཡེ་སྭཱ་ཧཱ། yc+ཞེས་ཅི་ནུས་བཟླ་བ་དང་ཡིག་བརྒྱ་འདོན་པ་སོགས་བྱའོ། །འདིའི་མངོན་རྟོགས་ལ་མི་འདྲ་བའི་སྣང་ངོ།། །།ལྷ་མོ་འོད་ཟེར་ཅན་ནི།-yc་སྐྱབས་འགྲོ་སོགས་སྔོན་དུ་བཏང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཕག་སེར་པོ་བདུན་གྱིས་ དྲངས་པའི་ཁྲིའི་སྟེང་དུ་བཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་མཱཾ?་སེར་པོ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་བ་ལས། རང་ཉིད་ལྷ་མོ་འོད་ཟེར་ཅན་སྐུ་མདོག་སེར་པོ། སྐུ་ཤ་སྙེམ?་པ། གཅེར་མོ་ རིན་པོ་ཆེའི་རྒྱན་སྣ་ཚོགས་བས་སྦྲས་ཤིང༌། ཞལ་གཅིག་ཕྱག་གཉིས་གཡས་མཆོག་སྦྱིན་དང་གཡོན་མྱ་ངན་མེད་པའི་ཤིང་གི་ཡལ་ག་འཛིན་པ། འོད་ཀྱི་ཕུང་པོའི་དབུས་ན། ཞབས་གཉིས་སྐྱིལ་ཀྲུང་ཕྱེད་སྟབས་ཀྱིས་བཞུགས་པའི་སྤྱི་བོར་ཨོཾ་ནས་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ནས་རྣམ་སྣང་གིས་དབུ་བརྒྱན་བར་གྱུར། ཨོཾ་ཨཱརྱ་མཱ་རི་ཙྱཽ་ཨརྒྷཾ་སོགས་ཀྱིས་མཆོད། གང་གི་མཚན་ཙམ་བཟུང་བས་ཀྱང༌། །མི་མཐུན་འཇིགས་པ་ཀུན་ལཥ་སྐྱོབ། །རེ་བ་ཡིད་ བཞིན་སྐོང་མཛད་མ། །འོད་ཟེར་ཅན་ལ་ཕྱག་འཚལ་ལོ། yc+།ཞེས་པ་མ་བསྟོད།-yc་རང་གི་ཐུགས་ཀར་ཟླ་གདན་གྱི་སྟེང་དུ་མཱཾ་ཡིག་གི་མཐར་སྔགས་འཕྲེང་གིས་བསྐོར་བ་ལས་འོད་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང༌། བ་སྦྲའི་སྒོ་ནས་ཕྱིར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་འཇིགས་ @026A ༄༅། །པ་མཐའ་དག་ཞི་བར་བྱས། རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི་བྱིན་རླབས་བསྡུས་ནས་རང་ཉིད་ལ་ཐིམ་པར་བསམས་ལ། ཨོཾ་མཱ་རི་ཙྱཻ་མཱཾ་སྭཱ་ཧཱ། yc+ཞེས་ཅི་ནུས་བཟླས་ན་འཇིགས་ཚོགས་ལས་གྲོལ་བར་འགྱུར་རོ། །མཐར་ཡིག་བརྒྱ་བརྗོད་པ་སོགས་བྱའོ། །འདི་ལ་མངོན་རྟོགས་?་འདྲ་བ་ཡང༌།། །། ཁྲོ་གཉེར་ཅན་ནི།-yc་སྐྱབས་འགྲོ་སོགས་སྔོན་དུ་བཏང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་སྟེང་དུ་བྷྲྀཾ་སེར་པོ་ལས་འོད་འཕྲོས། དོན་གཉིས་བྱས། འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་ལྷ་མོ་ཁྲོ་གཉེར་ཅན་སྐུ་མདོག་སེར་མོ། ཞལ་གཅིག་ཕྱག་བཞི་པ། གཡས་གཉིས་མཆོག སྦྱིན་ནང་བགྲང་ཕྲེང༌། གཡོན་གཉིས་རིན་པོ་ཆེའི་དབྱུག་པ་དང་སྤྱི་བླུགས་འཛིན་པ། རལ་པའི་ཐོར་ཅོག་ཅན། དབུ་རྒྱན་ལ་སོགས་པའི་རིན་པོ་ཆེ་དང་ལྷ་རྫས་ཀྱི་གོས་སྣ་ཚོགས་པས་སྤྲས་པ། འོད་ཟེར་འཕྲོ་བའི་དབུས་ན་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་སྤྱི་བོར་ཨོཾ་ནས་རང་ འདྲའི་ཡེ་ཤེས་པ་ཨོཾ་བཛྲ་ས་མཱ་ཛཿ ཛཿ ཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ནས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། ཨོཾ་ཨཱརྱ་བྷྲིཾ་ཀུ་ཊི་ཨརྒྷཾ་ནས་ཤཔྟའི་པར་གྱིས་མཆོད། རྒྱལ་བའི་འཕྲིན་ལས་མ་ལུས་པ། །གཅིག་བསྡུས་ལྷ་མོའི་གཟུགས་སུ་ཤར། །དྲན་པས་དངོས་གྲུབ་ མཆོག་སྩོལ་བའི། །ཁྲོ་གཉེར་ཅན་ལ་ཕྱག་འཚལ་ལོ། །ཞེས་བསྟོད། རང་གི་ཐུགས་ཀའི་ས་བོན་ལས་འོད་ཕྲོས། སངས་རྒྱས་སྲས་བཅས་ཀྱི་བྱིན་རླབས་ཐམས་ཅད་དྲངས་ནས་རང་ཉིད་ལ་ཐིམ་པར་བསམས་ལ། ཨོཾ་བྷིཾ་སྭཱ་ཧཱ། yc+ཞེས་བཟླས་ནས་ཡིག་བརྒྱ་བརྗོད་པ་སོགས་བྱའོ།། །། རིག་བྱེད་མ་ནི། སྐྱབས་འགྲོ་སོགས་སྔོན་དུ་བཏང༌།-yc་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་ཧྲཱིཿ དམར་པོ། དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་ལྷ་མོ་རིག་བྱེད་མ་དམར་པོ་ཞལ་གཅིག་ཕྱག་བཞིའི་ @026B ?་?་པོ་ན་གཉིས་ཀྱིས་ཨུཏྤ་ལའི་མདའ་གཞུ་འགེངས་ཤིང༌། འོག་མ་གཉིས་སྐྱབས་སྦྱིན་དང་ཨུཏྤལ་འཛིན་པ། དང་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་ཤིང་སྒེག་པའི་ཉམས་དང་ལྡན་པ། འོད་དམར་སེར་གྱིས་བསྐོར་བའི་དབུས་ན་ཞབས་གཡས་བསྐུམ་ཞིང་གཡོན་བརྐྱངས་ནས་བཞེངས་པའི་སྟབས་ ཀྱིས་བཞུགས་པའི་སྤྱི་བོར་ཨོཾ་དཀར་པོ། ནས་རང་འདྲའི་ཡེ་ཤེས་ཨ་ཨོཾ་བཛྲ་ས་མཱ་ཛཿ ནས་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། ཨོཾ་ཀུ་རུ་གུ་ལེ་ཨརྒྷཾ་སོགས་ཀྱིས་མཆོད་ལ། སྐུ་མདོག་དམར་མོ་མདའ་གཞུ་འགེངས། །ཁམས་གསུམ་སྐྱེ་འགྲོ་དབང་དུ་སྡུད། །དྲན་པ་ཡིས་ཀྱང་འདོད་པའི་དོན་ འགུགས་མཛད་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་བསྟོང༌། རང་གི་ཐུགས་ཀའི་ཧྲཱིཿ ཡིག་སྔགས་ཕྲེད་དང་བཅས་པ་ལས་འོད་འཕྲོས། སངས་རྒྱས་སྲས་བཅས་ཀྱི་བྱིན་རླབས་ཐམས་ཅད་བསྡུས་ནས་རང་ཉིད་ལ་ཐིམ་པར་གྱུར། ཨོཾ་ཀུ་རུ་ཀུ་ལཱི་ཧྭཱིཿ སྭཱཧཱ། yc+ཅི་ནུས་བཟླ་ཞིང༌། གང་འདོད་པའི་བསྒྲུབ་བྱ་དེ་འགུགས་པའི་དམིགས་པ་བྱས་ན་དབང་དུ་ འགྱུར་རོ། །མཐར་ཡིག་བརྒྱ་བཟླ་བ་སོགས་བྱའོ།། །།ནོར་རྒྱུན་མ་ནི། སྐྱབས་འགྲོ་སོགས་བྱས་ནས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བཾ་སེར་བོ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ ཡོངས་སུ་གྱུར་པ་ལས་རང་ཉིད་ལྷ་མོ་ནོར་རྒྱུན་མ་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་མ། ལར་ཚོ་རྒྱས་ཤིང་རིན་པོ་ཆེ་དད་དང་སྣ་ཚོགས་ཀྱིས་ཀླུབས་པ། ཕྱག་གཡས་མཆོག་སྦྱིན་དང༌། གཡོན་འབྲུའི་སྙེ་མ་དང་རིན་པོ་ཆེའི་བུམ་པ་བསྣམས་པ། འཇའ་ཟེར་འཁྲིགས་པའི་དབུས་ན་ཞབས་རྡོ་རྗེའི་ སྐྱིལ་ཀྲུང་གིས་བཞུགས་པའི་སྤྱི་བོར་ཨོཾ། ནས། འོད་ཟེར་འཕྲོས་རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་བ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ ནས་རིན་འབྱུང་གིས་དབུ་བརྒྱན་པར་གྱུར། ཨོཾ་བ་སུ་དྷ་རི་ཨརྒྷཾ་སོགས་ཀྱི་མཆོད་ལ། ཕུན་ཚོགས་དགེ་ལེགས་ཀུན་འབྱུང་ @027A ༄༅། །བཅོམ་ལྡན་མ། །དཔལ་དང་འབྱོར་པའི་དབང་ཕྱུག་ནོར་རྒྱུན་མ། །ཡིད་ལ་རེ་བའི་བཀྲ་ཤིས་སྩོལ་མཛད་མ། །ལྷ་མོ་ནོར་རྒྱུན་མ་ལ་ཕྱག་འཚལ་ལོ། །ཞེས་བསྟོད། རང་གི་ཐུགས་ཀའི་བཾ་ཡིག་སྔགས་ཕྲེང་དང་བཅས་པའི་འོད་ཟེར་གྱིས་སྲིད་པ་གསུམ་གྱི་འདོད་ རྒུ་ཐམས་ཅད་ཀྱང་རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་དང་ལྷན་ཅིག་བསྡུས་ནས་རང་ཉིད་ལ་ཐིམ་པར་བསམས་ལ། ཨོཾ་པ་སུ་དྷ་རི་ནི་སྭཱ་ཧཱ། yc+ཞེས་མང་དུ་བཟླས་ན་དབུ་ལ་བ་སེལ་བར་འགྱུར་རོ། །མཐར་ཡིག་བརྒྱ་བཟླ་བ་སོགས་བྱའོ།། །།འཇོམས་སེར་བོ་ནི། སྐྱབས་འགྲོ་སོགས་སྔོན་དུ་བཏང༌། སྭ་བྷཱ་ཝས་སྦྱངས-yc་ སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་ཛཾ་སེར་པོ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཛཾ་ཡིག་ལ་ཐིམ། ཡོངས་སུ་གྱུར་བ་ལས། རང་ཉིད་ཛམྦྷ་ལ་སེར་པོ། ཞལ་གཅིག་ཕྱག་གཉིས་ཀྱི་གཡས་བི་ཛ་པཱུ་ར་ཀ་དང༌། གཡོན་ནེའུ་ལེ་ འཛིན་པ། ཨུཏྤ་ལའི་ཕྲེང་བ་ཅན། ལྷའི་དར་དང་རིན་པོ་ཆེས་བརྒྱན་ཅིང༌། ཞབས་ཕྱེད་སྐྱིལ་གྱིས་དུང་དང་པདྨའི་གཏེར་མནན་པའི་སྤྱི་བོར་ཨོཾ་ནས་རང་བཞིན་གྱི་གནས་ནས་རང་འདྲའི་ཡེ་ཤེས་པ་དང༌། དབང་གི་ལྷ་རྣམས་སྤྱད་དྲངས། ཛཿཧཱུཾ་བཾ་ཧོ། དབང་གི་ལྷ་རྣ(Ms) ཀྱིས་ཨོཾ་སརྦ་ནས་རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན་པར་གྱུར། ཨོཾ་ཨཱརྱ་ཛམྦྷ་ལས་བཱ་རི་ཝཱ་ར་ཨརྒྷཾ་yc+སོགས་ཀྱིས་མཆོད།-yc་ནོར་གྱི་དབང་ཕྱུག་རིན་ཆེན་གཏེར་མངའ་ཞིང༌། །གནོད་སྦྱིན་ནོད་འཆང་མང་པོ་ཀུན་གྱི་རྗ། །བྱང་ཕྱོགས་སྐྱོང་བའི་མགོན་པོ་ཛམྦྷ་ལ། །དངོས་གྲུབ་མཆོག སྩོལ་མཛད་ལ་ཕྱག་འཚལ་ལོ། །ཞེས་བསྟོད། རང་གི་ཐུགས་ཀར་ཟླ་དཀྱིལ་གྱི་སྟེང་དུ་ཛཾ་ཡིག་གི་མཐར་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་དབུལ་འཕོངས་ཞི་བར་བྱས། སྲིད་ཞིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་ཐམས་ཅད་བསྡུས་ནས་ @027B རང་ཉིད་ལ་ཐིམ་པར་yc+བསམས་ལ།-yc་ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ། yc+ཞེས་པ་ཅི་ནུས་དང༌། མཐར་ཡིག་བརྒྱ་བཟླས་ནས་མཆོད་བསྟོད་སོགས་བྱའོ། །གཏོར་མ་འདུལ་ན། འོག་ནས་འཆད་པ་ལྟར་བྱིན་གྱིས་བརླབས་ནས། སྤྱན་དྲངས་ལ་ཕུལ་ཏེ། མཆོད་བསྟོང་བྱས་ལ།-yc་བཅོམ་ལྡན་འདས་བདག་ལ་འདོད་རྒུའི་དངོས་གྲུབ་མ་ལུས་པ་སྩལ་དུ་ གསོལ། ཞེས་གསོལ་བ་བཏབ། བཟོད་པ་གསོལ་ནས། གཤེགས་གསོལ་བྱའོ།། །།འདིའི་ཆུ་སྦྱིན་བྱེད་པར་འདོད་ན་ཡོ་བྱང་སྟ་གོན་བྱ་སྟེ། དེ་ཡང་སྐུ་ཡོད་ན་ཟངས་གཞོང་དུང་ཞག་ལ། བསངས་སྦྱངས་རང་ཉིད་ཞེས་པའི་ཚིག་འདོར་བ་མ་གཏོགས་གོང་ལྟར་བསྐྱེད་ཝ་དབང་བསྐུར་རྒྱས་འདེབས་?་ཆོས་བསྟོད་ཀྱི་བར་བྱ། ད་ནས་རང་ཉིད་ སྤྱན་རས་གཟིགས་སུ་གསལ་བ་ཡི། །ཕྱག་མཐིལ་ཟླ་བར་བྷུཾ་ཨཾ་ཛིཾ་ཁཾ་ཧཱུཾ། །རྣམས་ལས་རིགས་ལྔ་བདུད་རྩིར་ཞུ་བའི་ཆུ། །མཛུབ་མོ་ལས་བབས་ཛཾ་ལྷའི་དབུ་ལ་འབུལ། །ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ། yc+ཞེས་པའི་སྔགས་བརྒྱ་རྩ་བཟླ་ཞིང་ཆུ་སྦྲེད། མཐར-yc་བཅོམ་ལྡན་འདས་འདོད་ གི་དབུལ་འཕོངས་ཀྱི་སྡུག་བསྔལ་ཞི་ནས་ལོངས་སྤྱོད་ཟད་མི་ཤས་པ་འབྱུང་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་གདབ། ?་གསོལ་སོགས་བྱའོ།། །།ཇི་ལྟ་དཀར་བའི་ཆུ་སྦྱིན་བྱེར་པར་འདོད་པས། ཨོ་བྱ་དེ་སྟ་གོན་བྱས་ཏེ། སྐྱབས་འགྲོ་སེམས་བསྐྱེད་སོགས་སྔོན་དུ་བཏང་ནས། རང་ཉིད་སྤྱན་རས་ གཟིགས་ཁ་སརྦ་ཎིར་གསལ་བར་གྱུར་yc+པར་བསམས་ལ། མདུན་དུ་རྟེན་ཡོད་དམ་མེད་ཀྱང-yc་ཨ་མྲྀ་ཏ་yc+ས་བསངས།-yc་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨའ་དབ་མ་བཞི་པའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཛཾ་དཀར་པོ། དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་རྣམས་ ཀྱི་དབུ་ལ་འཕོངས་ཀྱི་སྡུག་བསྔལ་བསལ། ཚུར་འདུས་ཡོངས་སུ་གྱུར་པ་ལས་འཕགས་པ་ཛཾ་བྷ་ལ་སྐུ་མདོག་གངས་རིའི་མདོག་ལྟར་དཀར་བ། ཞལ་གཅིག་ཕྱག་གཉིས་པ། ཞི་ཞིར་འཛུམ་ལ་ཆགས་པའི་ཉམས་ཅན་ཡིད་ཙམ་ཁྲོས་པ། སྤྱན་གསུམ་པ། དབུ་སྐྲ་ཁམ་སེར་ @028A ༄༅། །གྱེན་དུ་བརྫེས་ཤིང་སྨར་དང་སྨིན་མ་ཁམ་སེར་དུ་འཁྱེལ་བ། ཕྱག་གཡས་ཁ་ཊྭཱཾ་རྩེ་གསུམ་དང༌། གཡོན་རིན་པོ་ཆེའི་བེ་ཅོན་བསྣམས་པ། དབུ་རྒྱན་ལ་སོགས་པ་རིན་པོ་ཆེའི་རྒྱན་གྱིས་སྦྲས་ཤིང༌། དར་གྱི་ཡུག་གོན་སྟོད་གཡོགས་ཀྱི་ཚུལ་དུ་ འཕྱང་བ། བཉྩ་ལི་ཀའི་ཤམ་ཐབས་ཅན་གཡུ་འབྲུག་གི་སྟེང་ན་ཞབས་གཉིས་ཕྱེད་སྐྱིལ་གྱིས་ཚུལ་དུ་བཞུགས་པ། དེའི་ཤར་གྱི་འདབ་མ་ལ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་བ་ལས་རྡོ་རྗེ་ཌཱ་ཀིམ་ནམ་མཁའི་མདོག་ཅན་ཞལ་གཅིག་ཕྱག་གཉིས་མ། གཡས་གསེར་གྱི་རྡོ་རྗེ་དང༌། གཡོན་པས་རྟེན་འབྲེལ་གྱི་ནོར་རྫས་བསྣམས་པ། ལྷོར་ཏྲཱཾ་ལས་རིན་པོ་ཆེའི་ཏྲཱཾ་གིས་མཚན་པ་ལས། རིན་ཆེན་ཌཱ་ཀིམ་སེར་མོ་གཡས་ནོར་བུ་རིན་པོ་ཆེ་དང་གཡོན་བུམ་པ་འཛིན་པ། ནུབ་ཏུ་པཾ་ལས་པདྨ་བཾ་གྱིས་མཚན་པ་ལས། པདྨ་ཌཱ་ཀི་མ་དམར་མོ་གཡས་པདྨ་དང་གཡོན་ལྕགས་ ཀྱུ་བསྣམས་པ། བྱང་དུ་ཁཾ་ལས་རལ་གྲི་ཁཾ་གིས་མཚན་པ་ལས། ལས་ཀྱི་ཌཱ་ཀི་མ་ལྗང་ཁུ་གཡས་རྡོ་རྗེ་རྒྱ་གྲམ་དང༌། གཡོན་ནེའུ་ལེ་ནོར་བུ་སྐྱུགས་པ་བསྣམས་པ། ཐམས་ཅད་ཀྱང་རིན་པོ་ཆེའི་རྒྱན་དང་དང་གྱི་ན་བཟའ་གསོལ་བ། ཞབས་གཡས་བསྐུམས་གཡོན་བརྐྱངས་པའི་དོར་ སྟབས་ཀྱིས་བཞུགས་པ། གཙོ་འཁོར་རྣམས་ཀྱི་དཔྲལ་བར་ཨོཾ་ནས་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་ཀྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་གཙོ་འཁོར་ལྔ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲས་མཱ་ཛཿ ཛཿ ཧཱུཾ་ བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ནས་ཆུའི་ལྷག་མ་ཡར་ལུད་པ་ལས་གཙོ་བོ་ལ་འོད་དཔག་མེད་དང༌། འཁོར་རྣམས་ལ་རང་རང་གི་རིགས་བདག་ཀྱིས་དབུ་བརྒྱན་པར་གྱུར་yc+པར་བསམས་ལས།-yc་གཙང་ཞིང་དྲི་མེད་རྒྱན་ལྡན་ཆུ་ཕུལ་བ། །མུ་ཏིག་ཕྲེང་བར་གྱུར་ནས་གཙོ་འཁོར་གྱི། ། @028B སྐུ་གང་ཟུག་རྡུ་ཞི་ཞིང་བདེ་དང་ལྡན། །ཞལ་ནས་མུ་ཏིག་དངོས་གྲུབ་ཆར་རྒྱུན་ཕོབ། yc+།ཞེས་གསོལ་བ་བཏབ་སྟ་ཆུ་གཙང་ཟངས་གཞོང་དུ་སྦྲེང་ཞིང༌།-yc་ཨོཾ་པདྨ་ཀྲོ་དྷ་ཨཱརྱ་ཛཾ་བྷ་ལ་ཧྲྀ་ད་ཡ་ཧཱུཾ་ཕཊ། yc+ཅེས་པའི་སྔགས་བརྒྱ་རྩ་བཟླ། དེ་ནས་མཆོད་པ་ཡོད་ན་ཕྱིན་གྱིས་བརླབས་ལ།-yc་ཨོཾ་པདྨ་ཀྲོ་དྷ་ཨཱརྱ་ཛཾ་བྷ་ལ་ས་པཱ་རི་ཝ་ར་ ཨརྒྷཾ་yc+ནས-yc་ཤཔྟyc+འི་བར་གྱིས་མཆོད།-yc་ཤེལ་(DKKA)ར་ཞུན་མའི་ཕུང་པོ་དབང་གཞུ་ཡིས། །རབ་དཀྲིས་གར་དགུའི་ཉམས་ལྡན་གནོད་སྦྱིན་དབང༌། །འདོད་དགུའི་དངོས་གྲུབ་ཆར་ལྟར་འབེབས་མཛད་པ། །དཔལ་ལྡན་ཛཾ་བྷ་ལ་ལ་ཕྱག་འཚལ་བསྟོད། yc+།ཞེས་བསྟོད་རྟེན་ཡོད་ན-yc་འདི་ཉིད་གཟུགས་དང་ yc+ཞེས་སོགས་ཀྱི་བརྟན་བཞུགས་དང༌། མེད་ན-yc་བཛྲ་མུཿ ཡེ་ཤེས་པར་ད་གནས་སུ་གཤེགས། དམ་ཚིག་པ་རང་ཉིད་ལ་ཐིམ་པར་yc+བསམས་ལ།-yc་ཆུ་མཐེབ་སྲིན་གྱིས་རང་གི་ལྕེ་ཐོག་ཏུ་བཞག་སྟེ་དངོས་གྲུབ་བླང༌། ཆུ་ཅུང་ཟད་རེ་ཕྱོགས་བཞིར་གཏོང་ཞིང་ཡིག་བརྒྱ་བཟླ། ལྷག་མ་ལ་ལོངས་སྤྱད་དོ།། །།སེང་གདོང་མ་ནི། སྐྱབས་འགྲོ་སོགས་ བྱས་ལ།-yc་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་སྣ་ཚོགས་པདྨ་དང་ཉེ་མའི་གདན་ལ་རང་གི་སེམས་ཉིད་ཧཱུཾ་ལས་གྲི་གུག་ཧཱུཾ་གིས་མཚན་པ་ལས་འོད་འཕྲོས། དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། །ཆུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་ གེའི་གདོང་པ་ཅན། མགྲིན་པ་ཡན་སེང་གེ་ཁྲོས་པ་ལྟ་བུ་དཀར་པོ། མན་ཆད་མཐིང་ནག །ཞལ་གཅིག་ཕྱག་གཉིས་ཀྱི་གཡས་གྲི་གུག་འཕྱར་ཞིང༌། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པའི་མཆན་ཁུང་ན་ཁ་ཊྭཱཾ་ག་བསྣམས་པ། ཐོད་སྐམ་ལྔའི་དབུ་རྒྱན་དང་རློན་པ་སྔ་བཅུའི་དོ་ཤལ་འཕྱང་བ། མི་ལྤགས་ཀྱི་གཡང་གཞིས་སྟོད་གཡོགས་ཤིང༌། སྟག་ལྤགས་ཀྱི་ཤམ་ཐབས་ཅན། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་ཞབས་གཡས་པའི་རྟིང་པ་བརླ་ལ་བརྟེན་ཅིང༌། གཡོན་བརྐྱངས་པའི་གར་སྟབས་ཀྱིས་རོའི་གདན་ལ་བཞུགས་པའི་སྤྱི་བོར་ཨཾ་ནས་འོད་ཟེར་འཕྲོས། @029A ༄༅། །རང་བཞིན་གྱི་གནས་ནས་ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་ལ་སངས་རྒྱས་བྱང་སེམས་ཀྱིས་བསྐོར་བ་དང་དབང་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས། ཨོཾ་སིདྷ་མུ་ཁ་ས་བཱ་རི་ཝཱ་ར་ཨརྒྷཾ་yc+སོགས་ཀྱིས་མཆོད་ལ་བསྟོད།-yc་ཡེ་ཤེས་པ་ཛཿ ཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། དབང་གི་ལྷ་རྣམས་ཀྱིས་ཨོཾ་སརྦ་ནས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། རང་གི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ཡིག་གི་མཐར་སྔགས་ཕྲེང་གིས་བསྐོར་བ་ལས་འོད་དྲག་ཏུ་འཕྲོས་གདུག་བ་ཅན་ཐམས་ཅད་ཚར་བཅད། རྒྱལ་བ་སྲས་བཅས་ཀྱི་མཐུ་སྟོབས་ནུས་པ་ཐམས་ཅད་བཀུག་ནས་རང་ཉིད་ལ་ཐིམ་པར་བསམས་པ། ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊཿ yc+ཅེས་བཟླསླ།ཐལ་མོ་ཉི་ཟླ་ཁ་སྦྱོར་གྱི་བར་དུ་བརླག་པའི་དམིགས་པས།-yc་བླ་མ་ཡང་དག་པ་ཡོངས་ཀྱི་དགེ་བའི་བཤེས་གཉེན་རྣ(Ms) གྱི་བདེན་པ་དང༌། སངས་རྒྱས་ཆོས་དགེ་འདུན་ཡི་དམ་ཆོས་སྐྱོང་རྣམས་ཀྱི་ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་ལ་སོགས་པ་མཁའ་འགྲོ་མ་བྱེ་བ་འབུམ་སྡེའི་ཚོགས་ཀྱི་བདེན་པ་དང་བདེན་པའི་བྱིན་གྱིས་རླབས་ཀྱིས། བདག་ཅག་དཔོན་སློབ་སྦྱིན་བདག ?་ དང་བཅས་པ་ཐམས་ཅད་ལ། ལོ་ཟླ་གཞག་གསུམ་གྱི་སྐེ་ག་དང་རྨི་ལམ་ལྟོས་མཚན་ངན་པ་དང༌། ཕ་རོལ་གྱི་དགྲ་བགེགས་མི་མ་ཡིན་ལ་སོགས་པའི་གནོད་ཅིང་འཚེ་བར་བྱེད་པ་ཐམས་ཅད་ཟློག་པར་གྱུར་ཅིག །མེད་པར་གྱུར་ཅིག །ཞི་བར་གྱུར་ཅིག yc+།ཅེས་ལན་གསུམ་མམ་གཅིག་བརྗོད་ལ་ཐལ་ མོ་བརྡབ་བོ།-yc༌།གདོན་བགེགས་བར་ཆད་ཐམས་ཅད་ཉེར་ཞི་ཞིང༌། །མི་མཐུན་གནོད་པའི་རྐྱེན་དང་དྲལ་བ་དང༌། yc+།ཞེས་སོགས་བརྗོད་དོ།། །།རྡོ་རྗེ་མཁའ་འགྲོའི་སྦྱིན་སྲེག་ནི། ཏིལ་དང་མེ་སྟ་གོན་བྱས་ལ། སྐྱབས་འགྲོ་སོགས་སྔོན་དུ་བཏང༌། མེ-yc་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ @029B དང་ལས་རཾ་ལས་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་སུ་ཧཱུཾ་ལས་རྡོ་རྗེ། དེ་ཡོངས་སུ་གྱུར་པ་ལས། ཁྲེ་བོ་རྡོ་རྗེ་མཁའ་འགྲོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དྲིལ་བུ་འཛིན་པས་ཧཱུཾ་མཛད་ཀྱི་ཕྱག་རྒྱ་འཆིང་བ། ཞལ་གནམ་དུ་གདངས་ཤིང༌། མཆེ་བ་རྣོན་པོ་བཞི་ གཙིགས་པ། ཐོད་སྐམ་ལྡང་དབུ་བརྒྱན་ཅིང༌། རློན་པ་ལྔ་བ་ཅུའི་དོ་ཤལ་འཕྱང་བ། སྟག་ཤམས་གསོལ་ཉིད། ཞབས་གཉིས་ཟླམ་བོང་བཞུགས་པའི་སྤྱི་བོར་ཨོཾ་དཀར་བོ། ནས་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། རང་བཞིན་གྱི་གནས་ནས་རྡོ་རྗེ་མཁའ་འགྲོ་ལ་སངས་རྒྱས་ དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྦྱན་དྲངས། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ནས་མི་བསྐྱོད་པས་དབུ་བརྒྱན་བར་གྱུར། ཨོཾ་བཛྲ་ཌཱ་ག་ས་པཱ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟའི་yc+བར་གྱིས་མཆོད།-yc་མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁས་ པ་ཆེ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ། yc+།ཞས་བསྟོད།-yc་རང་ཐ་མལ་དུ་གནས་པའི་སྙིང་ཁར་སྡིག་པའི་ས་བོན་པཾ་ནག་པོ། སྟེ་བར་རཾ་ལས་མེའི་དཀྱིལ་འཁོར་དམར་པོ། །རྐང་མཐིལ་གཉིས་སུ་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ། པཾ་ ཡིག་ལས་འོད་ཟེར་འཕྲོས། སྒོ་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་འོད་ཟེར་ནག་པོའི་རྣམ་པར་བཀུ་གནས་པཾ་ཡིག་ལ་ཐིམ། འོག་གི་རླུང་གཡོས་རྐང་མཐིལ་ནས་ཞུགས། ལྟེ་བའི་མེ་སྦབ། དེའི་འོད་ཀྱིས་སྙིང་ཁའི་པཾ་ཡིག་དེད་དེ་སྣ་སྒོ་ནས་ཐོན། སྡིག་པརྭ་ཅན་གྱི་རྣམ་པར་གྱུར་ནས་ ཏིལ་ལ་ཐིམ་པས་རྡོ་རྗེ་མཁའ་འགྲོའི་ཞལ་དུ་གསོལ་བར་གྱུར་པར་བསམས་ལ། ཨོཾ་བཛྲ་ཌཱ་ཀ་ཁ་ག་དཱ་ཧི་ཁཱ་ཧི་སརྦ་པཱ་བཾ་ད་ཧ་ན་བྷ་ཥྨི་ཀུ་རུ་སྭཱ་ཧཱ། བདག་གི་སྡིག་སྒྲིབ་དང་དམ་ཆིག་ཉམས་ཆགས་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱ་ཧཱ། yc+ཞེས་བརྗོད་པ་དང་ཏིལ་མེར་འདོར་བ་མཉམ་དུ་བྱེད་ཅིང་གྲངས་སྐབས་དང་སྦྱར།-yc་ @030A ༄༅། །མཇུག་ཏུ་མཆོད་བསྟོད་སྔར་བཞིན་བྱས་ལ། མ་རྙེད་ཡོངས་སུ་མ་ཤེས་དང༌། །ཞེས་སོགས་ཀྱི་ཚིག་བཅད་གཅིག་གིས་བཟོད་གསོལ་བྱས། ཨོཾ་བཛྲ་མུཿ ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་འོད་དུ་ཞུ་ནས་མེ་འབར་བའི་རྣམ་པ་ཅན་དུ་གྱུར། yc+ཅེས་ བརྗོད་ཅིང་མི་མ་ཤིའི་བར་བེ་ལ་མི་རེག་ཅིང་ཤེ་ནས་ཀྱང་ཐལ་བ་གཙང་སར་བསྐྱལ་ལོ། །འདི་ལྟར་ལན་མང་དུ་བྱས་ན་སྡིག་ལྟུང་སྤྱི་དང་དམ་ཚིག་ཉམས་པ་སོགས་ཀྱི་ཉེས་བ་བདག་ཅིང༌། བར་གཅོད་བཟློག་པ་ལ་པར་བསྔས་སོ། །ཞེས་རྗེ་ཡབ་སྲས་ཀྱི་མན་ངག་ལས་འབྱུང་ངོ།། །།ཁྱུང་ཁྲ་ནི། སྐྱབས་འགྲོ་སོགས་བྱས་ལ།-yc་ སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཉི་མ་ཟླ་བ་སྒྲ་གཅན་གྱི་སྟེང་དུ་ཀླུའི་རྒྱལ་པོ་སོག་མ་མེད་གན་རྒྱལ་དུ་སྒྱེལ་བའི་གདན་ལ་རང་གི་སེམས་ཉིད་ཁྲ་ལྗང་སྔོན། དེ་ལས་འོད་འཕྲོས། གདོན་རིགས་གདུག་པ་ཅན་ཐམས་ཅད་ཚར་བཅད། ཚུར་འདུས་ཡོངས་སུ་གྱུར་པ་ ལས་རང་ཉིད་རྡོ་རྗེ་ཁྱུང་ཁྲ་འོ་སྣ་ཚོགས་པའི་སྐུ་མདོག་ཅན། བརླ་གཉིས་སའི་རང་བཞིན་སེར་པོ། ལྟོ་བ་ཆུའི་རང་བཞིན་དཀར་པོ། སྟོད་མེའི་རང་བཞིན་དམར་པོ། མགོ་བོ་རླུང་གི་རང་བཞིན་ནག་པོ། སྤྱི་བོ་དང་གཤོག་པ་ནམ་མཁའི་རང་བཞིན་ཁ་དོག་སྣ་ཚོགས་པ། རྡོ་རྗེའི་ རང་བཞིན་ཅན་གྱི་མཆུ་དང་རྭ་ཤིན་ཏུ་རྣོ་བ། རྭ་བར་ན་ཡིད་བཞིན་གྱི་ནོར་བུ་དང༌། ཕྲག་པ་གཡས་གཡོན་ན་ཉི་ཟླས་བརྒྱན་པ། ཕྱག་གཡས་སྐྱབས་སྦྱིན་དང་གཡོན་སྡིགས་མཇུབ་མཛད་ཅིང༌། སྤྲིན་ཕུང་ལ་སྐུ་རྒྱབ་བརྟེན་ནས་ཞབས་གཉིས་ཅོག་བུའི་ཚུལ་གྱིས་བཞུགས་པ། མགྲིན་པར་པདྨ་འདབ་མ་བཞི་པའི་དབུས་སུ་སངས་རྒྱས་ཀྱི་ཁྱང་དཀར་བོ་?་འཁོར་པོ། ཤར་དུ་རྡོ་རྗེའི་ཁྱུང་སྔོན་པོ་གཡས་རྡོ་རྗེ། ?་རིན་པོ་ཆེའི་བྱུང་སེར་པོ་གཡས་རིན་པོ་ཆེ། ནུབ་ཏུ་པདྨའི་ཁྱུང་དམར་པོ་གཡས་པདྨ། བྱང་དུ་ལས་ཀྱི་ཁྱུང་ལྗང་ཁུ་གཡས་རལ་གྲི་ @030B འཛིན་ཅིང༌། གཡོན་ཐམས་ཅད་རང་རང་གི་ཁ་དོག་ཅན་གྱི་སྦྲུལ་བཟུང་ནས་ཟ་བ། རྭ་དང་མཆུ་སྡེར་ཤིན་ཏུ་མ་བཟད་པ་དང་ལྡན་པ། ཐུགས་ཀར་པད་འདབ་བཞི་ལ་ཁྱུང་ལྔའི་ངོ་བོ། དབུས་སུ་ཨོཾ་དཀར་བོ། ཤར་དུ་བ་སྔོན་པོ། ལྷོར་ཀྵི་སེར་པོ། ནུབ་ཏུ་སྭཱ་དམར་པོ། བྱང་དུ་ཧཱ་?་ ཁུ། སྤྱི་བོར་ཨོཾ་དཀར་པོ། ནས་རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་ཀྱི་ཁྱུང་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ སླར་ཡང་ནས་རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་གྱུར། yc+མཆོད་པ་ཡོད་ན།-yc་ཨོཾ་བཛྲ་ག་རུ་ཌ་ཧཱུཾ་ཕཊ། ཨོཾ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་?་ ལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་བཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། ནས་རོལ་མོ་རྣམས། བདེ་སྟོང་རྣམ་པ་མཆོད་རྫས་བྱེད་ལས་དབང་པོ་དྲུག་གི་སྤྱོད་ཡུལ་དུ་བདེ་བ་ཁྱད་པར་ཅན་སྟེར་བར་གྱུར། ཨོཾ་ཨཱཿཧཱུཾ། yc+ལན་གསུམ་གྱི་བྱིན་གྱིས་བརླབས།-yc་ཨོཾ་བཛྲ་ག་རུ་ཌ་ཨརྒྷཾ་yc+སོགས་ཀྱིས་མཆོད་ཁ།-yc་རིགས་ལྔའི་ཀླུ་འདུས་རྡོ་རྗེའི་གཤོག་སྒྲོ་ལྡན། །ཉོན་མོངས་དུག་ལྔ་འཇོམས་པའི་སྒྲ་ཆེན་སྒྲོག །ཡེ་ཤེས་ལྔ་ལྡན་མཁའ་ལྡིང་དབང་པོ་ལ། །ཡན་ལག་ལྔས་འདུད་གདོན་གསུམ་ཞི་བར་མཛད། །རང་གི་ མགྲིན་པའི་ཁྱུང་དང༌། སྙིང་ཁའི་ཡི་གེ་ལས་འོད་ཟེར་སྣ་ཚོགས་པ་འཕྲོས་པའི་སྣེ་ལས་ཁྱུང་ལྔའི་ཚོགས་འཕྲོས། ཀླུ་དང་ས་བདག་གི་གདོན་དང་དུག་ཐམས་ཅད་བཅོམ། སླར་འདུས་སོ་སོ་ལ་ཐིམ་པར་གྱུར། yc+བར་བསམས་ལ།-yc་ཨོཾ་བ་ཀྵི་སྭཱ་ཧཱ། yc+འབུམ་ཕྲག་སོགས་བཟླའོ།-yc་སྙིང་ཁར་ཡང་ཁྱུད་ལྔ་དགོས་བ་ལ?་ སྔ་མ་ལས་བཟློག་ནས་བཀད་ཀྱང་མི་འགལ་ལ། ལས་ཚོགས་ནི་ས་སྐྱ་གོང་མའི་གསུང་ལས་རྒྱས་པར་འབྱུང་ཞིང༌། མངོན་རྟོགས་ཅུང་མི་འདྲ་བའང་ཡོད་དོ། །གཏོར་མ་འབུལ་བར་འདོད་ན། བསངས་སྦྱངས-yc་སྟོང་པའི་ངང་ལས་ཨཱ་ལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཤ་ལྔ་བདུད་རྩི་ལྔའི་རང་བཞིན་ཅན་གྱི་གཏོར་མ་ཟག་པ་ @031A ༄༅། །མེད་པའི་ཡེ་ཤེས་ཀྱི་བདུད་རྩིར་གྱུར་yc+པར་བསམས་ལ། ཡི་གེ་གསུམ་ལན་གསུམ་བརྗོད་དེ། འོད་ཟེར་གྱིས་ནམ་མཁར་སྤྱན་དྲངས།-yc་ཨོཾ་བཛྲ་ག་རུ་ཌ་ཨི་དཾ་yc+སོགས་ཀྱིས་ཕུལ།?་མཆོད་བསྟོད་བྱས་ལ། གཏོར་མགྲོན་དང་གནས་སུ་གཤེགས་གསོལ་བྱའོ།། །།ཁྱུང་ནག་ནི། སྐྱབས་འགྲོ་སེམས་ བསྐྱེད་ཚད་མེད་བཞི་སྔོན་དུ་བཏང་ལ།-yc་སྭ་བྷཱ་ཝyc+ས་སྦྱངས།-yc་སྟོང་པའི་ངང་ལས་དུག་གི་རྒྱ་མཚོ་ཆེན་པོའི་དབུས་སུ་མཐོང་དུག་དེག་དུག་ཚོར་དུག་སོགས་དུག་རིགས་ཐམས་ཅད་འདུས་པའི་བདག་ཉིད་ཅན་གྱི་དུག་གི་རི་རབ་གྲུ་བཞི་བའི་སྟེང་དུ་སྣ་ཚོགས་པདྨ་དང་ཉི་མ་དེའི་སྟེང་དུ་?་ གདོན་གསུམ་ཁྲིར་བརྩེགས་པའི་གདན་ལ། རང་ཉིད་རྡོ་རྗེ་མཁའ་ལྡིང་ནག་པོ་གནམ་ལྕགས་ཀྱི་མཆུ་སྡེར་མི་བཟད་པ་དང་ལྡན་པ། རྩ་བ་རྡོ་རྗེ་རྩེ་གསུམ་པ་དང་རྩེ་མོ་རྡོ་རྗེ་རྩེ་གཅིག་པའི་རང་བཞིན་ཅན་གྱི་རྭ་འབར་བ་གཉིས་ཀྱི་དབུས་སུ་ནོར་བུས་མཚན་པ། གསེར་མིག འཁྱིལ་པ་ཉི་ལྟར་འབར་བ། ཞལ་དུང་སོ་ངར་མས་གང་ཞིང་གཤོག་པ་རྡོ་རྗེའི་རི་མོ་ཅན་ལས་མེའི་ཚ་ཚ་འབུམ་ཕྲག་འཕྲོ་བ། མགྲིན་པ་ནས་བུས་མོའི་བར་མིའི་རྣམ་པ་ལ་རྐང་པ་བྱའི་སྡེར་མོ་ཅན། སྐུ་ལས་མེ་མདག?་དང་བཅས་པའི་གནམ་ལྕགས་དང༌། ཁྱུང་ནག་དུ་མ་ཕྱོ(Gs) བཅུར་འཕྲོ་བས་ས་བདག་ཀླུ་གཉན་ཐམས་ཅད་བརྒྱལ་ཞིང་དངངས་པར་བྱེད་པ། རང་གི་སྤྱི་བོར་ཨོཾ་དཀར་པོ། ནས་ཧཱུཾ་ལས་འོད་འཕྲོས་བསྒོམས་པ་དང་འདྲ་བའི་རྡོ་རྗེ་མཁའ་ལྡིང་ནག་པོ་ཨོཾ་བཛྲ་ས་མཱ་ཛཿ ཛཿ ཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། ཨོཾ་བཛྲ་ག་རུ་ཌ་ཨརྒྷཾ་ yc+སོགས་ཕྱིས་མཆོད།-yc་སྟོང་གསུམ་གཡོ་བའི་གཤོག་སྒྲོ་ཡིས། །གར་མཛད་འབར་བའི་མཆུ་སྡེར་ཅན། །དྲན་པ་ཙམ་གྱིས་གདོན་གསུམ་ཀུན། །ཚར་གཅོད་མཁའ་ལྡིང་དབང་པོར་བསྟོད། །རང་གི་སྙིང་ཁའི་ཉི་གདན་གྱི་སྟེང་དུ་ཧཱུཾ་ཡིག་གི་མཐར་སྔགས་འཕྲེང་གིས་བསྐོར་བ་ @031B ལས་འོད་ཟེར་བསྐལ་པཱི་མེ་དཔུང་ལྟ་བུ་འབར་ཞིང་མཆེད་བས་བརྟན་གཡོའི་སྣོད་བཅུད་ཐམས་ཅད་མེ་འབར་བའི་ཀློད་དུ་གྱུར་ཅིང༌། སྟེང་འོག་བར་གསུམ་གྱི་གདོན་བགེགས་ཐམས་ཅད་བསྲེགས་ཤིང་སྦྱངས་བར་yc+བསམས་ལ།-yc་ཨོཾ་མ་ཎི་ཁྱུང་ཁྱུང་ཐུཾ་ཐུཾ་རྦད་རྦད་སྭཱ་ཧཱ། yc+ཞེས་ཞི་བའི་སྔགས་ ཅུང་ཟད་བཟླས་ནས།-yc་ནག་པོ་ཀཱ་ལ་རཀྵ་རྦད་རྦད། སོད་སོད། ཁྱུང་ཁྱུང༌། སྦུ་གྲེ་ཟང་ཟང༌། ལྕགས་ཀྱི་སྡེར་མོས་སྙིང་ཕྱུང༌། གནོད་བྱེད་གདུག་པའི་ཤ་ལ་ཟོ། ཨོཾ་ལྷང་ལྷང༌། ཙེར་ཙེར། འུབ་འུབ་སོད། yc+ཞེས་པ་འབུམ་མམ་གང་མ་བཟླ། གདོན་སུ་ངན། སྐུད?་པ་ནག་པོ་ལ་མདུད་པ་བདུན་བྱས་ལ་སྔགས་གདབ། མདུད་པའི་ནང་དུ་ཁྱུང་རེ་རེ་བཞུགས་པར་བསམས་ལ།-yc་རང་ཉིད་ཁྱུང་དུ་yc+གསལ་བས་འདོགས། སིང?་འགྲུབ་ན་རང་ཁྱུད་དུ་གསལ་བས་སྔགས་བཟླས་ལ་སེར་བ་ཕྱོགས་སུ་ཕུས་བཏབ་པས། ཁྱུང་གི་ནམ་མཁའ་གང་ཞིང་སེར་བ་བསྐྲད་པ་དང༌། ཁྱུང་རྣམས་ལས་མེ་འབར་བས་སེར?་བ་ཞུ་བར་བསམས་པ་གང་རིགས་བྱ། ཡང་ཡུངས་ཀར་ཐལ་བ་བྱེ་མ་སོགས་ལ་སྔགས་ བཏབ་སྟེ།-yc་སེར་བ་ཕྱོགས་སུ་གཏོར་བར་བྱའོ།། །།ད་ནི་གོང་དུ་སྨོས་པའི་སྒྲུབ་ཐབས་དེ་དག་གི་སྐབས་སུ་སྐྱབས་འགྲོ་རྒྱས་ཙམ་དང་ཚོགས་ཞིང་བྱས་ནས་བཟླས་པའི་མཐར་གཏོར་མ་ཡང?་ འབུལ་བར་འདོད་ན། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་yc+ཞེས་པ་ནས-yc་དགེ་འདུན་ལ་སྐྱབས་སུ་མཆིའོ།། yc+ཡི་དམ་དེ་དང་དའི-yc་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །དཔལ་མགོན་དམ་པ་ནས་སྤྱན་དང་ལྡན་པ་རྣམས་ལ་སྐྱབས་སུ་མཆིའོ། yc+།ཕན་གསུམ་དང༌།-yc་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ལྷ་དེ་དང་དེའི་སྒོམ་བཟླས་ལ་འཇུག་པར་བ་ཕྱིའོ་ yc+ཞེས་ལན་གསུམ།-yc་རང་ཉིད་སྐད་ཅིག་གིས་ལྷ་yc+དེ་དང་དེར་བྱུང༌། ཚོགས་ཞིང་དང་བདག་བསྐྱེད་ཀྱི་མཆོད་པ་ཐུན་མོང་དུ་བྱིན་བརླབ་བྱ་བ་ནི།-yc་ཨ་མྲྀ་ཏyc+ས་བསངས།-yc་སྭ་བྷ་ཝyc+ས་སྦྱངས།-yc་སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་མཆོད་རྫས་རྣམས་དང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ @032A ༄༅། །ཞུ་བ་ལས་བྱུང་བའི་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ས་དང་བར་སྣང་གི་ཁྱོན་ཐམས་ཅད་གང་བར་གྱུར། ཨོཾ་ཨཱཿཧཱུཾ། yc+ལན་གསུམ་གྱིས་བྱིན་གྱིས་བརླབས།-yc་རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། yc+ལྷ་དེ་དང་དེ་ལ-yc་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཆོགས་ ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ yc+འཇམ་དབྱངས་ལ་མཚོན་ན།-yc་ཨོཾ་ཨཱརྱ་མཉྫུ་ཤྲཱི་ས་པ་རི་ཝཱ་ར་yc+སོགས་སམ།-yc་ཨོཾ་སརྦ་ཏ་ཐཱ་ག་ཏྱཱ་ཨརྒྷཾ་སོགས་yc+ཀྱིས་མཆོད་ལ་བསྟོད། སྤྲོ་ན་ཡན་ལག་བདུན་པ་ཡང་བྱ།-yc་དཀོན་མཆོག་གསུམ་ལ་yc+སོགས་ལན་གསུམ་དང༌། ཚད་མེད་བཞི་བསྒོམས་ཏེ་དངོས་གཞི་ལ་འཇུག་གོ །བཟླས་པའི་?་?་ གཞན་སེམས་ཅན་ཐམས་ཅད་ཀྱི་འདོན་བར་བསམས་ན་འགྱུར་ཆེ་བར་བཤད་ལ། བསྙེན་པའི་གྲངས་ནི་ཕལ་ཆེར་ལ་སུམ་འབུམ་དང༌། མཐའ?་(AR)?་འབུམ་ཕྲག་གཅིག་བྱ་དགོས་སོ། །མཐར་གཏོར་མ་འབུལ་བར་འདོད་ན། རྒྱས་བསྡུས་གཉིས་ལས། དང་པོ་ནི། མདུན་གྱི་ནམ་མཁར་སྒྲུབ་ཐབས་བཞིན་བསྐྱེད་དེ། དགུག་གཞུག་དབང་བསྐུར་རྒྱས་འདེབས་རྣམས་བྱས་ལ་ གཏོར་མ་ཕུལ་དས་མཆོད་བསྟོད་བྱ། འོན་ཀྱང་ཕྱི་མ་འདི་བདེ་བས། གཏོར་མ-yc་ཨ་མྲྀ་ཏyc+ས་བསངས།-yc་སྭ་བྷཱ་ཝyc+ས་སྦྱངས།-yc་སྟོང་པའི་ངང་ལས་བྷྲཱུཾ་ལཊ་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་གཏོར་མ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ ཆེན་པོར་གྱུར། ཨོཾ་ཨཱཿ ཧཱུཾ། yc+ལན་གསུམ། མཆོད་པ་སྔར་བཞིན་བྱིན་གྱིས་བརླབས་ལ།-yc་རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་རང་བཞིན་གྱི་གནས་ནས་ལྷ་དེ་དང་དེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ པདྨ་ཀ་མ་ལ་ཡེ་སྟྭཾ། ལྷ་དེ་དང་དེ་འཁོར་ བཅས་ཀྱི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་གྱུར། yc+འཇམ་དབྱངས་ལྟ་བུ་ལ།-yc་ཨོཾ་ཨཱརྱ་མཉྫུ་ཤྲཱི་ས་པ་རི་ཝཱ་ར་ཨི་དཾ་བ་ཡིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧཾ། yc+ཞེས་རང་རང་གི་མཚན་སྦྱར་ཏེ་ལན་གསུམ་མམ་བདུན་གྱིས་འབུལ་བའམ། ཡང་ན-yc་ཨ་ཀཱ་རོས་ཕུལ་ནས་མཆོད་བསྟོད་བྱས་པ་ @032B བཅོམ་ལྡན་འདས་འཁོར་དང་བཅས་པས་བདག་ལ་མཆོག་ཐུན་གྱི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། yc+ཞེས་གསོལ་བ་གདབ།-yc་བཛྲ་མུཿ གཏོར་མགྲོན་རྣམས་རང་གནས་སུ་གཤེགས་པར་གྱུར་yc+ཅེས་བརྗོད་ལ་བསྔོ་སྨོན་སོགས་བྱའོ། །གཏོར་མ་མི་འབུལ་ཚེ། སྒྲུབ་ཐབས་ལྟར་རམ། རྒྱལ་དབང་གིས་མིན་ བརྒྱ་བཟླས་པའི་རྗེས་སུ།-yc་ཡེ་ཤེས་པ་མདུན་གྱི་ནམ་མཁར་བྱོན་ནས་ཞལ་རང་ལ་ཕྱོགས་ཏེ་བཞུགས་པར་yc+བསམས་ལ། མཆོད་བསྟོད་གསོལ་འདེབས་བྱེད་པར་གསུངས་པ་བཞིན་བྱས་ནའང་ལེགས་སོ།། །།ཆོས་སྐྱོང་གི་གཏོར་འབུལ་བསྡུས་པ་ནི།-yc་རང་ཉིད་སྐད་ཅིག་གིས་དཔལ་རྡོ་རྗེ་འཇིགས་བྱེད་yc+ཞེས་པ་ནས-yc་བཞེངས་ པར་གྱུར་yc+བར་བསམ་ལ། ནང་མཆོད་དང་གཏོར་མ་སོགས་ཡོད་ན་བཅུ་གསུམ་པ་ལྟར་བྱིན་གྱིས་བརླབས་པའམ། བསྡུ་ན། གཏོར་མ-yc་ཧྲཱིཿཥྚཱིཿyc+ས་བསངས།-yc་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང༌། རཾ་ལས་མེ། ཨཱཿ ལས་མི་(MG'O)་སྒྱེད?་བུ་གསུམ་གྱི་སྟེང་དུ་ཨཱཿ ལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཤ་ལྔ་ བདུད་རྩི་ལྔའི་སྟེང་དུ་ཨོཾ་ཨཱཿཧཱུཾ་གིས་མཚན་པ་དེ་ལས་འོད་ཟེར་འཕྲོས། རླུང་གཡོས་མེ་སྦར་ཐོད་པའི་རྫས་རྣམས་ཞུ་ཞིང་འཁོལ། རྡོ་རྗེ་གསུམ་གྱི་ལྷ་ཚོགས་རྣམས་བཀུག་སྟེ་ཡི་གེ་གསུམ་ལ་ཐིམ། ཐོད་པར་ལྷུང་ནས་ཞུ་བས་རྫས་རྣམས་སྦྱངས་རྟོགས་སྤང་གསུམ་བྱས་པའི་ཟག་མེད་ཀྱི་བདུད་ རྩིའི་རང་བཞིན་དུ་གྱུར། ཨོཾ་ཨཱཿཧཱུཾ། yc+ལན་གསུམ། མཆོད་པ་གཞན་རྣམས་བསངས་སྦྱངས།-yc་སྟོང་པའི་ངང་ལས་ཨཱཿལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་རང་རང་གི་མིང་ཡིག་དང་པོ?་ཐིག་ལས་བརྒྱན་པ་ཞུ་བ་ལས་བྱུང་བའི་མཆོད་རྫས་རྣམས་བདེ་སྒོང་རྣམ་པ་མཆོད་རྫས་བྱེད་ལས་དབང་པོ་དྲག་སྤྱོད་ ཡུལ་དུ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་བམ?་ས་དང་བར་སྣང་གི་ཁྱོན་ཐམས་ཅད་གང་བར་གྱུར། ཨོཾ་ཨཱཿཧཱུཾ་yc+ལན་གསུམ། གཉིས་ཀ་ཐུན་མོང་དུ་བྱེད་ན་ནང་མཆོད་དང་མཆོད་རྫས་ཞེས་སྦྱོར། དེ་ལས་ཀྱང་འཇུག་པ་བདེ་བར་འདོད་ན། རང་ཉིད་འཇིགས་མཛད་ཞལ་གཅིག་ཕྱག་གཉིཥ་པར། །གསལ་བའི་ཐུ(Gs) ཀའི་ཧཱུཾ་ལས་ཧཱུཾ་ལས་འོད་འཕྲོས་ @033A ༄༅། །པས། །མཆོད་གཏོར་ཀུན་གྱི་ཉེས་སྐྱོན་སྦྱངས་ཤིང་སྤར། །ཟག་མེད་ཡེ་ཤེས་བདུད་རྩིའི་རྒྱ་མཚོར་གྱུར། །ཨོཾ་ཨཱཿ ཧཱུཾ་yc+ལན་གསུམ་མམ་གཅིག་བརྗོད། རྒྱས་བསྡུས་དེ་གང་རུང་གི་ཕྲོ་ནས་འདི་ལྟར།-yc་ཛཿ རང་བཞིན་ལྷུན་གྱིས་གྲུབ་པའི་གནས་མཆོག་ནས། །རྩ་བརྒྱུད་བླ་མ་འཇམ་ དཔལ་གཤིན་རྗེའི་གཤེད། །ཡི་དམ་བསྟན་སྲུང་རྒྱ་མཚོའི་ཚོགས་དང་བཅས། །དད་པས་སྤྱན་དྲངས་བཛྲ་ས་མཱ་ཛཿ། །ཤར་ལྷོ་བསིལ་བའི་ཚལ་གྱི་དུར་ཁྲོད་དང༌། །ལྷོ་ཕྱོགས་མི་བཟད་ལྕགས་ཀྱི་གྲོང་ཁྱེར་ནས། །མྱུར་མཛད་མགོན་པོ་དམ་ཅན་ཆེས་ཀྱི་རྒྱལ། །འཁོར་དང་ བཅས་པ་གནས་འདིར་གཤེགས་སུ་གསོལ། །བྱང་ཤར་མུ་ལེ་དིང་གི་ཁྲག་མཚོ་དང༌། །བྱང་ཕྱོགས་ལྕང་ལོ་ཅན་གྱི་ཕོ་བྲང་ནས། །འདོད་ཁམས་དབང་ཕྱུག་རྒྱལ་ཆེན་རྣམ་ཐོས་སྲས། །འཁོར་ཚོགས་རྒྱ་མཚོའི་དབུང་བཅས་གནས་འདིར་གཤེགས། །འཇིགས་རུང་ཧ་ཧ་རྒོད་པ་ལ་ སོགས་དང༌། །བྱང་ཤར་མ་རུ་ཙེ་ཡི་དུར་ཁྲོད་ནས། །དཔལ་ལྡན་བྲམ་ཟེ་མགོན་པོ་ཡུམ་ཆེན་བཞི། །དྲེགས་པའི་སྡེ་དབོན?་འཁོར་བཅས་གཤེགས་སུ་གསོལ། །རྡོ་རྗེ་འཆང་དང་པདྨ་ཐོད་ཕྲེང་གི །སྤྱན་སྔར་ཐུབ་བསྟན་སྲུང་བར་དམ་བཅས་པ། །ཐ་འོག་ཆོས་ཀྱི་རྒྱལ་པོ་ཆེན་པོ་ སོགས། །ཆོས་སྐྱོང་འཁོར་བཅས་འདིར་གཤེགས་བརྟན་པར་བཞུགས། །བདེ་སྟོང་དབྱེར་མེད་ལྷ་ཡི་ལམ་ཡངས་བར། །སྣ་ཚོགས་མཆོད་པའི་སྤྲིན་ཕུང་འཁྲིགས་གྱུར་པ། །ཆུ་གཉིས་ཉེར་སྤྱོད་རོལ་མོ་འདོད་ཡོན་ལྔ། །ཡི་དམ་ཆོས་སྐྱོང་སྲུང་མའི་ཚོགས་ལ་འབུལ། །ཁྱད་ བར་ཟག་མེད་དམ་རྫས་གཏོར་མའི་ཚོགས། །ཀུན་བཟང་མཆོད་སྤྲིན་རྒྱ་མཚོ་དང་བཅས་ཏེ། །དངོས་བཤམས་ཡིད་སྤྲུལ?་མ་ཚད?་མེད་པར་ཡང༌། །ཡི་དམ་བསྟན་སྲུང་རྒྱ་མཚོ་འཁོར་བཅས་མཆོད། yc+།ཁྱད་པར་?་ལན་གསུམ་བརྗོད་ན་ཕུན་སུམ་ཚོགས་པར་འགྱུར་རོ།-yc༌།དམ་ཅན་ཆོས་སྐྱོང་སྲུང་མའི་ @033B ཚོགས་རྣམས་ཀྱིས། །ཕྱི་ནང་གསང་བའི་མཆོད་གཏོར་འདི་བཞེས་ལ། །རྣལ་འབྱོར་དགོན་གནས་སྦྱིན་བདག་འཁོར་བཅས་ཀྱི། །མི་མཐུན་ཀུན་ཞི་མཐུན་རྐྱེན་འགྲུབ་པར་མཛོད། །ཧཱུཾ་མཁྱེན་རབ་དབང་ཕྱུག་འཇམ་དཔལ་གཤིན་རྗེའི་གཤེད། །སྤྱན་རས་གཟིགས་དབང་དཔལ་ལྡན་ ཡེ་ཤེས་མགོན། །འཇམ་དཔལ་བཀའ་ཉན་ལས་གཤིན་ཆོས་ཀྱི་རྒྱལ། །འདོད་ཁམས་དབང་ཕྱུག་འཁོར་དང་བཅས་ལ་བསྟོད། །མཐུ་སྟོབས་བདག་པོ་རྣམ་མང་ཐོས་པའི་སྲས། །ཧེ་རུ་ཀ་དཔལ་བྲམ་ཟེ་དཔའ་བོའི་གཟུགས། །སྒྲོལ་གྱིང་དྲག་པོ་སྲོག་བདག་དམར་པོ་དང༌། །གནོད་ སྦྱིན་ཆེན་པོ་འཁོར་བཅས་བསྟོད་པར་བགྱི། །རྡོ་རྗེ་འཆང་སོགས་རྩ་བརྒྱུད་བླ་མ་དང༌། །རྗེ་བཙུན་ཆོས་ཀྱི་རྒྱལ་པོ་བཙོང་ཁ་བའི། །བསྟན་དང་བསྟན་འཛིན་བུ་བཞིན་སྐྱོང་མཛད་པའི། །ཆོས་སྐྱོང་སྲུང་མའི་ཆོགས་རྣམས་རྟག་ཏུ་བསྟོད། །མཆོག་གསུམ་བསྟན་སྲུང་རྒྱ་མཚོ་འཁོར་ བཅས་ལ། །མཆོད་ཅིང་བསྟོད་པས་རྣལ་འབྱོར་དཔོན་སློབ་ཀྱི། །འགལ་རྐྱེན་བར་ཆད་ཐམས་ཅད་ཞི་བ་དང༌། །མཐུན་པའི་དོན་རྣམས་ཡིད་བཞིན་འགྲུབ་བར་མཛོད། yc+།རྟེན་ཡོད་ན།-yc་འདིར་ནི་རྟེན་དང་ལྷན་ཅིག་ཏུ། yc+།ཞེས་སོགས་གྱིས་བརྟན་བཞུགས་དང༌། མེད་ན།-yc་ཉེས་ཀུན་བཟོད་བཞེས་རང་བཞིན་ གནས་སུ་གཤེགས། །སླར་ཡང་བྱོན་ནས་མཆོག་ཐུན་དངོས་གྲུབ་སྩོལ། །དམ་ཆོས་སྒྲུབ་པའི་ཉེར་འཚེ་ཞི་བ་དང༌། །དུས་རྣམས་ཀུན་ཏུ་དགེ་ལེགས་འཕེལ་བར་མཛོད། །བསླབ་པ་གསུམ་ལྡན་yc+སོགས་བརྗོད་པར་བྱའོ།། །།སྨྲས་པ། དངོས་གྲུབ་མ་གྲུབ?་འབྱུང་བའི་གནས། །ལྷག་པའི་ལྷ་མཆོག་མང་དག་གི། སྒྲུབ་ཐབས་འདོད་རྒུའི་གཏེར་ཆེན་པོ། །མཁས་པའི་བཞེད་སྲོལ་ཇི་བཞིན་བཀོད?། །འདི་ལན་ནོངས?་པའི་ཚོགས་མཆིས་ན། །མཆོག་གསུམ་དམ་པའི་སྤྱན་སྔར?་ཚོགས?། །ལེགས་པར་བཤད་པས་ཐོབ་པའི་དགེ །བླ་མེད་བྱང་ཆུབ་ཐོབ་ཕྱིར་བསྔོ། །ཅེས་མིའམ་སྒྲུབ་སྐོར་འདོད་རྒུ་འབྱུང་བའི་ཟམ?་ཏོག་ཅེས་བྱ་བ་འདི་ནི། དབོན་ཆེན་གོང་མའི་རིགས་བརྒྱུད་དུ་འཁྲུངས་ཤིང་མདོ་སྔགས་ @034A ༄༅། །ཀྱི་གཞུང་ལུགས་དང་རིག་གནས་དུ་མ་ལ་རྣམ་དཔྱོད་ཡངས་པ། གོ་རུ་ཤྲི་ནང་སེའི་བཀའ་བཞིན་ཅོ་ནེའི་མཁན་ས་དང་མཚན་ཉིད་ཀྱི་བཤད་གྲྭ་ཟུང་འབྲེལ་གྱིས་སྐྱོང་ཁུལ་དུ་གནས་པ་ཤཱཀྱའི་དགེ་སློང་གྲགས་པ་བཤད་སྒྲུབ་ཀྱིས་སློབ་དཔོན་སེམས་དཔའ་ཆེན་པོ་བློ་བཟང་སྦྱིན་པ་སོགས་ཀྱི་དྲུང་ནས་ཡི་དམ་འདི་རྣམས་ཀྱི་སྒྲུབ་ཐབས་ཀྱི་ཟུར?་རྗེས་གནང་དང་མན་ངག་ཅི་རིགས་ཐོབ་པར་བརྟེན?་ དེ་དག་གི་ཉམས་ལེན་གྱི་གནད་ཅུང་ཟད་རིག་ཅིང་བཟླས་པ་ཕྱོགས་རེ་ཙམ་སྔོན་དུ་བཏང་ནས་གཞན་ལ་ཕན་འདོད་ཀྱི་བསམ་པས་ཀུན་ནས་བསླངས་ཏེ། རྒྱལ་དབང་རྣམ་གཉིས་དང༌། པཎ་ཆེན་གོང་མའི་གསུང་འབུམ་སོགས་ནས་འབྱུང་བའི་སྒྲུབ་ཐབས་རེ་རེ་གཞིར་བཞག །ཚིག་ཚོགས་ཧ་ཅང་མང་བ་རྣམས་ཀྱི་དོན་བསྡུས་ཤིང་ཉུང་བདག་ལ་ཁ་འགེངས་འོས་ཀྱིས་ཁ་བསྐང༌། དབང་བསྐུར་རྒྱས་འདེབས་ཡོད་མེད་ སོགས་ཅུར་མི་འདྲ་བ་རྣམས་བསྲེ་ལྷད་མ་བྱས་པར་རང་རང་གི་བཞེད་སྲོལ་ལྟར་ཉམས་ལེན་དུ་འཁྱེར་བདེ་བར་བར་དུ་བཀོད་པ་སྟེ། འདི་ལ་མཁས་པ་དག་གིས་གཟིགས་ན་ཕྱོགས་ལྷུང་གི་ཟུག་རྡུ་དོར་ནས་རྗེས་སུ་ཡི་རང་བའི་གནས་སུ་བྱའོ། །དེ་ཡང་འཕགས་ཡུལ་དང་བོད་དུ་དཀྱིལ་འཁོར་ཆེན་པོ་དག་ལ་བརྟེན་པའི་གྲུབ་ཆེན་མང་དུ་བྱོན་པ་ལྟར་རྒྱུད་སྡེའི་གནད་རྟོགས་པའི་བློ་གྲོས་ཀྱི་རྩལ་དང་ལྡན་ཞིང༌། དམ་ཚིག་དང་སྡོམ་ པ་ལ་གནས་པ་དང༌། གཞན་དོན་དུ་དཀྱིལ་འཁོར་ཆེན་པོའི་ཉམས་ལེན་ལ་འཇུག་པའི་མཁས་བས། གཙོ་བོར་དཀྱིལ་འཁོར་དེ་དག་ལ་ཚུལ་བཞིན་བརྟེན་ནས་ཆོད་ཆེ་བར་སྣད?་མོད། འོན་ཀྱང་རྒྱ་གར་ཆོས་འབྱུང་སོགས་ནས་ལྷག་པའི་ལྷ་འཇམ་དབྱངས་སྤྱན་རས་གཟིགས་སྒྲོལ་མ་སོགས་ཡི་དམ་རེ་རེ་ལ་བརྟེན་ནས་བྱང་གྲུབ་པ་ཐོབ་པ་ཤིན་ཏུ་མང་བར་བཤད་པས། ཁོ་བོ་ཅག་ལྟ་བུ་བློ་ཆུང་པ་དག་གིས་རང་གི་བློ་དང་འཚམ་ པར་སྔར་བཤད་པའི་ཡི་དམ་དེ་ལྟ་བུ་གང་ཡང་རུང་བ་ལ་དད་བརྩོན་ཤུག་དྲག་པོས་རིང་དུ་བརྟེན་ན་འདི་ཕྱི་ཀུན་ཏུ་ཡི་དམ་གྱི་ལྷས་རྗེས་སུ་བཟུང་སྟེ་དོན་ཐམས་ཅད་ཕུན་སུམ་ཚོགས་པར་འགྱུར་རོ། །འདི་ལ་སྤྱིར་ཚད་ལྡན་ཞིག་བྱེད་ན་རྒྱུད་སྡེ་བཞིག་དུ་གཏོགས་པའི་དཀྱིལ་འཁོར་དང་དེར་མ་ཟད། ཡི་དམ་གྱི་ལྷ་རེ་རེའི་རྫས་གནང་ལེན་པ་དང་སྒྲུབ་བ་བྱེད་ནའང༌། རྒྱུད་སྡེ་དེའམ་དེའི་གོང་དུ་ཡོད་པའི་དཀྱིལ་འཁོར་གང་ཡང?་ རུང་བར་དབང་བསྐུར་ལེགས་པར་ཐོབ་པ་ཞིག་དགོས་པར་རྗེ་ཡབ་སྲས་ཀྱིས་གསུངས་ཀྱང༌། ད་ལྟ་ནི་དབང་མ་ཐོབ་པར་རྗེས་གནང་དང་ལྟ་རེ་རེའི་སྒོམ་བཟླ་སུ་མ་ཟད་དཀྱིལ་འཁོར་ཆེན་པོའི་ཉམས་ལེན་ལ་འཇུག་པ་ཡང་མང་དུ་སྣང་བས་མཐའ་མ་བཀག་མོད། དེ་ལྟ་ནའང་ལྷ་གང་སྒྲུབ་པ་ལ་དབང་ཐོབ་ན་དང༌། གལ་ཏེ་མིན་ཀྱང་དེའི་རྗེས་གནང་གི་རིགས་ཞིག་ཡོད་ན་ཐོབ་དགོས་པ་དང་ མེད་ནའང་དཔེ་ཡོད་པ་ཙམ་ལ་ཡིད་མི་གཏོད་པར་བླ་མ་བསྟན་ནས། མངོན་རྟོགས་ཅི་རིགས་ཀྱི་ལུང་ནོད་པར་བྱས་ན་ལེགས་སོ་ཞེས་སྨྲའོ།། །།འདིས་ཀྱང་ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །སརྦ་མངྒ་ལཾ། །བཀྲ་ཤིས་པར་གྱུར་ཅིག །དགེའོ། ། @034B [BLANK PAGE]