[སྔོན་འགྲོའི་དཔར་གཞི།]་ @001A ༄༅། །དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རིམ་པ་དང་པོའི་ཁྲིད་རྒྱུན་མན་ངག་སྣང་བརྙན་ཀུན་འཆར་གསལ་བའི་མེ་ལོང་ཞེས་བྱ་བ་བཞུགས་སོ།། །། @001B ༄༅༅། །ན་མོ་གུ་རུ་བཛྲ་བྷཻ་ར་ཝཱ་ཡ། གྲངས་མེད་རྒྱལ་བའི་ཡེ་ཤེས་ཕུང་པོ་མ་ལུས་གཅིག་བསྡུས་འཇམ་པའི་དབྱངས། །ཕྱི་ནང་གསང་བའི་གཤིན་རྗེ་གདུལ་ཕྱིར་གཏུམ་དྲག་ཁྲོས་པའི་གར་མཛད་པ། །བཅོམ་ལྡན་དུས་དགྲའི་དབང་པོ་གང་དང་དབྱེར་ མེད་ཀུན་མཁྱེན་ཙོང་ཁ་པ། །དུས་རྣམས་ཀུན་དུ་བདག་སྙིང་དབུས་རོལ་འབྲལ་མེད་རྗེས་བཟུང་བྱིན་གྱིས་རློབས། །བློ་བཟང་རྒྱལ་བ་གཉིས་པའི་ལུང་རྟོགས་ཆོས། །ཐུབ་བསྟན་རྣམ་རྒྱལ་ཁང་བཟང་རྩེར་བཟུང་ནས། །སྐལ་ལྡན་ལེགས་བྲིས་གཞོན་ནུའི་ཚོགས་རྣམས་ ཀུན། །དབུགས་འབྱིན་བཤེས་གཉེན་ལྷ་དབང་ཡོངས་ལ་འདུད། །གསང་ཆེན་མཐར་ཐུག་བླ་མེད་རྒྱུད་ཀུན་གྱི། །གཙོ་བོར་གྱུར་པ་གཤིན་རྗེ་གཤེད་པོ་ཡི། །རྒྱུད་རྒྱལ་སྙིང་པོ་རིམ་པ་དང་པོའི་ལམ། །དམ་པའི་གསུང་ལ་བརྟེན་ནས་འདིར་བཤད་བྱ། །དེ་ལ་དཔལ་རྡོ་རྗེ་འཇིགས་ བྱེད་ཀྱི་རིམ་པ་དང་པོའི་རྣམ་གཞག་བཤད་པ་ལ་གཉིས། སྤྱིའི་རྣམ་གཞག་མདོར་བསྟན་པ་དང༌། སྐབས་དོན་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། སྟོང་ཉིད་ལ་རྩེ་གཅིག་ཏུ་གཉིས་སྣང་གི་སྨྲོས་པ་ཞི་བའི་སྒོ་ནས་མཉམ་པར་བཞག་པའི་སྒྲིབ་བྲལ་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོའི་ཡེ་ཤེས་ དང༌། རླུང་སེམས་ཙམ་ལས་གྲུབ་པའི་བཞིན་ལག་གི་རྣམ་པ་ཅན་གྱི་སྐུ་གཉིས་ངོ་བོ་དབྱེར་མི་ཕྱེད?་པར་ཟུང་དུ་འཇུག་པའི་རྒྱལ་བའི་གོ་འཕང་ནི། བླ་མེད་ཀྱི་རྒྱུད་དག་གི་བརྗོད་བྱའི་གཙོ་བོ་དང༌། དེའི་གདུལ་བྱའི་ཐོབ་བྱ་མཐར་ཐུག་ཡིན་ཞིང༌། དེ་ཡང་གཞི་དུས་ན་སེམས་ཅན་ལ་ཤིན་ཏུ་ @002A ༄༅། །ཕྲ་བའི་གཉུག་མའི་ལུས་སེམས་གཉིས་ཡོད་པ་ལ་བརྟེན་ནས་སྒྲུབ་པར་བྱེད་པ་ཡིན་ནོ། །དེ་ལ་གཉུག་མའི་སེམས་དང་ལུས་ཇི་ལྟ་བུ་ཞེན་བསྡུས་ཏེ་བརྗོད་ན། དང་པོ་སེམས་དེ་ནི། རང་ཉིད་མངོན་དུ་གྱུར་པའི་ཚེ་སྤྲོས་པའི་མཐའ་དང་བྲལ་བ་སྟོང་ཉིད་མངོན་སུམ་དུ་ རྟོགས་པ་ལྟ་བུའི་ཡུལ་སྣང་ཅན། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཐོག་མ་མེད་པ་ནས་སྐད་ཅིག་ཀྱང་རྒྱུན་མ་ཆད་པར་རྗེས་སུ་ཞུགས་པ། རང་གི་ངོ་བོ་དྲི་མའི་རང་བཞིན་དུ་མ་སྐྱེས་པའི་གསལ་རིག་ཤིན་ཏུ་དག་མ། རྐྱེན་ལས་དང་ཉོན་མོངས་པའི་དབང་དུ་གྱུར་ན་ནི་ངན་འགྲོ་དང་འཁོར་བའི་གནས་ སུ་སྐྱེ་ཡང༌། ཐབས་མཁས་ཁྱད་པར་ཅན་དང་ལྡན་ན་རང་འབྲས་སངས་རྒྱས་ཀྱི་ཡོན་ཏན་ཀྱང་བསྐྱེད་ནུས་པའོ། །རང་གི་ངོ་བོ་ལ་དྲི་མའི་བསླད་པ་མ་ཞུགས་པ་སོགས་ཀྱང་དཔེར་ན། གསེར་བཟང་པོ་ནི་གཡའ་སོགས་དང་བཅས་པའི་ཚེ་རང་གི་ངོ་བོ་ནི་གཡའ་སོགས་དང་མ་འདྲེས་ཤིང༌། གཞན་གྱིས་ འབྱེད་ནུས་པ་དང༌། དེ་བཞིན་དུ་ཆུ་ནི་རྙོག་པ་དང་བཅས་ནའང་རང་ངོས་ནས་དེ་དང་འབྲལ་རུང་བ་དང༌། ཉི་མའི་འོད་དང་རླུང་ནི་གཙང་མི་གཙང་གང་ལ་རེག་ཀྱང་རང་ངོས་ནས་དེ་དང་མ་འདྲེས་ཤིང་འབྲལ་རུང་ཡིན་ལ། དེ་དག་གི་སྐྱོན་ཡོན་དང་རེ་ཞིག་འབྲེལ་ཡང་ངོ་བོ་ནི་དེ་དག་གི་རྐྱེན་གྱིས་བསྒྱུར་མི་ནུས་པ་ལྟར། གཉུག་མའི་སེམས་ཕྲ་བ་ནི། དྲི་མ་དང་བཅས་པའི་ཚེ་ཡང་དྲི་མའི་རང་བཞིན་དུ་མ་སྐྱེས་ཤིང་དྲི་མ་དང་འབྲལ་རུང་དུ་གནས་པ་ཞིག་སྟེ་འཆི་བ་འོད་གསལ་གྱི་དུས་སུ་མངོན་དུ་འགྱུར་རོ། །གཉིས་པ་ཕྲ་བའི་ལུས་ནི། ཤིན་ཏུ་ཕྲ་བའི་སེམས་དེ་དང་ངོ་བོ་གཅིག་ཅིང་དེའི་བཞོན་པར་གྱུར་པའི་ རླུང་ཤིན་ཏུ་ཕྲ་བ་སྟེ་སེམས་དེ་དང་འབྲལ་མི་རུང་དུ་གནས་པའོ། །སྒྲུབ་གཞི་དེ་ལྟ་བུ་ལ་བརྟེན་ནས་ཐོབ་པའི་འབྲས་བུ་མཐར་ཐུག་ཟུང་འཇུག་གི་གོ་འཕང་དང༌། དེ་ཐོབ་བྱེད་ཀྱི་ལམ་དང་བཅས་པ་ནི། རྫོགས་པར་རྡོ་རྗེ་འཆང་གིས་བླ་མེད་ཀྱི་རྒྱུད་ལས་གསུངས་ཀྱི། གཞན་ @002B རྒྱུད་སྡེ་འོག་མ་རྣམས་དང༌། ཐུན་མོང་བའི་མདོ་སྡེ་ལས་ནི་མ་བཤད་དོ། །སྤྱིར་བླ་མེད་པ་རྒྱུད་ལའང་བྱེ་བ་དྲུག་ཡོད་ཀྱང༌། འདིར་གཤིན་རྗེ་གཤེད་ཀྱི་དབང་དུ་བྱས་ན། དེ་ལྟར་སྟོན་པའི་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྩ་རྒྱུད་རྒྱས་པ་ཤོ་ལོ་ཀ་འབུམ་ཡོད་པ་ནི། ཨུ་རྒྱན་མཁའ་འགྲོའི་ཡུལ་ན་ཡོད་རྐྱང༌། འཕགས་བོད་ཀྱི་ཡུལ་དུ་མ་འགྱུར་བ་ སློབ་དཔོན་ལཱ་ལི་ཏས་རྒྱུད་རྒྱས་བ་ལས་ཕྱུང་བ་ནི་ད་ལྟ་རྟོག་བདུན་དུ་གྲགས་པ་འདི་ཉིད་དོ། །བཤད་རྒྱུད་ནི། རྟོག་གསུམ་དུ་གྲགས་པ་སྟེ། འདི་ཡང་རྩ་རྒྱུད་ནས་བཤད་པའི་འཁྲུལ་འཁོར་གྱི་གནད་གསལ་བར་འཆད་པ་ཞིག་གོ །སྤྱིར་གཤིན་རྗེ་གཤེད་ལ་དམར་ནག་འཇིགས་གསུམ་ཡོད་ཅིང༌། དེ་ཡང་འཇམ་དཔལ་ཉིད་ཅུང་ཟད་ ཁྲོས་པས་དགྲ་ནག། ཆེས་ཁྲོས་པས་གཤེད་དམར། ཤིན་ཏུ་ཁྲོས་པས་འཇིགས་བྱེད་དེ། དེ་དག་གི་རྒྱུད་ཀྱང་བླ་མེད་པ་རྒྱུད་ཀྱི་སྡེར་གཏོགས་ལ། སྒྲུབ་ཐབས་ཀྱི་སྐོར་ཡང༌། དཔའ་བོ་གཅིག་པ། རོ་ལངས་བརྒྱད་སྐོར། བཅུ་གསུམ་མ། ཞེ་དགུ་མ་སོགས་ཡོད་དོ། །དེ་རྣམས་གང་ཉམས་སུ་བླངས་ན་འཇམ་དབྱངས་ཀྱིཥ་ རྗེས་སུ་འཛིན་ཡང༌། ལྷག་པར་འཇིགས་བྱེད་ལ་བསྟེན་ན་དེས་རྗེས་སུ་འཛིན་པར་གསུངས་པས་ན། འདིར་འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་དུ་བྱས་ཏེ་འཆད་པར་འགྱུར་རོ།། །།གཉིས་པ་ལ་གསུམ། ཐུན་གྱི་ཐོག་མར་ཇི་ལྟར་བྱ་བ། དངོས་གཞི་ལ་ཇི་ལྟར་བྱ་བ། མཇུག་དང་ཐུན་མཚམས་སུ་ཇི་ལྟར་བྱ་བའོ། ། དང་པོ་ལ་གསུམ། རྡོར་དྲིལ་དང་ནང་མཆོད་བྱིན་གྱིས་བརླབ་ཚུལ། སྔོན་འགྲོ་གཏོར་མ་ཇི་ལྟར་བྱ་ཚུལ། བདག་བསྐྱེད་མཆོད་པ་བྱིན་གྱིས་བརླབ་ཚུལ་ལོ། །དང་པོ་ནི། ཡིད་དང་མཐུན་པའི་གནས་སུ་མཆོད་རྫས་དང་བྲིས་སྐུ་སོགས་འཚོགས་པར་བྱས་ནས། རོ་གདན་དུ་བསམས་པའི་སྟན་བདེ་བ་ལ་ཁ་ལྷོར་ཕྱོགས་པའམ། དེར་ཕྱོགས་པར་མོས་ཏེ། གཤིན་རྗེ་གཤེད་ཀྱི་བླ་རྒྱུད་གསོལ་འདེབས་སྔོན་དུ་བཏང་ལ། ཐོག་མར་ལྷར་གསལ་འདེབས་པའི་ཚེ། རང་གི་ཕུང་པོ་འདི་ཕྲ་རགས་མ་ཕྱེ་བར་སྟོད་སྨད་ནས་རིམ་གྱིས་འོད་དུ་ཞུ་བར་བསམ། དེའི་ཚེ་བདག་དང་ཕུང་པོ་སོགས་ཀྱི་ཆོས་ནི་བརྟེན་ནས་བཏགས་པ་ལས་གཞན་དུ་རང་བཞིན་གྱིས་མེད་དོ་སྙམ?་དུ?་ @003A ༄༅། །སྟོང་ཉིད་ཀྱི་ལྟ་བ་དྲན་པར་བྱེད་ཅིང་མཉམ་པར་བཞག། སྟོང་པའི་ངང་ལས་རང་གི་ཕུང་པོ་རྙེད་པའི་གོ་ས་དེར་སྣ་ཚོགས་པདྨ་ཕྱོགས་བཞིའི་འདབ་མ་དམར། མེ་རླུང་གཉིས་སེར། བདེན་བྲལ་ལྗང༌། དབང་ལྡན་ནག། ལྟེ་བ་ལྗང༌། ཟེའུ་འབྲུ་སེར་བ་ཞིག་ཐོལ་གྱིས་བྱུང་བར་བསམ། དེའི་སྟེང་དུ་ལྟེ་ བ་དང་མཉམ་པའི་ཉི་མའི་དཀྱིལ་འཁོར་དབྱིབས་མེ་ཤེལ་གྱི་མཎྜལ་ལྟ་བུ་དམར་འཁྱིལ་ལེ་བ་ཞིག་བྱུང་བར་བསམ། ལ་ལར་སྣ་ཚོགས་པདྨའི་སྔོན་དུ་འོད་སྔོན་པོ་ཁྲུ་གང་བ་སོགས་ཅི་རིགས་བསམ་པར་བཤད་པ་བཞིན་བྱས་ཀྱང་རུང་ངོ། །ཉི་དཀྱིལ་གྱི་སྟེང་དུ་ཆུ་ལས་ཆུ་བུར་རྡོལ་བའི་ཚུལ་དུ་རང་གི་སེམས་ བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ཀྱི་ངོ་བོར་གནས་པ་ཡོངས་སུ་གྱུར་པ་ལས། དཔལ་རྡོ་རྗེ་འཇིགས་བྱེད་སྐུ་མདོག་མཐིང་ནག། རྭ་སྔོན་པོ་རྣོན་པོ་གཉིས་དང་ལྡན་པ། མ་ཧེ་རབ་ཏུ་ཁྲོས་པའི་གདོང་པ་ཅན་ཞལ་གཅིག་ཕྱག་གཉིས་པ། སྦོམ་ཞིང་ཐུང་ལ་བསུས་པ་འཕྱང་བ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱངས་ བའི་སྟབས་ཀྱིས་བཞུགས་པ། ཞལ་རབ་ཏུ་གདངས་ཤིང་མཆེ་བ་རྣོན་པོ་བཞི་གཙིགས་པ། ལྗགས་གློག་ལྟར་འཁྱུག་ཅིང་ཞལ་ནས་ཁྲག་རྒྱུན་འཛག་པ། ཤངས་ནས་རླུང་ནག་འཚུབ་པ། རབ་ཏུ་བགྲད་པའི་སྤྱན་གསུམ་ཉི་མ་ལྟར་འབར་བ། སྨིན་མ་དང་རྫི་མ་དང་སྨར་མེ་ལྟར་རབ་ཏུ་འབར་བ། དབུ་སྐྲ་ དམར་སེར་གྱེན་དུ་བརྫེས་ཤིང་ཕྱག་གཉིས་ཀྱི་མཐིལ་ཁྲག་རློན་གྱིས་བྱུགས་པ་ལྟ་བུ། ཕྱག་སེན་རྣམས་ལྕགས་ཀྱུ་ལྟར་རྣོ་ཞིང་རིང་བ། ཕྱག་གཡས་གྲི་གུག་དང་གཡོན་ཐོད་ཁྲག་འཛིན་པའོ། །ཡུམ་རོ་ལངས་མ་སྔོན་མོ་གཅེར་བུ་ཁྲོ་མོའི་ཞལ་ཅན། གཡོན་ཐོད་ཁྲག་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་ ཅིང༌། གཡས་གྲི་གུག་འཕྱར་བ། ཞབས་གཡོན་པས་ཡབ་ཀྱི་བརླའི་སྟེང་དུ་འཁྲིལ་ཞིང་གཡས་བརྐྱང་བ། གཉིས་ཀའི་སྐུ་ལས་འོད་ཟེར་དམར་པོ་ཕྱོགས་བཅུར་སྒོར་གྱིས་འཕྲོ་བའི་རྩེ་མོར་ཡེ་ཤེས་ཀྱི་མེ་དྲག་ཏུ་འབར་བ། ཐོད་བསྐམ་ལྔའི་དབུ་རྒྱན་དང༌། བློན་པ་ལྔ་བཅུའི་དོ་ཤལ་འཕྱང་པ?། ཡབ་ @003B རུས་པའི་རྒྱན་དྲུག་དང་ཡུམ་ཕྱག་རྒྱ་ལྔས་བརྒྱན་པ་སོགས་དང་ལྡན་ཞིང་དྭངས་ཤིང་གསལ་བ་ལ་ང་རྒྱལ་བཞག་གོ །འདིར་རང་ཉིད་ལྷར་བསྐྱེད་པའི་དགོས་པ་ཡོད་དེ། འོག་ནས་འཕྱུང་བའི་ནང་མཆོད་སོགས་བྱིན་གྱིས་བརླབ་པའི་ཆེད་ཡིན་པའི་ཕྱིར་ཏེ། དེ་ནི་ཐ་མལ་གྱི་སྣང་ཞེན་དང་ལྡན་པའི་སྒོ་ནས་མི་ཐུས?་པའི་ལྷའི་ང་ རྒྱལ་གྱིས་བྱེད་དགོས་པའི་ཕྱིར་རོ། །འདིར་དོགས་པ་ཅུང་ཟད་དཔྱད་ན། ཁ་ཅིག་འདི་སྙམ་དུ་འདིར་འཇིགས་བྱེད་དངོས་མ་ཡིན་བཞིན་དུ་དངོས་ཡིན་ནོ་སྙམ་དུ་འཛིན་ཅིང་བསྒོམ་པར་མི་རུང་སྟེ། དེ་ལྟར་འཛིན་པའི་བློ་དེ་ལོག་ཤེས་སུ་འགྱུར་བའི་ཕྱིར་ཞེ་ན། དོགས་པ་དེ་ནི་སྐབས་འདི་འདྲར་མ་ཟད། གཞན་དུའང་སྐྱེ་བས་ལན་ འདེབས་ཤེས་ན་ཁྱད་ཆེའོ། །དེས་ན་སྐབས་འདི་ལྟ་བུའི་ཚེ་བློ་དེ་རྟོག་པ་ཡིན་ཡང་ལོག་ཤེས་སུ་མི་འགྱུར་ཏེ་དུས་དེར་དངོས་པོའི་གནས་ཚོད་ལ་ལྷ་དེ་དངོས་ཡིན་པར་མི་འཛིན་གྱི་མོས་པའི་ཁྱད་པར་གྱིས་རེ་ཞིག་ལྷ་དེ་དངོས་སོ་སྙམ་དུ་ང་རྒྱལ་འཇོག་པ་ཡིན་པའི་ཕྱིར་རོ། །དཔེར་ན། ཡིད་ཀྱིས་སྤྲུལ་པའི་མཆོད་པ་ཙམ་ནི། མཆོད་པ་དེ་དང་དེ་ དངོས་མ་ཡིན་བཞིན་དུ་དངོས་སུ་མོས་ནས་ཕུལ་ཆོག་པ་དང༌། མདུན་དུ་ཚོགས་ཞིང་དུ་བཞུགས་པའི་སྐུ་བརྙན་ནམ། དེ་ཡང་མེད་ཀྱང་སངས་རྒྱས་བྱང་སེམས་སོགས་དངོས་སུ་བཞུགས་པའི་མོས་པ་བྱས་ཆོག་པ་ནི། མདོག་སྔགས་གཉིས་ཀ་ནས་འབྱུང་བ་བཞིན་ནོ། །དེའི་ཚེ་དངོས་པོའི་གནས་ཚོད་ལ་ཡང་ལྷ་ དེ་དངོས་ཡིན་པར་འཛིན་ན།།?་བློ་དེ་ལོག་ཤེས་སུ་འགྱུར་ཏེ། དེའི་ཚེ་ལྷ་དངོས་ཡིན་མིན་ཙམ་ཡང་ལེགས་པར་མ་ཕྱེད་པའི་རྨོངས་པ་ཆེན་པོས་ལྷ་མ་ཡིན་པའང་ལྷར་ཞེན་པའི་ཕྱིར་རོ། །སྐབས་འདིར་མ་ཟད། བསྐྱེད་རིམ་མཐར་ཕྱིན་ནས་ལྷའི་གསལ་སྣང་བརྟན་པའི་ཚེ། ལྷའི་ང་རྒྱལ་བ་ཅོས་མིན་དུ་འབྱུང་ཡང་དེའི་ ཚེ་ལྷ་དེ་ཉིད་དངོས་ཡིན་སྙམ་དུ་མོས་མནོ་ཙམ་མ་ཡིན་པར་དངོས་གནས་སུ་ལྷ་དེར་འཛིན་ཞིང་ཁས་ལེན་རིགས་པ་ནི་མ་ཡིན་ཏེ། དྲི་མེད་འོད་ལས། བསྒོམ་པའི་དབང་གིས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་དཀྱིལ་འཁོར་འཁོར་ལོའི་རྣམ་པར་འགྱུར་ཏེ། དེ་ཉིད་ཀྱིས་ན་སངས་རྒྱས་ཉིད་དུ་ @004A ༄༅། །ཡང་དེ་བཞིན་གཤེགས་པས་གསུངས་པ་མ་ཡིན་ནམ་འགའ་ཞིག་གི་བསམ་པ་འབྱུང་བར་འགྱུར་ཏེ། ཞེས་དོགས་པ་བཀོད་ནས། ལན་དུ། འོན་ཀྱང་ཐམས་ཅད་མཁྱེན་པའི་ལམ་ཉམས་པ་དེ་ནི་ལོག་པའི་ང་རྒྱལ་གྱིས་ཟིལ་གྱིས་གནོན་པར་གྱུར་ན། བདག་རྡོ་རྗེ་སེམས་དཔའ་ སྟོབས་བ་ཅུ་པའོ་ཞེས་དེ་ལྟར་རློམ་པར་བྱེད་དོ། །འདི་ནི་སྟོབས་བཅུ་པ་མ་ཡིན་ཏེ། སྟོབས་བཅུ་པའི་འགལ་ཟླ་ཉི་ཚེ་བ་རྨོངས་པ་ཆེན་པོའོ། །འདིར་རྣལ་འབྱོར་པ་འདིའི་སངས་རྒྱས་ནི་སྔོན་མེད་པ་ཤིན་ཏུ་རྨད་དུ་བྱུང་བ་ཆེན་པོ་སྟེ། སྒྲིབ་པ་དང་ལྡན་པའི་ཕྱིར་རོ། །ཞེས་གསུངས་ཤིང༌། སྔགས་རིམ་དུ་དེ་དྲངས་ནས། དེའི་དོན་འཆད་པ་ན། སྐབས་དེར་སངས་རྒྱས་ཐོབ་པར་རློམ་པ་དེ་ནི་སངས་རྒྱས་ཀྱི་མི་མཐུན་ཕྱོགས་སུ་གྱུར་པའི་རྨོངས་པ་ཆེན་པོ་ཡིན་པས། སྒྲིབ་པ་དང་བཅས་བཞིན་དུ་སངས་རྒྱས་སུ་འདོད་པ་ནི་སྔོན་མེད་པའོ་ཞེས་བཞད་གད་ཀྱི་གནས་སུ་མཛད། །ཞེས་གསུངས་པའི་ཕྱིར་རོ། །མདོར་ན། ལྷ་དེ་དངོས་མིན་ཀྱང་དེའི་ ཚེ་དེ་དངོས་ཡིན་སྙམ་པའི་ང་རྒྱལ་བྱེད་པ་མི་འགལ་ཏེ། དེ་ལྟར་ཐ་མལ་གྱི་སྣང་ཞེན་བཀག་ནས་མཆོག་གི་སྣང་ཞེན་བྱས་པས་དགོས་པ་ཁྱད་པར་ཅན་དུ་མ་འགྲུབ་པར་འགྱུར་བའི་ཕྱིར་ཏེ། དེའི་རྒྱུ་མཚན་རྒྱས་པར་ནི་གཞན་དུ་ཤེས་དགོས་ལ། མོས་པའི་ཁྱད་པར་རམ་རྟེན་འབྲེལ་གྱི་ཆོས་ཉིད་བསམ་གྱིཥ་ མི་ཁྱབ་ཅིང༌། ཚུལ་དེར་རྟོག་གི་ཙམ་གྱིས་རིགས་པས་གནོད་པ་མི་ནུས་པའི་ཕྱིར་རོ། །རྡོར་དྲིལ་བྱིན་གྱིས་བརླབ་པའི་ཚུལ་ནི་གཞུང་ལྟར་ལ། མཚོན་དོན་ནི་རྡོ་རྗེས་ཐབས་ཀྱི་ཆ་ཐམས་ཅད་དང་དྲིལ་བུས་ཤེས་རབ་ཀྱི་ཆ་ཐམས་ཅད་མཚོན་ལ། རྡོར་དྲིལ་གཉིས་ཀས་དོན་དམ་པའི་བྱང་ཆུབ་ཀྱི་སེམས་མཚོན་ནོ།། ཡང་རང་ལྷར་བསྐྱེད་པ་སྐུའི་དམ་ཚིག་དང༌། རྡོ་རྗེ་ཐུགས་དང༌། དྲིལ་བུ་གསུང་དང༌། རང་ལྷ་ཡབ་ཡུམ་དུ་བསྒོམ་པ་ཕྱག་རྒྱའི་དམ་ཚིག་སྟེ་དེ་རྣམས་དྲན་པའི་སྒོ་ནས་རྡོར་དྲིལ་བཟུང་བར་བྱའོ། །དེ་ནས་ནང་མཆོད་བྱིན་གྱིས་བརླབ་པའི་ཚུལ་ལ་བཞི། བསང་བ། སྦྱང་བ། བསྐྱེད་པ། བྱིན་ @004B གྱིས་བརླབ་པ་དངོས་སོ། །དང་པོ་ནི། ཧྲཱིཿཥྚཱིཿ བརྗོད་པ་དང་མཉམ་དུ་རང་གི་སྙིང་གནས་རང་འདྲའི་གཤིན་རྗེ་གཤེད་ཡབ་རྐྱང་དཔག་ཏུ་མེད་པ་སྤྲོས་ཏེ། ནང་མཆོད་ཀྱི་སྒྲུབ་གཞི་ལ་གནས་པའི་བགེགས་ཀྱི་ཚོགས་རྣམས་སྤྲིན་ནག་རླུང་གིས་བདས་པ་བཞིན་དུ་རྒྱང་རིང་དུ་བསྐྲད་པར་བསམ་མོ། །གཉིས་པ་ སྦྱང་བ་ནི། སྭ་བྷཱ་ཝའི་སྔགས་བརྗོད་པའི་སྒོ་ནས་སྔགས་དེའི་དོན་འོག་ནས་འབྱུང་བ་ལྟར་དྲན་པར་བྱས་ཏེ་སྟོང་པར་སྦྱང་བར་བྱ་ལ། དེའི་དགོས་པ་ནི་ཐ་མལ་གྱི་སྣང་ཞེན་སྦྱོར་བ་དང༌། མཆོད་རྫས་བདེ་སྟོང་གི་རྣམ་རོལ་དུ་འཆར་བའི་ཆེད་དོ། །གསུམ་པ་བསྐྱེད་པ་ནི། སྟོང་པའི་ངང་ལས་ཡཾ་ཡིག་སྔོན་པོ་ཞིག་ཐོལ་ གྱིས་བྱུང་བ་འོད་དུ་མེར་གྱིས་ཞུ་བ་ལས། རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན། བཅད་ཁ་རང་དང་སྒོར་མོ་ཕར་བསྟན་པ། མཆོག་མ་གཉིས་སུ་བུམ་པ་ནས་འཐོན་པའི་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེ་དཀྱིལ་དམར་པོ་ཟུར་གསུམ་པ་ཟུར་གཅིག་རང་ལ་བསྟན་པ་མེ་འབར་བཞིན་པ། དེའི་ཟུར་གསུམ་གྱི་སྟེང་དུ་ཨཱ་དམར་པའམ་དཀར་པོ་རེ་རེ། དེ་ཡོངས་སུ་གྱུར་པ་ལས་མི་མགོ་རློན་པའི་སྒྱེད་བུ་གསུམ་གྱི་ལྟག་པ་དབུས་སུ་བསྟན་པའི་འཛོམས་སུ་ཨཱཿ དཀར་པོ་སྔ་མ་ལས་ཅུད་ཆེ་བ་ལས་ཐོད་པ་ཕྱི་དཀར་ལ་ནད་དམར་བ་དབུས་ཡངས་ཤིང་རྒྱ་ཆེ་བ། དཔྲལ་བ་རང་ལ་བསྟན་པའི་ནང་དུ་ཤ་ལྔ་དང་ བདུད་རྩི་ལྔ་འགོད་ཚུལ་མི་འདྲ་བ་མང་ཡང༌། འདིར་ནང་གི་ཤར་ལྷོ་ནུབ་བྱང་དབུས་སུ་རིམ་པ་བཞིན་དུ་མཚོན་བྱ་རྣམ་སྣང༌། རིན་འབྱུང༌། འོད་དཔག་མེད། དོན་གྲུབ། མི་བསྐྱོད་པའི་ས་བོན་རིམ་པ་བཞིན་དུ། བྷྲུཾ། ཨཾ། ཛིཾ། ཁཾ། ཧཱུཾ་ལས་བྱུང་ཞིང༌། བདག་གི་བླ་མ་མཁས་པ་ཁ་ཅིག་སྦྱང་གཞིའི་དབང་དུ་མཛད་ ནས་ངོ་བོ་རང་རྒྱུད་ཀྱི་ཉོན་མོངས་པ་གཏི་མུག་ང་རྒྱལ་སེར་སྣ་འདོད་ཆགས་ཕྲག་དོག་ཞེ་སྡང་རྣམས་རིམ་བཞིན་ཡིན་པ་ལ། ཞེས་གསུངས་པ་ལྟར་རམ། ཁ་ཅིག་འདི་ལ་ཀླན་ཀ་འཚོལ་འདུག་པས་ཡང་ན་སྤྱི་འགྲོ་ལྟར་ངོ་བོ་ཡེ་ཤེས་ཡིན་པ་ལ་རྣམ་པ་ཡང?། ཁྱི། གླང་ཆེན། རྟ། མིའི་ཤ་རྣམས་ཚང་མའམ་ @005A ༄༅། །གཏུབ་པ་གང་རུང༌། མཚོན་བྱེད་མིང་ཡིག་དང་པོ་རིམ་བཞིན་གོ་ཀུ་ད་ཧ་ན་ཡིག་གིས་མཚན་པར་བསྐྱེད་དོ། །ཡང་ཤར་ལྷོ། ལྷོ་ནུབ། ནུབ་བྱང༌། བྱང་ཤར། དབུས་དང་ལྔར་རིམ་བཞིན། མཚོན་བྱ་སྤྱན་མ། མ་མཱ་ཀི། གོས་དཀར་མོ། སྒྲོལ་མ། རོ་ལངས་མ་ལྔའི་ས་བོན་རིམ་པར་ལཾ་མཾ་པཾ་ཏཾ་བཾ་ ལྔ་ལས་བྱུང་ཞིང༌། ངོ་བོ་རང་རྒྱུད་ཀྱི་ས་ཆུ་མེ་རླུང་ནམ་མཁའ་དང་རྣམ་ཤེས་ཀྱི་ཁམས་རྣམས་སམ། ཡང་ན་ངོ་བོ་ཡེ་ཤེས་ཡིན་པ་ལ་རྣམ་པ་དྲི་ཆེན་རཀྟ་བྱང་སེམས་དཀར་པོ་རྐང་མར། དྲི་ཆུ་དང༌། མཚོན་བྱེད་མིང་ཡིག་དང་པོ་བ་རི་ཤུམ་མཱུ་རྣམས་ཀྱིས་མཚན་པར་བསྐྱེད་དོ། །དེ་ཡང་སྦྱང་གཞི་དང་སྦྱར་ན་ རང་རྒྱུད་ཀྱི་རླུང་ལས་ཡཾ་དང༌། རང་རྒྱུད་ཀྱི་དྲོད་ལས་རཾ་སྟེ་དེ་གཉིས་ལས་རླུང་དཀྱིལ་དང་མེ་དཀྱིལ་བ་སྐྱེད་པའམ། ཡེ་ཤེས་ལས་བསྐྱེད་པ་གང་རུ་ངོ་མེ་རླུང་གི་ས་བོན་སྟོང་པའི་ངང་ལས་བྱུང་བས་ནི་སྟོང་ཉིད་ཀྱི་རྣམ་འཕྲུལ་དུ་བལྟ་བ་དང༌། ས་བོན་ལས་བསྐྱེད་པ་ནི་མིང་རྐྱང་བཏགས་ཡོད་དུ་བསྟན་པ་ཉིད་མཚན་ཏེ་གཞན་ལའང་ འགྲེ། རླུང་དཀྱིལ་གྱི་འོག་རླུང་གྲུར?་སེར། མེས་གྷུམ་མོ། མི་མགོ་གསུམ་གྱིས་ལུས་ངག་ཡིད་གསུམ་ཐོད་པའི་རྫས་ཀྱིས་སྤྱི་བོའི་བྱང་སེམས་རྣམས་མཚོན་ནོ། །སྐབས་འདིར་ཐོད་པ་རྫས་ཀྱི་སྣོད་དུ་འཇོག་པའི་རྒྱུ་མཚན་ཡོད་དེ། ཐོད་པའི་སྐད་དོད་ཀ་པཱ་ལ་ཞེས་པ་བདེ་སྐྱོང་ལ་འཇུག་པས་བདེ་སྟོང་ དབྱེར་མེད་ཀྱི་ཡེ་ཤེས་མཚོན་པའི་ཆེད་ཡིན་པའི་ཕྱིར། ཐོད་པ་བདེ་སྐྱོང་གི་སྣོད་ཡིན་ཏེ། བདེ་བ་ཆེན་པོའི་རྟེན་ཀུནྡ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ནི་སྤྱི་བོའི་རྩ་འཁོར་ན་གནས་པའི་ཕྱིར་རོ། །ཁ་ཅིག་ཐོད་པ་ཕྱི་དཀར་བས་ཁམས་དཀར་པོ་དང་བདེ་བ། ནང་དམར་བས་ཁམས་དམར་པོ་དང་སྟོང་པ་མཚོན་པར་ འདོད་ལ་གཞན་དག་དེ་ལས་ལྡོག་སྟེ་མཚོན་པར་ཡང་བཞེད་དེ་མི་འགལ། དཀར་དམར་གྱིས་ནི་ཁམས་དཀར་དམར་གྱི་འདུ་འཕྲོད་དང༌། ཐོད་པ་དུམ་བུ་གཅིག་པ་དང་ཚད་བས་ནི་བདེ་སྟོང་དབྱེར་མེད་མཚོན་ནོ། །ཤ་ལྔ་བདུད་རྩིའི་རྫས་སུ་འཇོག་པའི་རྒྱུ་མཚན་ཡོད་དེ། མཚོན་དོན་སྔར་བཞིན་དང༌། @005B སྦྱངས་རྟོགས་སྦར་གསུམ་བྱས་ནས་རང་ཉིད་ཀྱིས་ལོངས་སྤྱོད་པ་དང༌། དཀྱིལ་འཁོར་གྱི་ལྷ་ལ་ཕུལ་བས་དངོས་གྲུབ་མྱུར་དུ་འགུགས་པས་ལྕགས་ཀྱུ་ལྔ་དང༌། དངོས་གྲུབ་ཐམས་ཅད་གསལ་བར་བྱེད་པས་སྒྲོན་མ་ལྔ་ཞེས་ཀྱང་བརྗོད་པའི་ཕྱིར། དྲི་ཆེན་སོགས་ལྔ་དེར་འཇོག་པའི་རྒྱུ་མཚན་ཡོད་དེ། དེ་ལྔ་ལུས་ཟུང་ གི་དྭངས་མ་ཡིན་པས། སྦྱངས་རྟོགས་སྦར་གསུམ་བྱས་ནས་ལོངས་སྤྱོད་ཅིང་ཕུལ་བས། རང་ཉིད་ལ་འཆི་མེད་ཀྱི་གོ་འཕང་སྟེར་བའི་རྟེན་འབྲེལ་ཡོད་པའི་ཕྱིར་རོ། །འདིར་ཤ་ལྔ་གཤེགས་པ་དེ་བཞིན་གཤེགས་པ་ལྔ་དང༌། བདུད་རྩི་ལྔ་གཤེགས་མ་ཡུམ་ལྔའི་ངོ་བོར་བྱིན་གྱིས་བརླབས་ནས་མོས་ དགོས་ཏེ། ས་བོན་གྱི་བསྐྱེད་ཚུལ་ལས་དང༌། ཕྱོགས་མཚམས་སུ་འགོག་ཚུལ་ལས་འགྲུབ་པའི་ཕྱིར་རོ། །ཤ་ལྔ་དང་བདུད་རྩི་ལྔ་ལ་མཚན་པའི་ཡི་གེ་དེ་དག་ནི་བ་ལང་སོགས་ཀྱི་མིང་ཡིག་དང་པོ་ཡིན་ཏེ། གཽ་བ་ནི་བ་ལང༌། ཀུ་ཀུ་ར་ནི་ཁྱི། དཎྜི་ནི་སོ་ལྡན་ཏེ་གླང་པོ། ཧ་ཡ་ནི་རྟ། ན་ར་ནི་མི་སྟེ་དེ་ རྣམས་ཀྱི་དང་པོ་དང༌། ཡང༌། བི་ཊ་བཤད་བ། རཀྟ་ཁྲག། ཤུ་ཏྲ་བྱང་སེམས་ཏེ་ཁུ་བ། མནྟྲ་རྐང་མར། མཱུ་ཊ་གཅིན་རྣམས་ཀྱི་མིང་ཡིག་དང་པོ་ཡིན་པའི་ཕྱིར། མིང་ཡིག་རྣམས་ནི་འགྲེང་སྟེ་གནས་ཤིང༌། དེ་དག་གི་བར་སྣང་ལ་སྟེང་དུ་ཨོཾ་དཀར་པོ། །དེའི་འོག་ཏུ་ཨཱཿ དམར་པོ། །དེའི་འོག་ཏུ་ ཧཱུཾ་སྔོན་པོའོ། །ཁ་ཅིག་ཡི་གེ་གསུམ་དེ་ལས་ལྡོག་སྟེ་གནས་པར་ཡང་བཤད། བཞི་པ་བྱིན་གྱིས་བརླབ་པ་ནི། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། རླུང་དཀྱིལ་བ་དན་དང་བཅས་པ་ལ་ཕོག་པས། བ་དན་གཡོབ། རླུང་གཡོས། མེ་རབ་ཏུ་འབར་ནས་ཐོད་པ་གདུངས་ཏེ་རྫས་རྣམས་ཞུ་ཞིང་ ཁོལ་བའི་རླངས་པ་ཡི་གེ་གསུམ་ལ་ཕོག་པས། དེ་གསུམ་ལས་རིམ་པ་བཞིན་དུ་འོད་ཟེར་འཕྲོས་པས་སྐུ་གསུང་ཐུགས་རྡོ་རྗེའི་ལྷ་ཚོགས་རྣམས་བཀུག་ནས་ཡི་གེ་གསུམ་ལ་རིམ་པར་ཐིམ་པས་སྐུ་གསུང་ཐུགས་ཀྱི་བདག་ཉིད་དུ་བསམ། ཡི་གེ་གསུམ་ཡང་མས་རིམ་ནས་ཐོད་པར་ལྷུང་སྟེ་གཡས་ @006A ༄༅། །སྐོར་དུ་ལན་གསུམ་གསུམ་དཀྲུགས་པའི་མཐར་ཞུ་པས། ཧཱུཾ་གིས་རྫས་ཀྱི་ཁ་དོག་ངན་པ་དྲི་མི་ཞིམ་པ་ནུས་པ་དམན་པའི་སྐྱོན་སྦྱངས་ནས་དྭངས་ཤིང་སྔོ་བའི་རང་བཞིན་ཅན་དུ་བྱས་པར་བསམ། ཨཱཿས་བདུད་རྩི་ཁ་དོག་དམར་སེར་གྱི་རྣམ་པར་རམ་སྔོ་དམར་གྱི་རྣམ་པར་ བསྒྱུར། ཨོཾ་གྱིས་བདུད་རྩི་ཟད་མི་ཤེས་པའི་རང་བཞིན་དུ་མང་པོར་སྤེལ་ཞིང་ཁ་དོག་དཀར་དམར་དུ་བསྒྱུར་བའི་མོས་པ་བྱེད་པའམ། ཡང་ན་ཁ་དོག་དམར་སེར་ཉིད་དུ་གནས་པར་བྱས་ཀྱང་མི་འགལ། དག་ཏུ་ཡི་གེ་གསུམ་ལན་གསུམ་བརྗོད་ཅིང་བྱིན་གྱིས་བརླབ་པོ། །དེ་ལ་བསྐྱེད་པ་ ནི། དམ་ཚིག་པའི་རྫས་སམ་བདུད་རྩི་ཡིན་ལ། རྡོ་རྗེ་གསུམ་བཀུག་ནས་བསྟིམ་པ་ནི་ཡེ་ཤེས་པའི་བདུད་རྩི་འཇུག་པའོ། །འདིར་ཁྲིད་རྒྱུན་འགའ་ཞིག་ཏུ་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་རྣམས་ཀྱང་ཐོད་པའི་བདུད་རྩིར་ཐིམ་པར་མོས་པའི་ཚུལ་བཤད་ལ། ཁ་ཅིག་ནི་དེ་འགོག་པ་སྣང་སྟེ་ བརྟག། ༈ གཉིས་པ་སྔོན་འགྲོའི་མཆོད་པ་ཇི་ལྟར་བྱ་བ་ནི། ནང་མཆོད་འཐོར་བ་དང་མཉམ་དུའམ་མིན་ཀྱང་ལས་སྔགས་བརྗོད་དེ། བསང་བ་དང་སྦྱང་བ་ནི་ནང་མཆོད་ཀྱི་སྐབས་ལྟར་བྱས་ལ། བསྐྱེད་པ་ནི། སྟོང་པའི་དད་ལས་རང་གི་གཡོན་ནས་གཡས་ཕྱོགས་སུ་ཨཱཿ དཀར་པོ་བརྒྱད་ ཚར་བཅུ་དྲུག་གམ་ཚར་གཅིག་འཕྲེང་བྱས་ནས་འགྲེང་བ་འོད་དུ་ཞུ་བ་ལས་ཐོད་པ་དཀར་པོ་ཡངས་ཤིང་རྒྱ་ཆེ་བ་དེའི་གྲངས་ལྡན། དེ་དག་གི་ནང་དུ་བདེ་སྟོང་གི་ཡེ་ཤེས་ཀྱི་ཆ་ཧཱུཾ་ཡིག་སྔོན་པོ་རེ་རེ་འགྲེང་སྟབས་སུ་བྱུང་བར་བསམ། དེ་རྣམས་ཞུ་བ་ལས་ངོ་བོ་ཡེ་ཤེས་དེ་ཉིད་ལ་རྣམ་པ་གཡོན་ ནས་བརྩམས་ཏེ། འདིར་དྲག་པོའི་དབང་དུ་བྱས་ན། དགྲ་བགེགས་ཀྱི་སྙིང་ཁྲག་གི་མཆོད་ཡོན་དང༌། ཞབས་བསིལ། སྙིང་ཁྲག་གིས་བསྒོས་པའི་དྲི་ཆབ། དབང་པོའི་མེ་ཏོག། ཤ་ཆེན་དང་ཚིལ་ཆེན་གྱི་བདུག་སྤོས། ཞུན་ཆེན་གྱི་སྒྲོན་མེ། ཤ་རུས་ཀྱི་ཞལ་ཟས། ཐོད་རྔ་དང་ @006B རྐང་གླིང་གི་རོལ་མོ་སྟེ། མཆོད་རྫས་སོ་སོའི་རྣམ་པ་ཅན། བྱེད་ལས་མགྲོན་རྣམས་ཀྱི་མིག་སོགས་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཟག་མེད་ཀྱི་བདེ་བ་ཁྱད་པར་ཅན་བསྐྱེད་པའི་ནུས་པ་དང་ལྡན་པར་བསམ། འཁྲིད་ཡིག་ཁ་ཅིག་ཏུ་ངོ་བོ་ལྷ་དང་མིའི་ཡོ་བྱད་དེ་དང་དེ་ཕུན་སུམ་ཚོགས་པ་ཡིན་པ་ལ་ཞེས་ཀྱང་འབྱུང་ངོ།། དེ་ནས་ཨོཾ་ཨརྒྷཾ་ཨཱཿཧཱུཾ། ཞེས་སོགས་ཀྱིས་རྡོ་རྗེ་གསུམ་གྱི་ངོ་བོར་བྱིན་གྱིས་བརླབ་པོ། ༈ །སྔོན་འགྲོའི་གཏོར་མ་བྱིན་བརླབ་ནི། གཏོར་མ་ལ་དམིགས་ཉེ་བསང་སྦྱང་བསྐྱེད་པ་ནི། ནང་མཆོད་ཀྱི་སྐབས་ལྟར་རོ། །གཏོར་མགྲོན་ནི། རང་གི་ཐུགས་ཀ་ནས་རང་འདྲའི་ཁྲོ་བོ་གཡས་ལྕགས་ཀྱུ་དང་གཡོན་ཞགས་ པ་ཐོགས་བ་བཅུ་དྲུག་སྤྲོས་ཏེ། ཕྱོགས་སྐྱོང་གསལ་འདེབས་རྒྱས་པར་བྱེད་ན། ཨོཾ་ཧྲཱིཿཥྚྲཱིཿ ཞེས་སོགས་བརྗོད་ཅིང་བཀའ་བསྒོས། སྔགས་དོན་ནི། འཕྲོག་བྱེད་མཆེ་བ་རྣམ་པར་འགྱུར་བའི་ཞལ་ཅན། མ་རུངས་པ་དབང་པོ་ལ་སོགས་པ་འདི་དག་འཁོར་དང་བཅས་པ་མྱུར་དུ་ཁུག་ཅིག་ཅེས་པའོ། །ཧྲཱིཿནི་འཕྲོག བྱེད། ཥྚྲཱི??ཿམཆེ་བ། ཝི་ཀྲི་ཏ་རྣམ་པར་འགྱུར་པ། ཨ་ན་ན་གདོང་ངམ་ཞལ། ཨོཾ་ནི་མགོ་འདྲེན་དང་ཧཱུཾ་དང་ཕཊ་ནི་བསྐུལ་བ། སརྦ་ནི་ཐམས་ཅད། དུཥྚཾ་ནི་མ་རུངས་པ། ཨིནྡྲ་དབང་པོ། །ཨཱ་དི་ནས་འདི་དག། ས་པཱ་རི་ཝཱ་ར་འཁོར་བཅས། ཨཱ་ཀརྵ་ཡཾ་ཛཱ་ནི་མྱུར་དུ་ཁུག་ཅིག་གོ །སྤྲོས་པའི་ཁྲོ་བོ་ དེ་དག་ལས་ཤར་དང་ལྷོ་དང་བྱང་དང་འོག་ཏུ་གཉིས་གཉིས་དང་མཚམས་བཞི་དང་ནུབ་རྣམས་སུ་རེ་རེ་སྟེང་དུ་གསུམ་རྣམས་སོང་བས། ཕྱོགས་སྐྱོང་རྣམས་ཀྱི་སྙིང་ཁ་ནས་ལྕགས་ཀྱུས་བཟུང༌། མགྲིན་པ་ནས་ཞགས་པས་བཅིངས་ཏེ་བཀུག་ནས་རང་དང་གཏོར་མའི་ཕྱོགས་མཚམས་རྣམས་སུ་འཁོད་ པར་བསམས་ལ། དེ་ཡང༌། ཤར་དུ་དབང་པོ། །དེའི་གཡོན་དུ་ཉེ་དབང༌། ལྷོར་ཆོས་རྒྱལ་འཁོར་བཅས། དེའི་གཡོན་དུ་གཤིན་རྗེ། ནུབ་དུ་ཆུ་བདག། བྱང་དུ་གནོད་སྦྱིན། དེའི་གཡོན་དུ་ཚོགས་བདག། བྱང་ཤར་དུ་དབང་ལྡན། ཤར་ལྷོར་མེ་ལྷ། ལྷོ་ནུབ་ཏུ་སྲིན་པོ། །ནུབ་བྱང་དུ་རླུང་ལྷ། @007A ༄༅། །དབང་པོའི་གཡས་སུ་ཟླ་བ། ཉེ་དབང་གི་གཡོན་དུ་ཉི་མ། དེ་དག་གི་རྒྱབ་ཏུ་ཚངས་པ། འོག་ཏུའམ་ཆུ་ལྷའི་གཡས་སུ་སའི་ལྷ་མོ། །གཡོན་དུ་ཐག་བཟང་རིས་རྣམས་ཁ་ནང་དུ་ཕྱོགས་པ། མངོན་རྟོགས་ནས་འབྱུང་བ་ལྟར་རོ། །དེ་ནས་ཁྲོ་བོ་རྣམས་རང་གི་སྙིང་ཁར་བསྡུ། སླར་ཡང་ཁྲོ་བོ་ཕུར་བུ་ཐོགས?་པ་བཅུ་དྲུག་སྤྲོས་ཏེ། སྔགས་བརྗོད་ཅིང་སྔགས་དོན་གཞན་འདྲ་བ་ལ། ཀཱི་ལ་ཡ་ནི་ཕུར་བུ་ཐོབ་ཅིག་ཅེས་པའོ། །ཁྲོ་བོ་དེ་དག་གིས་ཕྱོགས་སྐྱོང་རྣམས་ཀྱི་སྤྱི་གཙུག་ནས་རྐང་མཐིལ་གྱི་བར་ཕུར་བུ་བཏབ་པས། གྲུབ་པ་བརྒྱད་ཀྱི་ནང་ཚན་གྱི་རིལ་བུའི་བཅུད་ ལེན་གྲུབ་ན། རྒས་ཁོག་གི་ལུས་ཀྱང་གཞོན་ལུས་ལྟར་འགྱུར་ཞིང༌། ཁ་དོག་གསེར་ལྟར་འོང་བ་དེ་བཞིན་དུ་འདིར་ཡང༌། པུར་བུས་རེག་པས་སྐད་ཅིག་གིས་རྡོ་རྗེ་འཇིགས་བྱེད་ཡུམ་བཅས་སུ་གྱུར་བའི་རིགས་བདག་ཏུའང་འཇིགས་བྱེད་ཡུམ་བཅས་རེ་བཞུགས་པར་བསམ། དེ་ནི་རྒྱས་པའི་དབང་དུ་ བྱས་ལ། ལྷར་བསྐྱེད་པ་ནི་ཐ་མལ་གྱི་སྣང་ཞེན་བཀག་ནས་ལྷའི་འཁོར་ལོར་འཆར་བའི་ཆེད་དོ། །གཞན་འགུགས་སྔགས་བརྗོད་ནས་བཀུག་སྟེ་གསལ་འདེབས་རྒྱས་པར་མི་བྱེད་པར་ལྷར་བསྐྱེད་པ་ནི་འབྲིང༌། སྔགས་ཀྱང་མི་བརྗོད་པར་འོད་ཟེར་ཙམ་གྱིས་བཀུག་ནས་ལྷར་བསྐྱེད་པ་ནི་བསྡུས་ པ་སྟེ། རྒྱུན་པའི་མངོན་རྟོགས་ལ་ནི་གཏོར་འབུལ་མ་བྱས་ཀྱང་མི་འགལ། མགྲོན་རྣམས་ཀྱི་ལྗགས་རྡོ་རྗེ་རྩེ་གཅིག་པ་དཀར་པོ་འོད་ཀྱི་སྤུ་གུ་ཅན་རྣམས་སུ་གྱུར་པར་བསམས་ལ། རང་གི་སྙིང་ཁ་ནས་ལྷ་མོ་རོ་རྡོ་རྗེ་མ་ཐོད་པ་ཐོགས་པ་བཅུ་དྲུག་སྤྲོས་ཏེ། རྩ་སྔགས་ཚར་གཅིག་བརྗོད་པ་དང་ མཉམ་དུ་ལྷ་མོ་རྣམས་ཀྱིས་བདུད་རྩི་ནས་ཕུད་བཅུས་ཏེ། མདུན་གྱི་ནམ་མཁར་འཇིགས་བྱེད་ཀྱི་ལྷ་ཚོགས་སྐད་ཅིག་གིས་གསལ་བ་ལ་ཕུལ་བས་བཞེས་ནས་མགྲོན་རྣམས་ཤ་ཁྲག་གི་གཏོར་མ་ལ་ལོངས་སྤྱོད་པའི་གནང་བ་བྱིན་པར་བསམས་ལ། ལྷ་མོ་རྣམས་ཀྱིས་སླར་ཡང་བདུད་རྩི་བཅུས་ @007B ནས་མགྲོན་རྣམས་ལ་འབུལ་བར་བསམ། གཏོར་སྔགས་ཀྱི་དོན། སྔགས་ཚན་དང་པོ་བདུན་གྱི་ཨོཾ་ཡ་སོགས་བདུན་ནི་ཨོཾ་ཡ་མཱནྟ་ཀ་ཧཱུཾ་ཕཊ་ཅེས་པ་སྟེ། ལྷག་མ་བདུན་ནི་གཤིན་རྗེ་འཁོར་བཅས་ཀྱི་མིང་དང་སྤེལ་བ་ཡིན་ལ། དགོས་པ་ནི་དེ་དག་གི་རྒྱུད་བྱིན་གྱིས་རློབས་པའི་ཆེད་དོ། །བྷུ་ཙ་ར་ནི། ས་ལ་ སྤྱོད་པ་ཆོས་རྒྱལ་ནང་སྒྲུབ་འཁོར་བཅས། པཱ་ཏ་ལ་ཙ་ར་ནི་ས་འོག་ན་སྤྱོད་པ་སྟེ་ཙ་མུཎྜི་འཁོར་བཅས། ཁེ་ཙ་ར་ཡ་ནི་མཁའ་ལ་སྤྱོད་པ་སྟེ་དཔལ་ལྡན་ལྷ་མོ་འཁོར་བཅས། པཱུ་ར་ཝ་ནཾ་ག་ནཾ་ནི་ཤར་དུ་གནས་པ་སྟེ་ཞི་པའི་གཤིན་རྗེ་དཀར་པོ་འཁོར་བཅས། དཀྵི་ན་དི་ཀ་ཡ་ནི་ལྷོ་ཕྱོགས་པ་སྟེ་རྒྱས་པའི་ གཤིན་རྗེ་སེར་པོ་འཁོར་བཅས། པཉྩི་མ་ནི་ནུབ་ཕྱོགས་པ་སྟེ་དབང་གི་གཤིན་རྗེ་དམར་པོ་འཁོར་བཅས། ཨུཏྟ་ར་དི་ག་ཡ་ནི་བྱང་ཕྱོགས་པ་སྟེ་དྲག་པོའི་གཤིན་རྗེ་སྔོན་པོ་འཁོར་བཅས་ལ་ཕུལ་བར་བསམ། ཨོཾ་ཨི་སོགས་ཀྱི་ཧྲཱིཿཥྚྲཱི་སོགས་བཅུ་ནི་ལས་སྔགས་ཀྱི་ཡི་གེ་དང༌། ཨི་སོགས་ནི་ཕྱོགས་ སྐྱོང་གི་མིང་ཡིག་དང་པོ་སྤེལ་བ་སྟེ། དགོས་པ་ནི་སྔར་བཞིན་ནོ། །དེ་ཡང་ཨི་ནི་ཨིནྡྲ་སྟེ་དབང་པོའི་མིང་ཡིག་དང་པོ། །དེ་བཞིན་དུ་ཡ་ནི་ཡ་མ་སྟེ་གཤིན་རྗེའི། ཝ་ནི་ཝ་རུ་ཎ་སྟེ་ཆུ་ལྷའི། ཀྵེ་ནི་ཡ་ཀྵེ་སྟེ་གནོད་སྦྱིན་གྱི་མིང་ཡིག་ཐ་མ། ཀོ་ནི་ཀོའུ་ཤི་ཀ་སྟེ་བརྒྱ་བྱིན་གྱི། ཨེ་ནི་ཨེ་དྷ་ནི་སྟེ་མེ་ལྷའི། ཨ་ནི་ཨ་ཤ་ས་སྟེ་ ཁྲག་ཐུང་ངམ། ཨ་བྷི་རཀྵ་སྟེ་མངོན་པར་སྲུང་བ་སྲིན་པོའི། དེ་ནི་དེ་ཝ་བ་ཡུ་སྟེ་རླུང་ལྷའི་མིང་ཡིག་དང་པོ། །བྷྱོ་ནི་ས་སྟེ་སའི་ལྷ་མོ། །སརྦ་ཐམས་ཅད་ཏེ་ཕྱོགས་རྣམས་ལ་སྦྱང༌། བྷུ་ཏེ་བྷྱཿ ནི། འབྱུང་པོ་རྣམས་ཏེ་དེ་དག་གི་འཁོར་དུ་འོངས་པའི་འབྱུང་པོ་རྣམས་ལའང་འབུལ་ལོ། །སླར་ཡང་སྤྲོས་པའི་ཙརྩི་ཀ་ལ་སོགས་ པས་མཆོད་པར་བསམས་ལ། ཨོཾ་ད་ཤ་སོགས་ཀྱིས་མཆོད། དེ་ཡང༌། ད་ཤ་ནི་བཅུ། དིཀྐ་ནི་ཕྱོགས། ལོ་ཀ་ནི་འཇིག་རྟེན། པཱ་ལ་སྐྱོད་པ། ས་པཱ་རི་ཝཱ་ར་འཁོར་དང་བཅས་པ། ཨརྒྷཾ་ནི་མཆོད་ཡོན། པྲ་ཏཱིཙྪ་ནི་སོ་སོར་བཞེས་ཤིག། ཧཱུཾ་སྭཱ་ཧཱ་ནི་གཞི་ཚུགས་ཞེས་པ་སྟེ། དེ་བཞིན་དུ་ཤཔྟའི་བར་ལ་ @008A ༄༅། །རིགས་འགྲེ། དེ་ནས་ནང་མཆོད་ཀྱང་ཕུལ་ལ། བཅོམ་ལྡན་ཆོས་རྗེ་སོགས་ཀྱིས་འཕྲིན་ལས་བཅོལ། ཕྱོགས་སྐྱོང་རྣམས་ཀྱི་སྤྱི་བོའི་རིགས་བདག་གི་ཐུགས་ཀར་གཤིན་རྗེ་གཤེད་ཀྱིས་ཡིག་བརྒྱས་བསྐོར་བར་བསམས་ལ། དེའི་ཡིག་བརྒྱ་བརྗོད་ཅིང་ལྷག་ཆད་བསྐང༌། རིགས་བདག གི་ཐུགས་ཀའི་ཡིག་བརྒྱ་ལས་བདུད་རྩིའི་རྒྱུན་བབས་པས་ལྷག་ཆད་ཀྱི་ཉེས་པ་ཐམས་ཅད་དག་པར་བསམ་པར་འཁྲིད་འགའ་ཞིག་ལས་བྱུང་ཡང༌། འདིར་ཡིག་བརྒྱ་བརྗོད་པ་ནི་ལྷག་ཆད་གསོ་བའི་ཆེད་དུ་ཡིན་པས། དམིགས་པ་དེ་ལྟར་བྱས་ཚེ་མགྲོན་གྱི་ཉེས་པ་དག་པའི་ཆེད་དུ་བྱས་པར་སོང་ བས་དཔྱོད། བཟོད་གསོལ་བྱས་ནས་རང་གནས་སུ་གཤེགས་ཏེ་སྒྲུབ་པ་པོའི་འཕྲིན་ལས་བསྒྲུབ་པའི་ཆེད་དུ་རང་ཕྱོགས་སུ་འཁོད་པར་བསམ་མོ། །འདི་ལའང་རང་དང་ཉེ་བའི་ཕྱོགས་མཚམས་སུ་འཁོད་པར་བཞེད་པ་དང༌། ཕྱོགས་སྐྱོང་རང་རང་གི་བཞུགས་གནས་སུ་འཁོད་པར་འདོད་པའི་ཚུལ་གཉིས་སོ། ། ༈ གསུམ་པ་བདག་བསྐྱེད་མཆོད་པ་ནི། མཆོད་འགོ་རང་གི་གཡས་ཕྱོགས་ནས་བརྩམས་པ་མ་གཏོགས་བྱིན་རློབས་ཀྱི་སྐབས་སྔར་བཞིན་དང་འོན་ཀྱང་བརྒྱད་ཚར་ནི་རྒྱས་པར་ན་ལྷ་གྲངས་དང་མཉམ་པའོ། །སློབ་དཔོན་ཁྲི་ཆེན་བློ་བཟང་དར་རྒྱས་ཞལ་སྔ་ནས་ནི། འདི་ལྟར། འཁྲིད་ རྒྱུན་ལ་མེད་ཅིང་སྒྲུབ་ཐབས་དང་མི་མཐུན་པའི་བདག་བསྐྱེད་འབའ་ཞིག་གི་ཚེ་འབུལ་བའི་ཡུལ་གང་ཡང་མེད་བཞིན་དུ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཎྜལ་འབུལ་བའི་ཁྲིད་བྱེད་པ་ནི་རྗེའི་དགོངས་པ་དང་འགལ་བར་བཤད་པས། དེ་ལྟར་མཛད་པ་ནི་འཁྲིད་རྒྱུན་འགའ་ཞིག་ཏུ་སྣང་མོད། དཀྱིལ་ འཁོར་སྒྲུབ་མཆོད་ཀྱི་སྐབས་ལྟ་བུ་ཡིན་ན་མ་གཏོགས། བདག་བསྐྱེད་ཀྱི་མངོན་རྟོགས་རྐྱང་པའི་སྐབས་སུ་འདིར་མཎྜལ་གྱི་རྣམ་གཞག་མཛད་པ་ནི་མི་རུང་བ་ཨེ་ཡིན་མ་ཤེས་ཀྱང༌། ཆོ་གའི་རྣམ་དབྱེ་དོད་པར་བྱས་ཚེ་འབུལ་མི་དགོས་པ་ཡང་བདེན་པར་མངོན་ནོ། །དེ་ལྟར་ཆོག་གཞན་ལ་ @008B ཡང་འགྲེ་བས། འདིར་ནི་མི་འཆད་དོ། །དེར་མ་ཟད། པཎ་ཆེན་དགེ་འདུན་རྒྱ་མཚོ་དང༌། པཎ་ཆེན་ཐམས་ཅད་མཁྱེན་པ་རྣམ་པ་གཉིས་ཀྱིས་མཛད་པར་བཅུ་གསུམ་མ་འདི་བདག་མདུན་ཐ་མི་དད་འཇུག་པ་གཅིག་ཡིན་པར་རྗེའི་དགོངས་པ་ཡིན་པར་བཤད་ནས་བདག་མདུན་གྱི་མཆོད་པ་གཉིས་ཆབ་གཅིག་ཏུ་ བྱིན་བརླབ་བྱ་བར་གསུངས་ལ། རྒྱལ་དབང་ལྔ་པ་དང༌། ཅད་གྱ་ཞབས་དྲུང་སོགས་ནི། མངོན་རྟོགས་རྐྱང་པའི་སྐབས་སུ་བདག་མདུན་འཇུག་པ་གཅིག་མི་གཅིག་པའི་ཐ་སྙད་མི་འཐོབ་པར་བཤད་པས། འདིར་དེ་འཐད་པ་ལྟར་མཐོང་ངོ། །འོན་ཀྱང་ཁོང་རྣམ་གཉིས་ཀྱི་དགོངས་པ་ཡང་དཀྱིལ་འཁོར་ སྒྲུབ་པ་ལྟ་བུའི་སྐབས་ལ་དགོངས་པར་མངོན་ཏེ། གཞན་དུ་ན་ཀླན་ཀ་འཇུག་ཅིང༌། ཁྱད་པར་དུ་པཎ་ཆེན་རིན་པོ་ཆེས་དིང་སང་ནག་འགྲོས་སུ་བཀོད་པའི་བར་མ་འདི་གཏོར་འབུལ་སྐབས་སླ་ཆོས་སུ་སོང་བར་བཞེད་པའི་ཕྱིར་རོ། །རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ནི་ལོགས་སུ་ཤེས་པར་བྱ་ལ། སྐབས་ འདིར་ཁ་ཅིག་ནི། རྡོར་སེམས་བསྒོམ་པའི་ཚེ་རང་ཉིད་རྡོ་རྗེ་འཇིགས་བྱེད་ཡིན་པའི་དམིགས་པ་ངེས་པར་བྱེད་དགོས་པར་འདོད་ཀྱང༌། ཁོ་བོ་ནི་དེ་མི་རུང་བ་མིན་ཡང་ཐ་མལ་བའི་རྣམ་པ་ཅན་དུ་གསལ་བའི་སྤྱི་བོར་རྡོར་སེམས་བསྒོམས་ན་ལེགས་སམ་སྙམ། གལ་ཏེ་མངོན་རྟོགས་སྔ་མ་སོང་ཞིང༌། ཕྱི་མ་ལ་ ཡང་འཇུག་དགོས་པས་ལྷའི་ང་རྒྱལ་ལས་མ་འདས་སོ་སྙམ་ན་མི་འགལ་ཏེ། ལྷའི་ང་རྒྱལ་ཡང་བློས་གསར་དུ་བཅོས་པ་ཡིན་གྱི། འགྱུར་མེད་མིན་ཞིང༌། ཚོགས་ཞིང་གི་ཐོག་མར་ཡང༌། རང་ཉིད་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པར་གསལ་བའི་ཞེས་པ་སླར་ཡང་ལྷར་བསྐྱེད་པར་བསྟན་ པའི་ཕྱིར་རོ། །གཉིས་པ་ཐུན་དངོས་གཞིར་ཇི་ལྟར་བྱ་བ་ལ། སྒྲུབ་ཐབས་འདིར་ཏིང་ངེ་འཛིན་གསུམ་གྱི་ཆིངས་དང༌། རྣལ་འབྱོར་བཞིའི་ཆིངས་གཉིས་ཀ་ཐོབ་པས་ཕྱི་མ་ལ། རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་དང་ཤིན་ཏུ་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོ་བཞི་སྟེ། དང་པོ་ནི། སྟོང་ཉིད་བསྒོམས་པ་ @009A ༄༅། །ནས་རྒྱུ་རྡོ་རྗེ་འཛིན་པའི་བར་དང༌། གཉིས་པ་ནི། འཇམ་དཔལ་གྱི་ཐུགས་ཀར་ཉི་མ་བསྐྱེད་པ་ནས་འབྲས་བུ་རྡོ་རྗེ་འཛིན་པའི་བར་དང༌། གསུམ་པ་ནི་མཁའ་གསང་བྱིན་རློབས་ནས་ཡེ་ཤེས་ཀྱི་གཞལ་ཡས་ཁང་བསྟིམ་པའི་བར་དང༌། བཞི་པ་ནི་དེ་ནས་བཟླས་པའི་བར་རོ།། འདིར་དང་པོའི་དབང་དུ་བྱས་ན་གསུམ། དང་པོ་སྦྱོར་བ། དཀྱིལ་འཁོར་རྒྱལ་མཆོག། ལས་རྒྱལ་མཆོག་གི་ཏིང་ངེ་འཛིན་ལ་བསླབ་ཚུལ་ལོ། །དང་པོ་ལ་བཞི། འཆི་བ་ཆོས་སྐུར་འཁྱེར་བའི་ལམ་ཁྱེར་ཡན་ལག་དང་བཅཥ་པ་ལ་བསླབ་ཚུལ། གང་དུ་འཚང་རྒྱ་བའི་རྟེན་གཞལ་ཡས་ཁང་ བསྐྱེད་ནས་བར་དོ་ལོངས་སྐུར་འཁྱེར་བའི་ལམ་ཁྱེར་རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་ཚུལ། སྐྱེ་བ་སྤྲུལ་སྐུར་འཁྱེར་བའི་ལམ་ཁྱེར་འབྲས་བུ་རྡོ་རྗེ་འཛིན་པ་བསྐྱེད་ཚུལ། སྐུ་གསུམ་གྱི་གོ་འཕང་འདོད་ཆགས་ཀྱི་ཆོས་ཀྱིས་ཐོབ་པར་བསྟན་པའི་ཕྱིར་རིག་མའི་འདོད་ཡོན་ལ་ལོངས་སྤྱོད་ཚུལ་ལོ། །དང་པོ་ལ་ གསུམ། སྔགས་སྤྱོད་པའི་རྟེན་ཁྱད་པར་ཅན་འཛམ་བུ་གླིང་པའི་མི་མངལ་སྐྱེས་ཁམས་དྲུག་ལྡན་དུ་སྐྱེ་བ་ལེན་པའི་རྒྱུར་སྐྱེས་ནས་མྱོང་འགྱུར་གྱི་ལས་མངོན་པར་འདུ་བྱ་བ་དང་མཐུན་པར་ཚོགས་ཞིང་མཆོད་ཅིང་སྡོམ་པ་འཛིན་ཚུལ། དེའི་འོག་ཏུ་འཆི་བ་འོད་གསལ་མངོན་དུ་བྱེད་པ་དང་ཆོས་མཐུན་པར་ཡེ་ཤེས་ཀྱི་ ས་བསྒོམ་ཚུལ། འབྱུང་བཞིའི་དཀྱིལ་འཁོར་བསྐྱེད་དེ་འགལ་རྐྱེན་འགོག་པའི་ཕྱིར་སྲུང་འཁོར་བསྒོམ་ཚུལ་ལོ། །དང་པོ་ནི། རང་ཉིད་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པར་གསལ་བའི་ཐུགས་ཀར་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་ཧཱུཾ་གི་འོད་ཟེར་གྱིས་ལོངས་སྤྲུལ་གྱི་འཇིག་རྟེན་གྱི་ཁམས་མཐའ་ ཡས་མུ་མེད་པ་རྣམས་ཀྱང་གསལ་བར་བྱས་དེ་ན་བཞུགས་པའི་ཞེས་སོགས་ཀྱི་དོན་དྲན་པའི་སྒོ་ནས་རྡོ་རྗེ་འཇིགས་བྱེད་བླ་མ་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས། དེའི་ཚེ་བླ་མ་ནི་སྤྱན་དྲངས་པའི་འཇིགས་བྱེད་དེའི་སྤྱི་བོའི་རྩ་ཞལ་གྱི་སྟེང༌། སྲིན་ཞལ་གྱི་མདུན་དུ་རིགས་བདག། @009B གི་རྣམ་པར་ཡོད་པར་བསམ། སྤྱན་འདྲེན་པའི་གནས་ལ། སྤྱིར་རང་བཞིན་གྱི་གནས་ཞེས་པ། ཆོས་སྐུལ་རང་བཞིན་གྱི་གནས་སུ་བྱས་ནས་གཟུགས་སྐུའི་རྣམ་པར་སྤྱན་འདྲེན་པ་དང༌། ལོངས་སྐུལ་རང་བཞིན་གྱི་གནས་སུ་བྱས་ནས་སྤྲུལ་སྐུའི་རྣམ་པར་སྤྱན་འདྲེན་པ་དང༌། གནས་བྱེ་བྲག་པ་འོག་མིན་ལྟ་ བུ་དང༌། རང་གི་སངས་རྒྱས་ཀྱི་ཞིང་ནས་སྤྱན་འདྲེན་པ་སོགས་ལས་འདིར་ནི་ལོངས་སྤྲུལ་གྱི་ཞིང་ནས་སྤྱན་འདྲེན་པ་ཡིན་ནོ། །བླ་མ་ཡང་རྩ་བའི་བླ་མ་ཞེས་པ། དངོས་ཀྱི་བླ་མ་སྟེ་དབང་བསྐུར་རྒྱུད་བཤད་མན་ངག་གནང་བའི་བླ་མ་རྣམས་བླ་མ་གཅིག་ཏུ་འདུས་པར་བསམ་པའམ། སོ་སོར་གང་བདེ་ཡིན་ ལ། ཁྱད་བར་ཆོས་འདིའི་ཉམས་འཁྲིད་ཀྱི་བླ་མའོ། །འོད་ཟེར་རང་གི་སྙིང་ཁར་བསྡུ་ཞིང་དེ་ནི་སྙིང་ཁར་རྩ་འཁོར་ཡོད་ན་དེར་རོ། །དེ་ནས་གང་གི་དྲིན་གྱིས་བདེ་ཆེན་གནས། །ཞེས་སོགས་ཀྱི་ཚིགས་བཅད་གཅིག་གིས་བླ་མ་ལ་ཕྱག་བྱ་ཞིང༌། དོན་ནི། བླ་མ་གང་གི་བཀའ་དྲིན་གྱིས་མཐར་ཐུག་གི་བདེ་བ་ ཆེན་པོའི་གནས་ནི། དུས་སྐད་ཅིག་སྟེ་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་ཐོབ་པར་འགྱུར་བར་མཛད་པའི་བླ་མ་རིན་པོ་ཆེ་དབང་གི་རྒྱལ་པོ་དང་ཆོས་མཚུངས་པའི་འབྲས་དུས་ཀྱི་རྡོ་རྗེ་ཅན་རྡོ་རྗེ་འཆང་གི་རྣམ་པར་བལྟས་པའི་ཞབས་ཀྱི་པདྨོ་ལ་གུས་པས་འདུད་དོ་ཅེས་པ་སྟེ། ཞབས་ཀྱི་པདྨོ་ནི་ཞབས་ཉིད་ལ་པདྨོའི་ མིང་གིས་བཏགས་པ་ཡིན་གྱི། པདྨའི་གདན་ནི་མིན་ནོ། །དེའི་དོན་ཡང་སྐུའི་ཆ་དམའ་ཤོས་ལ་འདུད་པ་ནི་ཤིན་ཏུའང་གུས་པའི་དོན་ཏེ། ཡོན་ཏན་ཁྱད་པར་ཅན་གཞན་ལ་འདུད་པ་ལྟ་ཅི་སྨོས་པའོ། །གཟུགས་མཆོག་སོགས་ཀྱིས་འཇིགས་བྱེད་ལ་ཕྱག་འཚལ་ཞིང༌། དོན་ནི། འབྲས་དུས་ཀྱི་བདེ་བ་ ཆེན་པོའི་ཡེ་ཤེས་གཟུགས་སྐུའི་རྣམ་པར་ཤར་བས་ན་གཟུགས་མཆོག། ཆེས་ཆེར་ཁྲོས་པས་ན་མཆོག་ཏུ་དྲག་པོ་ཆེ། མི་མཐུན་པའི་ཕྱོགས་ཀུན་ལས་རྒྱལ་བས་ན་དཔའ་བོ། །སྐུ་གསུང་ཐུགས་ཀྱི་ཕྱི་ནང་གསང་བའི་གནས་རྣམས་སངས་རྒྱས་ཁོ་ནའི་མངོན་སུམ་གྱི་སྤྱོད་ཡུལ་ཡིན་པས་ན་ @010A ༄༅། །མཆོག་གི་སྤྱོད་ཡུལ་ཅན། གདུལ་དཀའ་བ་ཕྱི་ནང་གསང་བའི་གཤིན་རྗེ་སོགས་འདུལ་བའི་སྒོ་ནས་སེམས་ཅན་གྱི་དོན་མཛད་པའི་རྡོ་རྗེ་འཇིགས་བྱེད་ལ་ཕྱག་འཚལ་ལོ་ཞེས་པ་སྟེ། དེ་ལ་དྲང་ངེས་གཉིས་ཡོད་པའི་འབྲས་དུས་ཀྱི་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་དེ་ངེས་དོན་གྱི་རྡོ་རྗེ་འཇིགས་ བྱེད་དང་དེ་ཉིད་གཟུགས་སྐུའི་རྣམ་པར་རོལ་བ་འཇིགས་བྱེད་ནི་དྲང་དོན་གྱི་རྡོ་རྗེ་འཇིགས་བྱེད་དོ། །དེ་ནས་རང་གི་སྙིང་ཁ་ནས་ཙརྩི་ཀ་སོགས་མཆོད་པའི་ལྷ་མོ་བཞི་པོ་རེ་རེ་ཡང་མང་དུ་སྤྲོས་ཏེ། མཆོད་ཡོན་སོགས་ཀྱིས་མཆོད་པར་བསམ། དེ་ཡང༌། ཨོཾ་ཧྲཱིཿ ཥྚྲཱིཿ ཧས་མཆོད་ཡོན་འབུལ་ཞིང༌། སྔགས་ དོན་ནི་འཕྲོག་བྱེད་མཆེ་བ་གཙིགས་པ་ལ་ཞེས་གང་ལ་འབུལ་བ་ཡུལ་གྱི་ཁྱད་པར། ཨོཾ་ཧཱུཾ་ཧཱུཾ་ཕཊ་ཀྱིས་ཞབས་བསིལ། ཐ་མལ་གྱི་སྣང་ཞེན་བཅད་དེ་བདེ་སྟོང་གི་རྣམ་སྤྲུལ་ཞེས་ངོ་བོའི་ཁྱད་པར། ཨོཾ་ཝི་ཀྲྀ་ནས་ག་གཿ ཡིས་དྲི། རྣམ་པར་འགྱུར་བའི་ཞལ་ཅན་སེམས་ཅན་མ་རུངས་པ་ བསྒྲལ་བའི་སྙིང་ཁྲག་གི་དྲི་ཞེས་རྒྱུའི་ཁྱད་པར། ཨོཾ་ཀུ་མ་ར་རཱུ་བི་ནི་ཛཿ ཛཿ ཧཱུཾ་ཕཊ་ཀྱིས་མེ་ཏོག། ཡིད་དུ་འོང་བའི་གཟུགས་ཅན་ཅེས་རྣམ་པའི་ཁྱད་པར། ཨོཾ་ཧྲཱིཿ ཧ་ཧེ་ཕཊ་ཀྱིས་བདུག་སྤོས། འཕྲོག་བྱེད་དགྱེས་པའི་ཆེད་དུ་ཞེས་དགོས་པའི་ཁྱད་པར། ཨོཾ་དཱིཔྟ་ནས་སྭཱ་ཧཱས་མར་མེ། དོན་ནི། སྤྱན་གྱི་དབང་པོ་དགྱེས་པའི་ཆེད་དུ་ཞེས་ཡུལ་གྱི་གནས་གང་ལ་འབུལ་བའི་ཁྱད་པར་བསྟན། ཞལ་ཟས་དང་རོལ་མོ་གཉིས་རང་མིང་གིས་སྨོས་པ་ནི་ཐ་མའི་གསལ་བྱེད་དེ། ཁྱད་པར་དེ་ལྟར་ཤེས་པའི་སྒོ་ནས་ཕུལ་ན་ཕུལ་དུ་བྱུང་བའི་མཆོད་པར་འགྱུར་བར་བཤད་དོ། །བཤགས་པ་ནི། སྒོ་ གསུམ་དང་འབྲེལ་བའི་སྡིག་པ་ཐམས་ཅད་བཤགས་པར་བགྱིའོ། །ཚུལ་ཇི་ལྟར་ན་འདས་པའི་དུས་སུ་རང་རྒྱུད་ལ་སྐྱེས་ཤིང༌། ད་ལྟར་གྱི་དུས་སུ་རང་རྒྱུད་ལ་བྱུང་བའི་སྡིག་པ་རྣམས་ནི་དུག་ཁོང་དུ་སོང་བ་ལྟ་བུའི་འགྱོད་སེམས་དང་བཅས་ཏེ་བསལ་བ་སྟེ་བཤགས་པའི་སྒོ་ནས་མེད་པར་ @010B བྱ་བ་དང༌། དེར་མ་ཟད་ཕྱིན་ཆད་མི་བྱེད་པར་ཚོགས་ཞིང་ཁྱེད་ཀྱི་སྤྱན་སྔར་ཁས་བླངས་པའི་བསྡོམ་པར་བརྗོད་དོ། །དུས་གསུམ་གྱི་སྡིག་པ་བཤགས་པ་དེ་བཞིན་དུ། དུས་གསུམ་གྱི་བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ། །ཚུལ་དེ་ལྟར་བྱས་ནས་བསགས་པའི་དགེ་བ་རྣམས་བདག་གཞན་ཀུན་བླ་མེད་རྫོགས་པའི་བྱང་ཆུབ་ཏུ་ བདེ་བླག་འགྲོ་བའི་རྒྱུར་བསྔོའོ། །ཡང་ན་བདེ་འགྲོ་བླ་མེད་བྱང་ཆུབ་ཀྱི་རྒྱུར་བསྔོ་བའོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ། ཞེས་སོགས་རྐང་པ་བཞིས། སྐྱབས་སུ་འགྲོ་བ་དང༌། སེམས་ཅན་ཐམས་ཅད་འཁོར་བ་དང་ངན་སོང་ལས་སྒྲོལ་ཞིང་སངས་རྒྱས་ལ་འགོད་པ་དང༌། དེའི་ཆེད་དུ་བྱང་ ཆུབ་ཏུ་སྨོན་པའི་སེམས་བསྐྱེད་པར་བསྟན་ཏོ། །ལུས་འབུལ་བ་ནི། ཡོན་ཏན་རྒྱ་མཚོ་ལྟར་ཚད་མེད་པའི་ཚོགས་ཞིང་ཁྱེད་རྣམས་ལ་བདག་གི་ལུས་འབུལ་ཞིང༌། ལམ་བསྟན་ནི། སངས་རྒྱས་དང་དེའི་སྲས་བྱང་སེམས་རྣམས་ཀྱི་བགྲོད་པའི་ལམ་ཏུ་གྱུར་བ་སྦྱིན་སོགས་ཀྱི་ཚུལ་དེ། སྐུ་གསུམ་ དང་ཡེ་ཤེས་ལྔ་ལྡན་གྱི་གོ་འཕང་ཐོབ་པའི་ཕྱིར་དུ་རབ་ཏུ་དད་པས་རང་རྒྱུད་ཡ་བརྟེན་པར་བགྱིའོ་ཞེས་པ་ནི་དོན་བསྡུས་པ་སྟེ། འདི་ནི་འཇུག་སེམས་སུ་ཡང་འགྱུར་རོ། །རིགས་ལྔའི་སྡོམ་བཟུང་ནི། སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །ཞེས་སོགས་ཀྱིས་སྟོན་ཏེ། འདི་ཡང་དོན་བསྡུན། གཞན་རྣམས་ནི་སླ་ཞིང༌། ཉེས་སྤྱོད་སྡོམ་པའི། དགེ་བ་ཆོས་སྡུད་ཀྱི། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་དང༌། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལ་ཉིན་མཚན་ཐུན་དྲུག་ཏུ་སློབ་པའམ་སློབ་འདོད་སྦྱོང་བ་ནི། རྣམ་སྣང་གི་སྡོམ་པའི་བསླབ་བྱ་ལ་སློབ་ཚུལ་དང༌། དེ་བཞིན་དུ། རྒྱལ་བའི་ཐུགས་ གཉིས་སུ་མེད་པའི་ཡེ་ཤེས་མཚོན་བྱེད་ཀྱི་ཆགས་ཚད་དང་ལྡན་པའི་རྡོ་རྗེ་དང༌། སྟོང་ཉིད་ཀྱི་རང་སྒྲ་སྒྲོག་པར་སེམས་པའི་སྒོ་ནས་ཆགས་ཚད་དང་ལྡན་པའི་དྲིལ་བུ་འཛིན་པ་ནི་དྲིལ་བུའི་དམ་ཚིག་དང༌། རང་ལྷར་བསྒོམ་ནས་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་དང་ཚུལ་བཞིན་སྙོམས་པར་འཇུག་པས་ལྷ་མཆོད་ @011A ༄༅། །པ་ནི་ཕྱག་རྒྱའི་དམ་ཚིག། རང་ལ་སྔགས་ཀྱི་ལམ་སྟོན་པའི་བླ་མ་མཆོད་པ་ནི་སློབ་དཔོན་གྱི་དམ་ཚིག་སྟེ། དེ་སྔར་བཞིན་བསྟེན་པ་ནི། མི་བསྐྱོད་པའི་དང༌། ཟང་ཟིང་གི་སྦྱིན་པ། ཆོས་ཀྱི་སྦྱིན་པ། བྱམས་པའི་སྦྱིན་པ། མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་རྣམས་སྔར་བཞིན་བསྟེན་ པ་ནི་རིན་འབྱུང་གི་དང༌། ཕྱི་བྱ་སྤྱོད་དང༌། གསང་བ་རྣལ་འབྱོར་དང་རྣལ་འབྱོར་བླ་མེད་ཉན་རང་བྱང་སེམས་ཀྱི་ཐེག་པ་གསུམ་གྱི་ལུང་རྟོགས་ཀྱི་ཆོས་ལ་སྔར་བཞིན་སློབ་པ་ནི་འོད་དཔག་མེད་ཀྱི་དང༌། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ལ་སློབ་པ་ནི་དོན་གྲུབ་ཀྱི་རིགས་ཀྱི་སྡོམ་པའི་བསླབ་བྱ་ལ་སློབ་ཚུལ་ ལོ། །མ་བསྒྲལ་བ་སོགས་ནི་ཉེན་སྒྲིབ་ལས་མ་བསྒྲལ་བའི་ཚངས་པ་དང་བརྒྱ་བྱིན་སོགས་བདག་གིས་བསྒྲལ་བར་བྱ་ཞིང༌། ཤེས་སྒྲིབ་ལས་མ་གྲོལ་བའི་ཉན་རང་དགྲ་བཅོམ་རྣམས་བདག་གིས་སྒྲོལ་བ་དང༌། སྡུག་བསྔལ་གྱིས་མནར་ནས་དབུགས་མ་ཕྱིན་པའི་སེམས་ཅན་རྣམས་བདག་གིས་དབུགས་དབྱུང་ སྟེ། སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་འགོད་པར་བྱའོ་ཞེས་པའོ། ཐུན་མོང་མིན་པའི་སྡོམ་པ་འདིར་སྨོས་པ་ནི། སྡོམ་པ་སྔར་མེད་གསར་དུ་སྐྱེ་བ་དང༌། ཉམས་པ་སོར་ཆུད་པའི་ཆེད་དུ་མིན་ཀྱང༌། སྡོམ་པ་སྐྱེས་ཟིན་གནས་པ་དང༌། གོང་འཕེལ་དུ་འགྱུར་བའི་དགོས་པ་ཡོད་དོ།། འདིར་སྡོམ་པ་མ་བཟུང་ནའང་ཆོ་ག་ལ་ཆད་ལྷག་ཏུ་ནི་མི་འགྱུར་རོ། །དེ་ནས་ཚད་མེད་བཞི་བསྒོམ་པར་བྱ་ཞིང༌། དང་པོ་གསུམ་ནི་སྤྱི་ལྟར་ལ། བཞི་པ་བཏང་སྙོམས་ནི། སེམས་ཅན་ཐམས་ཅད་རྙེད་པ་དང༌། མ་རྙེད་པ་དང༌། བདེ་བ་དང༌། མི་བདེ་བ་དང༌། སྙན་པ་དང༌། མི་སྙན་པ་དང༌། བསྟོད་པ་དང༌། སྨད་ པའི་འཇིག་རྟེན་གྱི་ཆོས་བརྒྱད་མགོ་སྙོམས་ལ་འགོད་པ་དང༌། གཟུང་བ་དང་འཛིན་པའི་ཆོས་ལ་ཕྱིན་ཅི་ལོག་ཏུ་འཛིན་པའི་རྣམ་པ་རྟོག་པ་དེ་དག་ཉེ་བར་ཞི་བའི་བཏང་སྙོམས་ལ་འགོད་པར་དམ་བཅའ་བའོ། །ཆོས་བརྒྱད་འདྲེན་ཚུལ་ལ་མིང་མི་འདྲ་བ་ཡོད་ཀྱང་དོན་འདྲ་བ་ཡིན་ནོ། །ཚོགས་ @011B ཞིང་ནི། མཐར་རང་གནས་སུ་གཤེགས་པ་དང༌། དེ་ཉིད་དུ་མི་དམིགས་པར་བསྒོམ་པ་དང༌། རང་ལ་བསྡུ་བ་དང༌། སྟོང་པ་ཉིད་དུ་བསྒོམ་པ་རྣམས་སུ་ཡོད་པ་ལས་འདིར་ཕྱི་མ་ལྟར་རོ། །སྟོང་པ་ཉིད་དུ་བསྒོམ་པ་ལ་མི་དམིགས་པའི་ཐ་སྙད་མཛད་ཀྱང༌། རྣམ་བཤད་འདོད་འཇོ་ལས་མི་སྣང་བར་བྱས་པ་ཙམ་ལ་མི་ དམིགས་པ་ཞེས་པའི་བསྒོམ་ཚུལ་ཡོད་པར་བཤད་ཅིང༌། མཁས་གྲུབ་ཀྱིས་ཀྱང་ད་ལྟར་གསུངས་སོ། །ཚོགས་ཞིང་ནས་འདིའི་བར་གྱི་མཚོན་དོན་ནི་ས་བཅད་ཀྱི་སྐབས་སུ་བཤད་ཅིང་འཆད་པར་འགྱུར་རོ། ༈ །གཉིས་པ་འཆི་བ་འོད་གསལ་མངོན་དུ་བྱས་པ་དང་ཆོས་མཐུན་པར་ཡེ་ཤེས་ཀྱི་སའི་སྟོང་ ཉིད་བསྒོམ་ཚུལ་ལ་གཉིས། སྦྱང་གཞི་བཤད་པ་དང༌། དེ་དང་མཐུན་པར་སྟོང་ཉིད་བསྒོམ་ཚུལ་ལོ། །དང་པོ་ནི། འཛམ་བུའི་གླིང་བའི་མི་མངལ་སྐྱེས་ཁམས་དྲུག་ལྡན་གྱིས་འཆི་བ་འོད་གསལ་མངོན་དུ་བྱེད་པའི་ཚུལ་ཡོད་དེ། དེ་འཆི་བའི་ཚེ་ཐོག་མར་ས་ཆུ་ལ་ཐིམ་པའི་སྐབས་སུ་ཕྱི་རྟགས་སུ་ལུས་བྱིང་ བའི་ཉམས་དང༌། ནང་རྟགས་སུ་སྨིག་རྒྱུ་ལྟ་བུའི་སྣང་བ་འཆར། ཆུ་མེ་ལ་ཐིམ་པའི་སྐབས་ཕྱི་རྟགས་སུ་མཆུ་དང་ལྕེ་བསྐམས་ཤིང་སོལ་དྲག་པ་ཆགས་པ་དང༌། ནང་རྟགས་སུ་དུ་བ་ལྟ་བུའི་སྣང་བ་འཆར། མེ་རླུང་ལ་ཐིམ་པའི་ཕྱི་རྟགས་སུ་ལུས་ཀྱི་དྲོད་མཐའ་ནས་སྡུད་པ་དང༌། ནང་རྟགས་སུ་མཁའ་སྣང་མེ་ཁྱེར་ལྟ་ བུའི་སྣང་བ་འཆར། རླུང་རྣམ་ཤེས་ལ་ཐིམ་པར་བརྩམས་པ་ན་ཕྱི་རྟགས་སུ་ཕྱིའི་དབུགས་ཀྱི་རྒྱུ་བ་འཆར་ཅིང༌། ནང་རྟགས་སུ་མར་མེ་འབར་བ་ལྟ་བུའི་སྣང་བ་འཆར། ཀུན་རྟོག་གཡོ་བྱད་ཀྱི་རླུང་སྣང་བ་ལ་ཐིམ་པའི་སྣང་བ་རང་དུས་སུ་སྟོན་གནམ་གཡའ་དག་པ་ལ་ཟླ་འོད་ཀྱིས་ཁྱབ་པ་ལྟ་བུའི་དཀར་ལམ་པའི་ སྣང་བ་འཆར། དེ་མཆེད་པ་ལ་ཐིམ་པའི་ཚེ་དེ་ལ་ཉི་འོད་ཀྱིས་ཕྱབ་ལ་ལྟ་བུ་དང༌། དེ་ཉེར་ཐོབ་ལ་ཐིམ་པའི་ཚེ་སྲོད་ཀྱི་མུན་པ་འཐུག་པོའི་སྨག་གིས་ཁྱབ་པ་ལྟ་བུའི་སྣང་བ་འཆར་ཞིང༌། ཉེར་ཐོབ་དེ་འོད་གསལ་ལ་ཐིམ་པའི་ཚེ་སློང་བྱེད་ཀྱི་རྐྱེན་གསུམ་དང་བྲལ་བའི་ཐོ་རངས་ཀྱི་ནམ་མཁའ་སྟོང་སང་ལྟ་བུའི་སྣང་བ་འཆར་བའི་ @012A ༄༅། །སྒོ་ནས་དེ་མངོན་དུ་བྱེད་པའི་ཕྱིར་རོ། །གཉིས་པ་ལ་གཉིས། སྔགས་གཉིས་ཀྱི་དོན་བཤད་པའི་སྒོ་ནས་སྟོང་ཉིད་བསྒོམ་ཚུལ་དངོས་དང༌། སྦྱང་གཞི་དང་ཆོས་མཐུན་སྦྱོར་བའི་ཚུལ་ལོ། །དང་པོ་ནི། སྔགས་གཉིས་ཀྱི་དང་པོའི་དོན་ནི། ཨོཾ་གྱི་ཨ་ཨུ་མ་གསུམ་གྱིས་སྐུ་གསུང་ཐུགས་རྡོ་རྗེ་གསུམ་མཚོན་ ཞིང༌། དེ་གསུམ་གཅིག་ཏུ་གྱུར་བའི་ཨོཾ་གྱིས་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པ་དེ་མཚོན། མཚོན་དོན་དེ་དྲན་པའི་སྒོ་ནས་ངག་ཏུ་བརྗོད་ན་བསོད་ནམས་མང་དུ་སྡུད་པས་ནོར་བུ་འཛིན་པའི་སྔགས་ཞེས་བརྗོད་དེ། རྒྱུད་རྡོ་རྗེ་རྩེ་མོ་ལས། ཨོཾ་ནི་ཅི་ཞིག་ཡིན་པར་བརྗོད། །མཆོག་དང་ནོར་དང་དཔལ་དང་གཡང་ སྐལ་བཟང་རྣམ་པ་དང་ལྡན་ཞིང༌། །དམ་བཅའ་བ་དང་བཀྲ་ཤིས་དོན། །ནོར་བུ་འཛིན་པའི་སྔགས་སུ་བརྗོད། །ཞེས་གསུངས་པའི་ཕྱིར། སྭ་བྷཱ་ཝ་ནི་རང་བཞིན་གྱིས། ཤུདྡྷཿནི་རྣམ་པར་དག་པ། སརྦ་དྷརྨ་ནི་ཆོས་ཐམས་ཅད་དེ། ཡུལ་གཟུང་བས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་ དག་པའི་དོན་དང༌། སྭ་བྷཱ་ཝ་ཤུདྡྷ་ནི་སྔར་བཞིན་དང༌། ཨ་ཧཾ་ནི་ངའོ་སྟེ་ཡུལ་ཅན་ང་སོགས་འཛིན་པས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་སྟེ། མདོར་ན། གཟུང་འཛིན་གྱིས་བསྡུས་པའི་ཆོས་ཐམས་ཅད་རང་ཉིད་བདེན་འཛིན་གྱིས་ཇི་ལྟར་བཟུང་པ་ལྟར་མེད་པ་ནི་རང་བཞིན་ གྱིས་རྣམ་པར་དག་པའི་དོན་ནོ། །སྔགས་གཉིས་པའི་དོན་ཨོཾ་ནི་སྔར་བཞིན་དང༌། ཤཱུ་ནྱ་ཏཱ་ནི་སྟོང་པ་ཉིད། ཛྙཱ་ན་ནི་ཡེ་ཤེས། བཛྲ་ནི་མི་ཕྱེད་པ། སྭ་བྷཱ་ཝ་ནི་རང་བཞིན། ཨཏྨ་ཀོ་ནི་བདག་ཉིད། ཨ་ཧཾ་ནི་ངའོ་སྟེ། ཡུལ་སྟོང་པ་ཉིད་དང་ཡུལ་ཅན་བདེ་བ་ཆེན་པོའི་ཡེ་ཤེས་དབྱེར་མེད་པའི་ལམ་གྱི་ཆོས་ སྐུ་ལ་ང་རྒྱལ་བཞག་ནས་བསྒོམ་པའི་དོན་ཏེ། ཀོཉཧཾ། ཞེས་སུམ་འཁྱོག་འབྱུང་བ་ནི་པ་ལཱུ་ཏ་ཡིན་པས་མིག་འཛུམ་གསུམ་ཡུན་དུ་བཀླག་དགོས་པའི་དོན་ནོ། །འདིར་ཆོས་སྐུ་ལ་ང་རྒྱལ་འཇོག་པ་ནི་གཞི་དུས་དང་ལམ་འབྲས་ཀྱི་ཆོས་སྐུ་གསུམ་ལས་ཕྱི་མ་གཉིས་ཡིན་ལ། འབྲས་དུས་ཀྱི་ཆོས་སྐུ་ནི་ @012B མིསྶིང་པགེ་ @013A ༄༅། །ཀ་མ་ཡིན་པར་ཡང་རང་བཞིན་གྱིས་གྲུབ་པའི་མཐའ་བཞི་དང་བྲལ་བར་བཤད་པ་ལྟར་རམ། ཅུང་ཟད་མི་འདྲ་བ་རང་བཞིན་གྱིས་གྲུབ་པའི་རྟག་མཐའ། ཐ་སྙད་དུ་མེད་པའི་ཆང་མཐའ། དེ་གཉིས་སུ་གྲུབ་པའི་རྟག་མཐའ། དེ་གཉིས་གང་རུང་དུ་ཡང་མེད་པའི་ཆད་མཐའ་སྟེ་ ཆོས་ཐམས་ཅད་རྟག་ཆད་ཀྱི་མཐའ་བཞི་དང་བྲལ་བའི་བདག་མེད་པའི་རང་བཞིན་སྟོང་པ་ཉིད་དུ་བསྒོམ་མོ། །བཞི་གསུངས་པ་ནི། བློ་ལ་ལྟོས་ཏེ་མཐའ་གཞན་སེལ་བའི་མེད་ཡིན་གྱི། མཐའ་བཞི་ཀའང་རྟག་ཆད་ཀྱི་མཐའ་གཉིས་སུ་མི་འདུ་བ་མིན་ནོ། །འདིར་རང་བཞིན་གྱིས་སྟོང་ཅེས་པས་རྟག མཐའ་སེལ་ཞིང༌། བརྟེན་ནས་བཏགས་པའི་ཕྱིར་ཞེས་པས་ཆད་མཐའ་སེལ་ཏེ། ཐ་སྙད་དུ་ཡོད་པས་རང་བཞིན་གྱིས་མེད་པའི་དོན་ནོ། །དེ་ཡང་སྤྱི་ཆོས་ཐམས་ཅད་རང་བཞིན་གྱིས་མེད་ཅིང་ཐ་སྙད་དུ་ཡོད་མཐའ་གཉིས་དང་བྲལ་ཡང༌། འདིར་བློས་འཛིན་ཚུལ་ལ་ལྟས་ནས་འགོག་པ་ཡིན་ནོ། །འོ་ན། སྟོང་ཉིད་བསྒོམ་ རྒྱུ་ཡོད་ན་དེ་ལྟར་ཡིན་མོད། སྟོང་ཉིད་ཐོས་བྱུང་གི་ཤེས་རབ་ཙམ་གྱིས་ཀྱང་མ་ངེས་པ་དག་གིས་ཇི་ལྟར་བྱ་སྙམ་ན། རབ་བྱུང་ན་སྟོང་ཉིད་བསྒོམས་བྱུང་གིས་རྟོགས་པའམ། མེད་ན་བསམ་བྱུང་དང༌། དེ་ཡང་མེད་ན་ཐོས་བྱུང་གི་ཤེས་རབ་ཀྱིས་རྟོགས་དགོས་པ་ནི། སྐབས་འདིར་ཡང༌། སྔགས་ཀྱི་ ཆེད་དུ་བྱ་བའི་གདུལ་བྱ་ལ་དགོས་པ་ཡིན་ལ། གལ་ཏེ་དེ་དག་མེད་ན། སྟོང་ཉིད་ཀྱི་གོ་བ་མདོར་བསྡུས་པ་ཡིན་ནའང་རྣམ་དག་གི་ཕྱོགས་གཏོགས་ཞིག་ངེས་པར་དགོས་སོ། །གང་ཟག་འདིའམ་སྟོང་ཉིད་རྟོགས་པ་ཞིག་གིས་ཀྱང༌། འདི་ལྟར་བྱས་ན་ལེགས་པར་བཤད་དེ། རང་གི་ཐུགས་ཁ་ནས་འོད་འཕྲོས། སྣོད་བཅུད་ལ་ཕོག་པས། དེ་རྣམས་འོད་ཀྱི་རྣམ་པར་ཞུ་ནས་རང་ལ་ཐིམ། རང་ཉིད་ཀྱང་འོད་དུ་ཞུ་ནས་མི་སྣང་ཞིང་མི་དམིགས་པར་བསམ། སྟོང་ཉིད་རྟོགས་པ་མ་ཡིན་ནའང༌། རེ་ཞིག་རང་གཞན་ཀུན་རྫོབ་པའི་ཆོས་རྣམས་བློ་དོར་མི་སྣང་ @013B སངས་རྒྱས་ཡིན་ཀྱང་དེ་ལ་ང་རྒྱལ་འཇོག་པར་བཤད་པ་ནི་མོས་པ་གཙོ་བོར་བྱེད་པ་སྟེ། དེ་ཡང་རྒྱལ་དབང་དགེ་འདུན་རྒྱ་མཚོ་དང༌། པཎ་ཆེན་ཐམས་ཅད་མཁྱེན་པས་འབྲས་དུས་ཀྱི་ཆོས་སྐུ་ལ་ང་རྒྱལ་གཙོ་བོར་བྱེད་པར་བཤད་ཅིང་དེ་ལྟར་གསུངས་པ་གཞན་ཡང་ཡོད་ལ། ནམ་མཁའ་རྒྱལ་མཚན་ཞབས་ནི་ལམ་དུས་ཀྱི་ ཆོས་སྐུ་ལའང་བཤད་དེ་མི་འགལ་ལོ། །ལམ་དུས་ཀྱི་སྐབས་སུ་ཡང་སྟོང་ཉིད་རྟོགས་མ་རྟོགས་ཀྱི་དབྱེ་བས་གཉིས་སུ་འགྱུར་ལ། རྟོགས་པ་ལའང་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་སུ་སོང་མ་སོང་གཉིས་ཡོད་དོ། །སྤྱིར་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་དེ་ལ་སྤྱི་དོན་སྦས་དོན་མཐར་ཐུག་གསུམ་ཡོད་ཀྱང་ འདིར་དང་པོའི་དབང་དུ་བྱས་པ་ཡིན་ལ། ལམ་དུས་ཀྱི་ལྷན་སྐྱེས་ཀྱི་དབང་དུ་བྱས་པའི་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་དངོས་ནི་བསྒོམས་སྟོབས་ཀྱིས་རླུང་དབུ་མར་ཞུགས་པའི་དབང་གིས་གཏུམ་མོ་སྦར་བས་བྱང་སེམས་བཞུས་ནས་སྐྱེས་པ་ཞིག་དགོས་ཏེ། རིམ་ལྔ་གསལ་སྒྲོན་ལས། བདེ་སྟོང་སྦྱོང་བར་གསུངས་པའི་བདེ་བ་ནི་ལྷན་སྐྱེས་ཀྱི་དགའ་བ་ཡིན་ལ། དེ་ཐོག་མར་སྐྱེ་བ་ནི་རོ་རྐྱང་གི་རླུང་ཨ་ཝ་དྷུ་ཏཱི་ར་བཙུད་པའི་དབང་གིས་གཏུམ་མོ་སྦར་ནས་བྱང་སེམས་བཞུས་པ་ལས་སྐྱེ་ལ། ཞེས་གསུངས་པའི་ཕྱིར་རོ། །གཞི་དུས་ཀྱི་ཆོས་སྐུ་ནི་རང་བཞིན་གྱིས་མེད་པའི་སྟོང་ ཉིད་དེ། དེ་ལ་ཡུལ་གྱི་ཆོས་སྐུ་ཞེས་ཐ་སྙད་བྱེད་ཀྱང་ཆོས་སྐུ་དངོས་མིན་ལ། དེ་རྟོགས་པའི་སློབ་པའི་ཡེ་ཤེས་རྣམས་ལ་སྐབས་འདིར་ཡུལ་ཅན་གྱི་ཆོས་སྐུར་བརྗོད་པའང་བཏགས་པ་ཙམ་མོ། །རང་དང་ཚོགས་ཞིང་གི་ལྷ་དང་དེ་དག་ལས་གཞན་པའི་ཆོས་ཐམས་ཅད་རང་རང་གི་གདགས་གཞི་ཆ་ ཤས་སོགས་ལ་བརྟེན་ནས་མིང་དང་བརྡ་འམ་ཐ་སྙད་ཀྱིས་བཏགས་པ་ཙམ་གྱིས་འཇོག་པའི་ཕྱིར་ན། དེ་རྣམས་ཕན་ཚུན་ལྟོས་པའི་རྟེན་འབྲེལ་ཡིན་ལ། ལྟོས་མེད་རང་བཞིན་གྱིས་གྲུབ་པའི་རྟག་མཐའ། ཐ་སྙད་དུ་བྱ་བྱེད་མི་རུང་བའི་ཆད་མཐའ། དེ་གཉིས་སུ་རང་བཞིན་གྱིས་གྲུབ་པ་དང་དེ་གཉིས་ @014A ༄༅། །འབྲས་བུའི་སྐབས་སུ་ཡུལ་དག་པ་གཉིས་ལྡན་གྱི་དབྱིངས་དང༌། ཡུལ་ཅན་སྒྲིབ་བྲལ་གྱི་བདེ་བ་ཆེན་པོའི་ཡེ་ཤེས་གཉིས་ཆུ་ལ་ཆུ་བཞག་བཞིན་དུ་རོ་གཅིག་ཏུ་ཞུགས་པའི་རྒྱལ་བའི་ཐུགས་ཡེ་ཤེས་ཆོས་སྐུ་དང་རྣམ་པ་མཐུན་ཞིང༌། དེ་ལམ་དུ་བྱས་པའི་ཚུལ་གྱིས་མངོན་དུ་འགྱུར་བའི་ནུས་པ་ཁྱད་པར་ཅན་འཇོག་པ་ཡིན་པའི་ ཕྱིར་རོ། །སྐབས་འདིར་སྟོང་ཉིད་བསྒོམ་པ་ལ་ཡེ་ཤེས་ཀྱིས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། གཞི་ལ་སྣོད་ཀྱི་འཇིག་རྟེན་སྔ་མ་ཞིག་སྟོང་ནས་ནམ་མཁའ་སྟོང་སང་དུ་གནས་པ་དེ་ཉིད་ཀྱིས་སྣོད་ཀྱི་འཇིག་རྟེན་ཕྱི་མ་ཞིག་གི་རྟེན་བྱེད་པ་དེ་བཞིན་དུ། འདིར་བསྒོམས་པའི་སྟོང་ཉིད་ཀྱི་འབྱུང་བཞི་དང་རྟེན་བརྟེན་པའི་ དཀྱིལ་འཁོར་དང་བཅས་པ་བསྐྱེད་པའི་གཞི་བྱེད་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། འདིར་སྟོང་ཉིད་བསྒོམས་པ་ལ་དགོས་པ་ཡོད་དེ། གཙོ་བོར་ནི་འཆི་བ་ཆོས་སྐུར?་འཁྱེར་བའི་ལམ་ཁྱེར་དང༌། གཞན་གོང་དུ་བསོད་ནམས་ཀྱི་ཚོགས་བསགས་ནས། འདིར་ཡེ་ཤེས་ཀྱི་ཚོགས་གསོག་པ་དང༌། སྟོང་ ཉིད་རྟོགས་པའི་ཡེ་ཤེས་ཀྱི་གཟུང་རྣམ་དེ་ཉིད་རྟེན་བརྟེན་པའི་དཀྱིལ་འཁོར་གྱི་རྣམ་རོལ་ཏུ་འཆར་བའི་ཟབ་གསལ་གཉིས་མེད་ཀྱི་རྣལ་འབྱོར་ཁྱད་པར་ཅན་འགྲུབ་པ་དང༌། སྲུང་བའི་མཆོག་ཏུ་འགྱུར་བའི་དགོས་པ་ཡང་ཡོད་པའི་ཕྱིར་རོ། །གསུམ་པ་འབྱུང་བཞིའི་དཀྱིལ་འཁོར་བསྐྱེད་ནས་འགལ་རྐྱེན་འགོག་པའི་ཆེད་དུ་སྲུང་ འཁོར་བསྒོམ་པ་ལ་གཉིས། འབྱུང་བཞི་བསྐྱེད་དེ་ཐུན་མོང་བའི་སྲུང་འཁོར་བསྒོམ་ཚུལ་དང༌། ཐུན་མོང་མ་ཡིན་པའི་སྲུང་འཁོར་བསྒོམ་ཚུལ་ལོ། །དང་པོ་ནི། ཆོས་སྐུ་འབའ་ཞིག་ལ་མི་གནས་པར་གཟུགས་སྐུར་ལྡང་ནས་སེམས་ཅན་གྱི་དོན་བྱའོ་སྙམ་པའི་འཕེན་པ་དང་ལྡན་པས་ནུས་ན་བློའི་ཆ་བྱ་ སྟེ། སྟོང་པའི་ངང་ལས་ཡཾ་སྔོན་པོ་ཞིག་ཐོལ་གྱིས་བྱུང་པ་ལས་རླུང་གི་དཀྱིལ་འཁོར་དུ་བའི་མདོག་ཅན་གཞུ་གདུངས་པ་ལྟ་བུའི་མཆོག་མ་གཉིས་སུ་རྒྱལ་མཚན་དང་ལྕེ་གསུམ་པས་མཚན་པ། བཅད་ཁ་ལ་བསྟན་པ། དེའི་སྟེང་དུ་རཾ་དམར་པོ་ལས་??་དཀྱིལ་ཟུང་གསུམ་ @014B པ་ཟུར་གཅིག་མདུན་དུ་བསྟན་པ། ཁལ་མེ་འབར་བས་མཚན་པ། དེའི་སྟེང་དུ་བཾ་དཀར་པོ་ལས་ཆུ་དཀྱིལ་དཀར་པོ་ཟླུམ་པོ་དབུས་སུ་བུམ་པ་ཆུས་གདབས་མཚན་པ། དེའི་སྟེང་དུ་ལམ་སེར་པོ་ལས་ས་དཀྱིལ་གྲུ་བཞི་པ་ཟུར་བཞིར་རོ་རྗེས་མཚན་པ། དེ་དག་གི་ཡི་གེ་རྣམས་ཉམ་འགྲེང་གང་ བདེ་བྱའོ། །འདིར་འབྱུང་བ་རིམ་བརྩེགས་བསྒོམ་པའི་དགོས་པ་ནི། སྦྱང་གཞི་སྣོད་ཀྱི་འཇིག་རྟེན་སྔ་མ་ཞིག་སྟོང་ནས་ཕྱི་མ་འཆགས་པ་ན། དང་པོར་རླུང་དཀྱིལ་ནས་འཆགས་པ་སོགས་དང་ཆོས་མཐུན་སྦྱོར་བའི་ཆེད་དོ། །དུས་ཀྱི་འཁོར་ལོའི་ལུགས་ལ་མེ་དཀྱིལ་དངོས་གནས་པ་ཡོད་ཅིང༌། མངོན་པ་ནས་མེ་དཀྱིལ་དངོས་གནས་པ་ཡོད་པར་མ་བཤད་ཀྱང་སྒྱོན་མེད་དོ། འབྱུང་བ་གཞན་གསུམ་ལ་མ་རྡུལ་ཡོད་པས་ཆོས་མཐུན་དུ་སྦྱོར་པ་ཡིན་པའི་ཕྱིར་རོ། །ས་དཀྱིལ་གྱི་དབུས་སྟེང་དུ་ཧཱུཾ་ཡིག་སྔོན་པོ་ཞིག་བྱུང་བ་ཞུ་སྟེ། སྣ་ཚོགས་རྡོ་རྗེ་མངོན་རྟོགས་ལྟར་གྱི་རྭ་ཅན་གྱི་ལྟེ་བ་ལ་ ཧཱུཾ་གིས་མཚན་པ་དབྱིབས་ཟླུམ་པོར་རུང༌། དེ་ལས་འོད་ཟེར་རླུང་དཀྱིལ་གྱི་འོག་ཏུ་འཕྲོས་པས་རྡོ་རྗེའི་ས་གཞི་སྟེ། ས་དཀྱིལ་དང་སྟེ་དངོས་མཉམ་པ་བྱས་ཀྱང་མི་འགལ་བར་སེམས། ལོགས་སུ་འཕྲོས་པས་རྡོ་རྗེའི་རྭ་བ་ཟླུམ་པོ་སོག་གུར་གྱི་སྨད་ལྟ་བུ། སྟེང་དུ་གདུ(Gs) བཏེགས་པ་ལྟར་ འཕྲོས་པས་ཚ་ཆེའི་སྟོད་སོག་གུར་གྱི་སྟོད་ཀྱི་རྣམ་པ་ཅན་ལྟ་བུའི་རྡོ་རྗེའི་གུར། ཡང་འཕྲོས་པས་གུར་གྱི་འོག་དང་ར་བའི་སྟེང་གི་མཚམས་སུ་རྡོ་རྗེའི་བླ་བྲེ་བྲེས་པ། རྡོ་རྗེའི་ས་གཞི་རྭ་གུར་རྣམས་ཀྱང་རྡོ་རྗེ་བསྣོལ་མ་འམ། ཆུ་རྒྱུག་འབུམ་བརྩེགས་གང་རུང་དུ་རྡོ་རྗེ་ཆེ་བ་རྣམས་ཀྱི་ཁོང་སེང་ དུ་ཆུང་བ་རྣམས་ཀྱིས་རྡུལ་ཕྲ་རབ་ཀྱི་ཚུལ་དུ་གཏམས་པ་བར་མཚམས་མེད་པ་དུམ་བུ་གཅིག་ཏུ་གྱུར་པའི་ཕྱི་རོལ་དུ། དེ་དག་ལས་འཕྲོས་པའི་ཡེ་ཤེས་ཀྱི་མེ་དབང་ལྡན་ནས་བརྩམས་ཏེ་དཀར་སེར་དམར་ལྔར་སྔོ་བའི་ཁ་དོག་སྣ་ལྔ་པ་འཇིག་དུས་ཀྱི་མེ་ལྟར་ཕྱོགས་མཆིམས་ཐམས་ཅད་ @015A ༄༅། །དུ་འཕྲོ་བ། ནག་ཕྱོགས་པ་རྣམས་ཀྱིས་འདའ་ནུས་པ་ལྟ་ཞོག་བལྟར་མི་བཟོད་པ། དཀར་ཕྱོགས་པ་རྣམས་ཀྱིས་ཡིད་དུ་འོང་བའི་རྣམ་པ་ཅན་དུ་མཐོང་བར་བསམ་པར་བཤད་དོ། །སྲུང་འཁོར་འདི་བསྒོམ་པ་ནི། སྒྲུབ་ཐབས་བསྒོམ་པ་ལ་བགེགས་ཀྱི་བར་ ཆད་མི་འབྱུང་བའི་ཆེད་ཡིན་ལ། དེར་མ་ཟད་ཐུན་མོང་མ་ཡིན་པའི་སྲུང་འཁོར་ཡང་དེའོ། །གཉིས་པ་ཐུན་མོང་མ་ཡིན་པའི་སྲུང་འཁོར་ནི། རྭ་བའི་དབུས་སུ་བྷྲུཾ་སེར་པོ་ཞིག་བྱུང་བ་ཡོངས་སུ་གྱུར་པ་ལས། བཀའི་འཁོར་ལོ་སེར་པོ་ཡེ་ཤེས་བཅུའི་བདག་ཉིད་ལས་བྱུང་བའི་ རྩིབས་བཅུ་པ་དབྱིབས་མདུང་ལྕགས་ཀྱི་སྦུབས་ཡངས་པ་གཉིས་ཁ་སྤྲད་པ་ལྟ་བུའི་སྟེང་འོག་གི་རྩིབས་གཉིས་མདུང་རྩེ་གཅིག་པའི་རྣམ་པ་ལ། ལྟེ་བའི་ཕྲད་མཚམས་ཀྱི་ཕྱོགས་བཞི་དང༌། མཚམས་བཞིར་ཡུ་བ་ཟུག་པའི་རྩི་པས་རལ་གྲི་སོ་གཉིས་མ་ལྟ་བུ་བརྒྱད། ལྟེ་བའི་དབུས་ དང་སྟེང་འོག་གི་སྦུབས་སྟོང་གི་བར་སྣང་དང༌། ཕྱོགས་མཚམས་ཀྱི་རྩིབས་རྣམས་ཀྱི་རྩེ་མོ་ལ་ཅུང་ཟད་མ་རེག་པའི་གནས་རྣམས་སུ་སྣ་ཚོགས་པདྨ་དང༌། ཟླ་བ་དང༌། ཉི་མའི་གདན་གསུམ་གསུམ་བརྩེགས་པའི་དབུས་ཀྱི་གདན་ལ། རང་ཉིད་གནོད་མཛེས་རྒྱལ་པོ་སྐུ་མདོག་དང་རྩ་ཞལ་ མཐིང་ཀ། ཞལ་གསུམ་ཀའི་དབུ་ཐོད་ཀྱི་རྫ་མ་དང་མགྲིན་པ་གཅིག་པ་ལ། སྙན་ཕན་ཆད་འབུར་བོ་གསུམ་དུ་དོད་པའི་རྣམ་པ་ཅན། གཡས་གཡོན་གྱི་སོག་པའི་དཀར་ཡོལ་ཁ་གཉིས་ནས་དཔུང་མགོ་གསུམ་གསུམ་ཡས་མན་དུ་གྱེས་པའི་ཕྱག་དང་པོ་གཉིས་ཀྱི་རང་འདྲའི་ཡུམ་ལ་འཁྱུད་ ཅིང༌། གཡས་འོག་མ་གཉིས་རིན་པོ་ཆེ་དང་ལྕགས་ཀྱུ། གཡོན་འོག་མ་གཉིས་ཀྱིས་པདྨ་དང་ཞགས་པ་འཛིན་པ། ཁྲོ་བོའི་ཉམས་ཡོངས་སུ་རྫོགས་ཤིང༌། གཡས་བསྐུམ་གཡོན་བརྐྱང་ནས་མེ་དཔུང་འབར་བའི་དབུས་ན་བཞུགས་པ། ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་ @015B མཚམས་དང་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཁྲོ་བོ་བཅུའི་རྣམ་པར་སྤྱན་དྲངས། རང་གི་ཞལ་དུ་ཞུགས་ཐུགས་ཀར་ཆགས་པ་ཆེན་པོའི་མེས་ཞུ་བ་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་སོང་སྟེ་རང་མདོག་ཅན་གྱི་ཐིག་ལེ་བཅུ་དང༌། དེ་ལས་དེ་ལྟ་བུའི་ ཧཱུཾ་རིང་པོ་བཅུར་གྱུར་པ་ཞུ་བ་ལས། ཁྲོ་བོ་བཅུར་གྱུར་ཧཱུཾ་རིང་པོ་ཞེས་པ་ལ་ཁ་ཅིག་ཨཱུ་རིང་པོ་དང་ལྡན་པའི་ཧཱུཾ་ལ་འདོད་ཅིང༌། ལ་ལ་ཧཱུཾ་ཡིག་ནཱ་ད་ཅན་ལ་འདོད་དེ། དང་པོ་ལྟར་ན་ཧུཾ་ཐུད་དགར་བའི་ཆེད་ཡིན་ལ། ཕྱི་མ་ལྟར་ན་དཔྱད་དགོས་སོ། །དེ་ནས་འཁོར་གཤིན་རྗེ་གཤེད་སོགས་ནི་སྒྲུབ་ཐབས་ བཞིན་གསལ་བཏབ་སྟེ། རེ་རེ་ནས་ཧཱུཾ་ཞེས་བརྗོད་དེ་བསྐུལ་བ་ཡུམ་གྱི་པདྨ་སྟེ་མངལ་གྱི་སྒོ་ནས་ཕྱིར་སྤྲོས། ཤར་སོགས་ཕྱོགས་མཚམས་བརྒྱད་དང༌། སྟེང་འོག་གི་གདན་ལ་གཡོན་བརྒྱང་གིས་འཁོད་པར་བསམས་ཤིང༌། གཞན་བརྒྱད་ཁ་ནང་ལྷ་དང༌། གཙུག་ཏོར་འཁོར་སྒྱུར་ནི། གཙོ་བོའི་སྟེང་གི་མདུན་ངོས་སུ་ཅུང་ཟད་ཡོལ་བའི་གདན་ལ་ཞལ་ནུབ་དང༌། རྡོ་རྗེས་འོག་ནི་གཙོ་བོའི་འོག་གི་རྒྱབ་ངོས་སུ་ཅུང་ཟད་ཨོལ་ནས་ཞལ་ཤར་དུ་གཟིགས་པའོ། །སྤྲོ་བའི་ཚེ་སླར་རང་གི་ཐུགས་ཀར་འདྲེན་པར་བཤད་པ་ནི། རྒྱས་པའི་དབང་དུ་བྱས་པ་ཡིན་ཡང༌། འདོན་ཆའི་ཚིག་ཟིན་དང་མི་མཐུན་ པར་མངོན་ནོ། །ཁྲོ་བོ་ཐམས་ཅད་ཀྱང་མཆེ་བ་གཙིགས་ཤིང༌། ཞལ་སོ་སོ་ཡང་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་དང་ལྡན་པ་སོགས་སྒྲུབ་ཐབས་ལྟར་དང༌། འཇིགས་སུ་རུང་བའི་རྡོ་རྗེ་ཆེ་ཆུང་སྣ་ཚོགས་དང༌། བཅུ་ཀ་ལའང་ཁྲོ་ཆུང་ཞུན་མའི་ཁུ་བ་ཕྱིར་འཐོར་བ་ལྟ་བུ་དང༌། ཡེ་ཤེས་ཀྱི་མེར་བའི་ཕྱི་རོལ་དུའང་འཕྲོ་བས་གདུག་པ་ཅན་ཐམས་ཅད་ཆེར་གཅོད་པར་བསམ། དེ་ཡང་ཁྲོ་བོ་རྣམས་ཀྱིས་རང་ཕྱོགས་བཟུང་ནས་མི་འཁོར་ལ། འཁོར་ལོ་ནི་ས་གཞི་རྭ་གུར་ཁྲོ་བོ་རྣམས་ལམ་རེག་པར་གཡས་བསྐོར་དུ་མགྱོགས་པར་འཁོར་བར་བསམ་ཞིང༌། @016A ༄༅། །འདི་ལ་ཁྲོ་བོའི་སྔགས་བཟླ་བ་དང༌། འཁོར་ལོ་འཁོར་བའི་གནད། བསྒྲུབ་བྱ་སྦ་བའི་གནད། ཁྲོ་བོ་ཞལ་གཟིགས་པའི་གནད། འཕྲིན་ལས་མཛད་པའི་གནད་རྣམས་འདོད་ན། གཞན་དུ་ཤེས་པར་བྱའོ། །གཉིས་པ་གང་དུ་འཚང་རྒྱ་བའི་གནས་ཀྱི་རྟེན་གཞལ་ ཡས་ཁང་བསྐྱེད་དེ་བར་དོ་ལོངས་སྐུར་འཁྱེར་བའི་ལམ་ཁྱེར་རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་པ་ལ་གཉིས། རྟེན་གཞལ་ཡས་ཁང་བཤད་པ་དང༌། ལམ་ཁྱེར་རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་པའོ། །དང་པོ་ལ་གཉིས། གཞལ་ཡས་ཁང་གདིན་དང༌། གཞལ་ཡས་ཁང་དངོས་བསྐྱེད་པའོ། །དང་པོ་ནི། རང་ཉིད་གནོད་མཛེས་སུ་གནས་པ་དེ་ཉིད་ཡོངས་སུ་གྱུར་པ་ལས། སྒྲུབ་ཐབས་ནས་འབྱུང་བ་བཞིན་གྱི་རྡོ་རྗེ་སེམས་དཔར་གྱུར། དེ་ཡང་ཞུ་བ་ལས་ཆོས་འབྱུང་ཕྱི་དཀར་ལ་ནང་དམར་བ། འོག་ཏུ་ཕྲ་ཞིང་སྟོད་ཡངས་པ། དབྱིབས་ཅུང་ཟད་མི་འདྲ་བ་ཡོད་ཀྱང་དམར་གཏོར་མོག་མཇུག་ཟློག་པ་ལྟ་བུ། ཟུར་གཅིག་མདུན་དུ་བསྟན་པ་སྟེ། ཆོས་འབྱུང་ཕྱི་དཀར་བས་བདེ་བ་དང༌། ནང་དམར་བས་སྟོང་པ་མཚོན་པ་འམ་ལྡོག་སྟེ་མཚོན་པ་གང་བྱས་ཀྱང་མི་འགལ་སྙམ། ཆོས་འབྱུང་ཉིད་ཀྱིས་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་མཚོན། ཟུར་གསུམ་གྱིས་རྣམ་ཐར་སྒོ་གསུམ་དང༌། ཤེས་རབ་མའི་ བྷ་གའི་དབྱིབས་ཀྱིས་ལྷན་སྐྱེས་ཀྱི་བདེ་བ་དང༌། འོག་ཕྲ་ཞིང་སྟོད་ཡངས་པས་ནི། མོས་སྤྱོད་ཀྱི་སའི་ཡོན་ཏན་ཕྲ་ཞིང་ས་གོང་མ་རྣམས་ཡོན་ཏན་ཇེ་རྒྱས་སུ་ཡོད་པ་མཚོན་ནོ། །ཆོས་འབྱུང་གི་འོག་ཟུར་ནས་པཾ་ཡིག་ལྗང་ཁུ་ཞིག་བྱུང་བ་ཡོངས་སུ་གྱུར་པ་ལས། ཡུ་བ་འོག་ཟུར་ནས་ འཐོན་པའི་སྣ་ཚོགས་པདྨ་ལྟེ་བ་རྒྱ་ཆེ་ཞིང་འདབ་མ་ཆུང་བ་སྟེ་འདབ་མ་དཀར་སེར་དམར་ལྗང་བའི་ཁ་དོག་སྣ་ཚོགས་སྤེལ་བ། འདབ་མའི་གྲངས་རེ་བཞིའམ། སོ་གཉིས་སམ། བཅུ་དྲུག་ཡོད་པ་གང་རུང༌། འདབ་མའི་ཤར་གྱི་ཕྱི་མཐའ་ནས་ནུབ་ཀྱི་ཕྱི་མཐའི་བར་སྒོ་ཚད་ཉེར་གཅིག་སྟེ་ཆ་ཕྲན་གྱ་བཞི་ཡོད་ @016B པ་དང༌། ལྷོ་མཐའ་ནས་བྱང་མཐའི་བར་ཡང་དེ་ལྟར་ཡོད་པའི་ལྟེ་བ་ལྗང་གེ་སར་སེར་པོ། །ལྟེ་བའི་ཕྱི་མཐའ་ནས་ཕྱི་མཐའི་བར་གྱི་རྒྱལ་སྒོ་ཚད་ཉི་ཤུ་སྟེ་ཆ་ཕྲན་བརྒྱད་ཅུའོ། །དེའི་ལྟེ་བར་ཧཱུཾ་སྔོན་པོ་ཉལ་འགྲེང་གང་རུང་ལ་སྣ་ཚོགས་རྡོ་རྗེའི་རྒྱ་ནི་པདྨའི་ལྟེ་བ་དང་མཉམ་པ། རྭ་ཉི་ཤུ་པ་དང་བཅུ་ གཉིས་པ་གང་རུང༌། རྭ་རྣམས་ཕྱོགས་མདོག་གམ་རྭ་ཁྲ་གང་བདེ། ལྟེ་བ་སྔོན་པོ། དབྱིབས་བྲེ་ལེབ་ཁ་སྦུབས་པ་ལྟ་བུ་གྲུ་བཞི་པ། དཔངས་ནི། ཆ་ཕྲན་བཞི་དང་ལྔ་དང་ཆ་ཆེན་བཞི་དང་ལྔར་ཡང་བཤད་སྣང་བ་ལས་རྭ་ཉི་ཤུ་པ་ལ་ཕྱི་མ་གང་རུང༌། ར་བཅུ་གཉིས་པ་ལ་ནི་དཔངས་ཆ་ཆེན་གཅིག་ཏུ་བཤད། དེ་གཉིས་ཀ་ལའང་ལྟེ་བའི་རྒྱར་ སྒོ་ཚད་བཅུ་གཉིས། རྭ་དབུས་མ་རྣམས་ཀྱི་རྩ་བ་ལ་ཆ་ཕྲན་གསུམ་དབུས་ལ་ཆ་ཕྲན་བཞི། རྩེ་མོ་ལ་ཆ་ཕྲན་གཅིག །ཕྱོགས་རྭ་རྣམས་ཀྱི་རྩ་བ་ལ་གཉིས། དབུས་ལ་གསུམ། རྩེར་ཆ་ཕྲན་སུམ་གཉིས། རྭ་ཐམས་ཅད་ཀྱི་སྲིད་ལ་ཆ་ཕྲན་བཅུ་དྲུག །ཕྱོགས་རྭ་རྣམས་དབུས་རྭའི་ཚངས་ཐིག་ནས་ཕྱོགས་ཕྱོགས་ སུ་ཆ་ཕྲན་བརྒྱད་རེ་སོང་བའི་མཚམས་ནས་རྭའི་ཕྱི་དང༌། དྲུག་རེ་སོང་བ་ན་ནང་མཐའ་འཐོན་ཞིང༌། དབུས་རྭའི་ཆ་ཕྲན་གཉིས་ཕྱིར་སོང་བའི་མཚམས་སུ་ཟུག་པ། ཆ་ཕྲན་གཉིས་ཕྱོགས་སུ་མ་སླེབ་པ་ནི་གུག་པའི་ཆ་ལ་སོང་བ་དང༌། རྭ་དེ་རྣམས་ཆུ་སྲིན་གྱི་ཁ་ནས་འཐོན་པའོ། །དགོས་པ་ནི་ གཞལ་ཡས་ཁང་གི་རྟེན་གྱི་དོན་དུ་ཡིན་ལ། མཚོན་དོན་ནི་སྣ་ཚོགས་པདྨས་འཁོར་བའི་ཉེས་པས་མ་གོས་པ་དང༌། རྫོགས་རིམ་གྱི་སྐབས་གནད་དུ་བསྣུན་པའི་རྩ་འཁོར་མཚོན། སྣ་ཚོགས་རྡོ་རྗེས་ཡེ་ཤེས་ལྔ་དང༌། རྟེན་བརྟེན་པའི་དཀྱིལ་འཁོར་རྣམས་ཡེ་ཤེས་ལྔའི་རྣམ་རོལ་དུ་འཆར་དགོས་པ་དེ་མཚོན་ ནོ། །གཉིས་པ་གཞལ་ཡས་ཁང་དངོས་བསྐྱེད་པ་ནི། སྣ་ཚོགས་རྡོ་རྗེའི་ལྟེ་བའི་དབུས་སུ་བྷྲུཾ་དཀར་པོ་ལས་འཁོར་ལོ་དཀར་པོ་རྡོ་རྗེའི་ཡུ་བ་ཅན་གྱི་ལྟེ་བར་བྷྲུཾ་གྱིས་མཚན་པ་ཡོངས་སུ་གྱུར་པ་ལས། རྣམ་སྣང་དཀར་པོ་མངོན་རྟོགས་བཞིན་དང༌། དེ་ཞུ་བ་ལས་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ @017A ༄༅། །ཡོངས་སུ་རྫོགས་པར་གྱུར་པར་བསམ། གཞལ་ཡས་ཁང་གི་རྒྱ་དཔངས་ནི། དེའི་ཤར་གྱི་ནང་མཐའ་ནས་ནུབ་ཀྱི་ནང་མཐའི་བར་གྱི་རྒྱ་ཚད་ནི་ཆ་ཕྲན་བཞི་ལ་སྒོ་ཚད་དུ་བྱས་པའི་སྒོ་ཚད་བརྒྱད། རྩིག་པ་ལྔ་བསྡོམས་པའི་ཞེང་ཆ་ཕྲན་གཅིག །དཔངས་ཆ་ཕྲན་བཅུ་གསུམ། དེའི་སྟེང་དུ་ཕ་གུ་དམར་པོ་དཔངས་ ཆ་ཕྲན་གཅིག །ཞེང་ཆ་ཕྲན་ཕྱེད་གཉིས་ཡོད་པའི་ཕྱེད་རྩིག་པ་ལས་ཕྱིར་འཕགས་པའི་ཕྱི་ངོས་སུ་རིན་པོ་ཆེ་ཟུར་གསུམ་དང༌། ཟླུམ་པོ་དང༌། གྲུབ་ཞི་ལ་སོགས་པ་ཁ་དོག་སྣ་ཚོགས་པ་སྤེལ་བ་འབུར་དོད་བྱས་པས་སྤྲས་པ། དེའི་སྟེང་གི་ཕྱོགས་བཞིར་བར་ཐག་འཚམ་པར། རྡོ་སྨུག་པོ་རྡོ་རྗེའི་སྙིང་པོ་ཅན་གྱི་ཀ་ཆུང་རེ་རེ། དེའི་སྟེང་དུ་མུ་ཏིག་དམར་པོའི་བྲེ་རེ་རེ། དེའི་སྟེང་དུ་སྦུག་གི་གཞུ་ཐུང་རེ། དེའི་མཆོག་མ་གཉིས་སུ་ཤེལ་གྱི་ཀ་ཆུང་རེ། དེའི་སྟེང་དུ་བཻཌཱུརྱ་སྔོན་པོའི་བྲེ་རེ། དེའི་སྟེང་དུ་དངུལ་གྱི་གཞུ་རིང་སྟེ། ལ་ལར་གཞུ་ཐུང་དེ་ཉིད་སྐོར་རུ་ཁར་བཏང་བའི་ཕྱོགས་བཞིར་ཤེལ་གྱི་ཀ་ཆུང་རེ་བྱེད་པར་ཡང་བཤད། དེ་དག་གི་སྟེང་དུ་གསེར་གྱི་སྐ་ རགས་ཞེང་ཆ་ཕྲན་གཅིག་པ་ལེབ་མོར་ཡོད་པ་ཕྱོགས་ཐམས་ཅད་དུ་འཁར་མར་བཏང་བ། ཚུལ་དེ་ལྟ་བུར་བརྩེགས་པའི་གསེར་གྱི་སྐ་རགས་བཞི་ཀ་བསྡོམས་པའི་དབངས་ཆ་ཕྲན་གཅིག །ཀ་བ་བྲེ་ཕུལ་དང་བཅས་པ་གོང་འོག་བཞི་བསྡོམས་པའི་དཔངས་ལ་ཆ་ཕྲན་གཅིག་སྟེ་ཐམས་ཅད་བསྡོ(Ms) པ་ལ་ཆ་ཕྲན་ གཉིས་སོ། །ཁྱད་པར་དུ་གཞལ་ཡས་ཁང་གི་ཟུར་དུ་རྡོའི་ཀ་བ་སོགས་ཡོད་པ་བྱ་དགོས་ཤིང༌། དེ་ཡང་གཞུ་གོང་འོག་ནི་ཟུར་དང་འཐུན་པ་བྱའོ། །ཕྱོགས་བཞིའི་རྩ་ཐིག་དང་ཚངས་ཐིག་འཕྲད་མཚམས་ནས་གཡས་གཡོན་དུ་ཆ་ཕྲན་གཉིས་སོང་བ་ན་སྒོ་ཚད་གཅིག་ནི་སྒོ་འཁྱུད། དེ་ནས་ཀྱང་ཆ་ ཕྲན་གཉིས་རེ་གཡས་གཡོན་དུ་སོང་བ་སྒོ་འགྲམ། དེ་ནས་ཆ་ཕྲན་གཉིས་རེ་ཕྱིར་སོང་བ་སྒོ་ལོགས་ཀྱི་ནང་ངོས། དེའི་རྩིག་གདོང་གི་བར་ན་སྒོ་མེད་པ་མ་གཏོགས། ཡ་ཐེམ་མ་ཐེམ་འགྲམ་རྣམས་སྒོ་ཇི་ལྟ་བ་བཞིན་བཙུགས་པའི་ཡ་ཐེམ་གྱི་རྩིག་པ་ནི་དཔངས་ཇི་ལྟར་རིགས་པར་སྒོ་ལོགས་ཀྱི་རྩིག @017B པ་དང་མཉམ་པར་བཏང་བ། དེའི་སྟེང་དུ་ཕ་གུ་ཀ་བ་བྲེ་ཕུལ་སོགས་ཀྱང་སྔར་བཞིན་ནོ། །ཕྱོགས་བཞིའི་རྩ་ཐིག་དང་ཚངས་ཐིག་འཕྲད་མཚམས་ནས་ནང་དུ་ཆ་ཕྲན་རེ་སོང་བ་ན། གསེར་གྱི་རྡོ་རྗེ་རྩེ་ལྔ་བའམ། རྩེ་གསུམ་པའི་ཕྲེང་བས་ཟླུམ་པོར་བསྐོར་བ་ལ་དཔངས་ཆ་ཕྲན་གཅིག་པ། དེ་དང་འབྲེལ་བར་རྡོ་རྗེའི་མིག་མངས་རིས་སུ་རྒྱུགས་པའི་མཚམས་སུ་རྡོ་རྗེའི་འཕྲེང་བར་བརྟན་པའི་ཀ་བ་ཞེང་ཆ་ཕྲན་གཅིག ། དཔངས་ཆ་ཕྲན་བཅུ་གསུམ་ཡོད་པ་ཕྱོགས་བཞིར་གཉིས་གཉིས་ཏ་བརྒྱད་བཙུགས། དེའི་བྲེ་བ་ཞུ་ཐུང་གཞུ་རིང་དང་བཅས་པ་ལ་ཆ་ཕྲན་གཉིས་ཏེ་ཀ་བའི་རྩ་བ་ནས་དེའི་བར་ ཆ་གྲན་བཅོ་ལྔ། དེའི་སྟེང་ད་གདུང་འཁོར་དཔངས་ཆ་ཕྲན་གཅིག་པ། གདུང་འཁོར་དང་ཤར་ནུབ་ལྷོ་བྱང་གི་ཀ་བ་འཕྲད་མཚམས་སུ་གདུང་དང་སྟེག་མཉམ་པར་བྱས་ཏེ་སྣེ་མོ་བཀལ་བའི་གདུང་རིང་དཔངས་ཆ་ཕྲན་གཅིག་པ་ཐལ་མར་བཏང་པ། འོན་ཀྱང་གདུང་འདི་གདུང་འཁོར་??་འཕྲད་ མཚམས་སུ་བཀལ་བ་དང་གདུང་གི་སྟེང་དུ་རང་སོར་བཞག་པ་གཉིས་ཀྱི་ཁྱད་པར་ལས་ནང་གི་དཔངས་ཆ་ཕྲན་བཅུ་དྲུག་དང་བཅུ་བདུན་དུའང་འགྱུར་བས་བརྟག །གདུང་འོག་གི་ཀ་བ་ནི། ཚངས་ཐིག་དང་རྡོ་རྗེའི་ཕྲེང་བ་འཕྲད་མཚམས་ནས་གཡས་གཡོན་དུ་ཆ་ཕྲན་ལྔ་ལྔ་སོང་བའི་མཚམས་ནས་ བཙུགས་པ་སྟེ། འདིའང་རྡོར་འཕྲེང་གི་བར་དང་སྟེང་དུ་བཞག་པ་ལ་ཁྱད་པར་ཡོད་པས་ཞིབ་ཆ་གྱིས། དེ་ལྟར་བྱས་པས་སྟེང་འོག་གཉིས་ཀ་ལ་རོ་མིག་དགུ་པ་འོང༌། དབུས་ཀྱི་རེ་མིག་གྲུ་བཞི་པ་མ་གཏོགས་རེ་མིག་གཞན་རྣམས་ཀྱི་འོག་ངོས་སུ་གནམ་རྒྱན། ཤར་ལྷོ་ནུབ་ བྱང་གི་ཀ་གདུང་རྣམས་རིམ་པ་བཞིན་དཀར་སེར་དམར་ལྗང་བ་ལ། རིམ་པར་འཁོར་ལོ་ནོར་བུ་པདྨ་རལ་གྲིས་མཚན་པའོ། །ཕྱི་འཁྱམས་གྲུ་བཞི་པའི་ལྕམ་འགེལ་བའི་ཚུལ་ནི། ཟུར་ལྕམ་ཁྲ་བོ་ལྕམ་སྣེ་ཕྱི་མ་ལ་ཆུ་སྲིན་མ་ཀ་རའི་མགོ་ཡོད་པ་གསེར་གྱི་སྐ་ @018A ༄༅། །རགས་རྣམས་ལ་བཀལ་བའི་སྣེ་མོ་གསེར་གྱི་སྐ་རགས་ལས་ཆ་ཕྲན་ཕྱེད་གཉིས་ཕྱིར་ཐལ་བ། ནང་མ་གདུང་འཁོར་ཟླུམ་པོ་ལ་བཀལ་བ། དེ་བཞིན་དུ་ཕྱོགས་བཞིའི་སྒོ་འཁྱུད་ཀྱི་ནང་ངོས་ནས་གདུང་ཕྲེང་ལ་བཏང་བ། སྒོ་འཁྱུད་ཕན་ ཚུན་གྱི་གསེར་གྱི་སྐེ་རགས་གཉིས་པ་ལ་སྣེ་མོ་བཀལ་བའི་ཞེང་ཆ་ཕྲན་གཅིག་སྲིང་ཆ་ཕྲན་ལྔ་པ་ལ་ལྕམ་སྣེ་ཕྱི་མ་དང༌། སྒོ་འཁྱུད་གཡས་གཡོན་གྱི་གསེར་གྱི་སྐ་རགས་རྣམས་ཀྱི་སྟེང་དུ་ལྕམ་སྣེ་ཕྱི་མ་ཆ་ཕྲན་རེ་རེ་ཕྱིར་ཐལ་བའི་སྣེ་མོར་ཆུ་སྲིན་མ་ཀ་རའི་མགོ་ཡོད་པ་དང༌། ལྕམ་སྣེ་ ནང་མ་རྣམས་རྡོ་རྗེའི་གདུང་ཟླུམ་གྱི་སྟེང་དུ་འཁོར་བར་བཀལ། ཡང་གདུང་ཟླུམ་གྱི་སྟེང་དུ་ཕྱི་མ་དང༌། ནང་མ་དབུས་ཀྱི་རྒྱ་ཐོང་གྲུ་བཞི་པའི་གདུང་ལ་ཆ་ཕྲན་རེ་ནང་དུ་ཐལ་བའི་ལྕམ་འགེལ། འདིར་ཕྱི་ནང་གི་ལྕམ་རྣམས་གཅིག་ཏུ་བྱེད་པའི་སྲོལ་ཡང་སྣང་སྙེ་མི་འགལ། སྒོ་ ལོགས་གཡས་གཡོན་གྱི་གསེར་གྱི་སྐ་རགས་ཀྱི་སྟེང་དུ་ཆ་ཕྲན་རེ་རེའི་སར་ཆུ་སྲིན་གྱི་མགོ་ཡོད་པའི་ལྕམ་ཐུང་བཙུགས། ལྕམ་གྲངས་ནི་ཕྱོགས་བཞིར་ཉེར་བརྒྱད་རེ་བྱ་པར་བཤད། རྒྱ་ཐོང་གྲུ་བཞི་པའི་ལྕམ་སྣེ་ནང་མ་རྣམས་ཀྱི་སྟེང་དུ་གུད་དུ་བཏགས་པའི་བླ་ཕུལ་ལྕམ་སྣེ་སྔ་མ་ རྣམས་ལས་ཆ་ཕྲན་ཕྱེད་དེ་ནང་དུ་ཐལ་བའི་སྣེ་མོ་དང༌། འོག་གི་ལྕམ་སྣེ་གཉིས་སུ་གསལ་བྱེད་ཀྱི་ནོར་བུ་དགའ་བས་འཁྱིལ་པས་མཛེས་པར་བྱ། འགའ་ཞིག་ལས་སྟེང་དུ་བཏགས་པ་དེ་མི་སྣང་ངོ། །དེ་དག་ལ་གྲལ་མ་བཏང་སྟེ་ཐོག་འགེབ། ཕྱི་ཁྱམས་ཀྱི་ལྕམ་སྣེ་ཕྱི་མ་ ལ་ཆུ་སྲིན་གྱི་མགོ་བོ་ཡོད་པ་བྱས་ཏེ་དེ་རྣམས་ཀྱི་སྟེང་དུ་གདུང་ཐུང་རེ་བཏང་བའི་??་སྣེ་ནི་ཆུ་སྲིན་གྱི་མགོ་བོ་ཡོད་པ་ལས་ཆ་ཕྲན་ཕྱེད་ཀྱིས་རིང་བའོ། །དེའི་སྟེང་དུ་བྱ་འདབ་བཀལ་བའི་སྣེ་མོ་ལ། རིན་པོ་ཆེའི་ཤར་བུ་དཀར་པོ་སྤྱི་བླུགས་མཆུ་མེད་མགོ་མཇུག་ཟློག་པ་ལྟ་བུ་འམ། @018B རུས་རྒྱན་རྙིང་བའི་ཟ་ར་ཚགས་ལྟ་བུ། བྱ་འདབ་ཞེང་ཆ་ཕྲན་གཉིས། ཁ་ཅིག་ལྟར་བྱ་འདབ་ཀྱི་རྩ་བར་རམ། ཤར་བུའི་ཐད་ཀྱི་བྱ་འདབ་ཀྱི་སྟེང་དུ་མདའ་ཡབ་དཀར་པོ་པདྨ་འདབ་མ་ཕྱེད་པའི་དབྱིབས་ཅན། དཔངས་ཞེང་གཉིས་ཀར་ཆ་ཕྲན་རེ་རེ་ཡོད་པ་པུ་ཤུ་ལྟར་བསླངས་པ། ཆུ་ སྲིན་གཅིག་གི་ཁ་ནས་གཅིག་གི་ཁར་རིན་པོ་ཆེའི་ཕྲེང་བའི་དྲ་བ་ཉིས་བཤིབས་སུ་འཕྱང་བ། ཆུ་སྲིན་རྣམས་ཀྱི་ཁའི་དབུས་ནས་རིན་པོ་ཆེའི་དྲ་ཕྱེད་སུམ་བཤིབས་སུ་འཕྱང་བའི་སྣེ་མོང་ནོར་བུ་སྦོམ་བོ་གསེར་གྱི་(BtA)ས་??་བསྡོམས་པ། དྲིལ་ཆུང་དང༌། རྔ་ཡབ་རིན་པོ་ཆེའི་ཡུ་བ་ཅན་བཏགས་པ་སྤེལ་མར་ བརྒྱན་པ། དྲ་བ་ཕྱི་མའི་ཁུག་པའི་དབུས་སུ་ནོར་བུ་པ་ཊས་བསྡོམས་པ་ཆེ་ལ་རེ་རེ་དང༌། དེའི་གཡས་གཡོན་དུ་ཉུང་བ་རེ། ཆུ་སྲིན་རྣམས་ཀྱི་ཁ་འགྲམ་གཡས་གཡོན་དུ་ནོར་བུ་ཕཊ་ས་བསྡོམས་བ་ཆེ་བ་རེ་དང༌། དེའི་འོག་ཏུ་ཆུང་བ་རེ། དྲ་བ་ནང་མའི་སྟེང་གི་ནང་དངོས་སུ་ཁ་ཅིག་ཏུ་པདྨ་ལ་ཟླ་བ་ཕྱེད་བ་ལ་ལར་ཉི་མ་ལ་རྡོ་རྗེ་ ཕྱེད་བ། འགའ་ཞིག་ཏུ་པདྨ་ལ་རིན་པོ་ཆེ་དམར་པོ་ཆ་དགུ་པ་དང༌། རྡོ་རྗེ་སྔོན་པོ་རྩ་ལྔ་པ་གྱེན་དུ་བསྒྲེངས་བ་རྣམས་ནི་སྤེལ་མང་གནས་པ། དེ་ད་གི་གཡས་གཡོན་དུ་མེ་ལོང་ལ་བཏགས་པའི་གོས་ཁ་དོག་སྣ་ཚོགས་པ་བྱིའུ་ཁྲུག་ཁར་བསྒྲིགས་པའི་འཕན་ཆུང་རེ་རེ། དེའི་གཡས་གཡོན་དུ་དེ་ལས་ཐུང་ཙམ་གྱི་མེ་ཏོག སྣ་ཚོགས་པའི་འཕྲེང་བ་རེ་རེ་སྟེ། དེ་རྣམས་ཀྱི་རྩེ་མོ་ཟླ་ཕྱེད་རྡོ་རྗེ་སོགས་ལ་མ་རེག་པའོ། སྟེང་གི་ཟུར་བཞིར་སྤྲེའུ་ཁ་ནང་བལྟ་མཇུག་མ་མདའ་ཡབ་ཀྱི་སྟེང་དུ་བཀལ་བ་ལག་ཏུ་གདུགས་འཛིན་པ་རེ་རེ་འམ། ཡང་ན་གསེར་གྱི་བུམ་པ་ཆ་ཕྲན་གཅིག་པ་བཞི་ནས་ཡུ་བ་ཆ་ཕྲན་གཉིས་འཐོན་པའི་གཡོགས་ཆ་ཕྲན་གཉིས་པཱི་ གདུགས་དཀར་པོ་དར་ལྕེའི་ཤམ་བུ་དང་བཅས་པ། ཟླ་ཕྱེད་རྡོ་རྗེ་ཏོག་གིས་མཚན་པ། གདུགས་ཏོག་དང་བཅས་པའི་དཔངས་ལ་ཆ་ཕྲན་གསུམ། གཡོགས་པ་ཆ་ཕྲན་ཕྱེད་གསུམ། གཡོགས་ཀྱི་སྟེང་དུ་རིན་པོ་ཆེའི་དྲ་བ་དྲ་ཕྱེད་ཉི་ལ་ཡེར་འཕྱང་བའོ། །ཡོངས་གྲགས་གྱི་གདུ(Gs) གམ་བུ་འདུག་མོད། འདིར་གདུགས་རང་ལ་དར་གྱི་ཤམ་བུ་ཡོད་མེད་དཔྱད་དགོས་པར་སྣང་ངོ།། @019A ༄༅། །ཕྱོགས་བཞིར་མདའ་ཡབ་ཀྱི་སྟེང་དུ། གསེར་གྱི་བུམ་པ་ནས་འཐོན་བའི་རྒྱལ་མཆན་དང་བ་དན་བརྒྱད་བརྒྱད་བྱེད་པའི་དོན་ནི། ཕྱོགས་རེ་རེར་རྒྱལ་མཚན་གཉིས་དང་བ་དན་གཉིས་རེ་སྟེ། སོ་སོར་བགྲང་ན་བཅུ་དྲུག་འབྱུང་བའི་དོན་ཡིན་གྱི། ཕྱོགས་རེ་ རེན་རྒྱལ་མཚན་བརྒྱད་དང་བདན་བརྒྱད་ཡོད་བ་མིན་ནོ། །རྒྱལ་མཚན་དང་བ་དན་གྱི་ཁྱད་པར་ནི། ཁེབས་ཀྱི་ནང་དུ་དར་ལྕེ་གསུམ་པ་སུམ་ཁུག་འཁྱོག་ཅིང་འགྱིང་བ་ལ་ནི་སྲོག་ཆགས་གསུམ་གྱི་མཚན་མ་སོགས་ཡོད་པ་ནི་རྒྱལ་མཚན་དང༌། དེ་མེད་པ་ནི་བ་དན་ནོ། ། མཚན་མ་དེ་ལྡན་གྱི་དར་ལྕེའི་རྩེར་རྔ་ཡབ་དང་དྲིལ་བུ་གཡེར་ཁ་སིལ་སིལ་གྱི་སྒྲ་ལྡན་ནོ། །གཞན་ཡང༌། དང་བ་ཀླུ་ཟ་བ་དང༌། རྨ་བྱ་དང༌། མིའམ་ཅི་ཕོ་མོ་རྣམས་ཀྱི་མཚན་མ་ཡོད་པ་ནི་རྒྱལ་མཚན་དུའང་བཤད། སྲོག་ཆགས་གསུམ་ནི། སེང་གེ་རྐང་པ་བརྒྱད་པ་ ཉ་སྦུ་རྒྱས་པ། ཆུ་སྲིན་མ་ཀ་ར་གསུམ་མོ། །སེང་གེ་རྐང་པ་བརྒྱད་ཅེས་པ་ནི། སེང་གེ་དང་མཁའ་ལྡེང་འདུས་པ་ལས་བྱུང་བའི་སེང་གེ་སྟེ། སེང་གེའི་སྦར་མོ་བཞི་དང༌། ཁྱུང་གཤོ(Gs) གཉིས་སྡེར་མོ་གཉིས་དང་བརྒྱད་ཡིན་ལ། སེང་གེའི་མགོ་བོ་ལ་ཁྱུང་གི་མཆུ་ཅན་ ནོ༑ ༑ཉ་དང་སྲམ་ལས་ཉ་སྤུ་ཅན་དེ་མགོ་ལུས་ཉ་ལ་སྲམ་གྱི་མཆེ་བ་དང་མཇུག་མ་ཅན་ནོ། །དུང་དང་ཆུ་སྲིན་ལས་ཆུ་སྲིན་མ་ག་ར་སྟེ། ལུས་ནི་དུང་དང་ཆུ་སྲིན་གྱི་མགོ་ཅན་ཆོ་ཞེས་བཤད། གཡོགས་སོགས་ནི་སྔར་བཞིན་ནོ། །དབུས་ཀྱི་རེ་མིག་སྟེང་དུ་གསེར་གྱི་ རྒྱ་ཕིབས་འབུབས་ཚུལ་ནི། རྒྱ་མཐོང་གྲུ་བཞི་བའི་ཁ་གདང་གི་མཚམས་བཞི་ནས་རྩ་བ་ཟུག་པའི་ག་བ་མགོ་མཇུག་བསེགས་ཁ་ཅན་ཞེང་ཆ་ཕྲན་གཅིག་དང་དཔངས་ཆ་ཆེན་གསུམ་པ་གཉིས་གཉིས་མགོ་ཤར་ནུབ་ཏུ་དུད་པའི་བར་དུ་སྒྲོགས་ཐུང་བཏང་སྟེ། དེའི་སྟེང་ @019B དུ་རྒྱ་ཕིབ་ཀྱི་གདུང་ཞེང་ཆ་ཆེན་གཅིག་དང་སྲིད་སྒོ་ཚད་དྲུག་གམ་ལྔ་ཡོད་པའི་གདུང་ལེབ་བཏང༌། ཕྱི་ཁྱམས་གྲུ་བཞི་པའི་ཕྱོགས་མཚམས་ཀྱི་ཁ་གདངས་ལ་ཀ་བ་བྲེ་ཕུལ་སོགས་སྔར་བཞིན་བྱས་ཏེ། ཆ་ཕྲན་རེ་རེའི་སར་བཙུགས་པའི་སྟེང་དུ་གདུང་ཕྱོགས་ཐམས་ཅད་དུ་ཐལ་རྒྱུགས་ སུ་བཏང་བ། ཀ་བ་ནས་གདུང་གི་བར་བསྡོམས་པའི་དཔངས་ལ་སྒོ་ཚད་གཅིག་ཡོད་པ། ལྕམ་སྣེ་ནང་མ་རྒྱ་ཕིབ་དང་སྒྲོགས་ཐུང་གཉིས་ལ་བཀལ་ཅིང༌། ཕྱི་མ་ཁ་གདངས་ཀྱི་གདུང་ལ་བཀལ་བའི་ཆ་ཕྲན་ཕྱེད་རེ་ཕྱིར་ཐལ་བ། ཕྱོགས་བཞིའི་ལྕམ་སྣེ་ཕྱི་མ་རྣམས་ཀྱི་སྟེང་ ངོས་སུ་བད་འདབ་ཕྱེད་པའི་དབྱིབས་ཅན་གྱི་ཆུ་སྐྱོར་གྱེན་དུ་ལངས་པ་བྱས་ཏེ། རྒྱ་ཕིབ་ཀྱི་ཐོག་འགབ། རྒྱ་ཕིབ་ཀྱི་ལྷོ་བྱང་གི་གདུང་སྣེ་གཉིས་སུ་མགྲིན་པ་དང་བཅས་པའི་ཁྱུང་མགོའི་རྭ་བར་དུ་ཡིད་བཞིན་གྱི་ནོར་བུ་འབར་བས་མཚན་པ། ཁྱུང་གི་ཁ་ནས་སྐུད་པ་དམར་པོ་ལས་ བརྒྱུས་པའི་རིན་པོ་ཆེའི་ཕྲེང་བའི་དྲ་བ་དང༌། དེའི་གཡས་གཡོན་དུ་དྲ་བ་ཕྱེད་པ་འཕྱང་བའི་སྣེ་མོ་སྒྲོགས་ཐུང་ལ་སླེབ་བ། ལྕམ་སྣེ་ཕྱི་མ་རྣམས་ལའང་ཆུ་སྲིན་གྱི་མགོ་ཡོད་པའི་ཁ་ནས་དྲ་བ་དྲ་ཕྱེད་འཕྱད་བ། དེ་ལྟ་བུའི་རྒྱ་ཕིབ་རྟ་རྒྱབ་ཅན་གྱི་དབུས་སུ། གསུང་རྒྱུན་འགའ་ཞིག་ལས། གསེར་གྱི་ཁང་བུ་དབངས་ཞེང་གཉིས་ཀར་ཆ་ཕྲན་གཉིས་རེ་ཡོད་པའི་ནང་དུ་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་རྣམས་བཞུགས་ཅེས་གསུངས། ལ་ལར་དེ་མེད་བར། པདྨ་རཱ་གའི་པད་སྤུངས་ཆ་ཕྲན་གཉིས་པ་བྱ་བར་བཤད། དེའི་སྟེང་དུ་རིན་པོ་ཆེ་ཆ་དགུ་བའི་ཏོག་དབངས་ཆ་ཕྲན་གཅིག་པཱི་ སྟེང་དུ་རིན་པོ་ཆེའི་རྡོ་རྗེ་རྩེ་ལྔ་པ་སྲིད་ཆ་ཕྲན་གཅིག་པ་གྱེན་དུ་བསྒྲེང་བ་བྱ་བ་དང༌། ལ་ལར་ཏོག་གདུགས་ལྟར་སུམ་བརྩེགས་ཅན་དུ་བཤད། གང་ལྟར་ཡང་གཞལ་ཡས་ཁང་གི་འོག་གི་མཐིལ་ནས་ཏོག་གི་རྩེ་མོའི་བར་སྒོ་ཚད་བརྒྱད་ཡོད་པ་བྱས་ཚེ། རྒྱ་མཉམ་དབངས་མཉམ་དང་ @020A ༄༅། །འོག་གི་མཐིལ་ནས་བར་གྱི་གདུང་གི་བར་སྒོ་ཚང་བཞི་ཡོད་པས་རྒྱ་བྱེད་དབངས་མཉམ་མོ།། ཕྱོགས་བཞིའི་སྒོ་འཁྱུད་ཀྱི་སྟེང་གི་ལྕམ་ནི། སྔར་བཤད་པའི་ཕྱི་ཁྱམས་གྲུ་བཞི་པའི་ལྕམ་སྣེ་ཕྱི་མ་འགེལ་བའི་གདུང་དང༌། སྒོ་འཁྱུད་ཀྱི་ཕྱི་ངོས་ སུ་ཕྲད་ལ་བཏང་བའི་གདུང་གཉིས་ཀྱི་བར་དུ་ལྕམ་བཞི་ཕྲད་ལ་བཏང༌། སྒོ་འཁྱུད་ཕྱི་ངོས་ཀྱི་གདུང་དང༌། སྒོ་ལོགས་ཀྱི་སྟེང་གི་གསེར་གྱི་སྐ་རགས་ཐོག་ཏུ་བཀལ་བའི་ལྕམ་སྣེ་ཕྱི་མ་གསེར་གྱི་སྐ་རགས་ལས་ཆ་ཕྲན་ཕྱེད་ཕྱིར་ཐལ་བ། སྒོ་འགྱུད་ཕན་ཚུན་དུ་ཐལ་བའི་ ལྕམ་སྣེར་ཆུ་སྲིན་གྱི་མགོ་བྱ། སྒོ་ལོགས་གཡས་གཡོན་གྱི་སྟེང་དུ་པད་ཆོད་ཀྱི་ཕུར་བུ་བཙུགས་ཏེ་ཆུ་སྲིན་གྱི་ཁ་བྱས་ནས་ཐོག་བཀབ། དེ་ལྟ་བུའི་ལྕམ་རྣམས་ཀྱི་དཔངས་ལ་ཆ་ཕྲན་ཕྱེད་དང༌། གྲལ་མ་ཐོག་དང་བཅས་པའི་དཔངས་ལ་ཆ་ཕྲན་ཕྱེད་ཡིན་པས་བསྡོམས་ ན་ཆ་གྲན་གཅིག་པོ། །སྒོ་འགྲམ་གཡས་གཡོན་དུ་སྒོའི་ཆུ་གཞི་ཞེང་ཆ་ཕྲན་ཕྱེད་པ། ཕན་ཚུན་གྱི་འགྲམ་གཉིས་དང་སྟེང་ངོས་སུ་པད་ཆོད་ཡོད་པ་བཙུགས་ལ་སྒོ་གླེགས་ཞེང་ཆ་ཕྲན་ཕྱེད་གཉིས་ཡོད་པ་འབྱེད་བསྡོམ་ནང་ནས་བྱེད་ཅིང༌། ཕྱེ་ཚེ་ཕྱིར་འགྲོ་བ་ཕྱོགས་ མདོག །སྒོའི་ཡ་ཐེམ་དང་གདུང་གི་བར་དུ་ཤར་དུ་འཁོར་ལོ་དཀར་པོ་ཉིས་བརྩེགས་ཉིས་གཤིབས། དེ་བཞིན་དུ་ལྷོར་རིན་པོ་ཆེ། ནུབ་ཏུ་པདྨ། བྱང་དུ་རལ་གྲི་རྣམས་ཀྱང་ངོ། །གཞལ་ཡས་ཁང་གི་འོག་གི་ཟུར་ཐིག་གིས་བཅད་པའི་སྟེང་འོག་རྣམས་ཤར་དཀར་ བ་སོགས་དང༌། འདིར་རྩིག་པའི་ནང་ཐམས་ཅད་ནི་མདོག་སྔོན་པོའོ། །སྒོ་བཞི་ཡང་ཕྱོགས་མདོག །རྩིག་པའི་མཐའ་སྐོར་དུ་འདོད་སྣམ་དམར་པོ་དབངས་ཆ་ཕྲན་གཅིག། ཞེང་ཆ་ཕྲན་གཉིས་ཡོད་པའི་སྟེང་དུ་ལྷ་མོ་ཕྱག་ན་མཆོད་རྫས་སྣ་ཚོགས་ @020B ཐོགས་པ་གར་སྟབས་ལ་སོགས་པའི་བཞུགས་སྟངས་དང༌། ཁ་དོག་སྣ་ཚོགས་པ། གཞལ་ཡས་ཁང་ལ་ཕྱོགས་རེ་མཆོད་པ་བྱེད་བཞིན་པའོ། །སྒོ་དང་སྒོ་འཁྱུད་ཀྱི་ཕྱི་མཚམས་དང་གཞལ་ཡས་ཁང་གི་ཕྱི་ནང་གི་ཟུར་རྣམས་སུ་ཟླ་བ་ཕྱེད་པ་ལ་རིན་པོ་ཆེ་དམར་པོ་དང་རྡོ་རྗེ་རྩེ་ལྔ་བས་མཚན་པ་ རེ་རེ་སྟེ་གྲངས་ནི་ཉེར་བཞི་འབྱུང་ཡང༌། མཁས་པ་ཁ་ཅིག་སོ་གཉིས་སུ་བཞེད་དེ་བརྟག། རྟ་བབས་ནི། སྒོ་སོ་སོའི་མདུན་དུ་སྣ་ཚོགས་རྡོ་རྗེའི་ལྟེ་བ་ཟད་མཚམས་སུ་བང་རིམ་ཐོག་མའི་དབངས་དེ་དང་མཉམ་ཞིང༌། བང་རིམ་བཞི་པ་རེ་རེའི་དབངས་སུ་སྒོ་ཚད་རེ་དང་ཞེང་ཆ་ཕྲན་གསུམ་ སྲིད་ཆ་ཕྲན་བཅུ་དྲུག་ཏུ་མཉམ་པ། དབུས་རྭའི་གཡས་གཡོན་དུ་བང་རིམ་རེ་རེ་ལའང་ཐེམ་སྐས་རིམ་པ་བཞི་བཞི་འམ་ལྔ་ཡོད་པ་གང་རུང་སྣ་ཚོགས་རྡོ་རྗེའི་རྭ་དང་ཐེམ་པ་གཅིག་གིས་གཅིག་བསྒྲིབས་པ་མེད་ཅིང་གསལ་བ། སྣ་ཚོགས་རྡོ་རྗེ་རྭ་གསུམ་མ་ལ་དཔངས་ནི་སྒོ་ཚང་གཅིག ངེས་བར་དགོས་ཤིང༌། །དེ་ལས་མ་མ་ཐོས་ཀྱང་མི་འགལ། ཐེམ་པ་གོང་མའི་གཡས་གཡོན་དུ་རྭ་རྩའི་ཐད་ལ་སྟེགས་བུ་གྲུ་བཞི་པ་ཇི་ལྟར་འཚམས་པའི་སྟེང་དུ་ཕྱོགས་རེ་རེར་གཡས་གཡོན་གྱིས་ཕྱེ་བའི་བཞི་བཞི་སྟེ། གསེར་གྱི་བུམ་པ་ནས་ཐོན་བའི་སྟེགས་??་ཀ་བ་བུམ་པ་དང་ བཅས་པའི་དཔངས་ཆ་ཕྲན་ལྔ་རེ། རྟ་བབས་དང་སྒོ་ལོགས་ངོས་ཀྱི་བར་ན་ཆ་ཆུང་གཅིག་སྟེ་ཀ་བ་རྣམས་ཕྱོགས་མདོག་ཡིན་ལ། ཀ་བ་ནང་མ་དང་སྒོ་ལོགས་བར་ཡང་ཆ་ཆུང་གཅིག་གོ །འགའ་ཞིག་གཡས་གཡོན་རེ་རེར་ཀ་བ་བཞི་བཞི་དང༌། དེ་དག་གི་སྟང་དུ་གདུང་བཞ་འགེལ་བ་ སོགས་ཅུང་ཟད་མི་འདྲ་བའི་ལུགས་ཀྱང་ཡོད། གང་ལྟར་ཡང་ཀ་བའི་སྟེང་དུ་གདུང་བཏང་ནས་དེའི་སྟེང་དུ་སྣམ་བུ་དང་པོ་གསེར་སྣམ་སེར་པོ། སྲིད་ཆུ་ཕྲན་ཕྱེད་གསུམ་རེ་ཡོད་པ། དེའི་སྟེང་དུ་སྣམ་བུ་གཉིས་པ་ཤར་བུ་དཀར་པོ་གཞི་སྔོན་པོ་ལ་དབྱིབས་སྔ་མ་བཞིན་དུ་ཡོད་པ་ @021A ༄༅། །སྣམ་བུ་གསུམ་པ་རིན་པོ་ཆེ་ནི། གའི་དམར་པོ་ལ་ཟུར་གསུམ་དང་གྲུ་བཞི་སོགས་ཀྱིས་མཛེས་པ་སྟེ། དེ་གཉིས་ཀྱི་དབང་ས་ཆ་ཕྲ་རེ་རེ་དང་སྲིད་ཆ་ཕྲན་གསུམ་གསུམ། སྣམ་བུ་བཞི་པ་རྟ་རྨིག་ནི་གཞི་ལྗང་ཁུ་ལ་རྨིག་གི་རི་མོས་མཚན་པ། སྲིད་ཆ་ཕྲན་ལྔ་ སྣམ་བུ་ལྔ་པ་མུན་སྣམ་ནི་སྣམ་བུ་གོང་འོག་གི་བར་སྟོང་སྟེ། ཀ་བ་ཞེང་ཆ་ཕྲན་གཅིག །དབངས་ཆ་ཕྲན་ཕྱེད་གཉིས་རེ་ཕྱོགས་མདོག་ཅན་ཕྱི་ནང་དུ་བསྒྲིགས་པ། སྣམ་བུ་དྲུག་པ་ཝ་རཎྜ་ནི་ཁ་དོག་སྣ་ཚོགས་པ། སྲིད་ཆ་ཕྲན་ལྔ། སྣམ་བུ་བདུན་པ་ཡང་མུན་སྣམ་སྟེ་སྔར་བཞིན་ ལ། ཀ་བ་དེའི་ཕྱི་མཐའ་དང་མུན་སྣམ་འོག་མའི་ཀ་བའི་ནང་མཐའ་གཉིས་ཐང་དྲང་བོར་ཡོད་པ། བརྒྱད་པ་ཤར་བུ། དགུ་པ་རིན་པོ་ཆེ། བཅུ་བ་རྨིག་པ། བཅུ་གཅིག་པ་མདའ་ཡབ་རྣམས་གཡས་གཡོན་དང་རྒྱབ་འབྲེལ་བར་གནས་པའི་ཁ་དོག་དང་དབྱིབས་སྔར་བཞེན་དང༌། འོག་མ་གསུམ་གྱི་སྲིད་ཆ་ཕྲན་བཅུ་བཞི་དང༌། མདའ་ཡབ་ཀྱི་སྣམ་བུའི་སྲིད་ཆ་ཕྲན་བཅུ་སྟེ། མདའ་ཡབ་དང་དེའི་སྣམ་བུ་ནི་གཅིག་མིན་ནོ། །མུན་སྣམ་གཉིས་མ་གཏོགས་པའི་སྣམ་བུ་རྣམས་དབངས་ཆ་ཕྲན་རེ་རེ་དང་ཞེང་སྣམ་བུ་ཐམས་ཅད་ལ་ཆ་ཕྲན་གསུམ་གསུམ་སྟེ། ཆ་ ཕྲན་བཞི་བཞིར་ཡང་རུང་བར་བཤད། སྣམ་བུ་བཞི་བའི་སྲིད་ལ་ཆ་ཕྲན་གསུམ་བྱེད་པའི་ལུགས་སྣང་ཡང༌། རྩ་ཚིག་ལས་ལྔར་བཤད་པ་དང་མི་མཐུན་ནོ། །ཁ་ཅིག་མདའ་ཡབ་ཀྱི་སྣམ་བུའི་སྟེང་དུ་སྣམ་བུ་དཀར་པོ་མངའ་ཡབ་དང་ཁ་མཉམ་བར་བྱ་བར་བཤད་ཅིང༌། ལ་ལར་དེ་མི་འབྱུང་ངོ། །དེའི་དབུས་སུ་པདྨ་ཟླ་འམ་ཟླ་རྒྱང་གི་སྟེང་དུ་ནི། །གསེར་གྱི་འཁོར་ལོ་རྩིབས་བརྒྱད་པ། དབངས་ཞེང་གཉིས་ཀར་ཆ་ཕྲན་གཉིས་སམ་རེ་རེ་གྱེན་དུ་བསླངས་པ་དེའི་གཡས་གཡོན་དུ་རི་དགས་ཕོ་མོ་ཉལ་སྟབས་སུ་གནས་ཤིང༌། མེག་འཁོར་ @021B ལོའི་རྩེ་མོར་ལྟ་བའི་དབངས་ལ་ཆ་ཕྲན་ཕྱེད་གཉིས་སམ་གཅིག། དེ་གཉིས་ཀྱི་རྒྱབ་ཏུ་མདའ་ཡབ་ཕྱི་ནང་གཉིས་བཙུགས་པའི་ནང་མར་སྤྲེའུ་གདུགས་འཛིན་པ་དང༌། ཕྱི་མ་ལ་གསེར་བུམ་དུ་རྒྱལ་མཚན་དང་བ་དན་སྐེལ་མར་བྱས་པ། ཝ་རཎྜའི་སྣམ་བུའི་སྟེང་གི་མཆོག་མ་གཉིས་སུའང་དེ་ལྟ་བུ་དང་ རྟ་མིག་འོག་མ་ལའང་དེ་ལྟར་བྱེད་པར་བཤང་ཅིང་མུན་སྣཾ་གཉིས་ཀྱི་སྟེང་གི་སྣཾ་བུ་འདེགས་བྱེད་ཀྱི་སེང་གེ་རྐང་བ་བརྒྱད་པ་དང༌། རྨྱ་བྱ་དང་མིའམ་ཅིའི་གཟུགས་བརྙན་བྱ་བར་སྔགས་རིམ་ནས་བཤང་དོ། །དེ་ཡང་ཝ(RndA)འི་སྣམ་བུ་ནི་སྡོད་མི་ཉན་པ་ལྟར་སྣང་བ་དེ་ལ་འདེགས་བྱེད་འདི་བྱས་ན་ལེགས་སཾ་ སྙཾ། གླང་རྒྱབ་གྱི་སྟེང་གི་ནང་ངོས་སུ་བླ་རེ་རྣམ་པར་བཀྲ་བ་སྲིད་ཆ་ཕྲན་དྲུག་པ་དང་དྲ་བ་དྲ་བྱེད་མཛེས་པར་བྱས་པ། གསེར་སྣམ་ལ་བཏགས་པའི་གོས་ཁ་དོག་སྣ་ཚོགས་སྐེལ་མངའ་འཕྱང་བ་སོགས་སོ། །རྟ་བབས་གྱི་གཡས་གཡོན་དུ་རྡོ་རྗེའི་ལྟེ་བ་ལྷག་པ་ལ་གསེར་གྱི་བུམ་པ་ནས་འཐོན་པའི་དཔག བསམ་གྱི་ཤིང་ལ་ལྷ་རྫས་ཀྱི་རིན་པོ་ཆེའི་འཕྲེང་བ་དང་གོས་འཕྱང་བའི་ཡལ་ག་དྲུག་པ་ཅན་གྱི་དབུས་མ་ལ་ཁྱིམ་བདག་དམར་པོ་མཛོད་ལྡན་ཁ་ནང་དུ་ཕྱོགས་པ། དེའི་མདུན་ནས་བརྩམས་ཏེ་མཐའ་སྐོར་དུ་ཡལ་ག་དྲུག་ལ་འཁོར་ལོ་སེར་བོ་རྩིབས་བརྒྱད་པ། ནོར་བུ་སེར་བོ་རྩིབས་དྲུག་པའམ་སྔོན་ པོ་རྩིབས་བརྒྱད་པ། བུད་མེད་སྔོན་པོ། །རྟ་མཆོག་ལྗང་བུ། གླང་ཆེན་དཀར་པོ། དམག་དཔོན་ནག་པོ་རལ་གྲི་ཅན་རྣམས་སོ། །དེ་དག་གི་སྟེང་གི་ནམ་མཁར་རང་ཕྱོགས་ཀྱི་དེ་བཞིན་གཤེགས་པའི་མདོག་ཅན་གྱི་གྲུབ་ཆེན་ར། དེ་དག་གི་ནམ་མཁའི་སྤྲིན་གསེབ་ནས་ལྷའི་བུ་ཁ་དོག་སྣ་ཚོགས་ བས་མེ་ཏོག་བཟུང་སྟེ་ཆར་འབེབ་པའོ།། རྡོར་ར་མེ་རི་དང་བཅས་པའི་ཕྱིར་རོལ་དུ་དུར་ཁྲོད་རྣམས་ཀྱིས་བསྐོར་བའི་དུར་ཁྲོད་བརྒྱད་ནི། ཤར་དུ་གཏུ་མ་དྲག། ལྷོར་ཀེང་རུས་ཅན། ནུབ་ཏུ་རྡོ་རྗེ་འབར་བ། བྱང་དུ་ཚད་ཚིང་ཁྲིགས་པ། བྱང་ཤར་དུ་ཧ་ཧ་རྒོད་པ། ཤར་ལྷོར་བཀྲ་ཤིས་མཆོག་གམ་ @022A ༄༅། །ཚལ། ལྷོ་ནུབ་དུ་མུན་པ་དྲག་པོ། ནུབ་བྱང་དུ་ཀི་ལི་གི་ལིའི་སྒྲ་སྒྲོགས་པ་རྣམས་སོ། །དེ་ན་གནས་པའི་ཤིང་བརྒྱད་ནི། ཤར་དུ་ནཱ་ག་གེ་སར། ལྷོར་ཀངེཀ་ལ། ནུབ་ཏུ་ཙུནྟ། བྱང་དུ་ཨ་ཤྭཏྠ། བྱང་ཤར་དུ་ནེ་གྲོཏྟ། ཤར་ལྷོར་ཀ(RNYDZA)། ལྷོ་ནུབ་ཏུ་བ་ཊ་བརྐ། ནུབ་བྱང་དུ་པ་རྠི་རྣམས་སོ།། ཤིང་དེ་དག་གི་རྩ་བར་རིམ་བཞིན་ཤར་དུ་བརྒྱ་བྱེན་དཀར་པོ། ལྷོར་གཤིན་རྗེ་སྔོན་པོ། ནུབ་ཏུ་ཆུ་ལྷ་དཀར་བོ། བྱང་དུ་གནོད་སྦྱིན་སེར་པོ། བྱང་ཤར་དུ་དབང་ཕྱུག་དཀར་པོ། ཤར་ལྷོར་མེ་ལྷ་དམར་པོ། ལྷོ་ནུབ་དུ་སྲིན་པོ་སྔོན་པོ། ནུབ་བྱང་དུ་རླུང་ལྷ་ཏུ་བའི་མདོག་ཅན་རྣམས་རང་རང་གི་བཞོན་པ་ལ་ཞོན་ཏེ་ ཞལ་གཅིག་ཕྱག་བཞི་བ་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་ནས་གཡས་འོག་མ་རྣམས་ཀྱིས་རིམ་པ་བཞིན་རྡོ་རྗེ་དབྱུག་བ་སྦྲུལ་ནོར་བུ་སྐྱུགས་པའི་ནེའུ་ཡེ་རྩེ་གསུམ་བགྲང་འཕྲེང་རལ་གྲི་བ་དན་བསྣམས་པ་དང༌། གཡོན་ཐམས་ཅད་ཐོད་ཁྲག་ཐུགས་ཀར་བཟུང་ནས་རང་གི་ཡུམ་ལ་འཁྱུད་ པའོ། །ཤིང་དེ་དག་གི་རྩེ་མོར་གནས་པའི་ཕྱོགས་སྐྱོང་རྣམས་ཀྱི་བཞོན་པའི་གདོང་བརྙན་གྱི་ཞིང་སྐྱོང་བརྒྱད་ནི། ཤར་དུ་གླང་པོའི་གདོང་ཅན་དཀར་པོ། ལྷོར་མ་ཧེའི་གདོང་ཅན་སྔོན་པོ། །ནུབ་ཏུ་སྤྲུལ་གདོང་ཅན་དཀར་པོ། །བྱང་དུ་མི་གདོང་ཅན་སེར་བོ། །བྱང་ཤར་དུ་གླང་གདོང་ཅན་དཀར་པོ།། ཤར་ལྷོར་ར་སྐྱེས་གདོང་ཅན་དམར་པོ། །ལྷོ་ནུབ་ཏུ་ལངས་གདོང་ཅན་སྔོན་པོ། །ནུབ་བྱང་དུ་ཤ་བའི་གདོང་ཅན་དུང་ཁ་སྟེ། དེ་ཐམས་ཅད་ཀྱང་དྲག་ཅིང་གཏུམ་ལ་རྫུ་འཕྲུལ་ཆེ་བ། ཞལ་གཅིག་ཕྱག་གཉིས་པ་ཤིང་གསེབ་ནས་ལུས་ཕྱེད་ཕྱིར་འཐོན་པ། གཡས་ཐོད་པ་ཁྲག་གིས་གང་བ་ འཛིན་ཅིང༌། གཡོན་ཐམས་ཅད་གཏོར་མ་བཟུང་ནས་བྲེལ་བའི་ཆུལ་དུ་གནས་པའོ། །ཤིང་དེ་དག་གི་མདུན་ངོས་སུ་ཆུ་བརྒྱད་དང་དེ་དག་ལ་གནས་པའི་ཀླུ་བརྒྱད་ནི། ཤར་གྱི་ཆུར་ནོར་རྒྱས་དཀར་པོ། །ལྷོར་པདྨ་དཀར་པོ། །ནུབ་ཏུ་ཀ་རྐོ་ཊ་སྔོན་པོ། །ཁྱད་དུ་འཇོག་བོ་དམར་པོ། །བྱང་ཤར་ @022B དུ་པདྨ་ཆེན་པོ་དཀར་པོ། །ཤར་ལྷོར་དུད་སྐྱོད་སེར་པོ། །ལྷོ་ནུབ་ཏུ་རིགས་ལྡན་དཀར་པོ། །ནུབ་བྱང་དུ་མཐའ་ཡས་སྔོན་པོ། །དེ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་བསྟོད་ལྷའི་ལུས་དང་སྨད་སྦྲུལ་མཇུག་ཅན། དབུ་ལ་སྦྲུལ་མགོའི་གདེངས་ག་བདུན་དང་ལྡན་པ། ཕྱག་ཐལ་མོ་སྦྱར་ནས་གཙོ་བོ་ལ་འདུད་པའོ།། ཀླུ་དེ་དག་གི་ནམ་མཁར་སྤྲིན་བརྒྱད་ནི། ཤར་དུ་སྒྲོགས་པ། ལྷོར་གཡོ་བ། ནུབ་ཏུ་དྲག་པོ། །བྱང་དུ་ཆེར་སྒྲོགས་པ། བྱང་ཤར་དུ་བརྟན་པ། ཤར་ལྷོར་གང་བ། ལྷོ་ནུབ་ཏུ་འབེབས་པ། ནུབ་བྱང་དུག་ཏུ་མ་པ་སྟེ་ཐམས་ཅད་ཀྱང་གློག་འཕྲེད་འཁྱུག་ཅིང་འབྲུག་སྒྲ་སྒྲོགས་པ། སེར་བ་དང་ཆར་འབེབས་ བའོ། །དུར་ཁྲོད་དེར་གནས་བའི་རི་བརྒྱད་ནི། ཤར་དུ་རིན་པོ་ཆེའི་ལྷུན་པོ། །ལྷོར་མ་ལ་ཡ་སེར་བོ། །ནུབ་ཏུ་ཀེ་སལ?་ཤར་དཀར་པོ། །བྱང་དུ་མནྡ་ར་ལྗང་ཁུ། །བྱང་ཤར་དུ་དབང་ཆེན་ནག་པོ། །ཤར་ལྷོར་སྤོས་དད་ལྡན་སེར་པོ། །ལྷོ་ནུབ་ཏུ་གངས་ཅན་དཀར་པོ། །ནུབ་བྱང་དུ་དཔལ་རི་སྔོན་པོའོ།། རི་དེ་དག་ལ་གནས་པའི་མཆོད་རྟེན་བརྒྱད་ནི། ཤར་དུ་རྡོ་རྗེ་དཀར་པོ། །ལྷོར་རྡོ་རྗེ་ནག་པོ། །ནུབ་ཏུ་རྡོ་རྗེ་ཆགས་པ་དཀར་པོ། །བྱང་དུ་རྡོ་རྗེ་འདུས་བྱས་སེར་པོ། །བྱང་ཤར་དུ་རྡོ་རྗེ་ཐུགས་དཀར་པོ། །ཤར་ལྷོར་སྐུ་རྡོ་རྗེ་དཀར་མོ། །ལྷོ་ནུབ་ཏུ་རིན་པོ་ཆེའི་རྡོ་རྗེ་ན་ག་འོ། །ནུབ་བྱང་དུ་ཆོས་རྡོ་རྗེ་ལྗང་ཁུའོ་ ཞེས་པ་བཞིན་ནམ། ཡང་ན་བརྒྱད་པོ་བྱང་ཆུབ་མཆོད་རྟེན་གྱི་རྣམ་པ་ཅན་ནོ། །གཞན་ཡང༌། ཀེང་རུས་དང༌། གསལ་ཤིང་གིས་ཕག་པའི་རོ་དང༌། ཤིང་ལ་དབྱངས་པ་སོགས་མངོན་རྟོགས་བཞིན་ནོ། །སྔར་བཤད་པ་དེ་དག་གི་མཚོན་དོན་རགས་པ་ནི། དེ་ཡང་གཞལ་ཡས་ ཁང་རྣམ་སྣང་ལས་བསྐྱེད་པ་ནི། གཞལ་ཡས་ཁང་གཟུགས་ཕུང་རྣམ་པར་དག་པ་རྣམ་སྣང་གི་ངོ་བོར་མོས་པ་དེ་མཚོན། གཞལ་ཡས་ཁང་གྲུ་བཞི་བས་ནི། སངས་རྒྱས་དང་སེམས་ཅན་གྱི་དེ་ཁོ་ན་ཉིད་མི་མཉམ་པ་མེད་པ་དང༌། སྒོ་བཞིས་ནི་རིམ་པ་བཞིན་དུ། དྲན་པ་ཉེ་བར་གཞག @023A ༄༅། །བ་བཞི། ཡང་དག་པ་སྤོང་བ་བཞི། རྫུ་འཕྲུལ་གྱི་རྐང་པ་བཞི། དབང་པོ་ལྔ་རྣམ་པར་དག་པ་མཚོན། རྟ་བབས་ཀྱིས་བསམ་གཏན་བཞི། མཆོད་པའི་ལྷ་མོས་ཏིང་ངེ་འཛིན་བཞི། རིན་པོ་ཆེའི་རྒྱན་སོགས་ཀྱིས་ནི་གདུལ་བྱའི་རེ་བ་སྐོང་བ། དྲིལ་ཆུང་གི་སྒྲས་གདུལ་བྱ་བ་ ཆོས་སྟོན་པ། ནང་གི་རྡོ་རྗེའི་འཕྲེང་བ་ཟླུཾ་པོས་ཆོས་ཀྱི་འཁོར་ལོ་བསྐོར་བ་སོགས་དང༌། དུར་ཁྲོད་ཀྱིས་བདག་མེད་པ་དང༌། ཀེང་རུས་སོགས་ཀྱིས་མི་རྟག་པ་དང་འཁོར་བའི་ཉེས་དམིགས་མཚོན། ཆུ་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས། ཀླུ་རྣམས་ཀྱིས་ཕར་ཕྱིན། ཤིང་རྣམས་ཀྱིས་རྩ་ མེས་གཏུམ་མོ། །སྤྲིན་གྱིས་བྱང་སེམས་དཀར་པོ། །མཆོད་རྟེན་རྣམས་ཀྱིས་སྐུ་གསུམ་གྱི་གོ་འཕང༌། གྲུབ་ཐོབ་ཀྱིས་དེ་མངོན་དུ་བྱེད་པའི་གང་ཟག་མཚོན་པ་སོགས་ཡིན་ནོ། །གཉིས་པ་བར་དོ་ལོངས་སྐུར་འཁྱེར་བའི་ལམ་ཁྱེར་རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་པ་ལ་གཉིས། གདན་བསྐྱེད་པ་དང༌། དངོས་སོ། །དང་པོ་ནི། རེ་མིག་གྲུ་བཞི་བའི་དབུས་སུ་ཡཾ་སྔོན་པོ་ཞིག་ཐོལ་གྱིས་བྱུང་བ་འོད་དུ་མེར་གྱི་ཞུ་ན། རླུང་གི་དཀྱིལ་འཁོར་ཁ་དོག་ནག་ལ་ཅུང་ཟད་དམར་བའི་མདངས་ཅན་དབྱིབས་ཟླུམ་པོ་དྲག་ཏུ་གཡོ་བཞིན་པ་ཞིག་ཏུ་གྱུར། རླུང་དཀྱིལ་དེའི་ སྟེང་དང༌། ནང་གི་ཤར་མ་གཏོགས་པའི་ཕྱོགས་གཞན་གསུམ་དང༌། སྒོ་བཞིའི་ནང་དུ་སྣ་ཚོགས་པདྨ་དང༌། དེའི་སྟེང་དུ་ཉི་མའི་གདན་བཅས་ཟུང་རེ་རེ། ནང་གི་ཤར་གྱི་རེ་མིག་གི་ནང་དང་རེ་མིག་གི་ཕྱི་ཆང?་གི་གྲྭ་བཞིར་སྣ་ཚོགས་པདྨ་དང་ཟླ་བའི་གདན་ཟུང་འབྲེལ་རེ་རེ་ བསམ་མོ། །འདིར་རླུང་དཀྱིལ་དེ་ཁ་དོག་ནག་པས་ནི་མངོན་སྤྱོད་ཀྱི་ལུས་སྒྲུབ་པ་མཚོན་ཞིང༌། ཅུང་ཟད་དམར་བས་གཏུམ་མོའང་མཚོན་ནོ། །གཉིས་པ་ནི། འཕེན་པ་སྔོན་དུ་བཏང་ནས། གདན་དབུས་མ་ཉི་དཀྱིལ་གྱི་སྟེང་དུ་དབྱངས་ཀྱི་ལའང་གཉིས་ཀྱི་དང་པོ་ཨ་ཐུང་སེར་ @023B བོ་ཞིག་བྱུང་དེ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་ཉ་གང་བ། སྟེང་ངོས་སུ་འོད་ཟར་དཀར་པོ་འཕྲོ་བ་ཞིག་ལ་ང་རྒྱལ་གཞག། དེའི་སྟེང་དུ་ཆུ་ལས་ཆུ་བུར་རྡོལ་བ་ལྟར་བྱུང་བའི་དྷཱི་ཡིག་སེར་པོ་སྒྲ་ལྡན་འོད་ཟེར་འབར་བ་ལ་སེམས་བཟུང༌། དྷཱིཿ ཡོངས་སུ་གྱུར་བ་ལས་གསེར་གྱི་རྡོ་རྗེ་ཕྱེད་པའི་ཡུ་ བ་ཅན་གྱི་རལ་གྲི་སྔོན་པོ་སོ་གཉིས་མའི་རྣམ་པ་ཅན་གྱི་ཡུལ་བའི་ལྟེ་བ་འམ། རལ་གྲིའི་རྩ་བའི་དབུས་སུ་དྷཱིཿ སེར་པོས་མཚན་པ། དེ་ལས་འོད་ཟེར་འཕྲོས། གཤེགས་པ་ལྔ། གཤེགས་མ་ལྔ། སེམས་དཔའ་བཅུ་དྲུག། སེམས་མ་བཞི། ཁྲོ་བོ་བཅུ་སོགས་ཀྱི་ངོ་བོ་གྱུར་པ་ཐམས་ཅད་ འཛམ་དཔལ་རིགས་ལྔའི་རྣམ་པ་ཅན། ཤར་དང་ཤར་ལྷོ་པ། ལྷོ་དང་ལྷོ་ནུབ་པ། ནུབ་དང་ནུབ་བྱང་བ། བྱང་དང་བྱང་ཤར་བ་སྟེང་ཕྱོགས་པ་རྣམས་རིམ་པ་བཞིན་དུ། སྐུ་མདོག་ནི་སྒོ་སེར་དམར་ལྗང་དཀར་བ་སྟེ་ཕྱག་གཡས་རིམ་པ་བཞིན་དུ། རྡོ་རྗེ་རིན་པོ་ཆེ་པདྨ་རལ་གྲི་འཁོར་ ལོ་དང༌། གཡོན་ཐམས་ཅད་ན་པོ་ཏི་འཛིན་པའི་རྣམ་པར་སྤྱན་དྲངས་རལ་གྲི་ལ་ཐིམ་པས། དེ་ཡོངས་སུ་གྱུར་བ་ལས་རང་ཉིད་རྒྱུ་རྡོ་རྗེ་འཛིན་པའི་འཇམ་དཔལ་གཞོན་ནུར་གྱུར་བ་སྐུ་མདོག་སེར་པོ་གཞོན་ནྨུ་བཅུ་དྲུག་ལོན་པའི་ན་ཚོད་ཅན། གཡས་རལ་གྲི་འཕྱར་ཞིང༌། གཡོན་སྡིག་པ་ མཛུབ་དང་བཅས་པས་གླེག་བམ་ཐུགས་ཀར་འཛིན་བརྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་མཚན་དཔེ་གསལ་རྫོགས་ཀྱིས་སྤྲས་བ་ཤིན་ཏུ་ཕྲ་བའི་རླུང་སེམས་ཀྱི་རང་བཞིན་ཅན་འཇའ་ཚོན་ལྟར་དངགས་ཤིང་གསལ་བ་ཞིག་ལ་ང་རྒྱལ་འཇོག་གོ། དེ་ལྟར་བར་དོ་ ཡོངས་སྐུར་འཁྱེར་བའི་རྣལ་འབྱོར་འདི་ནི། གཞི་དང་རྣམ་པ་མ་ཐུན་ཚུལ་ཡོད་དེ། གཞི་ལ་འཛམ་བུའི་གླིང་གི་མི་མངའ་སྐྱེས་ཁམས་དྲུག་ལྡན་ཞིག་གིས་འཆི་བ་འོད་གསལ་མངོན་དུ་བྱས་ནས། འོད་གསལ་དེ་ལས་ལངས་པ་དང་དུས་མཉམ་དུ་འོད་གསལ་དེའི་བཞོན་ @024A ༄༅། །བར་གྱུར་པའི་རླུང་འོད་ཟེར་ལྔ་བས་ཉེར་ལེན་དང་སེམས་ཀྱིས་ལྷན་ཅིག་བྱེད་རྐྱེན་བྱས་ཏེ། དངོས་གནས་ལ་རླུང་སེམས་ཙམ་ལས་དབང་པོ་ཀུན་ཚང་བའི་བར་དོའི་ལུས་འགྲུབ་པ་དང་རྣམ་པ་མཐུན་པར་རླུང་སེམས་ཙམ་ལས་གྲུབ་པའི་རྒྱུ་རྡོ་རྗེ་འཛིན་པ་མོས་པས་ བསྐྱེད་པ་ཡིན་པའི་ཕྱིར། རྣལ་འབྱོར་འདི་ལ་བར་དོ་ལོངས་སྐུར་འཁྱེར་བའི་རྣལ་འབྱོར་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དེ་གཞི་ལ་འཛམ་བུའི་གླིང་པའི་མི་མངལ་སྐྱེས་ཞིག་གིས་འཆི་བ་འོད་གསལ་མངོན་དུ་བྱས་པའི་མཐར་བར་དོའི་ལུས་འགྲུབ་པ་དང་ཆོས་མཐུན་པས་སྒྲུབ་ བ་བོ་རང་ཉིད་ལ་འབྱུང་འགྱུར་གྱི་བར་དོ་སྤྱོད་བར་བྱེད། རྫོགས་རིམ་གྱི་སྐབས་སུ་དཔེ་དོན་གྱི་འོད་གསལ་གཉིས་ལས་སྒྱུ་མའི་སྐུ་གཉིས་འགྲུབ་པ་དང་རྣམ་པ་མཐུན་ཞིང༌། དེའི་དགེ་རྩས་མི་ན་བྱེད་དུ་འགྱུར་བ་དང༌། འབྲས་དུས་ཀྱི་ལོངས་སྐུ་དངོས་དང་རྣམ་པ་མཐུན་ཞིང༌། དེ་ད་ ལྷ་ནས་ཡམ་བྱེད་ཀྱི་ཚུལ་དུ་བསྒོམས་པས་སྐུ་དེ་འགྲུབ་པའི་ནུས་པ་ཁྱད་པར་ཅན་འཇོག་པའི་ཕྱིར་རོ། །རྒྱུ་རྡོར་འཛིན་བསྐྱེད་པ་འདི་སྦྱང་གཞི་བར་དོ་དང་ཆོས་མཐུན་པ་ཡང་ཡིན་ཏེ། རེ་མིག་གི་དབུས་ཀྱི་རླུང་དེ། འཆི་བ་འོད་གསལ་གྱི་བཞོན་པའི་རླུང་དང༌། ཨ་ཡིག་ལས་ བྱུང་བའི་ཟླ་བའི་དཀྱིལ་འཁོར་དེ་འཆི་བ་འོད་གསལ་གྱི་སེམས་དང༌། དྷྲཱིཿ ཡིག་སེར་པོ་བར་དོ་ཡི་དག་དང༌། རལ་གྲི་དེ་ནི་བར་དོའི་ཡིད་དང༌། དེ་ལས་འོད་ཟེར་འཕྲོས་ཏེ་བདེ་བར་གཤེགས་པ་སོགས་སྤྱན་དྲངས་པ་སོགས་བར་དོའི་བྱ་བ་དང༌། དེ་རྣམས་ལས་འཇམ་ དཔལ་དུ་གྱུར་པ་ནི་བར་དོའི་ལུས་ངག་ཡིད་གསུམ་གཅིག་ཅར་དུ་གྲུབ་པ་དང་ཆོས་མཐུན་པའི་ཕྱིར་རོ། །དེ་བསྐྱེད་པ་ནི། སྤྱོད་བྱེད་ལམ་གྱི་སྐབས་དང་ཆོས་མཐུན་ཏེ། རེ་མིག་གི་དབུས་ཀྱི་རླུང་དེ་སྒྱུ་ལུས་གཉིས་ཀྱི་སྒྲུབ་གཞིར་གྱུར་བའི་འོད་གསལ་གཉིས་ཀྱི་བཞོན་ @024B བའི་རླུང་དང༌། ཨ་ལས་བྱུང་བའི་ཟླ་བ་དེ་འོད་གསལ་གཉིས་ཀྱི་སེམས་དང༌། ཟླ་བའི་དབུས་ཀྱི་དྷཱིཿ ནི་དག་མ་དག་གི་སྐྱུ་མའི་སྐུ་གཉིས་ཀྱི་གསུང་དང༌། རལ་གྲི་དྷཱིཿ ས་མཚན་པ་ནི་སྐུ་དེ་གཉིས་ཀྱི་ཐུགས་དང༌། དེ་ལས་འོད་ཟེར་འཕྲོས་བདེ་བར་གཤེགས་པ་ཐམས་ཅད་ སྤྱན་དྲངས་པ་ནི་སྐུ་དེ་གཉིས་ཀྱི་མཛད་པ་དང༌། དེ་གཉིས་ལས་འཇམ་དཔལ་དུ་གྱུར་པ་ནི་འོད་གསལ་གཉིས་ལས་སྐུ་དེ་གཉིས་འགྲུབ་པ་དང་རྣམ་པ་མཐུན་ཞིང༌། དེ་ལྟ་བུའི་རྟོགས་པ་སྐྱེ་བའི་དགེ་རྩ་སྨན་བྱེད་དུ་འགྱུར་བའི་ཕྱིར་རོ། །དེ་བསྐྱེད་པ་ནི། འབྲས་བུའི་གནས་སྐབས་དང་ཆོས་མཐུན་ ཏེ༑ རེ་མིག་གི་རླུང་དེ་མི་སློབ་པའི་ཟུང་འཇུག་གི་དངོས་རྒྱུར་གྱུར་བའི་རླུང་དང༌། ཨ་ཡི་གེ་ལས་བྱུང་ངའི་ཟླ་བ་དེ་ཟུང་འཇུག་གི་སྐུ་དེའི་དངོས་རྒྱུ་དོན་གྱི་འོད་གསལ་དང༌། ཟླ་བའི་དྷཱིཿ ནི་ལོངས་སྐུའི་དག་དང༌། རལ་གྲི་ནི་ལོངས་སྐུའི་ཐུགས་དང༌། དེ་ལས་འོད་ཟེར་འཕྲོས་པ་སོགས་ནི་ལོངས་སྐུའི་མཛད་ པ་དང༌། དེ་རྣམས་ལས་འཇམ་དཔལ་དུ་བསྐྱེད་པ་ནི་ལོངས་སྐུ་དངོས་དང་རྣམ་པ་མཐུན་ཞིང༌། དེ་ལྟ་བུ་ད་ལྟ་ནས་འབྲས་བུ་ལམ་བྱེད་ཀྱི་ཚུལ་དུ་བསྒོམས་པས། མཐར་རྒྱལ་བའི་ལོངས་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་འཇོག་པ་ཡིན་པའི་ཕྱིར། འཇམ་དཔལ་གྱི་ཐུགས་ཀའི་ཉི་མ་ནི། སྦྱང་ གཞི་དང་ཆོས་མཐུན་སྦྱོར་ཚུལ་མེད་ཀྱང་མཚོན་དོན་ཡོད་དེ། ལམ་དུས་དང་འབྲས་དུས་ཀྱི་འོད་གསལ་གཉིས་མཚོན་པ་ཡིན་པའི་ཕྱིར་རོ། །གསུམ་པ་སྐྱེ་བ་སྤྲུལ་སྐུར་འཁྱེར་བའི་རྣལ་འབྱོར་ལ་གཉིས། འབྲས་བུ་རྡོ་རྗེ་འཛིན་པ་མངོན་བྱང་ལྔ་དང་མཐུན་པར་བསྐྱེད་ཚུལ། དེ་ཉིད་སྐྱེ་ པ་སྦྲུལ་སྐུར་འཁྱེར་བའི་རྣལ་འབྱོར་དུ་བསྟན་པའོ། །དང་པོ་ནི། སྔར་བསྟན་པའི་སྐུ་ཕྲ་བ་དེ་ཐ་མལ་བའི་མིག་གི་སྤྱོད་ཡུལ་མ་ཡིན་པས། དེ་དེ་དག་གི་ཡུལ་དུ་འགྱུར་བའི་བྱའོ་སྙམ་པའི་འཕེན་པ་བཏང་ནས། འཇམ་དཔལ་གྱི་ཐུགས་ཀར་ཨཱ་ཡིག་ལས་ཉི་མའི་དཀྱིལ་འཁོར་ཞིག་བྱུང་ @025A ༄༅། །བར་བསམ། དེའི་ངང་ནས་སེམས་ཅན་ཞི་བས་གདུལ་བར་བྱའོ་སྙམ་ནས། ཉི་མའི་དཀྱིལ་འཁོར་དེ་ལས་འོད་ཟེར་འཕྲོས་སེམས་ཅན་ཐམས་གྱི་སྡིག་སྒྲིབ་སྦྱང་བ་སོགས་ཀྱི་སྒོ་ནས་དེ་རྣམས་ཀྱི་དོན་བྱས། ཕྱགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་འཛམ་དཔལ་ རིགས་ལྔའི་རྣམ་པར་སྤྱན་དྲངས། དེ་རྣམས་འཇམ་དཔལ་དང་བཅས་པ་ཉི་མ་ལ་ཞུགས་པས་ཉི་མའི་དཀྱིལ་འཁོར་དེ་ཡང་འོད་ཟེར་གྱིས་དཔག་ཚད་སྟོང་ཕྲག་བརྒྱར་ཁྱབ་བར་བྱེད་པའི་ཉི་མའི་དཀྱིལ་འཁོར་ཆེན་པོར་གྱུར་པར་བསམས་ལ་ང་རྒྱལ་འཇོག །དེའི་དབུས་སུ་ཥཱུ་ཡིག མཐིང་ག་བཟོད་པར་དཀའ་བའི་འོད་ཟེར་ཅན་ཞིག་བསམས་ཏེ། དེའི་ངང་ནས་ཞི་བས་འདུལ་མི་ནུས་པའི་གདུག་པ་ཅན་ཆུང་དུ་འདུལ་བར་བྱའོ་སྙམ་ནས་ཧཱུཾ་ཡིག་ལས་ཡིག་འབྲུ་ཙམ་མ་ཡིན་བར་ཧཱུཾ་ཞེས་པའི་སྒྲ་འབྲུག་སྟོང་ལྟར་ལྡིར་བ་ཕྱོགས་བཅུང་སྤྲོས་བས་གདུག་པ་ཅན་ དེ་རྣམས་བཏུལ། སེམས་ཅན་ཐམས་ཅད་ཀྱི་དོན་བྱས་ནས་ཧཱུཾ་ཡིག་ལ་ཐིམ་པར་བསམ། ཧཱུཾ་ཡིག་དེ་ལས་ཁྲོ་བའི་རྡོ་རྗེ་ཁ་དོག་ནག་པོ་འཇིགས་སུ་རུང་བ། ཕྱོགས་རྭ་རྣམས་ཤིན་ཏུ་གདེངས་པ། ལྟེ་བའི་སྒོ་ངའི་དབུས་སུ་ཧཱུཾ་ཡིག་གིས་མཚན་པ་ཞིག་ལ་སེམས་འཇོག།། དེའི་དང་ནས་གདུག་པ་ཅན་འབྲིང་བོ་རྣམས་འདུལ་བའི་སྒོ་ནས་སེམས་ཅན་གྱི་དོན་བྱའོ་སྙམ་ནས། རྡོ་རྗེ་དེ་ལས་རྡོ་རྗེ་ཕྲ་མོའི་ཚོགས་སྒྲོ་ཞིང་རྡོ་རྗེ་ཕྲ་མོ་དེ་རྣམས་ལས་དང་དེ་སྤྲོ་བ་དང་དུས་མཉམ་དུ་སྣགས་རྒྱས་སོགས་བཞི་དང༌། རྡོ་རྗེ་འཇིགས་བྱེད་ཡུལ་བཅས་དང་འབུམ་ མེད་དཔག་ཏུ་མེད་པ་སྤྲོས། གདུག་པ་ཅན་རྣམས་བཏུལ། སྤྲུལ་པ་ནམ་མཁའི་ཁམས་ཐམས་ཅད། དཔེར་ན། ཏིལ་གྱི་གང་པུ་ལྟར་ཕན་ཚུན་གཅིག་ལ་གཅིག་ཅར་བའི་ཚུལ་གྱིས་བར་འཚམས་མེད་པར་གང་བ་རྣམས། རང་རང་གི་གདན་ཉི་མ་ལ་གནས་ @025B པའི་འོད་ཟེར་དང༌། ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་སོགས་ཀྱིས་སེམས་ཅན་ཐམས་ཅད་ལ་དབང་བསྐུར། སྒྲིབ་བ་སྦྱོང་བའི་སྒོ་ནས་སྨིན་པར་བྱས་ཏེ། རྡོ་རྗེ་འཇིགས་བྱེད་ཀྱི་གོ་འཕང་ལ་བཀོད། དེ་དག་སྔར་སྤྲོས་པ་རྣམས་དང་ལྷན་ཅིག་ཏུ་འདུས་ནས། རྩ་བའི་རྡོ་རྗེ་ཧཱུཾ་དང་བཅས་ པ་ལ་ཐིམ་པར་བསམ་སྟེ་ང་རྒྱལ་འཇོག །དེའི་དང་ནས་སླར་ཡང་གདུག་པ་ཅན་ཆེན་པོ་འདུལ་བའི་སྒོ་ནས་སེམས་ཅན་གྱི་དོན་བྱའོ་སྙམ་དུ་འཕེན་པ་བཏང་སྟེ། དེ་གང?་འཆད་འགྱུར་ལྟར་གྱི་འབྲས་བུ་རྡོ་རྗེ་འཛིན་པ་ཡབ་ཡུམ་གྱི་སྐུར་ལྡང་བར་བྱའོ།། །།གཉིས་པ་ནི། འབྲས་ བུ་རྡོ་རྗེ་འཛིན་པ་བསྐྱེད་པ་འདི་ལ་སྐྱེ་བ་སྦྲུལ་སྐུར་འཁྱེར་བའི་རྣལ་འབྱོར་ཞེས་བྱ་སྟེ། སྦྱང་གཞི་དང་སྦྱར་ཚེ། ཕ་མའི་ཁུ་ཁྲག་གི་དབུས་སུ་བར་དེའི་རྣམ་ཤེས་ཞུགས་པ་དང་ཆོས་མཐུན་ཞིང༌། སྒྲུབ་པ་པོ་རང་ཉིད་ཀྱི་མ་དག་པའི་སྐྱེ་བ་སྦྱོང་བར་བྱེད། རྫོགས་རིམ་གྱི་སྐབས་སུ་སྒྱུ་མའི་ སྐུ་གཉིས་ཀྱིས་རགས་པའི་སྦྲུལ་སྐུ་འཛིན་པ་དང་ཆོས་མཐུན་ཞིང་དེ་ལྟར་འགྲུབ་པའི་དེག་རྩ་སྨིན་བྱེད་དུ་འགྱུར། འབྲས་དུས་ཀྱི་ལོངས་སྐུ་དངོས་ཀྱིས་འདོད་ཁམས་སུ་རགས་པའི་སྤྲུལ་སྐུ་སྟོན་པ་དང་རྣམ་པ་མཐུན་ཞིང་དེ་དེ་ལྟ་བུ་ད་ལྟ་ནས་ལམ་བྱེད་ཀྱི་ཚུལ་གྱིས་བསྒོམས་པས་སྤྲུལ་ སྐུ་དངོས་གནས་པ་འགྲུབ་པའི་ནུས་པ་ཁྱད་པར་ཅན་འཇོག་པའི་ཕྱིར་རོ། །འདི་བསྐྱེད་པ་ནི། སྦྱང་གཞི་སྐྱེ་བ་དང་ཆོས་མཐུན་པ་ཡིན་ཏེ། སྔར་གྱི་ཟླ་བའི་དཀྱིལ་འཁོར་དེ་ཕ་ལས་ཐོབ་པའི་བྱང་སེམས་དཀར་བོ་དང་ཆོས་མཐུང༌། འཇམ་དཔལ་གྱི་ཕུགས་ཀའི་ཉི་མ་དང་མ་ལས་ཐོབ་པའི་ཁམས་ དམར་པོ་དང་ཆོས་མཐུན། འཇམ་དཔལ་དང་བཅས་པ་ཉི་མ་ལ་ཞུགས་པ་ནི་ཁུ་ཁྲག་གི་དབུས་སུ་རྣམ་ཤེས་ཞུགས་པ་དང་ཆོས་མཐུན། འོད་ཟེར་གྱིས་དཔག་ཚད་སྟོད་ཕྲག་བརྒྱད་ཁྱབ་པའི་ཉི་མའི་དཀྱིལ་འཁོར་དུ་གྱུར་པ་ནི་ཁུ་ཁྲག་རྣམ་ཤེས་གསུམ་འདྲེས་པ་གསུམ་དང་ཆོས་མཐུན་ @026A ༄༅། །ཧཱུཾ་ཡིག་དེ་མངལ་གྱི་གནས་སྐབས་སུ་ངག་སྨྲ་བའི་ནུས་པ་བྱེད་པ་ལྕེ་རྐན་གྲུབ་པ་དང་ཆོས་མཐུན། ཁྲོ་བོ་རྡོ་རྗེ་ནི་མངལ་གྱི་ཡིད་དང་ཆོས་མཐུན། དེ་ལཥ?་རྡོ་རྗེ་ཕྲ་མོ་སྤྲོས་པ་ནས་རྡོ་རྗེ་ལ་ཐིམ་པའི་བར་ནི། མངལ་གྱི་སྐབས་སུ་སངས་རྒྱས་ཀྱི་སྒྲས་བསྟན་པའི་ཕུང་པོ་ལྔ་ དང༌། སེམས་དཔའི་སྒྲས་བསྟན་པའི་དབང་པོ་ལྔ། སེམས་མའི་སྒྲས་བསྟན་པའི་སྐྱེ་མཆེར། ཁྲོ་བོའི་སྒྲས་བསྟན་པའི་ཡན་ལག་རྣམས་འཕེལ་བ་དང་ཆོས་མཐུན། ཟླ་བ་དང་དེའི་སྟེང་གི་ཉི་མ་རྡོ་རྗེ་ཧཱུཾ་དང་བཅས་པ་ལས་འབྲས་བུ་རྡོ་རྗེ་འཇིགས་བྱེད་དུ་གྱུར་པ་ནི་མངལ་གྱི་ལུས་ཕྱི་རོལ་ཏུ་ བཙས་པ་དང་ཆོས་མཐུན་དུ་ཡོད་པའི་ཕྱིར་རོ། །སྦྱོང?་བྱེད?་ལམ་གྱི་སྐབས་དང་ཡང་ཆོས་མཐུན?་ཏེ། འཇམ་དཔལ་དང་བཅས་པ་ཉི་མ་ལ་ཞུགས་པ་ནི་དག་མ་དག་གི་སྒྱུ་མའི་སྐུ་གཉིས་རང་གི་སྔར་གྱི་ཕུང་པོ་རགས་པ་ལ་ཞུགས་ནས་ལམ་དུས་ཀྱི་སྤྲུལ་སྐུ་འཛིན་པ་དང་རྣམ་པ་མཐུན། ཧཱུཾ་ནི་ལམ་དུས་ཀྱི་སྤྲུལ་སྐུ་དེའི་གསུང་དང༌། རྡོ་རྗེ་ནི་དེའི་ཐུགས་དང་རྣམ་པ་མཐུན། དེ་ལས་རྡོ་རྗེ་ཕྲ་མོ་སྤྲོ་བ་ནས་རྡོ་རྗེ་ལ་ཐིམ་པའི་བར་ནི་སྤྲུལ་སྐུ་དེའི་མཛད་པ་དང་རྣམ་པ་མཐུན། དེ་རྣམས་ལས་འབྲས་བུ་རྡོ་རྗེ་འཛིན་པར་གྱུར་བ་ནི་སྤྲུལ་སྐུ་དེའི་སྐུ་དང་རྣམ་པ་མཐུན་ཞིང༌། དེ་ལྟ་བུ་ འགྲུབ་པའི་དགེ་རྩ་སྨིན་བྱེད་ཁྱད་པར་ཅན་དུ་འགྱུར་བ་ཡིན་པའི་ཕྱིར་རོ། །སྦྱངས་པ་འབྲས་བུའི་གནས་སྐབས་དང་ཡང་ཆོས་མཐུན་ཏེ། འཇམ་དཔལ་དང་བཅས་པ་ཉི་མ་ལ་ཞུགས་པ་ནི་ལོངས་སྐུ་དངོས་ཀྱིས་རགས་པའི་སྤྲུལ་སྐུ་སྟོན་པ་དང་ཆོས་མཐུན། ཧཱུཾ་དང་རྡོ་རྗེ་ནི་རིམ་བཞིན་ རགས་པའི་སྤྲུལ་སྐུའི་གསུང་ཐུགས་དང་ཆོས་མཐུན། རྡོ་རྗེ་ཕྲ་མོ་སྤྲོ་བ་ནས་ཐིམ་པའི་བར་ནི་སྤྲུལ་སྐུ་དེའི་མཛད་པ་དང་ཆོས་མཐུན། དེ་རྣམས་ལས་འབྲས་བུ་རྡོ་རྗེ་འཛིན་པར་གྱུར་བ་ནི། རགས་པའི་སྤྲུལ་སྐུ་དངོས་དང་ཆོས་མཐུན་ཞིང༌། དེ?་ད?་ལྟ་ནས་འབྲས་བུ་ལམ་བྱེད་ཀྱི་ @026B ཚུལ་དུ་བསྒོམས་པས་སྤྲུལ་སྐུ་དངོས་གནས་པ་འགྲུབ་པའི་ནུས་པ་ཁྱད་པར་ཅན་འཇོག་པའི་ཕྱིར་རོ། །མངོན་བྱད་ལྔའི་སྒོ་ནས་བྱང་ཆུབ་བ་དང་ཆོས་མཐུན་ཏེ། ཨ་ཡིག་ལས་བྱུང་བའི་ཟླ་བ་དེ། མ་ལོང?་ཡེ་ཤེས་ཀྱི་ངོ་བོ་ཟླ་བ་ལ་བྱང་ཆུབ་པ་དང༌། དྷཱིཿ བསྐྱེད་པ་ནས་ཉི་མའི་དཀྱིལ་འཁོར་ཆེན་པོར་གྱུར་པའི་ བར་ནི་མཉམ་ཉིད་ཡེ་ཤེས་ཀྱི་ངོ་བོ་ཉི་མ་ལས་བྱང་ཆུབ་བ་དང༌། ཧཱུཾ་ཡིག་མཐིང་གནས་ཧཱུཾ་ལ་ཞུགས་པའི་བར་ནི་སོར་རྟོགས་ཡ་ཤེས་ཀྱི་ངོ་བོ་གསུང་ས་བོན་ལ་བྱང་ཆུབ་བ་དང༌། ཁྲོ་བོའི་རྡོ་རྗེ་བསྐྱད་པ་ནས་རྡོ་རྗེ་ལ་ཐིམ་པའི་བར་ནི་བྱ་གྲུབ་ཡེ་ཤེས་ཀྱི་ངོ་བོ་ཐུགས་ཕྱག་མཚན་ལས་བྱང་ཆུབ་པ་དང༌། ཟླ་ ཉི་རྡོ་རྗེ་ཧཱུཾ་དང་བཅས་པ་ལས་འབྲས་བུ་རྡོ་རྗེ་འཛིན་པར་གྱུར་བ་ནི་ཆོས་དབྱིངས་ཡེ་ཤེས་ཀྱི་ངོ་བོ་སྐུ་ཡོངས་རྫོགས་ལས་བྱང་ཆུབ་པ་ཡིན་པའི་ཕྱིར་རོ། །ཚོགས་ཞིང་ནས་འདིའི་བར་གྱི་ལམ་ལྔར་འཇོག་ཚུལ་ཡོད་དེ། འགྲོ་བ་བཟང་པོར་སྐྱེ་འགྱུར་ལྟ་བུའི་ལས་བསགས་ནས་མཐར་འཆི་བའི་སྔ?་རོལ་གྱི་སྨག རྒྱུའི་བར་ནི་གཞི་དུས་ཀྱི་ཚོགས་ལམ། སྨིག་རྒྱུ་ནས་མངལ་དུ་འཇུག་དུས་ཀྱི་འཆི་བ་འོད་གསལ་ཚུན་ཆད་ནི་གཞི་དུས་ཀྱི་སྦྱོར་ལམ། དེ་གཉིས་གཞི་དུས་ཀྱི་མོས་སྤྱོད་ཀྱི་ས་དང་ས་བཅུའི་དང་པོ། མངལ་དུ་ཉིང་མཚམས་སྦྱར་མ་ཐག་པའི་ལུགས་ལྡོག་གི་ཉེར་ཐོབ་ནས་མངལ་གྱི་སེམས་ཅན་མགོ་ མཇུག་མ་བསྒྱུར་གྱི་བར་ཟླ་བ་བཅུའི་སྐབས་ནི། རིམ་བཞིན་གཞི་དུས་ཀྱི་ས་གཉིས་པ་རབ་ཏུ་དགའ་བ་ནས་གཞི་དུས་ཀྱི་ས་བཅུ་གཅིག་པ་ཆོས་ཀྱི་སྤྲིན། ཕྱི་རོལ་ཏུ་བཙས་མ་ཐག་པ་ནི་གཞེ་དུས་ཀྱི་མི་སློབ་ལམ་ཀུན་ཏུ་འོད་ཡིན་ལ། དེ་ཡང་ཕར་ཕྱིན་ཐེག་པས་ས་བཅུ་གཅིག་པ་ཀུན་ཏུ་འོང་ ཡིན་པར་འདོད་ཀྱང༌། འདིར་ནི། མོས་སྤྱོད་ཀྱི་ས་ནི་ས་བཅུ་པའི་དང་པོར་བྱས་ནས། ས་བཅུ་པ་ལ་བཅུ་པ་ཙམ་དང༌། ཁྱད་པར་གྱི་ལམ་དང༌། བར་ཆད་མེད་པའི་ལམ་གསུམ་དུ་ཕྱེ་བའི་སྟེང་དུ་ཀུན་ཏུ་འོད་བསྣན་པས་ས་བཅུ་བཞིར་བྱེད་ཀྱང་དོན་ལ་མི་འགལ་ལོ། །དེ་དག་སྦྱོང་བྱེད་བསྐྱེད་རམ་ @027A ༄༅། །དང་སྦྱར་ན། ཚོགས་ཞིང་ནས་སྡུད་རིམ་མ་བྱས་ཀྱི་བར་ལམ་དུས་ཀྱི་ཚོགས་ལམ། སྡུད་རིམ་བྱེད་པའི་འོད་ཟེར་སྤྲོ་བསྡུའི་སྐབས་སྔགས་གཉིས་ཀྱི་དོན་བསྒོམས་པ་ནས། འཇམ་དཔལ་གྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་བསྐྱེད་པའི་བར་སྦྱོར་ལམ། ཉི་མ་དེ?་ལས་འོད་འཕྲོས་པ་ནས། འཇམ་ དཔལ་ཉི་མའི་དཀྱིལ་འཁོར་ལ་ཞུགས་པའི་བར་ནི་མཐོང་ལམ། ཉི་མའི་སྟེང་གི་ཧཱུཾ་ནས་རྡོ་རྗེའི་ལྟེ་བ་ལ་ཧཱུཾ་གིས་མཚན་བའི་བར་ནི་སྒོམ་ལམ་ས་བཅུ་གཅིག། རྡོ་རྗེ་དེ་ལས་འོད་འཕྲོས་པ་ནས་ཚུར་མ་བསྡུས་པའི་བར་ནི་ས་བཅུ་གཉིས་པ་ཁྱད་པར་གྱི་ལམ་དང་འོད་ཟེར་རྣམས་ཚུར་འདུས་ཏེ་རྡོ་རྗེ་ལ་ཐིམ་པ་ ནས་རྡོ་རྗེ་འཇིགས་བྱེད་དུ་མ་གྱུར་བའི་བར་ནི་བཅུ་གསུམ་པ་བར་ཆད་མེད་པའི་ལམ་དང༌། དེར་གྱུར་པ་ནི་འདིར་ས་བཅུ་བཞི་བ་ཀུན་ཏུ་འོད་རྡོ་རྗེའི་ས་སྟེ་མི་སློབ་ལམ་མོ། །བསྡུ་ན། སྦྱང་གཞིའི་སྐྱེ་བ་ལེན་པོ་དེ་ཉིད། བསོད་ནམས་ཀྱི་ལས་ཀྱིས་འཕངས་པ་ལྟར་ཕུང་པོ་སྔ་མདོར་ནས་ བར་དོར་སྐྱེས་ཏེ། དེ་ནས་འཛམ་བུའི་གླིང་གི་དབུས་སུ་མིར་སྐྱེ་བ་བཞིན་དུ། ཚོགས་ཞིང་ལ་བརྟེན་ནས་བསོད་ནམས་ཀྱི་ཚོགས་བསགས། འཆི་རིམ་ལྟ་བུའི་སྔགས་གཉིས་ཀྱི་དོན་བསྒོམས་ནས། རྒྱུ་རྡོ་རྗེ་འཛིན་པར་བསྐྱེད། དེ་ལས་འབྲས་བུ་རྡོ་རྗེ་འཛིན་པ་ནི་གཞལ་ཡས་ཁང་དེ་དབུས་སུ་ བསྐྱེད་པའི་ཚུལ་ཏེ་རྒྱས་པར་གོང་དུ་བརྗོད་ཟིན་ཏོ། །འདི་ཡན་ཆད་ཡུམ་བཅས་ཙམ་ནི་དང་པོ་སྦྱོར་བའོ། །འབྲས་བུ་རྡོ་རྗེ་འཛིན་པ་གསལ་འདེབས་ཚུལ་ནི། མངོན་རྟོགས་ཀྱི་སྐབས་བཞིན་ཏེ། དེ་ཡང་དོན་གྱི་གཙོ་བོ་རྣམས་བསྡུ་ན། རང་ཉིད་འབྲས་བུ་རྡོ་རྗེ་འཛིན་པ་དཔལ་རྡོ་རྗེ་ འཇིགས་བྱེད་ཤིན་ཏུ་ཁྲོས་པ་སྐུ་མདོག་མཐིང་ནག། དབུས་ཀྱི་རྩ་ཞལ་དང༌། གཡས་གཡོན་གྱི་རྭ་རྩའི་ཞལ་གསུམ་གསུམ་སྟེ་བདུན་པོ་སྙན་ཚུམ་གྱི་དབུ་ཐོད་དང་མགྲིན་པ་གཅིག་པ་ལ་སྙན་ཕན་ཆད་འབུར་མོ་བདུན་དོད་ཀྱི་ཚུལ་ལྟ་བུ་ལ་བརྩེགས་ཞལ་དང་འཁོར་ཞལ་འདོད་ཚུལ་མི་འདྲ་ @027B བ་ཡོད་ཀྱང་འདིར་ཞལ་འཁོར་ཚུལ་ནི། རྩ་ཞལ་ནག་བོ་མ་ཧེའི་གདོངས་ཅན། དེའི་སྟེང་དུ་སྲིན་ཞལ་དམར་པོ་ཞལ་ནས་ཁྲག་འཛག་པ། དེའི་སྟེང་དུ་འཇམ་དཔལ་གྱི་ཞལ་སེར་པོ་ཡིད་ཙམ་ཁྲོས་བ། རྭའི་རྩ་བའི་གཡས་ཀྱི་ཞལ་གསུམ་གྱི་དབུས་མ་སྔོན་པོ། །དེའི་གཡས་ཞལ་ལྟག་བཱི་ ཕྱོགས་སུ་གནས་པ་དམར་པོ། །གཡོན་ཞལ་རྩ་ཞལ་ཕྱོགས་སུ་གནས་པ་སེར་པོ་རྭ་རྩའི་གཡོན་ཞལ་གསུམ་གྱི་དབུས་མ་དཀར་པོ། །གཡས་ཞལ་དུད་ཁ་རྩ་ཞལ་ཕྱོགས་སུ་ཡོད་པ་གཡོན་ཞལ་ནག་པོ་ལྟག་པའི་ཕྱོགས་སུ་ཡོད་པ་སྟེ། ཁྲོ་ཞལ་བརྒྱད་ཀྱི་སྤྱི་བོར་རུས་པའི་འཁོར་ ལོ་རྩིབས་བརྒྱད་པ་རེ་རེ། མདུན་གྱི་རྩིབས་ལྔ་པའི་མུ་འཁྱུད་ཀྱི་སྟེང་དུ་དྲག་པོའི་ཐོད་སྐམ་ལྔ་ལྔ། དེ་རྣམས་ཀྱི་ཁ་ནས་རུས་པའི་དྲ་བ་དྲ་ཕྱེད་འཕྱང་བ་སོགས་དང༌། སྙན་གཡས་གཡོན་གྱི་སྣེར་རུས་པའི་འཁོར་ལོ་ལ་རུས་པའི་དྲ་ཕྱེད་སུམ་བཤིབས་འཕྱང་པ། འདི་མ་ཧེའི། སྙན་ལམ་བདེ་ བས་ཞིབ་ཆ་གྱིས། མགུལ་བའི་ཐད་དུ་རུས་པའི་འཁོར་ལོ་རྩིབས་བཅུ་དྲུག་པ། དབུང་མགོ་གཡས་གཡོན་དུ་འཁོར་ལོ་རྩིབས་བརྒྱད་པའཾ་དྲུག་པ། རྒྱབ་དུ་དེ་ལྟ་བུ། འཁོར་ལོ་རྣམས་ཀྱི་མཚམས་སུ་རུས་པའི་དྲ་བ་ལྔ་བཤིབས་སམ་བདུན་སྐོར་དུ་ཁར་བཏང་ནས་སྤྲེལ་བ། འཁོར་ལོ་རྣམས་ ལ་རུས་པའི་དྲ་ཕྱེད་སུམ་བཤིབས་སུ་འཕྱང་བ། སྙིང་ཁའི་ཐད་ཀྱི་མདུན་རྒྱབ་དུ་འཁོར་ལོ་རྩིབས་བརྒྱད་པ་རེ་དང༌། རུས་ཕྲེང་ཉིས་བཤིབས་ཕྲག་གོང་ལ་ཡས་ནས་མཆན་ཁུང་གཡོན་དང་ཕྲག་གོང་གཡོན་ནས་མཆན་ཁུང་གཡས་སུ་བཏང་བའི་སྣ་མདུན་རྒྱབ་ཀྱི་འཁོར་ལོར་སྤྲེལ་བ་དང་ འཁོར་ལོ་དེར་རུས་པའི་དྲ་ཕྱེད་སུམ་བཤིབས་སུ་འཕྱང་བ་ནི་ཉི་གདན་ལ་མ་སླེབ་ཙམ་མོ། །ཕྱག་ཞབས་ཀྱི་མཁྲིག་མའི་མདུན་དུ་འཁོར་ལོ་རེ། དེ་རྣམས་ཀྱི་བར་རུས་པའི་དྲ་བ་ཉིས་བཤིབས་ཀྱིས་སྔར་བཞིན་སྤྲེལ་བ་དང༌། རུས་པའི་དྲ་ཕྱེད་སུམ་བཤིབས་ཁ་ཡར་བལྟ་བ། དབུང་ @028A ༄༅། །རྒྱན་དང༌། གྲུ་མོའི་རྒྱན་དང༌། ཞབས་ཀྱི་པུས་མོའི་རྒྱན་སོགས་ཀྱང་ཤེས་པར་བྱ། སྤྲུལ་གྱི་མཆོད?་ཕྱིར་ཐོགས་ནི་གཡས་གཡོན་དུ་སེ་རལ་ཁར་བྱས་པའོ། །འཇམ་དཔལ་གྱི་ཞལ་ཅུང་ཟད་ཁྲོས་ཤིང༌། དབུ་སྐྲ་ལྷས་མར་བསླབས་པའི་སྣེ་མོ་ནང་དུ་བཀུག པའི་རྩེ་མོར་ནོར་བུ་ཡུ་བ་ཅན་གྱིས་རལ་པའི་ཐོར་ཅོག་གི་སྲོག་ཤིང་བྱས་པ། རལ་པ་བསྐྱུར་ཐག་ལེན་གཉིས་དཀྲིས་པའི་སྟེང་གི་ཁུག་ས་དང༌། གཡས་གཡོན་གྱི་ཁུག་ས་གཉིས་ཏེ་ཟུར་ཕུད་ལྔ་ལྡན་ཅེས་གསུང་ལ། ཡང་ཐོར་ཚུགས་སྟེང་ངོས་སུ་ཁུག་པ་གཅིག་དང་ཟུར་ བཞིར་ཁུག་ས་རེ་རེར་ཡང་བཤད་པ་ལྟ་བུ་དང༌། མེ་ཏོག་གིས་ཐོད་བརྒྱན་ཅིང༌། རིན་པོ་ཆེའི་དབུ་རྒྱན་སྙན་རྒྱན་དང་བཅས་པའོ། །ཕྱག་གྱེས་ཚུལ?་ནི། དཔུང་མགོ་གཡས་གཡོན་གྱི་སོག་པའི་དཀར་ཡོལ་གྱི་ཁ་རེ་རེའི་ནང་དུ་གཡས་གཡོན་གྱི་ཕྱག་བཅུ་བདུན་བཅུ་ བདུན་གྱི་ཚིག་མགོ་རྣམས་ཚུད་པ། དེ་ཡང་མདུན་ཕྱག་བརྒྱད་དང་རྒྱབ་ཕྱག་བརྒྱད་རྣམས་སྟེང་འོག་ཏུ་བསྒྲིགས་པ། རྒྱབ་མདུན་གྱི་ཕྱག་རིམ་པ་གཉིས་སུ་བསྒྲིགས་པའི་གྱེས་མཚམས་ནས་འཐོན་པའི་ཕྱག་གཉིས་ཀྱིས་གླང་ལྤགས་འཛིན་པ་དང༌། མདུན་ཕྱག་བརྒྱད་ གཉིས་ཀྱི་གཡས་དང་པོས་གྲི་གུག་དང༌། གཡོན་དང་པོས་ཐོད་པ་བཟུང་ནས་ཡུམ་གྱི་མཆན་འོག་ནས་འཁྱུད་པ། ཡུམ་རོ་ལངས་མ་སྔོན་མོ་ཞལ་གཅིག་ཕྱག་གཉིས་ཀྱིས་གྲི་ཐོད་བཟུང་ནས་སྔར་བཞིན་ཡབ་ལ་འཁྱུད་པའོ། །ཕྱག་གི་སོག་པའི་དཀར་ཡོལ་ཞེས་ བཤད་པ་ནི། ཡེ་ཤེས་ཀྱི་སྐུ་འཇའ་ཚོན་ལྟ་བུ་ལ་དེ་ཁོ་ན་ལྟར་ཡོད་པའི་ངེས་པ་མེད་མོང༌། འོན་ཀྱང་དཔེ་ཙམ་ལ་མི་འགལ་ལོ། །ཕྱག་མཚན་གཞན་གོ་སླ་ཞིང༌། བྷི་དྷཱི་པཱ་ལ་ནི། ལྕགས་ཀྱི་མདུང་ཐུང་གི་རྣམ་པ་ཅན་གྱི་ལྕགས་དབྱུག་སྣེ་ཕྲ་བའི་རྩེར་རྨ་བྱའི་ @028B སྒྲོའི་ཆུན་པོ་བྱས་པ། གཏུན་ཤིང་ནི་དཀྱིལ་ཕྲ་ལ་སྣེ་མོ་སྦོམ་པ། ཆུ་གྲེ་ནི་དབུང་མགོ་ནས་ཅུང་ཟད་འོང་བའི་དཔུང་མགོ་རྒྱས་ཤིང་སྐེད་མན་ཕྲ་བ། ཀ་ན་ཡ་ནི་མདུད་ལ་ཞགས་པ་བཏགས་པ། ཁ་ཊྭཱཾ་ཀ་ནི་བདེ་མཆོག་གི་ཕྱག་མཚན་ལྟ་བུ། འཁོར་ལོ་ནི་རལ་གྲི་སོ་གཉིས་མའི་རྣམ་པ་ཅན་གྱི་གཅོད?་ པའི་འཁོར་ལོ་རྡོ་རྗེ་ཐོ་བ་ནི་རྭ་ཉི་ཤུ་པ་ཡང་བཤད་ཅིང༌། ཡུ་པའི?་རྩེ་དང་ཐོ་བའི་མགོ་ལ་རྡོ་རྗེ་རྩེ་ལྔ་པ་ཕྱེད་པ་ཅན་ནོ། །མེ་ཐབ་ནི་གྲུ་གསུམ་ལ་མེ་སྒོ་རེ་ཡོད་པ་ཁ་ལ་མེ་འབར་བའོ། །ཐོད་ཚལ་ནི་མི་མགོ་རློན་པའི་ཡ་ཐོད་སྐྲ་དང་བཅས་པའོ། །སྡིགས་མཛུབ་ནི། སྡིགས་མཛུབ་བྱས་པའི་ ལག་པ་འཛིན་པའོ། །འཕན་རྩེ་གསུམ་པ་ནི། མདུད་རྩེ་གསུམ་པ་ལ་བཏགས་པའི་དར་ལྕེ་གསུམ་པའི་འཕན་ནོ། །རླུང་རས་ནི་ཟུར་གསུམ་པའི་དར་ཁྲའོ། །ཞབས་ཀྱི་གྱེས་ཚུལ་ཡང་གཡས་གཡོན་གྱི་ཞབས་བརྒྱད་པོ་རེ་རེ་ནས་མདུན་རྒྱབ་ཏུ་བསྒྲིགས་པའི་འོག་གི་སྲོག་ཆགས་རྣམས་ནི་ ཞབས་དང་མགོ་སྟོན་ཕྱོགས་མཐུན་པར་རྒྱབ་ཏུ་མནན་པའོ། །སྲོག་ཆགས་གཞན་ནི་སླ་ཞིང༌། བྱ་ཆེན་པོ་ནི་ལུས་ནག་ལ་མགོ་དང་མཆུ་དཀར་བའི་འོལ་བ་སྟེ། ཡོངས་གྲགས་ནི་ནེ་ལེའོ་གསུངས། ཁྱིམ་བྱ་ནི་ལུས་ནག་ལ་ཤའི་སྐེ་སྐོར་ཅན་མི་སྐད་སྨྲ་བའི་བྱ་ཞིག་གོ །བཞད་ནི་ལུས་ དཀར་ལ་མཆུ་སེང་བ་མགུལ་བ་ཁྲ་བོ་ཅན་གྱི་བྱ་ཞིག །འཁོར་ཞལ་ཅན་གྱི་ཚངས་པ་གདོང་བཞི་པ་དང༌། དབང་པོ་དཀར་པོ། །ཁྱབ་འཇུག་ནག་པོ། །མགྲིན་སྔོན་ཅན་རྣམས་གཡས་ཀྱི་ཞབས་འོག་ཏུ་དང༌། གདོང་དྲུག་དམར་པོ། །ལོག་འདྲེན་གླང་གདོང་ཅན་དཀར་པོ།། ཟླ་བ་དཀར་པོ། །ཉི་མ་དམར་པོ་རྣམས་གཡོན་གྱི་ཞབས་འོག་ཏུ་མནན་པའོ། །ཕྱག་གཡས་རྣམས་ཀྱིས་ཕྱག་མཚན་དང་བཅས་པའི་སྡིགས་མཛུབ་ཅུང་ཟད་ཁ་འོག་ཏུ་བསྟན་ནས་གདེངས་པ་དང༌། གཡོན་རྣམས་ཀྱིས་ཕྱག་མཚན་དང་བཅས་པའི་སྡིག་མཛུབ་ @029A ༄༅། །ཅུང་ཟད་ཁ་གྱེན་དུ་བསྟན་ནས་གདེངས་པའོ། །ལྷ་དེའི་རྒྱན་ཕྱག་མཚན་རྣམས་ནི་ཡེ་ཤེས་ཀྱི་རང་བཞིན་དུ་མོས་དགོས་བར་མ་ཟད། ཞབས་འོག་གི་འཇིག་རྟེན་པ་དང་སྲོག་ཆགས་རྣམས་ཀྱང་ཡེ་ཤེས་ཀྱི་ངོ་བོར་མོས་དགོས་པ་ཡིན་ཡང?། འཇིག་རྟེན་པ་དེ་རྣམས་ཞབས་འོག་ཏུ་མནན་ བར་བསྒོམ་པ་ནི་དེ་དག་ཟིལ་གྱིས་གནོན་པའི་མཚོན་བྱེད་དོ།། རང་ཉིད་དམ་ཚིག་སེམས་དཔའི་ཐུགས་ཀའི་ཟླ་གདན་ལ། ཤིན་ཏུ་ཕྲ་བའི་རླུང་སེམས་ཀྱི་རང་བཞིན་ཅན་གྱི་ཡེ་ཤེས་སེམས་དཔའ་འཇམ་དཔལ་སྔར་བཞིན་དང༌། དེའི་ཐུགས་ཀའི་གནས་སུ་ཨཱ་ལས་ཉི་དཀྱིལ་གྱི་དབུས་ སུ། གཉུག?་མའི་སེམས་ཀྱི་ངོ་བོ་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་ཡིག་མཐིང་ག་འོད་ཟེར་ལྔ་འཕྲོ་བ། ཡུམ་ནི་བཤད་ཟིན་པ་ལྟར་ཏེ། ཕྱག་རྒྱ་ལྔ་ནི་དབུའི་འཁོར་ལོ་སྙན་རྒྱན་མགུལ་རྒྱན་གདུ་བུ་སྐེ་རགས་རྣམས་སུ་བཤད། དམ་ཚིག་པ་ནི་ཡེ་ཤེས་པ་འགྲོ་བ་དང་འདུ་བའི་གཞི་ཡིན?་པས་དེ་ ལྟར་བཤད་ཅིང༌། ཡེ་ཤེས་སེམས་དཔའ་ནི། འདིར་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་བཞོན་པའི་རླུང་དང་བཅས་པ་ལྷ་སྐུའི་རྣམ་པར་ཤར་བས་ན་དེར་བརྗོད་ལ། ཏིང་ངེ་འཛིན་སེམས་དཔའ་ནི། གང་ལ་དམིགས་ནས་བསྒོམས་པས་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེ་བའི་རྒྱུ་བྱེད་བས་ན་དེ་ ལྟར་བཤད་དོ། །སེམས་དཔའ་སུམ་བརྩགས་བྱས་པ་སྤྱད་གཞི་དང་སྦྱོར་ཚུལ་ཡོད་དེ། དམ་ཚིག་སེམས་དཔའ་ནི་རང་གི་རྣམ་སྨིན་གྱི་ལུས་རགས་པ་དང་ཆོས་མཐུན། ཡེ་ཤེས་སེམས་དཔའ་ནི་གཉུག་མའི་རླུང་སེམས་གཉིས་ཀྱི་ནང་ནས་རླུང་དང་ཆོས་མཐུན། ཏིང་ངེ་འཛིན་ སེམས་དཔའ་ནི་དེ་གཉིས་ཀྱི་ནང་ནས་སེམས་དང་ཆོས་མཐུན་པའི་ཕྱིར་རོ། །དེ་ནི་ལམ་གྱི་སྐབས་དང་མཐུན་ཏེ། དམ་ཚིག་སེམས་དཔའ་ནི་དག་མ་དག་གི་སྒྱུ་མའི་སྐུ་གཉིས་ཕུང་པོ་རགས?་འ?་ལ་ཞུགས་ནས་རགས་པའི་སྡུལ་སྐུ་འཛིན་པ་དང་ཆོས་མཐུན། ཡེ་ཤེས་སེམས་ @029B དཔའ་ནི་རགས་པའི་སྤྲུལ་སྐུ་གཉིས་ཀྱི་ཐུགས་ཀའི་སྒྲུ?་མའི་སྐུ་གཉིས་དང་ཆོས་མཐུན། ཏིང་ངེ་འཛིན་སེམས་དཔའ་ནི་སྒྱུ་མའི་སྐུ་གཉིས་ཀྱི་རྒྱུད་ཀྱི་ཡེ་ཤེས་དང་ཆོས་མཐུན་པའི་ཕྱིར། དེ་ནི་འབྲས་བུ་དང་ཕང་མཐུན་ཏེ། རིམ་པ་བཞིན་དུ་སྤྲུལ་སྐུ་ལོངས་སྐུ་ཆོས་སྐུ་དང་རྣམ་པ་དང་མཐུན་པའི་ཕྱིར་རོ། །བཞི་པ་རིག མ་དང་སྦྱོར་ཚུལ་ནི། ཡབ་ཀྱི་གསང་གནས་ཧཱུཾ་སྔོན་པ་ཞབ་ཏུ་གྱུར་བ་དེ་ཞུ་བ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་བརྭ་དབུས་མ་སྦུགས་སྟོང་གི་རྣམ་པ་ཅན་གྱི་བུ་གར་ཕཊ་ཡིག་སེར་པོ་མགོ་ནང་དུ་བསྟན་པས་བར་མཚམས་མེད་པས་བཀག་པ། འདི་ལ་ཕྱི་ཡོངས་གྲགས་ལྟར་ལ་རྡོ་རྗེ་གཟུགས་བརྙན་ཤར་བ་བཞིན་དུའང་ བཤད། ཡུམ་གྱི་གསང་གནས་ཧཱུཾ་ལས་པདྨ་དམར་པོ་འདབ་བརྒྱད་སྦུབ་སྦུབ་པ་ཟེའུ་འབྲུ་སེར་པོ་དང་བཅས་པའི་ལྟེ་བར་སྦུག་གུ་ཁོང་སེང་དུ་ཕཊ་ཀྱིས་བཀག་པར་བསམ། དེ་ལྟར་བསམ་ལ་དགོས་པ་ཡོད་དེ། ཡབ་ཀྱི་གསང་གནས་ཀྱི་རྩ་འདབ་བཞི་པའི་རྩ་འཁོར་དྷཱུ་ཏཱི་དང་བཅས་པ་རྡོ་རྗེ་རྩེ་ལྔ་བས་མཚོན་ ཡུམ་གྱི་གསང་གནས་ཀྱི་རྩ་འཁོར་བརྒྱད་ཡོད་པ་ནི། པདྨ་འདབ་མ་བརྒྱད་པས་མཚོན། ཨོཾ་དང་ཨཱཿ གཉིས་ཀྱིས་ཡབ་ཡུམ་གྱི་བྱང་སེམས་དཀར་དམར་གཉིས་མཚོན་པའི་ཕྱིར་རོ། །འདིར་རང་དང་རིག་མའི་ལུས་ལྷར་སྒོམ་པ་ལྷའི་འདུ་ཤེས། མཁའ་གསང་བྱིན་གྱིས་རླབས་ཏེ་ཡི་གེ་བཀོད་པ་སྔགས་ ཀྱི་འདུ་ཤེས། ཐབས་འདི་ལ་བརྟེན་ནས་ཟག་མེད་ཀྱི་བདེ་བ་མངོན་དུ་བྱའོ་སྙམ་བ་ཆོས་ཀྱི་འདུ་ཤེས་ཏེ། འདུ་ཤེས་གསུམ་དང་ལྡན་དགོས་ལ་དེ་ལྟར་དྲན་བཞིན་པས་སྙོམས་པར་འཇུག་ཅིང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་བརྗོད་པའི་སྒོ་ནས་རྗེས་ཆགས་ཀྱི་ང་རྒྱལ་འཛིན་པ་ཡིན་ཏེ། དོན་ནི། ཨོཾ་ནི་ སྔར་བཞིན་དང༌། སརྦ་ཏ་ཐཱ་ག་ཏ་ནི་དེ་བཞིན་གཤེགས་པ་ཐམས་ཅད། ཨ་ནུ་རཱ་ག་ནི་རྗེས་སུ་ཆགས་པ། བཛྲ་ནི་རྡོ་རྗེ། སྭཱཧཱ་ཝ་ནི་རང་བཞིན་གྱི། ཨཱཏྨ་ཀ་ནི་བདག་ཉིད། ཨ་ཧཾ་ནི་ངའོ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྗེས་སུ་ཆགས་པའི་རང་བཞིན་གྱི་བདག?་གཉིད་པའོ་སྙམ་དུ་རྒྱལ་ @030A ༄༅། །བྱ་བ་ཡིན་པའི་ཕྱིར། དེ་ལྟར་ཕྱག་རྒྱ་དང་སྦྱར་བ་ལ་དགོས་པ་ཡོད་དེ། ཆགས་པ་ལམ་དུ་བྱས་པ་ལ་བརྟེན་ནས་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་བསྐྱེད་པ་དང༌། རྟེན་དང་བརྟེན་པའི་དཀྱིལ་འཁོར་ཡེ་ཤེས་དེའི་རྣམ་རོལ་ཏུ་འཆར་བ་དང༌། རྫོགས་རིམ་གྱི་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ཁྱད་ པར་ཅན་སྐྱེ་བའི་དགེ་རྩ་སྨིན་བྱེད་དུ་འགྱུར་བའི་ཆེད་ཡིན་པའི་ཕྱིར་རོ།། །།གཉིས་པ་དཀྱིལ་འཁོར་རྒྱལ་མཆོག་གི་ཏིང་ངེ་འཛིན་འཆད་པ་ལ་གསུམ། དཀྱིལ་འཁོར་པའི་ལྷ་སྤྲོས་ཏེ་མཛད་པ་མཛད་ནས་དཀྱིལ་འཁོར་ལ་འགོད་པ། སྐྱེ་མཆེད་སོགས་བྱི་ན་གྱིས་རློབ་པ། ཡེ་ཤེས་ པ་དགུག་གཞུག་དབང་བསྐུར་རྒྱས་འདེབས་པའོ། །དང་པོ་ལ་གཉིས། ལྷ་བསྐྱེད་པ་དང༌། སྤྲོས་ཏེ་འཕྲིན་ལས་མཛད་ནས་དཀྱིལ་འཁོར་ལ་འགོད་པའོ། །དང་པོ་ནི། གོང་དུ་བཤད་པ་ལྟར་ང་རྒྱལ་བཟུང་སྟེ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་ཕྱོགས་བཅུར་སྤྲོས་ བས་མཁའ་ཁྱབ་ཀྱི་སངས་རྒྱས་ཐམས་ཅད་འཇིགས་བྱེད་ཞེ་དགུ་མ་འམ་འཇིགས་བྱེད་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས། རང་གི་རྩ་ཞལ་དུ་བཅུགས་ཐུགས་ཀར་སླེབ་པ་ན་ཆགས་པ་ཆེན་པོའི་མེ་ས་ཞུ་ནས?་ཐིག་ལེ་ཆེན་པོ་གཅིག་ཏུ་གྱུར། སྐུའི་དབྱིབས་རྒྱུད་རྡོ་རྗེའི་ལམ་ནས་ཡུམ་ གྱི་པདྨར་སོང་སྟེ་ཐུགས་ཁར་སླེབས་པ་ནི་ཐིག་ལེ་ཆ་གཉིས་སུ་གྱུར། དེའི་ཚེ་ཕཊ་ཡིག་གཉིས་ཀྱི་ཟུར་ཅུང་ཟད་ཕྱེ་བར་མོས་དགོས་སོ། །ཆ་གཅིག་འོད་དུ་ཞུ་ནས་བྷྲཱུཾ་དཀར་པོ་ཞིག་ཏུ་གྱུར་པ་ལས་རྡོར་རྭ་སོགས་མེད་པའི་གཞལ་ཡས་ཁང་གདན་བཅས་དང༌། ཐིག་ལེ་ཆ་གཅིག་གདན་དེ་ རྣམས་ཀྱི་སྟེང་དུ་ཆ་བཅུ་བདུན་དུ་གྱུར་བར་བསམ། དེ་རྣམས་ཡོངས་སུ་གྱུར་བ་ལས་དབུས་སུ་ཧཱུཾ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ལྟེ་བ་ལ་ཧཱུཾ་གིས་མཚན་པ་སོགས་རང་གི་ས་བོན་ལས་ཕྱག་མཚན་བསྐྱེད་པ་སྒྲུབ་ཐབས་བཞིན་དང༌། དེ་རྣམས་ལས་ལྷའི་ཚོགས་སྤྲོས་འགྲོ་བའི་དོན་བྱས་ནས་ཕྱག་མཚན་ @030B དང་ས་བོན་ལ་ཐིམ་པ་ལན་ཅི་ནུས་བྱས་པའི་མཐར། ཕྱག་མཚན་རྣམས་འོད་ཏུ་ཞུ་ནས། དབུས་ཀྱི་གདན་ལ་དཔལ་རྡོ་རྗེ་འཇིགས་བྱེད་སོགས་ལྷ་བཅུ་གསུམ་ཐོད་པ་བཞི་དང་བཅས་པ་བཅུ་བདུན་དུ་གྱུར་བར་བསམ་མོ། །སྤྱིར་ཡབ་ཀྱི་པང་ནས་ཡུམ་གྱིས་འཁྱུད་པ་ཡིན་ཡང་འདིར་ཙ་རྩི་ཀ་སོགས་བཞིའི་པང་ ནས་ཡབ་བཞིས་འཁྱུད་པར་བྱ་དགོས་སོ། །གཉིས་པ་ལྷ་སྤྲོས་ནས་མཛད་པ་མཛད་དེ་བསྡུས་ནས་དཀྱིལ་འཁོར་ལ་འགོད་པའི་ཚུལ་ནི། ལྷ་དེ་དང་དེའི་སྒོ་ནས་ཞེ་སྡང་སོགས་འདི་དང་འདི་སྦྱང་བར་བྱའོ་སྙམ་དུ་འཕེན་པ་བཏང་ནས། ཨོཾ་ཧྲཱིཿཥྚིཿ སོགས་བརྗོད་དེ་དང་པོར་གཙོ་བོ་ཡབ་ཡུམ་བསྐུལ་བས། ཡབ་ ཡུམ་གྲངས་མེད་པར་གྱུར་ནས་ཡུམ་གྱི་བ་སྤུའི་སྒོ་ནས་སམ་མང་ལ་སྒོ་ནས་ཕྱིར་སྤྲོས་ཏེ། ཕྱོགས་བཅུར་སོང༌། སེམས་ཅན་ཐམས་ཅད་ཀྱི་ཞེ་སྡང་སྦྱངས། དེ་རྣམས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་བཀོད། སྤྲུལ་པ་རྣམས་ཡབ་ཡུམ་ཟུང་གཅིག་ཏུ་འདུས་ནས། རང་ཉིད་ཡབ་ཡུམ། གཉིས་སོ་སོ་ལ་ ཐིམ་པར་བསམས་ཤིང༌། འདིར་ལྷ་རྣམས་ཡུམ་གྱི་ཐུགས་ཀ་ནས་ཕབས་ཏེ་ཡབ་ཀྱི་རྡོ་རྗེའི་ལམ་ན་ཐུགས་ཀར་དྲངས། ཡབ་ཉིད་ཀྱི་ཐུགས་ཀ་ནས་ཕྱིར་སྤྲོ་བའི་ཁྲིད་རྒྱུན་ཡོད་ཀྱང༌། གསང་འདུས་དང་སྦྱར་ཚེ་མི་འཐད་པ་མི་སྣང་ཡང༌། འདོན་ཆའི་ཚིག་ཟིན་དང་མི་མཐུན་སྙམ། དེ་བཞིན་དུ་ཨོཾ་ ཛིན་ཛིག་སོགས་རེ་རེ་ནས་བརྗོད་པས་གཏི་མུག་གཤིན་རྗེ་གཤེད་སོགས་རེ་རེ་ནས་གྲངས་མེད་པར་གྱུར་བ་ཕྱིར་སྤྲོས་ཏེ། སོ་སོ་ནས་མཛད་པ་མཛད་ཟིན་ངན་བསྡུས་ཏེ་ལྷ་སོ་སོ་དང་ཐོད་པ་བཞི་རྣམས་རང་གི་གདན་ལ་འཁོད་པ་དང་གཞལ་ཡས་ཁང་མ་ཚིག་གའི་གཞལ་ཡས་ཁང་ལ?་ཐིམ་ པར་བསམ། ཡབ་ཡུམ་ཟུང་རེ་རེ་སེམས་ཅན་རེ་རེའི་སྤྱི་བོར་འཁོད་དེ་སྦྱོར་འཚམ་ནས་སྤྲོས་པའི་འོད་ཀྱིས་སེམས་ཅན་དེ་དང་དེ་དག་གི་ཉེས་སྐྱོན་སྤྱོད་པ་དང༌། ཐུགས་ཀ་སོགས་ནས་སྤྲོས་པའི་འོད་ཟེར་གྱིས་སྦྱོང་བ་ཅི་རིགས་བྱའོ། །འདིར་འགོད་རྒྱུའི་ལྷ་ཡབ་ཡུམ་རྣམས་སོ་སོར་ @031A ༄༅། །ཕྱེན་ཉེར་དྲུག་ཡོད་ཀྱང༌། ཡབ་ཡུམ་ཟུང་རེ་རེ་གཅིག་ཏུ་བགྲང་བ་འམ། དེ་བཞིན་གཤེགས་པ་བཞིའི་ཡུམ་རྣམས་ཙ་རྩི་ཀ་སོགས་བཞིར་འདུ་བ་དང༌། ཡུམ་བཞིའི་ཡབ་རྣམས་དེ་བཞིན་གཤེགས་པ་བཞིར་འདུ་བའི་ཚུལ་གྱིས་ལྷ་བཅུ་གསུམ་དང༌། ཐོད་པ་ བཞི་སྟེ་བཅུ་བདུན་ནོ། །དེ་བཞིན་གཤེགས་པ་ལྔ་ནི། དཀྱིལ་འཁོར་གཞན་གྱི་མི་བསྐྱོད་པ་སོགས་ལྔ་དང༌། རོ་ལངས་མ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་འམ་མཱ་མ་ཀི་དང༌། ཙ་རྩི་ཀ་སོགས་སྤྱན་སོགས་བཞི། ཐོ་བ་གཤིན་རྗེ་གཤེད་སོགས་ནི་གཤིན་རྗེ་གཤེད་སོགས་བཞི། ཤར་ལྷོ་སོགས་ བཞིའི་ཐོད་པ་བཞི་ནི། རིམ་པ་བཞིན་དུ་གཟུགས་དང་དྲི་རྡོ་རྗེ་མའི་ངོ་བོ་དང༌། སྒྲ་རྡོ་རྗེ་མ་རོ་རྡོ་རྗེ་མ་རེག་བྱ་རྡོ་རྗེ་མའི་ངོ་བོ་དང༌། བཞི་ཀའང་ཆོས་དབྱིངས་རྡོ་རྗེ་མའི་ངོ་བོ་ཡིན་ནོ། །སྦྱང་གཞི་ཉོན་མོངས་པ་ལྔ་དང་ཁམས་བཞི་ནི་གོ་སླ་ཡང༌། བདུད་བཞི་ལས་ཕུང་པོའི་བདུད་ནི་ཉེར་ལེན་གྱི་ཕུང་པོ་ལྔ་ དང༌། ཉོན་མོངས་པའི་བདུད་ནི་རྩ་ཉོན་དང་ཉེ་བའི་ཉོན་མོངས་པ་རྣམས?་དོང?། འཆི་བདག་གི་བདུང་ནི་ལས་ཉོན་ཀྱི་དབང་གིས་སྲོག་དབང་འགག་པའི་ཆ་དང༌། ལྷའི་བུའི་བདུད་ནི་དགེ་བའི་ཆོས་ལ་བར་དུ་གཅོད་པའི་ཆ་དང་དགའ་རབ་དབང་ཕྱུག་ལྷ་བུ་སྟེ། འོན་ཀྱང་བརྒྱ་བཞིའི་ཆོག ལས་བདུད་བཞི་ཀ་ལ་གང་ཟག་ཞིག་ཀྱང་བཤད་དེ་བརྟག་གོ །དཀྱིལ་འཁོར་རྒྱལ་མཆོག་གི་ལྷ་བསྐྱེད་པ་འདི། སྦྱང་གཞི་དང་ཆོས་མཐུན་མི་སྦྱོར་ཡང༌། སྒྱུ?་ཡུས་དང༌། ཟུང་འཇུག་གི་སྐབ་སུ་མ་དག་པའི་སྣོད་བཅུད་སྦྱོར་བ་དང་ཆོས་མཐུན་ཞིང༌། འབྲས་བུ་ལོངས་སྤྱོད་རྫོགས་སྐུས་ རྟེན་བརྟེན་དཀྱིལ་འཁོར་བྱེ་བ་སྤྲུལ་ནས་སྣོད་བཅུད་སྦྱོང་བའི་སྒོ་ནས་སེམས་ཅན་གྱི་དོན་མཛད་པ་དང་ཆོས་མཐུན་ནོ། །འགའ་ཞིག་འདིར་ཕྱོགས་སྐྱོང་དགུག་བསྐྱེད་བྱེད་ཀྱང༌། དེ་ནི་དཀྱིལ་འཁོར་སྒྲུབ་པ་དང་འཇུག་པ་གཅིག་ཏུ་བྱེད་པའི་སྐབས་ཡིན་ན་མ་གཏོ(Gs)། མངོན་རྟོ(Gs) རྐྱང་པའི་སྐབས?་ @031B འདིར་མི་མཐད་པར་བཤད་པ་བཞིན་མཐོང་ངོ། །འོན་ཀྱང་དེང་སང་གི་པར་མ?་དེར་སྐབས་འདིར་ཕྱོགས་སྐྱོང་དགུགས་བསྐྱེད་བྱས་སྣང་ཡང༌། ཆོ་གའི་རྣམ་དབྱེ་ལེགས་པར་ཕྱེ་བ་ཞིག་མ་ཡིན་པར་གསལ་ལོ། །མངོན་རྟོགས་འདི་རྗེས་མཛད་པར་བྲིས་སྣང་ཡང༌། རྗེ་ཉིད་ཀྱིས་མཛད་པའི་མངོན་རྟོ(Gs) ཁ་བསྐང་བ་ཞིག་ཡིན་ཀྱང༌། རྗེས་མཛད་པ་ནི་མ་ཡིན་པར་ངེས་སོ།། གཉིས་པ་སྐྱེ་མཆེད་སོགས་བྱིན་གྱིས་བརླབ་པ་ལ་གཉིས། སྐྱེ་མཆེད་བྱིན་གྱི?་བརླབ་པ་དང༌། སྐུ་གསུང་ཐུགས་བྱིན་གྱི?་ རླབ་པའོ། །དང་པོ་ནི། གཙོ་འཁོར་ཐམས་ཅད་ཀྱི་རྩ་ཞལ་གྱི་སྤྱན་གཉིས་གཉིས་སུ་རྡོ་རྗེ་ མིག་སོགས་ཀྱི་ངོ་བོ་ཀྵིཾ་དཀར་པོ་སོགས་ཀྱི་ངོ་བོར་བསྒོམ་པ་འམ། ཡང་ན། མིག་འབྲས་དང་ངོ་བོ་དབྱེར་མེད་པའི་ཀྵིཾ་སོགས་རེ་རེ་བྱུང་བ་ཡོངས་སུ་གྱུར་པ་ལས་འཁོར་ལོ་དཀར་པོ་སོགས་དང༌། དེ་ལས་རྡོ་རྗེ་མིག་དཀར་པོ་སོགས་མངོན་རྟོགས་བཞིན་བསྐྱེད་པ་ཞལ་ཕྱིར་བལྟ་བ་ཡབ་རྐྱང་མེ་ ལོང་ནང་དུ་གཟུགས་བརྙན་ཤར་བ་ལྟ་བུ་འམ་ཡུམ་བཅས་ཀྱང་རུང་བར་བཤད་ལ། རྡོ་རྗེ་མིག་ནས་རྡོ་རྗེ་ཡིད་ཀྱི་བར་ནི་རིམ་པ་བཞིན་དུ། ས་སྙིང་ཕྱག་རྡོར་ནམ་སྙིང་འཇིག་རྟེན་དབང་ཕྱུག་སྒྲིབ་སེལ་ཀུན་བཟང་རྣམས་དང་དོན་གཅིག་གོ། དེས་ན་བླ་མ་ཁ་ཅིག་རྡོ་རྗེ་ཡིད་འཇམ་དབྱངས་ལ་བཞེད་ པ་ནི་འཐད་སྙམ་པ་མེད་དོ། །གཉིས་པ་སྐུ་གསུང་ཐུགས་བྱིན་གྱིཥ་བརླབ་པ་ལ་གཉིས། རྡོ་རྗེ་གསུམ་བསྐྱེད་དེ་ཡེ་ཤེས་པ་སྤྱན་དྲངས་ནས་མཆོད་པའི་ཚུལ་དང༌། བྱིན་གྱིཥ་བརླབས་ནས་ང་རྒྱལ་འཛིན་པའི་ཚུལ་ལོ། །དང་པོ་ནི། ལྷ་ཐམས་ཅད་ཀྱི་ཐུགས་ཀར་ཧཱུཾ་སྔོན་པོ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་ བའི་ལྟེ་བའི་ནང་དུ་ཧཱུཾ་ལས་རྡོ་རྗེ་སྔོན་པོ་དང༌། དེ་ཡས་ཐུགས་རྡོ་རྗེ་སྒྲུབ་ཐབས་ལྟར་བསྐྱེད། མགྲིན་པའི་རྩ་འཁོར་ཡོད་པར་ཨཱཿལས་པདྨ་དམར་པོ་ཨཱཿ ས་མཚན་པ་དང༌། དེ་ལས་གསུང་རྡོ་རྗེ། སྤྱི་བོའི་རྩ་འཁོར་ཡོད་པར་ཨོཾ་ལས་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ་ལས་ @032A ༄༅། །སྐུ་རྡོ་རྗེ་དང༌། དེ་རྣམས་ཀྱི་ཐུགས་ཀར་རང་རང་གི་ཕྱག་མཚན་གྱི་ལྟེ་བར་ས་བོན་གྱིས་མཚན་པ་ཅན་དུ་བསྐྱེད། དེ་ནས་རང་དང་རྡོ་རྗེ་གསུམ་གྱི་ལྷའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་རྡོ་རྗེ་གསུམ་གྱི་རྣམ་པར་ནམ་མཁའི་ཁམས་གང་བ་ སྤྱན་དྲངས་ཏེ། ཨོཾ་ཧྲཱིཿཥྚཱིཿཧ་སོགས་ཀྱིས་མཆོད་ཅིང༌། དེའི་ཚེ་མཆོད་པའི་ལྷ་མོ་རིམ་བཞིན་སྤྲོ་ཞིང་བསྡུའོ། །གཉིས་པ་བྱིན་གྱིས་བརླབས་ནས་ང་རྒྱལ་འཛིན་པ་ནི། རང་གི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་ཐུགས་རྡོ་རྗེ། གསུང་རྡོ་རྗེ། གླུ?་རྡོ་རྗེ་རྣམས་རིམ་པར་བཀུག་ནས་ལྷ་རྣ(Ms) ཀྱི་རྡོ་རྗེ་གསུམ་ལ་རིམ་པར་བསྟིམས་པ་དང་ང་རྒྱལ་ཡང་དེ་ལྟར་བྱ། ཁ་ཅིག་རང་འདྲ་གཉིས་པ་རེ?་ཆད་ནས་ཐིམ་པར་བསམ་པ་ཡང་ལུགས་གཅིག་སྟ་དེ་མ་བྱས་ཀྱང་ཆོག །ང་རྒྱལ་འཛིན་བའི་སྔགས་ཀྱི་དོན་ཨོཾ་སརྦ་ཏ་ཐཱ་ག་ཏའི་དོན་ནི་སྔར་བཞིན་དང༌། ཙིཏྟ་ནི་ཐུགས། ཝཱ་ཀྐ་ནི་གསུང༌། ཀཱ?་ཡ་ནི་སྒུ?་སྟེ། ལྷག་མ་ནི་སྔར་ལྟར་ཏེ། དོན་བསྡུ་ན། དེ་བཞིན་གཤེགས་བ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་དེ་ངའོ་སྙམ་པའི་ང་རྒྱལ་བྱ་བའོ། །འདིར་ཕུགས?་བྱིན་རླབས་སྔོན་དུ་འབྱུང་བ་ནི་འཇམ་དབྱངས་ཤེས་རབ་བམ་ཐུགས་ཀྱི་ལྷ་ཡིན་པ་དང༌། དེས་ རྗེས་སུ་འཛིན་པའི་ཚེ་སྔོན་དུ་སྒྲུབ་པ་པོའི་ཡིད་བྱིན་གྱིས་རློབ་པར་བྱེད་པ་སོགས་ཀྱི་སྒོ་ནས་ཡིན་ནོ་གསུང༌། གསུམ་པ་ཡེ་ཤེས་པ་འགུག་གཞུག་དབང་བསྐུར་རྒྱས་འདེབས་ལ་གཉིས། ཡེ་ཤེས་པ་བཀུག་ནས་གཞུག་པ་དང༌། དབང་བསྐུར་ནས་རྒྱས་འདེབས་པའོ། །དང་པོ་ནི། འཇམ་དཔལ་རང་ བཞིན་མས་སྤྱན་འདྲེན་པ་སྣང་བ་ལ། ཁ་ཅིག་བདག་བསྐྱེད་ཁོ་ན་ལ་དེ་མི་དགོས་པར་གསུང་པ་ལྟར་རམ། གལ་ཏེ་འདིས་སྤྱན་འདྲེན་ན། ལས་བྱེད་སྤྲུལ་པ་གཤིན་རྗེ་འཁོར་དང་བཅས། ཞེས་པ་ནི། དཔའ་གཅིག་གི་དབང་དུ་བྱས་ལ། འདིར་གཏི་མུག་གཤིན་རྗེ་གཤེད་སོགས་འཁོར་དང་ @032B བཅས། ཞེས་བསྒྱུར་བར་མཛད་པ་ལྟར་འཐང་སྙམ་མོ། །འཇམ་དཔལ་རང་བཞིན་མའི་དོན་བསྡུ་ན་ཆོས་སྐུའི་དབང་དུ་བྱས་ཚེ་འཇམ་དབྱངས་ཀྱི་རང་བཞིན་སྟོང་པའི་ཆོས་སྐུ་ནི་ཆོས་ཀུན་ལ་ནམ་མཁའ་ལྟར་ཁྱབ་པས་གནས་བྱེ་བྲག་པའི་ངེས་བཟུང་མེད་དོ། །དེའི་ཕྱིར་སྔར་མ་སླེབ་པའི་གནས་སུ་ གསར་དུ་འགྲོ་འོང་གི་བྱེད་པ་དང་བྲལ་བའོ། །ལང་དབྱར་སོགས་དུས་བཞི་ནི་གཞན་ཞིག་ནས་ཚུར་འོང་བ་ལྟ་བུ་མ་ཡིན་བར་ཉི་མའི་བགྲོད་པའི་དབང་གིས་དེ་དང་དེར་བྱུང་བ་ལྟར། ཐུགས་རྗེ་ཆེན་པོ་ཡང་སེམས་ཅན་རྗེས་སུ་འཛིན་མི་འཛིན་གྱི་འགྲོ་འོང་ལྟར་སྣང་ཡང་ཕྱོགས་རིས་ཀྱི་འགྲོ་འོང་མེད་པས་ ཐམས་ཅད་ལ་ཁྱབ་པོ། ཡང་ཟླ་བའི་གཟུགས་བརྙན་ནི་ཆུ་ནང་དུ་འཆར་ཡང་དེར་མི་འཕོ་བ་ལྟར་སྤྲུལ་པ་ཡང་དེ་དང་དེར་འཕོ་བ་མེད་ཀྱང༌། ཆུ་གར་ཡོད་སར་ཟླ་བའི་གཟུགས་བརྙན་འཆར་བ་ལྟར་གདུལ་བྱ་གར་ཡོད་དེར་སྤྲུལ་པ་སྣང་བས་ན། དེང་འདིར་བདག་གིས་སྦྱན་འདྲེན་ཞེས་སོགས་ནི་གོ་ སླའོ། །དེས་ན་སྔགས་ཙམ་གྱིས་སྤྱན་འདྲེན་པའི་དབང་དུ་བྱས་ན། ཨོཾ་ཧྲཱིཿཧ་བྷོ་སོགས་ཀྱི་དོན་ཡོད་དེ། ཨོཾ་ནི་བཤད་ཛྙན?་ཧྲཱིཿ འཕྲོག་བྱེད། ཧ་བཞད་པའམ་རྨད་བྱུང༌། བྷོ་ཀྱཻ། མ་ཧཱ་ཆེན་པོ། ཀྲོ་དྷ་ཁྲོ་བོ། ཨཱ་གཙྪ་ཨཱ་གཙྪ་ནི་ཚུར་བྱོན་གཉིས། ཨཏྨ་ཀ་བདག་ཉིད། པཱུཙྪ་མཆོད་པ། བྲ་ཏི་ སོ་སོ། གྲཧོ?་བཞེས་ཤིག །བྲ་རབ་སཱ?་དང་བའམ་བཀའ་དྲིན། མི་བདག། དྷཱི་མན་བློ། ཀུ་རུ་མཛོད་ཅིག །སྭཱ་ཧཱ་ནི་གཞི་ཚུགས་ཤིག་པ་སྟེ། བསྡུ་ན། ཨོཾ་འགྲོག་བྱེད་རྨད་བྱུང་ཀྱཻ་ཁྲོ་ཆེན། །ཚུར་སྦྱོན་ཚུར་སྦྱོན་བདག་གི་ནི། །རབ་དང་མཆོད་པ་སོ་སོར་བཞེས། །བདག་ལ་བློ་ལྡན་བཀའ་ དྲིན་མཛོད། །སྭཱ་ཧཱ་ཞེས་བརྗོད་ཅིང་བསམ། དེ་ནས་ཉྫ?ཿ ཥྚཱིཿབརྗོད་ཅིང་ཁྲོ་བོ་སྤྲོས་ནས་ཕྱི་ནང?་གི་བགེགས་བསྐྲད། ཧྲཱིཿཥྚཱིཿ ཧ་སོགས་ཀྱིས་མཆོད་ལྷ་སྤྲོས་ཏེ་མཆོད་པ་འབུལ། མུངྒ་ར་ཛ་ཞེས་བརྗོད་ཅིང་ཕྱག་རྒྱ་བྱ། དེའི་ཚེ་ཤར་གྱི་སྒོ་བས་ཕྱག་མཚན་འཕྱར་ཙམ་གྱི་བརྡའ་བྱས་པས༌། @033A ༄༅། །ཡེ་ཤེས་པ་རྣམས་དམ་ཚིག་པའི་སྟེང་དུ་ཁ་ལྟ་ཕྱོགས་དང་མཐུན་པར་བཀུག་ནས་བརྩེགས་པ་ལྟར་བྱ། དནྜ་ཧཱུཾ་ཞེས་པས། ལྷོ་སྒོ་ནས་བརྡ་བྱས་པས་ཡེ་ཤེས་པ་རྣམས་དམ་ཚིག་པ་སོ་སོ་ལ་ཐིམ་ནས་འདྲེས་པར་བསམ། པདྨ་བཾ་གྱིས། ཡེ་ཤེས་པ་རྣམས་རང་རང་གི་དམ་ཚིག པ་སོ་སོ་དང་དབྱེར་མེད་སོང་ནས་དགྱེས་བཞིན་བཞུགས་བར་བསམ། ཁངྒ?་ཧོས་ལྷ་རྣ(Ms) སྒྲུབ་པ་པོའི་དབང་དུ་བྱས་པར་བསམ་ཞིང༌། དེ་གཉིས་ཀྱི་ཚེ་ཡང་སྒོ་པ་གཉིས་ཀྱི་ཕྱག་མཚན་གྱི་བརྡ་བྱས་པར་བསམ་མོ། །གཉིས་པ་དབང་ལྷ་སྦྱན་དྲངས་ནས་མཆོད་པ་སོགས་ནི། སྤར་ཡང་ཨོཾ་ཧྲཱིཿ ཧ་སོགས་བརྗོད་ཅིང་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་སྤྱན་དྲངས་ཏེ། སྔགས་ཙམ་གྱིས་མཆོད། སངས་རྒྱས་རྣམས་ནི་ཞེས་སོགས་ཀྱི་དོན། ཇི་ལྟར་བལྟ(Ms) པ་སོགས་དང་འདྲ་སྟེ། དེ་ཡང་ཤཱཀྱ་ཐུབ་པ་སོགས་སྐུ་བལྟམས་མ་ཐག་པའི་ཚེ༌། ལྷ་ཀླུ་སོགས་?་གསོལ་བ་ལྟར། དག་པའི་ལྷའི་ཆུ་ལྟེ་ཡེ་ཤེས་ཀྱི་བདུད་རྩིའི་ཆུས་སྦྱི་བོ་ནམ་དབང་བསྐུར་བས་སྐུ་གང༌། དྲི་མ་དག་པ་སོགས་ཡིན་ལ། གཙོ་བོའི་རྩ་ཞལ་གྱི་ཆངས་བུག་གི་སྟེང་དུ་མི་བསྐྱོད་པ་ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་འཛིན་པ་ཡུམ་བཅས་སམ། ཡབ་རྐྱངས་ གནོན་མཉམ་གཞག་གི་ཕྱག་རྒྱ་ཅན་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཤར་དང་ཤར་ལྷོ་བ་སོགས་ཀྱང་ཤེས་པར་བྱ་ཞིང༌། ཡབ་རྐྱང་ཡིན་ན་སྤྱི་འགྲོ་ལྟར་རོ། །འདིར་བདག་མདུན་ཐ་མི?་དད་མིན་པས་གཙོ་བོ་ལས་བྱེ་མི་དགོས་ཏེ། མཆོད་པ་རྣམས་ཐུགས་ཀ་ནས་སྤྲོས་པའི་ ལྷ་མོ་རྣམས་ཀྱིས་མཆོད་པར་བསམ་དགོས་པས་སོ། །དཀྱིལ་འཁོར་སྒྲུབ་པའི་བདག་མདུན་ཐ་མི་དད་ཡིན་ན་གཙོ་བོ་ལས་གཉིས་སུ་ཕྱེ་སྟེ་མཆོད་ཅིང༌། དབང་ལྷ་རང་ཉིད་ལ་བསྡུ། རྒྱས་བཏབ་པ་ནི། ལྷ་དེ་དང་དེ་རྣམས་རིགས་དེ་དང་དེར་ཤེས་པའི་ཆེད་དོ།། གསུམ་པ་ལས་རྒྱལ་ @033B མཆོག་གི་ཏིང་ངེ་འཛིན་ལ་བཞི། མཆོད་བསྟོད་ཇི་ལྟར་བྱ་བ། བསྐྱེད་རིམ་གྱི་དམིགས་པ་ཇི་ལྟར་བྱ་བ། དག་པ?་དྲན་ཚུལ། བཟླས་པ་བྱ་ཚུལ་ལོ། །དང་པོ་ནི། མཆོད་པ་སྔར་བྱིན་གྱིས་མ་བརླབས་ན། འདིར་བརླབས་ཏེ། ཨོཾ་ཡཱ་མནྟ་ཀ་ས་བཱ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱ་ཧཱ་ནས། ཤཔྟའི་བར་ གྱིས་མཆོད་པའམ། ཡང་ན། ཧྲཱིཿ ཧ་སོགས་ཀྱི་མཐར། འདོད་ཡོན་སྔར་བཞིན་སྦྱར། འདི་ལྟར་བྱེད་པ་ནི་རྗེའི་དགོངས་པར་མངོན་ལ། འོན་ཀྱང་ཚིགས་བཅད་དང་སྦྱོར་ན་རྒྱལ་བ་རྣམས་ནི་ཞེས་སོགས་ལྟ་བུ་དང༌། བདག་མདུན་ཐ་མི་དད་ལ་ཚིགས་བཅད་སྔགས་དང་བཅས་པ་བརྗོད། ཁ་ ཅིག་ཏུ་རྒྱལ་སྲིད་བདུན་ཡང་འབུལ་བར་བཤད་ལ། ཁྲིད་རྒྱུན་འགའ་ཞིག་ལས་དེ་འབུལ་བར་མི་སྣང་བས་ཅི་རིགས་སུ་བྱས་ཀྱང་མི་འགལ། དེ་དག་ནི་ཕྱི་བུམ་དབང་དང་འབྲེལ་བའི་མཆོད་པའོ། །དྲི་ཆབ་སྔོན་དུ་འབྱུང་བའི་རྒྱུ་མཚན་ཡང་སྔར་ལྟར་རུང་བར་བཤད། ནང་མཆོད་ནི། རེ་མིག དབུས་མའི་སྟེང་གི་ནམ་མཁར་རྩ་བརྒྱུད་བླ་མ་རྣམས་ཀྱིས་གང་བར་བཞུགས་པར་མོས་པའམ། གཙོ་བོའི་རྩ་ཞལ་གྱི་སྟེང་གི་རིགས་བདག་གི་བླ་མའི་ཐུགས་ཀའི་ཟླ་གདན་གྱི་དབུས་སུ་རྩ་བའི་བླ་མ་དང་མཐར་བརྒྱུད་བའི་བླ་མ་རྣམས་ཀྱིས་བསྐོར་ནས་བཞུགས་པར་བསམས་ལ། གཡོན་པཱི་ མཐེབ་སྲིན་གྱིས་སྨིན་མཚམས་ནས་ནང་མཆོད་གྱེན་དུ་གཏོར་བས། བླ་མ་རྣམས་ཀྱི་ལྗགས་འོད་ཟེར་གྱི་སྤུ་གུས་དྲངས་ནས་གསོལ་བས་ཐུགས་རྒྱུད་ཚིམ་པར་བསམས་ཏེ། མཚན་མཐར་འབྲུ་གསུམ་བཏགས་ཏེ་འབུལ། རང་གི་སྙིང་ཁའི་ཐད་ནས་དཀྱིལ་འཁོར་བའི་ལྷ་སོ་སོའི་ སྔགས་ཀྱི་མཇུག་ཏུ་འབྲུ་གསུམ་བཏགས་ལ་འབུལ་ཞིང་རྒྱུད་སྡེ་བཞིར་འབྲེལ་གྱི་ཡི་དམ་རྣམས་དང་འཇིག་རྟེན་ལས་འདས་པའི་ཆོས་སྐྱོང་ལའང་འབུལ། ལྟེ་བའི་ཐད་ནས་དཔའ་བོ་དང་དཔའ་མོ་རྣལ་འབྱོར་མ་རྣམས་དང༌། དུར་ཁྲོད་ཀྱི་ཕྱོགས་སྐྱོང་སོགས་ལ་འབུལ། བུས་མོའི་ཐད་ནས་གཞི་ @034A ༄༅། །བདག་གཉུག་མར་གནས་པ་དང་སེམས་ཅན་ཐམས་ཅད་ལྷར་གྱུར་པ་ལ་འབུལ་ལོ། །དེ་ནས་འོད་ཟེར་གྱིས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་རྣམ་པར་སྤྱན་དྲངས་ནས་རང་གི་ལུས་ལ་ཐིམ་པར་བསམས་ལ། བདུད་རྩི་མྱངས་ བས་བདེ་ཆེན་སྐྱེས་པར་བསམ། དེའི་ཚེ་ལྗགས་འོད་ཟེར་གྱི་སྦུ་གུས་ནང་མཆོད་གསོལ་བར་བསམས་པ་ཐམས་ཅད་ལ་འདྲ་སྟེ། གསང་དབང་དང་འབྲེལ་པའི་མཆོད་པའོ། །ཡབ་ཡུམ་སྙོམས་པར་ཞུགས་པའི་ལྷན་སྐྱེས་ཀྱི་བདེ་བས། དཀྱིལ་འཁོར་པ་ཐམས་ཅད་ཚིམ་པར་བས(Ms) པ་ནི་ཤེར་དབང་དང་འབྲེལ་པའི་མཆོད་པའོ། །བདེ་བ་དེས་སྟོང་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་འཇོག་པ་ཚིག་དབང་དང་འབྲེལ་བའི་དེ་ཁོ་ན་ཉིད་ཀྱི་མཆོད་པའོ། །བསྟོད་པ་ནི། གཉིས་མེད་ཐུན་མོང་མ་ཡིན་ཞེས་སོགས་ཀྱིས་བསྟོད་ཅིང༌། དེ་ཡང་འཇིགས་བྱེད་གཤིན་རྗེ་གཤེད་ལ་ཕྱག འཚལ་བསྟོད། ཞེས་པ་ཡན་གྱིས་འཁོར་རྣ(Ms) ཀྱིས་གཙོ་བོ་དང༌། གཤིན་རྗེ་གཤེད་པོ་རབ་བརྗིད་པ། ནས་ཕྱག་ན་རལ་གྲི་ཕྱག་འཚལ་བསྟོད་ཅེས་པའི་བར་གྱིས་གཙོ་བོས་འཁོར་དང༌། སླར་ཡང་སངས་རྒྱས་ཀུན་གྱི་ཞེས་སོགས་ཚིགས་བཅད་གཅིག་གིས་འཁོར་རྣམས་ཀྱིཥ་ གཙོ་བོ་ལ་བྲག་ཆའི་དབྱངས་བཞིན་དུ་བསྟོད། དེ་དག་གི་དོན་བསྡུས་ཏེ་བཤད་ན། ལྷན་སྐྱེས་ཀྱི་བདེ་བ་ཆེན་པོའི་ཡེ་ཤེས་ཐུན་མོང་མ་ཡིན་པ་དེ་ནི་ཡུལ་ཤེས་བྱ་ཐམས་ཅད་ལ་ཁྱབ་པའི་སྐུ་རང་གི་ངོ་བོར་འཆང་ཞིང༌། ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་?་སྙོ(Ms) པར་མཛད་པའི་ ཐབས་ཀྱི་སྒོ་ནས་རྒྱལ་བ་ཐམས་ཅད་བསྐྱེད་པས་རྒྱལ་བ་ཀུན་གྱི་ཡབ་དང༌། ཆོས་དབྱིངས་དེ་བཞིན་ཉིད་ལ་རོ་གཅ(IG)་ཏུ་གྱུར་པའི་ཤེས་རབ་ཀྱི་སྒོ་ནས་དེ་ཐམས་ཅད་བསྐྱེད་པས། དེའི་ཡུམ་དང༌། དེ་ལྟར་ཡིན་ནའང་ཡེ་ཤེས་སེམས་དཔའ་རྒྱལ་སྲས་གཞོན་ནུའི་ཚུལ་འཛིན་པས་ @034B དེའི་སྲས་ཀྱི་ཁྱད་པར་ལྡན་པ་དང༌། ཆོས་ཀྱི་?་ལས་མི་གཡོ་ཞིང་འགྲོ་བ་ལ་རིས་སུ་བཅད་བ་མེད་ཀྱང༌། ས་འོག་ས་སྟེང་ས་བླ་གསུམ་གྱི་གདུག་པ་ཅན་མ་ལུས་པ་འདུལ་བའི་ཕྱིར་དུ་ཁྲོ་བོའི་དབང་པོ་གཤིན་རྗེ་གཤེད་ཀྱི་རྣམ་པར་བསྟན་པ་ལ་ཕྱག་འཚལ་ལོ་བསྟོད་ཅེས་བ་ནི་གཙོ་བོའི་བསྟོད་པའི་དོན་ བསྡུས་པའོ། །འཁོར་ལ་བསྟོད་པའི་དང་པོ་གཏི་མུག་གཤིན་རྗེ་གཤེད་ནི། གཤིན་རྗེ་གཤེད་པོ་རབ་ཏུ་འཇིགས་པ་གཏི་མུག་འཇོམས་པར་བྱེད་པའི་རྡོ་རྗེའི་ངོ་བོ་ཁྱོད་ནི་སྟོན་པ་སངས་རྒྱས་ཀུན་གྱི་སྐུ་རྡོ་རྗེའི་ངོ་བོར་བལྟས་ནས་ཕྱག་འཚལ་བ་དང༌། གཉིས་པ་སེར་སྣ་གཤིན་རྗེ་གཤེད་ནི། ཕྲ་མ་དང་ང་རྒྱལ་ སེར་སྣ་སོགས་འཇོམས་པར་བྱེད་པའི་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་དང་མཚུངས་པར་བལྟས་ནས་ཕྱག་འཚལ་བ་དང༌། གསུམ་བ་འདོད་ཆགས་གཤིན་རྗེ་གཤེད་ནི། འདོད་ཆགས་འཇོམས་པར་བྱེད་པའི་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེ་དང་མཚུངས་པར་བལྟས་ནས་ཕྱག་འཚལ་ བ་དང༌། བཞི་བ་ཕྲག་དོག་གཤིན་རྗེ་གཤེད་ནི། ཕྲག་དོག་འཇོམས་བར་བྱེད་པའི་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེ་དང་མཚུངས་པར་བལྟས་ནས་ཕྱག་འཚལ་བ་དང༌། སླར་ཡང་གཙོ་བོ་ནི་སངས་རྒྱས་ཐམས་ཅད་ཀྱི་དངོས་པོ་སྟེ་ངོ་བོ་ཡིན་པ་དང༌། སངས་རྒྱས་ཐམས་ཅད་གཅིག་ཏུ་འདུས་པ་དང༌། སངས་རྒྱས་ཐམས་ཅད་ཀྱི་གཙོ་བོ་ཡིན་པའི་སྒོ་བས་བསྟོད་ཅིང་ཕྱག་འཚལ་བ་ཡིན་ནོ། །སྦྱིར་གཤིན་རྗེའི་ཐ་སྙད་ལ་ཕྱི་ནང་གསང་བའི་གཤིན་རྗེ་གསུམ་ཡོད་པས། དེའི་གཤེད་?་ཕྱི་ནང་གསང་གསུམ་ཡོད་དེ། དེ་ཡང་ལས་ཀྱི་གཤིན་རྗེ་སོགས་གཟུགས་ཅན་གྱི་རྗེ་རྣམས་ཕྱིའི་གཤིན་རྗེ་དང༌། དེའི་གཤེད་ ནི་ལྷ་དྲག་པོར་ཁྲོས་པའི་འཇིགས་བྱེད་འཁོར་བཅས་ལྟ་བུ་དང༌། ལས་ཉོན་རྣམས་ནང་གི་གཤིན་རྗེ་དང༌། །དེའི་གཤེད་ནི་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ལྟ་བུ་དང༌། རོ་རྐྱང་དུ་རྒྱུ་བའི་ལས་རླུང་ནི་གསང་བའི་གཤིན་རྗེ་དང༌། དེའི་གཤེད་ནི་རོ་རྐྱང་གི་རྒྱུབ?་དྷཱུ་ཏཱིར་ཞུགས་གནས་ཐིམ་གསུམ་བྱེད་པ་ལྟ་བུ་ཡིན་ @035A ༄༅། །པའི་ཕྱིར་ཏེ། དར་བན་ཨཱ་ཙརྱས། ཕྱི་དང་ནད་དང་གཞན་རྣམས་ཀྱི། །དུས་དགྲའི་ཚུལ་དུ་ཤེས་པར་བྱ། །ཞེས་གསུངས་པའི་ཕྱིར། སྐབས་འདིར་འཇམ་དཔལ་གསེར་མདོག་མས་བསྟོད་པ་ནི། སྤྲོས་པ་ལ་དགའ་ན་མ་གཏོགས་མི་དགོས་པར་བཤད་ཅིང༌། བསྟོད་པ་དེ་བདག་མདུན་ཐ་ མི་དད་ཀྱི་སྐབས་དང༌། གཏོར་འབུལ་གྱི་བསྐྱེད་ཆོག་རྒྱས་པ་བྱེད་པའི་ཚེ་འདོན་དགོས་སོ།། ༈?་གཉིས་བ་བསྐྱེད་རིམ་ལ་དམིགས་པ་ཇི་ལྟར་བྱ་བ་ནི། འགོ་ནས་འདིའི་བར་གྱི་དམིགས་རྣམ་ཀྱི་སྐབས་དེ་དང་དེར་དེ་ལས་གཞན་པའི་དམིགས་པ་མི་མཐུན་པའི་རྣམ་རྟོག་ཡིད་ལ་མི་བྱེད་ཅིང༌། བྱིང་རྒོད་ཀྱི་དབང་ དུ་མ་སོང་བ་དང༌། སྦྱང་གཞི་སྦྱོང་བྱེད་ངོ་ལེགས་པར་ཕྲོད་པ་དང༌། རྟེན་བརྟེན་པ་རྣམས་འཇལ་ཚོན་ལྟར་གསལ་བ་ལ་ནུས་པ་ཅི་ཡོད་ཀྱིས་བསླབ་ཞིང༌། དེ་ཡང་ཐོབ་མར་འཇོག་བསྒོམ་ལ་གཙོ་བོ་ཞལ་གཅིག་ཕྱག་གཉིས་པའི་སྐུ་སྦྱིན་ས་གསལ་ན་དེ་ལ་ངང༌། མི་གསལ་ན་སྐུའི་ཆ་གང་གསལ་བ་ལ་སེམས་ འཛིན་ཅིང༌། སྐུ་ཡང་དང་བོར་རྒྱན་མེད་དང༌། ཅུང་ཟད་གོམས་ན་རྒྱན་བཅས་དང་སྐུ་ཡོངས་རྫོགས་དེ་ལ?་རིམ་གྱིས་ཡུམ་དང་འཁོར་བསྣན་ཏེ་རྫོགས་པར་འཆར་བ་ལ་བསླབ། གོམས་ན་སྔ་མ་མ་དོར་བར་ཕྱི་མ་གསལ་འདེབས་དགོས་པ་དང༌། རགས་པ་བརྟན་ན་ཕྲ་མོའི་རྣལ་འབྱོར་ལ་བསླབ་པ་སོགས་རྒྱས་ བར་ནི་གཞན་དུ་ཤེས་དགོས། ལྷ་གང་དང་གང་ལ་ཡང་དེ་དང་དེ་དངོས་ཡིན་ནོ་སྙམ་དུ་ང་རྒྱལ་བྱ་དགོས་ཏེ། དེ་ནི་ལྷ་མྱུར་དུ་འགྲུབ་པ་དང༌། ལས་གང་བྱེད་ཀྱང་ནུས་པ་དང་ལྡན་པ་སོགས་དགོས་པ་ཁྱད་པར་ཅན་ཡོད་པའི་ཕྱིར་རོ། །སྒྲུབ་ཐབས་ཐུན་བཞིར་བྱས་ནས་བསྒོམ་པའི་ཚེ། ཐོག་མཐའ་གཉིས་རྒྱས་ ཤིང་བར་པ་བསྡུས་པ་དང༌། ཐོག་མ་རྒྱས་ཤིང་གཞན་གསུམ་བསྡུས་པ་དང༌། ཡང་བཞི་ཀ་རྒྱས་པ་དང༌། དམིགས་བསལ་བཞི་ཀའང་བསྡུས་པ་བྱེད་པའི་ལུགས་བཤད་ལ། དེའི་བྱེད་ཚུལ་ཡང་ལེགས་པར་ཤེས་དགོས། བསྡུས་ཏེ་བྱེད་ཚུལ་ནི་བདག་གིས་གཞན་དུ་བཤད་ཟིན་པས་མི་སྤྲོའོ། །། @035B གསུམ་པ་དག་བ་དྲན་པ་ནི། ཞལ་དགུ་ནི། མདོའི་སྡེ། ལུང་དུ་བསྟན་པའི་སྡེ། ཚིགས་སུ་བཅད་པའི་སྡེ། དབྱངས་ཀྱིས་བསྙད་པའི་སྡེ། ཆེད་དུ་བརྗོད་པའི་སྡེ། གླེང་གཞིའི་སྡེ། རྟོགས་པ་བརྗོད་པའི་སྡེ། འདས་པ་བརྗོད་པའི་སྡེ། སྐྱེས་རབ་ཀྱི་སྡེ། ཤིན་ཏུ་རྒྱས་པའི་སྡེ། རྨད་དུ་བྱུང་བའི་སྡེ༌། གཏན་ལ་དབབ་པའི་སྡེ་སྟེ་གསུང་རབ་ཡན་ལག་བཅུ་གཉིས་དེ་རྣམས་ཡན་ལག་དགུར་འདུས་པའི་སྒོ་ནས་ཆོས་སྟོན་པ་མཚོན་ལ། ཡན་ལག་དགུར་བསྡུ་ཚུལ་ཡང༌། ཆེད་བརྗོད་དང་རྟོགས་བརྗོད་ཀྱི་སྡེ་གཉིས་གླེང་གཞིའི་ནང་དུ་བསྡུས་ནས་གཅིག་ཏུ་བྱ་ཞིང༌། ཚིགས་སུ་བཅད་པའི་སྡེ་ནི་ དབྱངས་ཀྱིས་བསྙད་པའི་སྡེར་བསྡུས་ནས་གཅིག་ཏུ་བྱས་བས་དགུའོ། །དེ་ལྟར་བྱུང་བའམ་འདས་བརྗོད་ཀྱི་སྡེ་གླེང་གཞིའི་ཡན་ལག་ཏུ་བསྡུ་བའི་ལུགས་ཀྱང་སྣང༌། རྭ་གཉིས་ཀྱིས་ནི་ཐུན་མོང་བའི་དབང་དུ་བྱས་ན། ཀུན་རྫོབ་བདེན་པ་དང༌། དོན་དམ་བདེན་པ་གཉིས་མཚོན་ལ། ཐུན་མོང་མ་ཡིན་ པའི་དབང་དུ་བྱས་ན་ཀུན་རྫོབ་སྒྱུ་མའི་སྐུ་དང་དོན་དམ་འོད་གསལ་གྱི་ཡེ་ཤེས་གཉིས་སོ། །ཕྱག་སོ་བཞི་དང་དེའི་སྟེང་དུ་སྐུ་དང་གསུང་དང་ཐུགས་ཏེ་གསུམ་བསྣན་པའི་སོ་བདུན་གྱིས་ནི་ལམ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སོ་བདུན་མཚོན་ཏེ། དེ་ཡང༌། དྲན་པ་ཉེར་གཞག་བཞི། ཡང་དག་སྤོང་བ་བཞི། རྫུ་ འཕྲུལ་གྱི་རྐང་པ་བཞི། དབང་པོ་ལྔ། སྟོབས་ལྔ། བྱང་ཆུབ་ཀྱི་ཡན་ལག་བདུན། འཕགས་ལམ་ཡན་ལག་བརྒྱད་དེ་སོ་སོར་ཕྱེ་ན་སོ་བདུན་ནོ། །ཞབས་བཅུ་དྲུག་གིས་ནི། རྟོགས་བྱ་ནང་སྟོང་པ་ཉིད་ལ་སོགས་པ་བཅུ་དྲུག་དང༌། དེ་རྟོགས་བྱེད་ཀྱི་ལམ་བདེ་བ་ཆེན་པོ་རྒྱས་པའི་རང་བཞིན་ཅན་ཡིན་པས་ ཡུམ་དང་སྦྱོར་བ། སྟོང་ཉིད་བཅུ་དྲུག་རྟོགས་པའི་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་མཚོན་བྱེད་ཞབས་བཅུ་དྲུག་གིས། ནང་གི་ཆོས་དང༌། ཕྱི་དང༌། ཕྱི་ནང་གཉིས་ཀའི་ཆོས་སོགས་བདེན་པར་འཛིན་པའི་བདེན་འཛིན་བཅུ་དྲུག་མཚོན་བྱེད་ཀྱི་མི་ལ་སོགས་པ་བཅུ་དྲུག་ཟིལ་གྱིས་གནོན་པར་ @036A ༄༅། །?་མཚོན་པའི་ཆེད་དུ་དེང་ག་ཞབས་འོག་ཏུ་བརྫིས་པའོ། །ཡང༌། མི་ལ་སོགས་པ་བརྒྱད་ནི། རིལ་བུའི་གྲུབ་པ་དང༌། དེ་བཞིན་དུ་མིག་སྨན་དང༌། རལ་གྲི་དང༌། ས་འོག་ཏུ་འགྲོ་བ་དང༌། ནམ་མཁར་འཕུར་བ་དང༌། ལུས་མི་སྣང་བ་དང༌། འཆི་མེད་དང༌། ནང་ཀུན་འཇོམས་པའི་དངོས་ གྲུབ་སྟེ་བརྒྱད་དང༌། བྱ་རྒོད་སོགས་བརྒྱད་ནི། སྐུའི་དབང་ཕྱུག་དང༌། དེ་བཞིན་དུ་གསུང་དང༌། ཐུགས་དང༌། རྫུ་འཕྲུལ་དང༌། ཀུན་འགྲོ་དང༌། གནས་དང༌། ཅི་འདོད་བསྐྱེད་དང༌། ཡོན་ཏན་གྱི་དབང་ཕྱུག་སྟེ་བརྒྱད་དག་པ་མཚོན་པ་ཡིན་ལ། དེ་ལྟ་བུའི་སངས་རྒྱས་ཀྱི་གོ་འཕང་དེ་སྒྲིབ་བྱེད་ཀྱི་དྲི་ མས་གཡོགས་པ་དང་བྲལ་བ་ནི་གཅེར་བུས་མཚོན་པ་དང༌། སྐྲ་གྱེན་དུ་བརྫེས་པ་ནི་མྱ་ངན་ལས་འདས་པ་སྟེ། མཐར་ཐུག་གི་ཐར་པའམ་ཆོས་སྐུ་མཚོན་པའོ། །དེ་དག་ནི་མདོར་བསྡུས་པ་ཡིན་ཞིང༌། དག་པ་རྒྱས་པར་ནི་ལཱ་ལི་ཏའི་གཞུང་དང༌། སོ་ན་ཤྲཱི་དང་རྡོ་རྗེ་གྲུབ་པའི་འགྲེལ་བར་ བཤད་ཅིང༌། དེ་ཡང་ཞེ་དགུ་མ་ལས། ཞལ་དགུ་གཟའ་དགུ། སྦྱན་ཉེར་བདུན་རྒྱུ་སྐར་ཉེར་བདུན་དང་སྦྱར་ནས་བཤད་པ་སོགས་ཡོད་ཀྱང་མ་བྲིས།། ?༌།བཞི་པ་བཟླས་བ་བྱ་ཚུལ་ལ། ཕྲེང་བ་བྱིན་རླབས་ནི་མངོན་རྟོགས་བཞིན་ནམ་གཙོ་རྐྱང་དུ་བསྐྱེད་པ་གང་རུང་བྱས་ཏེ། དེ་ཡང་ ཞི་ཁྲོ་སྦྲག་སྒྲུབ་ཐུན་མོང་མ་ཡིན་པ་འདོད་ན། ལོགས་སུ་ཤེས་པར་བྱ་ཞིང༌། ཐུན་མོང་བ་ནི་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཉི་གདན་ཟླ་གདན་དང༌། དེའི་སྟེང་དུ་འཁོར་ལོ་རྩིབས་དྲུག་པ་དང༌། ཧཱུཾ་ཡིག་དྷཱིཿ ཡིག་ཏུ་བསྒྱུར་པ་ལ། མདུན་ནས་བརྩམས་ཏེ་གཡས་བསྐོར་དུ་རྩིབས་དྲུག་པ?་ཨོཾ་ ཨ་ར་བ་ཙ་ན་བཀོད། ཡིག་འབྲུ་རྣམས་འཁོར་ལོ་ལ་མ་རིག་ཙམ་དུ་གནས་པའི་འཁོར་ལོ་གཡས་སུ་འཁོར་བའི་ཚེ་ཡིག་འབྲུ་གཡོན་དུ་འཁོར་བ་ལྟ་བུ་ལས་འོད་ཟེར་འཕྲོས་ལུས་ཀྱི་ནང་ཐམས་ཅད་གང་སྒྲིབ་གཉིས་མི་ཤེས་པའི་མུན་པ་འཐུག་པོ་དང་བཅས་པ་ཐམས་ཅད་བསལ་ནས་ཤེས་ @036B རབ་ཀྱི་སྣང་བ་ཐོབ། འོད་ཟེར་ཕྱིར་འཕྲོས་སེམས་ཅན་ཐམས་ཅད་ལ་ཕོག་པས་དེ་རྣམས་ཀྱི་མི་ཤེས་པའི་མུན་པ་ཐམས་ཅད་བསལ། ཤེས་རབ་ཀྱི་སྣང་བ་ཁྱད་པར་ཅན་ལ་བཀོད་པར་བསམ་ལ་ཨ་ར་པ་ཙ་བཟླའོ། །ཡང་ན་ཟླ་གདན་གྱི་དབུས་སུ་དྷཱིཿ དང་མཐའ་སྐོར་དུ་ཨ་ར་པ་ཙས་བསྐོར་ནས་བཟླས་ པ་བྱའོ། །དེ་ནས་གདན་འཁོར་ལོ་ཡིག་འབྲུ་དང་བཅས་པ་ཉི་དཀྱིལ་དུ་གྱུར། དྷཱིཿ ཡིག་ཀྱང་ཧཱུཾ་ཡིག་ཏུ་གྱུར་བའི་ཕྱི་རོལ་ཏུ་མདུན་ནས་བརྩམས་ཏེ་གཡས་བསྐོར་དུ་ཕྱི་ནས་རིམ་པ་བཞིན་དུ་རྩ་སྔགས་ལས་སྔགས་ལ་མཱནྟ་ཀ་རྣམས་གཡས་སྐོར་གྱིས་འཁོད་པར་བསམ། དེའི་ཚེད་བུས་ཀྱི་ ཧཱུཾ་ཡིག་ལ་སེམས་བཟུང་ལ། ལྷ་འགུག་པའི་བསམ་པས་བགྲང་ཕྲེང་མི་མགོའི་འཕྲེང་བར་གསལ་བའི་སྨིན་མཚམས་ནས་གཙོ་རྐྱང་ངམ་རྟེན་བརྟེན་པ་ཡོངས་རྫོགས་རེ་འབེབས་པའམ་ཧཱུཾ་ཡིག་རེ་ཆད་དེ་སྙིང་ཁའི་ཧཱུཾ་ཡིག་ལ་ཐིམ་པར་བསམས་ལ་ཕྲེང་རྡོག་རེ་དབབ་བ་དང༌། ལྟ་ཐ(Ms) ཅད་ཀྱི་ཞལ་ནས་སྔགས་འདོན་པ་དང༌། སྔགས་འཕྲེང་ལས་འོད་ཟེར་སྤྲོ་བསྡུ་སོགས་གཞན་མངོན་རྟོགས་དང་བསྙེན་ཡིག་སོགས་ལས་ཤེས་པར་བྱའོ། །ཡ་མ་རཱ་ཛཱའི་སྔགས་དོན་ལ། ཡ་མ་ནི་གཤིན་རྗེ། རཱ་ཛཱ་ནི་རྒྱལ་པོ། ས་དོ་གང་དུ། མེ་ལ་བདག་ལ། ཡ་མེ་གཤིན་རྗེ་མོ་ དོ་ཆོས། རུ་ཎ་དགྲ། ཡོད?་མི་འབྱུང་བར། ཡ་ད་གང་ཞིག །ཡོ་སྐྱེ་གནས། ནི་ར་ཡ་གཏན་ནས། ཀྵེ་ཡ་ཟད་པར་བྱེད་པ། ཡཀྵེ་གནོད་སྦྱིན་མོ། ཡཙྪ་གང་ཡང༌། ནི་རཱ་མ་ཡ་ནི་འགྲུལ་བར་མཛོད་ཅིག་པ་སྟེ། འདིའི་ངེས་དོན་གྱི་བཤད་པ་དེ་དང་ཅུང་མི་འདྲའོ། །ཧྲཱིཿ(shdHI)ཿསོགས་ ནི་འཕྲོག་བྱེད་མཆེ་བ་རྣམ་པར་འགྱུར་བའི་ཞལ་ཅན་ནོ། །ཡ་མཱནྟ་ཀ་ནི་གཤིན་རྗེ་མཐར་བྱེད་ཅེས་པའོ། །བཛྲ་བེ་ཏ་ལི་སོགས་ནི་རྡོ་རྗེ་རོ་ལངས་མཚུར་སྦྱོན་ཅེས་པ་སྟེ་གཞན་སླའོ། །གཏི་མུག་གཤིན་རྗེ་གཤེད་ཀྱི་སྔགས་བཟླ་བའི་ཚེ་ཙ་རྩི་ཀའི་ཡབ་ཀྱི་ཐུགས་ཁར་ཡང་སྔ(Gs) @037A ༄༅། །ཕྲེང་འགོད་པ་སོགས་བྱ་བར་བཤད་ཅིང༌། མཐར་ཡིག་བརྒྱ་བཟླ། གྲུབ་ན་ཐུན་ཐམས་ཅད་དང༌། མ་གྲུབ་ན་ཐུན་ཐ་མའི་མཐར་གཏོར་མ་འབུལ་ཞིང༌། རྒྱུན་གྱི་རྣལ་འབྱོར་ལ་ཡོད་དམ་མེད་ཀྱང་རུང༌། གཏོར་མགྲོན་ཡང་རྒྱས་བསྡུས་ཅི་ལྟར་བྱེད་ཀྱང་ལོགས་སུ་བསྐྱེད་ དགོས་ཀྱི། དིང་སང་ཕལ་ཆེར་གྱིས་འདོན་པ་ལྟར་གཅིག་ཏུ་མི་བྱའོ། །འབུལ་རྒྱུའི་གཏོར་མའི་རྫས་ནི། རྒྱུ་ཟན་དང༌། སྲན་མ་དང༌། ཤ་དང༌། ཉ་ཤ་དང༌། ཆན་ཐུག་དང༌། འཁུར་བ་དང༌། ཆང་དང༌། ཆུ་དང༌། སྒོ་སྐྱ་དང༌། འོ་མ་སོགས་དང༌། གཞན་ཡང་ཅི་རིགས་པར་བཤད་ཅིང་ འབུལ་ཚུལ་ནི་སྔར་བཞིན་ནོ།། ?་གསུམ་པ་མཇུག་དང་ཐུན་མཚམས་སུ་ཇི་ལྟར་བྱ་བ་ནི། དུར་ཁྲོད་སྲུང་འཁོར་དང་བཅས་པ་གཞལ་ལས་ཁང་ལ་ཐིམ་པ་སོགས་ཀྱིས་ཉེར་བསྡུ་བྱས་ནས་འོད་གསལ་ལས་སླར་ཡང་སྐད་ཅིག་གིས་ལྷའི་སྐུར་ལྡང་ངོ། །འདི་ལྟར་བྱས་ པའི་དགོས་པ་ནི། རྫོགས་རིམ་གྱི་སྐབས་སུ་འཆི་རིམ་བཞིན་དུ་རླུང་རྣམས་སྙིང་ཁའི་མི་ཤིག་བའི་ཐིག་ལེ་ལ་བསྡུས་པའི་འོད་གསལ་ལས་སྒྱུ་མའི་སྐུར་ལྡང?་བའི་དགེ་རྩ་སྨིན་བྱེད་དུ་འགྱུར་བའོ།། ཐུན་མཚམས་སུ་ཡང་ལྟའི་ང་རྒྱལ་ལ་ཅི་ནུས་སུ་གནས་པ་དང༌། ལུས་ངག་གི་ བྱ་བ་རྣམས་ཀྱང་ལྟའི་སྒོ་གསུམ་གྱི་མཛད་པར་བལྟ་ཞིང༌། བཟའ་བཏུང་གཏོར་མ་ལྟར་བྱིན་གྱིས་བརླབས་ཏེ། ཁ་ཐབ་ཁུང༌། ལག་པ་གཉིས་དགང་བླུག །བཟའ་བཏུང་བསྲེག་རྫས་སུ་མོས་ནས་ལྟ་ཐམས་ཅད་འདུས་པའི་བདག་ཉིད་སྙིང་ཁའི་ཏིང་ངེ་འཛིན་སེམས་དཔའ་ལ་འབུལ། ཉལ་ བའི་ཚེ་སྣོད་བཅུད་འོད་གསལ་དུ་བསྡུས་ནས་ལྟ་བ་དྲན་བཞིན་པའི་ངང་ནས་ཉལ་བ་དང༌། ལྡང་བའི་ཚེ་ཙ་རྩི་ཀ་སོགས་ཀྱིས་བསྐུལ་བར་མོས་པ་དང༌། ཁྲུས་ཀྱི་ཚེ་དེ་རྣམས་ཀྱིས་ཁྲུས་བྱ་བར་མོས་པ་ནི། ཁྲུས་ཀྱི་རྣལ་འབྱོར་རོ་དེ་ལྟར་ཉམས་སུ་བླངས་པས་རྫོགས་རིམ་ @037B གྱི་རྟོགས་པ་ཁྱད་པར་ཅན་སྐྱེ་བའི་རྒྱུད་སྨིན་པ་དང༌། ལྷག་པའི་ལྷས་ཚེ་རབས་ཀུན་ཏུ་རྗེས་སུ་འཛིན་པ་དང༌། ཚོགས་བདེ་བླག་ཏུ་རྫོགས་ནས་མྱུར་དུ་འཚང་རྒྱ་བ་སོགས་དོན་ཕུན་སུམ་ཚོགས་པ་ཐམས་ཅད་འགྲུབ་པར་འགྱུར་བར་གསུངས་པ་ལ་ངེས་པ་དྲངས་ཏེ། དེ་དག་ལེགས་པར་འགྲུབ་པའི་རྟེན་དུ་ དབང་ཐོབ་ནས་དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་སྲུང་པའི་སྒོ་ནས་ཐ་ན་ཐུན་རེ་ཙམ་ཡང་ཉམས་སུ་ལེན་པ་ལ་འབད་པར་བྱ་ཞིང༌། དལ་བ་དོན་ལྡན་དུ་བྱའོ།། །།སྨྲས་པ། འཇམ་དཔལ་ཞི་ཁྲོ་དུས་ཀྱི་མཐའ་འདིར་ཡང༌། །དུར་སྨྲྀག་གར་གྱི་ས་རྣཾ་རོལ་བླ་མ་མཆོག །ཀུན་མཁྱེན་ ཆོས་ཀྱི་རྒྱལ་པོ་བཙོང་ཁ་བའི། །ཐུགས་བཅུད་སྙིང་པོ་མན་ངག་འདི་ཀོ་མཚར། །ཚུལ་འདིར་བརྟེན་པའི་ལེགས་བཤད་མང་མོད་ཀྱི། །དམ་པའི་གསུང་གིས་བསྐུལ་ཞིང་རང་ཉིད་ཀྱང༌། །ཆོས་ཀྱི་བགོ་སྐལ་འདོད་པས་གཞུང་མང་ལ། །ཇི་བཞིན་འདྲིས་པའི་ཚུལ་གྱིས་འདི་ཉིད་བགྱིས། ། གང་འདིས་མི་འདོད་གྱ་གྱུས་ཡིད་ད་ཀྲུགས་པའི། །བློ་ངན་ཕྱོགས་ལྷུང་ཅན་ལ་དགའ་སྤྲོའི་དཔལ། །སྟེར་བར་མི་ནུས་འོན་ཏེ་གཟུར་གནས་འགར། །ཅུང་ཟད་ཕན་པར་སྲིད་ཚེ་དོན་དང་བཅས། །འདིར་འབད་ལས་བྱུང་ལེགས་སྤྱད་ཨ་མྲྀ་ཏ། །ཇི་སྙེད་བདག་རྒྱུད་རིན་ཆེན་ཀཱ་ལ་ཤར། །གཅིག ཏུ་འཁྱིལ་བ་གང་དེ་འགྲོ་བ་ཀུན། །འཆི་མེད་ཟུང་འཇུག་གོ་འཕང་ཐོབ་ཕྱིར་བསྔོ། །ཅེས་པ་འདི་ནི། ལུགས་གཉིས་ཀྱི་མངའ་བདག་ཆེན་པོ་ཀོའུ་ཤྲི་ནང་སོ་ཡེས་ཀྱིས་དོན་གཉེར་ཅན་འགའ་ཞིག་ལ་ཕན་པའི་དོན་དུ་དགོངས་ནས། གནང་སྦྱིན་དང་བཅས་ཏེ་གསུང་གིས་བསྐུལ་བ་ལ་བརྟེན་ནས། སློབ་དཔོན་རིན་པོ་ཆེ་རྡོ་རྗེ་འཆང་ཆེན་པོ་བློ་བཟང་སྦྱིན་པ་དང་ཁྲི་ཆེན་བློ་བཟང་དར་རྒྱས་རྣམ་པ་གཉིས་ཀྱི་དྲུང་དུ་ཆོས་འདིའི་དབང་རྒྱུན་དང༌། ཁྱད་པར་སྔ་མའི་དྲུང་དུ་འདིའི་ཉམས་འཁྲིད་རྫོགས་པར་བློ་འཛིན་གྱི་ཚུལ་དུ་ཐོབ་ཅིང༌། གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་ལ་ཉམས་ལེན་ཕྱོགས་ @038A ༄༅། །ཙམ་ཞིག་བགྱིད་པར་རློམ་པ་དང༌། འདིར་ཅོ་ནེའི་སྔགས་དང་མཚན་ཉིད་ཀྱི་བླ་མའི་གོ་སར་གནས་པའི་ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས། འདི་སྐོར་གྱི་གཞུང་མང་པོ་མཐོང་བ་ལ་བརྟེན། འདི་ལས་རྒྱས་པར་སྤྲོ་ནུས་མོད་ཀྱང་མང་དུ་དོགས་ ནས་ཅུང་ཟད་བསྡུས་པའི་ཚུལ་གྱིས་སྦྱར་བའོ།། ལེགས་བཤད་དྲི་ལྡན་རྩི་མ་གྷིས།། གཟུང་གནས་སོམ་ཉིའི་དུག?་སེལ་ཀྱང༌།། ཕྲག་དོག་གྱ་གྱུའི་དུག་འཆང་བའི།། ལྟོ་འགྲོའི་རིགས་ཀྱིས་ག་ལ་འདོད།། ཅེས་ཀྱང་སྨྲས་སོ།། མངྒ་ལཾ།། @038B བླནྐ་པགེ་