[སྔོན་འགྲོའི་དཔར་གཞི།]་ @001A ༄༅། །དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རིམ་པ་གཉིས་པའི་རྣམ་བཤད་དངོས་གྲུབ་སྙེ་མ་ཞེས་བྱ་བ་བཞུགས་སོ། ། @001B ༄༅༅། །ན་མོ་མཉྫུ་གྷོ་ཥཱ་ཡ། རྒྱལ་བའི་ཡེ་ཤེས་གཅིག་གྱུར་འཇམ་པའི་དབྱངས། །ཕྱི་ནང་གསང་བའི་གཤིན་རྗེ་ཀུན་འདུལ་ཕྱིར། །ཁྲོས་པའི་གར་མཛད་བཅོམ་ལྡན་དུས་དགྲའི་དབང༌། །བཀའ་སྡོད་ལས་ཀྱི་གཤིན་རྗེར་བཅས་ལ་འདུད། ། འཇམ་དཔལ་ཞི་ཁྲོ་མི་ཡི་ཟློས་གར་ཅན། །བློ་བཟང་རྒྱལ་བ་གཉིས་བར་གྲགས་པ་དང༌། །ཐུགས་སྲས་མཁས་གྲུབ་ཆོས་རྗེ་ཡབ་སྲས་སོགས། །ཆོས་འདིའི་བརྒྱུད་འཛིན་བླ་མ་རྣམས་ལ་འདུད། །གཤིན་རྗེ་གཤེད་ཀྱི་རིམ་པ་དང་པོའི་གནད། །ཕྱེ་བ་མང་ཡང་རྫོགས་ རིམ་གནད་རྣམས་ནི། །ཁུངས་བཅས་སྔོན་ཆད་ཕྱོགས་འདིར་མ་གསལ་བ། །བླ་མའི་དྲིན་ལས་ཅུང་ཟད་གསལ་བར་བྱ། །འདི་ལ་གཉིས། སྔོན་དུ་འགྲོ་བ་སྤྱིའི་རྣམ་གཞག་བཤད་པ་དང༌། སྐབས་སུ་བབས་པའི་རྫོགས་རིམ་ཉིད་བཤད་པའོ། །དང་པོ་ལ་བཞི། རྒྱུད་གཉིས་ཀྱི་ཁྱད་པར་ཅུང་ཟད་བཤད་པ། འདིའི་རྫོགས་རིམ་རྒྱུད་དང་རྒྱ་གཞུང་གང་ལས་བསྟན་པ་དང་དོན་གྱིས་ཐོབ་ཚུལ། རྫོགས་རིམ་ལ་ཉེ་བར་མཁོ་བའི་རྩ་རླུང་ཐིག་ལེའི་རྣམ་གཞག །ཐབས་ཤེས་ཀྱི་ཁྱད་པར་བཤད་པའོ། །དང་པོ་ནི། སྤྱིར་རྒྱུད་དེ་ལ་བྱ་རྒྱུད། སྤྱོད་རྒྱུད། རྣལ་འབྱོར་གྱི་རྒྱུད། བླ་མེད་ཀྱི་རྒྱུད་དང་བཞི། ཕྱི་མ་ལ་ནི་ཕ་མའི་རྒྱུད་གཉིས་ཏེ། ཕ་རྒྱུད་དང་ཐབས་རྒྱུད་གཉིས་དོན་གཅིག་ཅིང༌། མ་རྒྱུད་དང་ཤེས་རབ་ཀྱི་རྒྱུད་གཉིས་དོན་གཅིག་གོ །རྒྱུད་གཉིས་ཀྱི་གྲངས་ཚད་ཀྱང་ཡོད་དེ། སྡོམ་འབྱུང་ལས། རྣལ་འབྱོར་ @002A ༄༅། །རྒྱུད་རྣམས་ཀྱི་ནི་ཚད། །བྱེ་བ་ཕྲག་ནི་དྲུག་ཏུ་ངེས། །དེ་བཞིན་རྣལ་འབྱོར་མ་རྒྱུད་གྲངས། །བྱེ་བ་ཕྲག་ནི་བཅུ་དྲུག་གྲགས། །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར། འདིར་རྣལ་འབྱོར་རྒྱུད་ནི་རྒྱུད་སྡེ་གསུམ་པ་ལ་བྱེད་པ་མིན་གྱི། བླ་མེད་ཀྱི་རྒྱུད་ལ་ རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་ཐ་སྙད་མཛད་པ་ལྟར་ཡིན་ཏེ། རྒྱུད་གཉིས་ལས་ཕ་རྒྱུད་ནི་སྒྱུ་ལུས་རྩལ་དུ་བཏོན་ནས་འཆད་པའི་སྒོ་ནས་དེར་བཞག་ལ། མ་རྒྱུད་ནི་ལུགས་འབྱུང་ལུགས་ལྡོག་གི་དགའ་བཞི་རྩལ་དུ་བཏོན་ནས་འཆད་པའི་སྒོ་ནས་དེར་བཞག་པ་ཡིན་ ཡང༌། གཉིས་ཀའང་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་སམ་རྣལ་འབྱོར་གཙོ་བོར་སྟོན་པ་ལ་ཁྱད་པར་མེད་པས་དེའི་སྒོ་ནས་ནི་རྣལ་འབྱོར་རྒྱུད་དང་རྣལ་འབྱོར་མའི་རྒྱུད་ཅེས་པའི་ཐ་སྙད་མཛད་པ་ཡིན་པའི་ཕྱིར་ཏེ། འདུས་པ་ཕྱི་མ་ལས། ཐབས་དང་ཤེས་རབ་སྙོམས་འཇུག པས། །རྣལ་འབྱོར་ཞེས་ནི་བཤད་པ་ཡིན། །ཞེས་གསུངས་པའི་ཕྱིར། ཐབས་རྒྱུད་ལ་ནི་འདོད་ཆགས་ཞེ་སྡང་གཏི་མུག་ཐབས་རྒྱུད་གསུམ་ཡོད་པ་ལས། གསང་འདུས་ལྟ་བུ་འདོད་ཆགས་ཐབས་རྒྱུད་དང༌། གཤིན་རྗེ་གཤེད་ཀྱི་སྐོར་རྣམས་དེའི་ཕྱོགས་མཐུན་གྱི་ རྒྱུད་དུ་བཞག་ཀྱང་ངོ་བོའི་སྒོ་ནས་ཞེ་སྡང་ཐབས་རྒྱུད་དང༌། རྡོ་རྗེ་ཨ་ར་ལིའི་རྒྱུད་ལྟ་བུ་གཏི་མུག་ཐབས་རྒྱུད་དུ་འཇོག་གོ །གཤིན་རྗེ་གཤེད་ཀྱི་རྒྱུད་ནི། དམར་ནག་འཇིགས་གསུམ་གྱི་རྒྱུད་རྣམས་ཡིན་ལ། འཇིགས་བྱེད་ཀྱི་རྒྱུད་རྒྱས་པ་ཤླཽ་ཀ་འབུམ་ཡོད་པ་ནི་ཨུ་རྒྱན་གྱི་ཡུལ་ @002B [MISSING PAGE] @003A ༄༅། །དམར་པོའི་རྫོགས་རིམ་གཙོ་བོར་སྟོན་པའི་དབང་དུ་མཛད་ཀྱང༌། འཇིགས་བྱེད་ཀྱི་རྫོགས་རིམ་རྣམས་ཀྱང་སྟོན་པས་དམར་ནག་འཇིགས་གསུམ་གྱི་རྫོགས་རིམ་རྣམས་ཐུན་མོང་དུ་སྟོན་པ་ཡིན་པའི་ཕྱིར་ཏེ། འདིའི་རྫོགས་རིམ་ཆོས་རྗེ་བློ་གྲོས་པས་མཁས་གྲུབ་ རྗེའི་མན་ངག་ལྟར་འཆད་པ་ན་འཇིགས་བྱེད་ཀྱི་བསྐྱེད་རིམ་ཆེན་མོ་ལས། དམར་ནག་འཇིགས་གསུམ་ལས་དམར་པོའི་རྒྱུད་དང་རྒྱ་གཞུང་རྣམས་ཀྱི་ནང་ནས་ནི་རྣལ་འབྱོར་བཞིའི་རིམས་ཉིད་ལ་བརྟེན་ནས་བཤད་ན་འདིའི་རྫོགས་རིམ་ཀྱང་རྒྱས་པར་ཐོན་བར་འགྱུར་རོ། །ཞེས་གསུངས་ཞེས་ དང༌། ཁྱད་པར་དུ་རྣལ་འབྱོར་བཞི་རིམ་འདི་ནི་དངོས་སུ་ན་དམར་པོའི་རྫོགས་རིམ་སྟོན་བྱེད་དུ་སྦྱར་ནས་གསུངས་ཀྱང༌། འདི་ཉིད་གྲུབ་ཆེན་ལ་ལི་ཏའི་མན་ངག་ལ་བརྟེན་ནས་དམར་པོའི་རྒྱུད་དང༌། རྒྱུད་འབྲུམ་པ་ཞེས་གྲགས་པ་འཇིགས་བྱེད?་གྱི་རྒྱུད་རྒྱས་པའི་རྫོགས་རིམ་གྱི་གནད་རྣམས་བསྡུས་ ནས་སྟོན་པ་ཡིན་པས། དམར་ནག་འཇིགས་གསུམ་ཐམས་ཅད་ཀྱི་རྫོགས་རིམ་ཐུན་མོང་དུ་སྟོན་པའི་གཞུང་དུ་སྦྱར་བར་བྱའོ། །ཞེས་པ་ནི་བླ་མའི་ཞལ་གྱི་གདམས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གྲུབ་ཆེན་གྱི་གཞུང་ཞེས་རྣལ་འབྱོར་བཞི་འཆད་པའི་ཚུལ་བསྡུས་ཏེ་བཀོད་ན། དེ་ཉིད་ལས། རྣལ་འབྱོར་དམ་པ་བཞིར་བཤད་དེ། །དབྱིབས་དང་སྔགས་དང་དམ་ཚིག་དང༌། །རྣམ་དག་ཡེ་ཤེས་ཞེས་བྱ་བས། །སྲིད་པའི་འཆི་བ་ལས་གྲོལ་བར་འགྱུར། །ཞེས་མདོར་བསྟན་ནས་དེ་ཉིད་ཕྱེ་སྟེ་འཆད་པ་ལ། རིམ་པའམ་ཡང་ན་ཅིག་ཅར་དུ། །སངས་རྒྱས་རྗེས་དྲན་བསྒོམ་པར་བྱ། །ཞེས་སོགས་ ཀྱིས་ཐོག་མར་རང་དང་གཉུག་མའི་ལུས་ལྷར་བསྒོམ་དགོས་བར་བསྟན། འདི་ནི་བདག་ལས་ཐ་དད་མིན། །ཞེས་སོགས་ཀྱིས་གཉུག་མའི་ལུས་ལས་སྒྱུ་ལུས་བསྒྲུབ་ཚུལ་བསྟན། ལུས་ཅན་ཀུན་གྱིས་དེ་མཐོང་དང༌། །ཞེས་སོགས་ཀྱིས་སྒྱུ་ལུས་འོད་གསལ་དུ་འཇུག་ཚུལ་བསྟན། སྒྱུ་མ་ལྟ་ @003B བུའི་ཏིང་འཛིན་གྱིས། །ཞེས་སོགས་ཀྱིས་སྒྱུ་ལུས་དཔེའི་སྒོ་ནས་བསྟན་ཏེ། དེ་དག་ནི་དབྱིབས་ཀྱི་རྣལ་འབྱོར་རོ། །ཡང༌། ལུས་ཅན་ཀུན་གྱི་སྲོག་གྱུར་པ། །རླུང་ཞེས་བྱ་བས་ལས་ཀུན་བྱེད། །ཞེས་སོགས་ཀྱིས་སྔགས་ཀྱི་རྣལ་འབྱོར་སྟོན་ཏེ། དེ་ཡང་རླུང་གི་རྣལ་འབྱོར་འགའ་ཞིག་དང༌། རྡོར་བཟླས་དང༌། བུམ་པ་ ཅན་དང༌། འཕོ་བའི་རིམ་པ་རྣམས་སྟོན་ནོ། །ཡང༌། ཤེས་རབ་ཐབས་ཀྱི་ཕྱག་རྒྱ་ལས། །ཞེས་སོགས་ཀྱིས་དམ་ཚིག་གི་རྣལ་འབྱོར་སྟོན་ཏེ། པདྨ་ཅན་ལ་སོགས་པའི་ཕྱག་རྒྱ་རིགས་བཞིའི་མཚན་ཉིད་དང༌། ཕྱག་རྒྱ་སྲོག་རྩོལ་དུ་འགྲོ་ཚུལ་རྣམས་དང༌། ཕྱག་རྒྱ་ལ་བརྟེན་ནས་དགའ་བཞི་བསྐྱེད་ཚུལ་ རྣམས་སྟོན་ནོ། །ཡང༌། མཁའ་འགྲོའི་ཆུ་སྐྱེས་ཕོ་བྲང་དབུས། །ཞེས་སོགས་ཀྱིས་སྡུད་རིམ་བྱས་ནས་དོན་གྱི་འོད་གསལ་དང༌། དེ་ལས་དག་པའི་སྒྱུ་ལུས་བསྐྱེད་ཚུལ་དང༌། དེ་གཉིས་དབྱེར་མེད་དུ་སྦྱོར་བའི་སློབ་པའི་ཟུང་འཇུག་དང༌། མཐར་མི་སློབ་པའི་ཟུང་འཇུག་འགྲུབ་ཚུལ་རྣམས་སྟོན་པ་ཡིན་ཏེ། དེ་རྣམས་ཉམས་ལེན་དུ་འཁྱེར་ཚུལ་འོག་ཏུ་འཆད་པར་འགྱུར་རོ། །དེར་མ་ཟད། འཇིགས་བྱེད་རང་གི་སྐུ་དང་ཕྱག་མཚན་གྱིས་མཚོན་ཚུལ་ལས་ཀྱང་རྫོགས་རིམ་སྟོན་པ་ཡིན་ཏེ། རྗེའི་གསུང་འབུམ་ཐོར་བུ་ལས་འབྱུང་བའི་དོན་བསྡུས་ཏེ་བཤད་ན། རྭ་གཉིས་ཀྱིས་སྒྱུ་ལུས་དང་འོད་གསལ་མཚོན་ཞིང་ གོ་བར་བྱེད་ལ། ཁྱད་པར་དུ་ཕྱག་མཚན་རྒྱུ་མ་དང་མེ་ཐབ་གཉིས་ཀྱིས་དེ་ལྟར་དུ་མཚོན་ཞིང་སྟོན། ཁ་ཊྭཱཾ་གས་ནི་བདེ་བ་འབར་འཛག་སྟོན་ཅིང༌། དེ་ཡང་མ་རྒྱུད་ནས་བཤད་པའི་བདེ་སྟོང་གི་རྣམ་གཞག་སྟོན། བསྡིགས་མཛུབ་ཀྱིས་ཕ་རྒྱུད་མ་རྒྱུད་ཀྱི་གནད་མཐར་ཐུག་པ་ང་ལ་ཡོད་ཅེས་མཚོན་པ་དང༌། སྐྱེས་ བུ་གསལ་ཤིང་ལ་བསྐྱོན་པས་ནི་སྡིག་ཅན་བཙན་ཐབས་སུ་འཚང་རྒྱ་བར་མཚོན་ཞིང་སྟོན་པ་རྣམས་ཀྱིས་ཀྱང་རྫོགས་རིམ་གྱི་ལམ་རྣམས་རང་ལ་ཡོད་པར་སྟོན་པའི་ཕྱིར་རོ། །གཞན་ཡང་འཇིགས་བྱེད་ཀྱི་རྩ་རྒྱུད་རྒྱས་པའི་གླེང་བཞིའི་ལུང་དུས་འཁོར་འགྲེལ་ཆེན་དུ་དྲངས་པ་ལས། རྡོ་རྗེ་མཁའ་ @004A ༄༅། །འགྲོའི་པདྨར་གནས། །ཞེས་སོགས་གསུངས་ཤིང༌། དེ་ཡང་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། ཨེ་ནི་གསང་བ་མཁའ་དབྱིངས་དང༌། །བྷ་ག་ཆོས་འབྱུང་པདྨ་ལ། །ཞེས་སོགས་དང༌། རྡོ་རྗེ་སེམས་དཔའ་ཝཾ་རྡོ་རྗེ། །རྡོ་རྗེ་འཇིགས་བྱེད་དབང་ཕྱུག་དང༌། །ཞེས་སོགས་སྔ་ཕྱི་ གཉིས་ཀྱིས་བསྟན་པའི་ཨེ་ཝཾ་གྱི་དོན་ཡིན་ལ། ཨེ་ཝཾ་གྱི་དེས་དོན་ལ་ནི་རྫོགས་རིམ་གྱི་གཙོ་བོའི་དོན་རྣམས་ཚང་བ་ཡིན་པས། དེས་ཀྱང་འདིའི་རྫོགས་རིམ་བསྟན་ཏེ། །ཨེ་ཝཾ་གྱིས་མཚོན་པའི་རྫོགས་རིམ་ན་བླ་མེད་ཀྱི་རྒྱུད་ཀུན་གྱིས་སྟོན་པ་ཡིན་ཏེ། རྗེའི་རིམ་ལྔ་གསལ་སྒྲོན་ ལས། སྤྱིར་བླ་མེད་ཀྱི་རྒྱུད་ཀྱི་དོན་གྱི་གནད་ཐམས་ཅད་ཨེ་ཝཾ་ལ་སོགས་པ་ཡི་གེ་བཞི་བཅུའི་གླེང་གཞིའི་དོན་དུ་འདུས་ལ། དེའི་དོན་གྱི་གཙོ་བོ་ཡང་ཐོག་མའི་ཡི་གེ་གཉིས་ཀྱི་དོན་དུ་འདུ་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདིའི་རིམ་གཉིས་ཀྱི་རྣམ་གཞག་རང་ཉིད་ནས་གསལ་བར་ མི་འབྱུང་བ་རྣམས་ནི་འདུས་པ་ནས་ཁ་སྐོང་དགོས་པ་ཡིན་ཏེ། འདིའི་བསྐྱེད་རིམ་མཁས་གྲུབ་རིན་པོ་ཆེས་མཛད་པ་ལས། རིམ་གཉིས་ཀྱི་ལམ་གྱི་ཆ་རྒྱུད་གཞན་ནས་ཁ་འགེངས་འོས་པ་དག་ནི། གཙོ་བོར་འདུས་པའི་སྐོར་ནས་འགེངས་པར་རི(Gs) ཅིང༌། ཞེས་དང༌། བློ་གྲོས་ཆོས་སྐྱོང་བས་ མཛད་པ་ལས་ཀྱང༌། དེ་ལྟར་ན་འདིའི་རྫོགས་རིམ་གྱི་ངོ་བོ་དང་སྐྱེ་ཚུལ་སོགས་ཀྱི་རིམ་པ་རྣམས་འདུས་པ་འཕགས་ལུགས་དང་མཐུན་ཚབས་ཤིན་ཏུ་ཆེ་བས། བླ་མ་དམ་པའི་མན་ངག་གིས་འདི་ལྟར་འཆད་ཤེས་ན། གཤིན་རྗེ་གཤེད་སྐོར་གྱི་རྒྱུད་རྣམས་གསང་བ་འདུས་པ་དང་རྗེས་སུ་ མཐུན་པའི་རྒྱུད་ཡིན་པར་གསུངས་པ་རྣམས་ཀྱི་དོན་ཡང་ལེགས་པར་རྙེད་པར་འགྱུར་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། དེས་ན་འདིར་འོད་གསལ་སྒྱུ་ལུས་གཉིས་དང་ཁྱད་པར་དུ་སྒྱུ་ལུས་ཀྱི་རྣམ་གཞག་རྣམས་རྒྱས་པར་གསང་འདུས་ནས་རྒྱས་འགེབས་རིགས་ཏེ། བློ་གྲོས་ཆོས་སྐྱོང་ @004B བས་མཛད་པ་དེ་ལས། སྤྱོད་པའི་རྣམ་དབྱེ་ཞེས་པ་ནས། རིམ་ལྔ་གསལ་སྒྲོན་སོགས་རྗེ་བླ་མའི་གསུང་རབ་རྣམས་ན་ཤིན་ཏུ་གསལ་ཞིང་རྒྱས་པར་བཞུགས་པས་དེ་དག་ལས་ཤེས་པར་བྱའོ། །ཞེས་དང༌། རིམ་ལྔ་གསལ་སྒྲོན་ལས་ཀྱང༌། བདེ་སྟོང་དབྱེར་མེད་ཀྱི་ལམ་དང༌། སྒྱུ་མའི་སྐུ་གཉིས་ལས་ ཕྱི་མ་ཆེས་རྟོགས་དཀའ་ལ། དེ་ཡང་ལུགས་མཆོག་ཏུ་གྱུར་པ་འདི་ནས་རྩད་བཅད་ནས་གཞན་ལ་འཁྱེར་ཤེས་དགོས་སོ། །ཞེས་གསུངས་པའི་ཕྱིར། གསུམ་པ་རྩ་རླུང་ཐིག་ལེའི་རྣམ་གཞག་བཤད་པ་ལ་གཉིས། དངོས་དང༌། དེ་དག་ལ་གནད་དུ་བསྣུན་པའི་སྒོ་མི་འདྲ་བ་བསྟན་པའོ། །དང་པོ་ ལ་གསུམ། རྩ་དང༌། རླུང་དང༌། ཐིག་ལེའི་རྣམ་གཞག་བཤད་པའོ། །དང་པོ་ནི། མངལ་དུ་འཇུག་པའི་མདོ་ལས་ལུས་ཀྱི་མདུན་རྒྱབ་དང་གཡས་གཡོན་བཞི་པོ་རེ་རེར་རྩ་ཉིས་ཁྲི་ཉིས་ཁྲི་སྟེ་བརྒྱད་ཁྲི་འཆགས་པར་བཤད་ལ། བླ་མེད་ཀྱི་གཞུང་ནས་ལུས་ལ་རྩ་བདུན་ཁྲི་ཉིས་སྟོང་འཆགས་པར་ བཤད་དོ། །རྩ་འཆགས་པའི་ཚེ་ཐོག་མར་སྙིང་གནས་འཆགས་ཤིང༌། ཐིག་ལེ་ཡང་ཐོག་མར་སྙིང་གའི་རྩ་འཁོར་འོ(NGs) ས་དེར་འཆགས་པ་ཡིན་ཏེ། རྣམ་ཤེས་མངལ་དུ་འཇུག་པའི་ཚེ་ཐོག་མར་སྙིང་ག་འོངས་ས་ནས་འཇུག་ཅིང༌། དེ་ནས་སྙིང་གའི་རྩ་འཁོར་སོགས་རིམ་གྱིས་གྲུབ་སྟེ་མཐར་འཆི་བའི་ཚེ་ ཡང་ཐོག་མར་རྣམ་ཤེས་སྙིང་གནས་འཕོ་བ་འཕགས་པ་ཐོགས་མེད་སོགས་དུ་མས་བཤད་པའི་ཕྱིར། སྙིང་གར་ཐོག་མར་འཆགས་པའི་རྩ་བརྒྱད་ཇི་ལྟར་འགྲུབ་ཚུལ་ཡོད་དེ། སྙིང་གའི་རོ་རྐྱང་དབུ་མ་གསུམ། ཤར་གྱི་སུམ་སྐོར་མ། ལྷོའི་འདོད་མ་སྟེ་ལྔ་དུས་མཉམ་དུ་འཆགས། དེ་ནས་དབུ་མ་དང་ ལྷན་ཅིག་ཏུ་གནས་པའི་བདུད་བྲལ་མ་དང༌། ནུབ་ཀྱི་ཁྱིམ་མ། བྱང་གི་གཏུམ་མ་གསུམ་དུས་མཉམ་དུ་འཆགས་པའི་ཕྱིར། ཕྱོགས་ཀྱི་རྩ་རྣམས་ལས་མཚམས་ཀྱི་རྩ་རྣམས་གྱེས་པ་ཡིན་ཏེ། ཤར་གྱི་སུམ་སྐོར་མ་ལས་ཤར་ལྷོ་དང༌། ལྷོའི་འདོད་མ་ལས་ལྷོ་ནུབ་དང༌། ནུབ་ཀྱི་ཁྱིམ་མ་ལས་ནུབ་བྱང་ @005A ༄༅། །དང༌། བྱང་གི་གཏུམ་མ་ལས་བྱང་ཤར་གྱི་རྩ་འདབ་རྣམས་གྱེས་པའི་ཕྱིར། དེ་བརྒྱད་ལ་ནི་སྙིང་གའི་རྩ་འདབ་བརྒྱད་དང་ཐུན་ཚོད་བརྒྱད་གྱི་རྩ་ཞེས་བྱའོ། །དེ་ལྟར་ན་སྙིང་གའི་རྩ་འདབ་བརྒྱད་དང༌། སྙིང་གར་ཐོག་མར་འཆགས་པའི་རྩ་བརྒྱད་དོན་མི་གཅིག་སྟེ། རོ་རྐྱང་དབུ་མ་ གསུམ་དང་བདུད་བྲལ་མ་ནི་སྙིང་གའི་རྩ་བརྒྱད་ཀྱི་ནང་ཚན་དུ་མི་འདྲེན་པའི་ཕྱིར། ཕྱོགས་ཀྱི་རྩ་བཞི་ལ་འབྱུང་བའི་རྩ་ཞེས་བྱ་སྟེ། དེ་ལས་ས་སོགས་འབྱུང་བ་བཞི་འབབ་པའི་ཕྱིར། མཚམས་ཀྱི་རྩ་བཞི་ལ་མཆོད་པའི་རྩ་ཞེས་བྱ་སྟེ། གཟུགས་དྲི་རོ་རེག་བྱ་སྟེ་མཆོད་པ་བཞི་འབབ་ པའི་ཕྱིར། རྩ་བརྒྱད་པོ་རེ་རེའི་ནང་ནས་གཙོ་བོར་རླུང་འབབ་པ། གཙོ་བོར་ཁྲག་འབབ་པ། གཙོ་བོར་ཁུབ་འབབ་པ་གསུམ་གསུམ་དུ་གྱེས་ནས་གནས་ཉེར་བཞིར་གནས་པའི་རྩ་དེ་རྣམས་ལ་ནི་གནས་ཉེར་བཞིའི་རྩ་ཞེས་བྱའོ། །གནས་ཉེར་བཞི་པོ་གང་ཞེ་ན་ཡོད་དེ། སྐྲ་མཚམས་དང་ སྤྱི་བོ་དང་རྣ་བ་གཡས་དང་གཡོན་དང་ལྟག་པ་དང་མིག་དབུས་དང་མིག་གཉིས་དང་ཕྲག་པ་གཉིས་ཏེ་བརྒྱད་དང༌། མཆན་ཁུང་གཉིས་དང་ནུ་མ་གཉིས་དང་སྙིང་དང་ལྟེ་བ་དང་སྣ་རྩེ་དང་ཁ་དང་མགྲིན་པ་དང་འབྲས་བུ་གཉིས་ཏེ་བརྒྱད་དང༌། རྟགས་ཀྱི་རྩེ་དང་བཤད་ལམ་དང་བརླ་གཉིས་དང་ བྱིན་པ་གཉིས་དང་སོར་མོ་བཅུ་དྲུག་དང་པོ་ལ་གོང་གཉིས་དང་མཐེ་བོང་བཞི་དང་པུས་མོ་གཉིས་ཏེ་བརྒྱད་དེ། །བརྒྱད་གསུམ་ཉི་ཤུ་རྩ་བཞི་པོ་དེ་ལ་གནས་ཉེར་བཞི་ཞེས་བརྗོད་པའི་ཕྱིར། དེ་ཡང་བརྒྱད་ཚན་དང་པོའི་རྩ་རྣམས་ནས་གཙོ་བོ་རླུང་འབབ་པས་ཐུགས་ཀྱི་རྩ་དང༌། བརྒྱད་ཚན་བར་བའི་ རྩ་རྣམས་ནས་གཙོ་བོ་ཁྲག་འབབ་པས་གསུང་གི་རྩ་དང༌། བརྒྱད་ཚན་ཐ་མའི་རྩ་རྣམས་ནས་གཙོ་བོར་ཁུ་བ་འབབ་པས་སྐུའི་རྩ་ཞེས་བྱའོ། །རྩ་དེ་རྣམས་ཀྱི་སྟེང་དུ་སྙིང་གར་ཐོག་མར་འཆགས་པའི་རྩ་བརྒྱད་བསྣན་པས་སུམ་ཅུ་རྩ་གཉིས་པོ་དེ་ལ་རླུང་དང་བྱང་སེམས་འབབ་པའི་རྩ་ཞེས་བྱའོ། @005B འོན་ཀྱང་བདུད་བྲལ་མའི་ནང་ནས་དེ་འབབ་པར་གསུངས་པ་ནི་འཆི་བའི་དུས་དང་ལམ་དུས་ལ་དགོངས་ཀྱི། ད་ལྟ་གཞི་ལ་དེའི་ནང་ནས་རླུང་དང་བྱང་སེམས་མི་འབབ་སྟེ། དེའི་ནང་ནས་དེ་མི་འབབ་པར་མ་ཟད། དེས་རྩ་གཞན་གྱི་ནང་ནས་རླུང་དང་བྱང་སེམས་འབབ་པའི་གེགས་བྱེད་ པས་དེ་ལ་བདུད་བྲལ་མ་དང༌། དུས་ཀྱི་རྩ་དང༌། རྣལ་འབྱོར་མ་འགོག་པའི་རྩ་ཞེས་བཤད་པའི་ཕྱིར། གནས་ཉེར་བཞིའི་རྩ་དེ་ལས་ཁུ་ཁྲག་རླུང་གསུམ་གཙོ་བོར་འབབ་པའི་དབང་གིས་གསུམ་གསུམ་དུ་ཕྱེ་བས་བདུན་ཅུ་རྩ་གཉིས། ད་རེ་རེ་ལས་སྟོང་སྟོང་དུ་ཕྱེ་བས་སྟོང་ཕྲག བདུན་ཅུ་རྩ་གཉིས། དེ་རེ་རེ་ལས་སྟོང་ཕྲག་ཉེར་བཞི་པ་ཚན་པ་གསུམ་དུ་ཕྱེ་པའི་ཚན་པ་གཅིག་ནས་གཙོ་བོར་ཁུ་བ་དང༌། ཚན་པ་གཅིག་ནས་གཙོ་བོར་ཁྲག་དང༌། ཚན་པ་གཅིག་ནས་གཙོ་བོར་རླུང་འབབ་པ་གསུམ་ལ་རིམ་པ་བཞིན་དུ་སྐུ་གསུང་ཐུགས་ཀྱི་རྩ་དང༌། འཁོར་ ལོ་གསུམ་གྱི་རྩ་ཞེས་བྱ་སྟེ། རྡོ་རྗེ་ཕྲེང་བ་ལས། གསུམ་པོ་ཉི་ཤུ་རྩ་བཞིར་འགྲོ། །དེ་ལས་འཁོར་ལོ་གསུམ་ཕྱེ་བས། །རྩ་ནི་བརྒྱད་ཀྱི་དབྱེ་བ་ལས། །སྐུ་གསུང་ཐུགས་ཀྱི་སྔགས་ཀྱིས་ནི། །གསུམ་ཕྱེ་བདུན་ཅུ་རྩ་གཉིས་གསལ། །དེ་ལས་སྟོང་དུ་རབ་ཕྱེ་བས། །སོ་སོར་ སྤྲོ་བའི་བདག་ཉིད་ཅན། །སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི། །རྩ་རྣམས་ཀྱི་ནི་གྲངས་ཞེས་བྱ། །ཞེས་གསུངས་པའི་ཕྱིར། རྩ་རྣམས་ཀྱི་ནང་ནས་རྩ་བརྒྱ་ཉི་ཤུ་གཙོ་བོ་ཡིན་ཏེ། སྤྱི་བོའི་རྩ་འདབ་སོ་གཉིས། མགྲིན་པའི་བཅུ་དྲུག །སྙིང་གའི་བརྒྱད། ལྟེ་བའི་དྲུག་ཅུ་རེ་བཞི་ རྣམས་གཙོ་བོ་ཡིན་པའི་ཕྱིར་ཏེ། བརྟག་གཉིས་ལས། རྩ་ཡི་གཙོ་བོ་བརྒྱ་ཉི་ཤུ། །ཞེས་གསུངས་པའི་ཕྱིར། རྩའི་ནང་ནས་གནས་ཉེར་བཞིའི་རྩ་རྣམས་གཙོ་བོ་ཡིན་ཏེ། དེ་རྣམས་ཀྱིས་སྐྲ་སྤུ་སེན་མོ་སོགས་ཀྱི་རྒྱུ་བྱེད་པའི་ཕྱིར། དེའི་ནང་ནས་ཀྱང་རོ་རྐྱང་དབུ་མ་གསུམ་གཙོ་ @006A ༄༅། །བོ་ཡིན་ཏེ། དེ་གསུམ་གྱིས་རླུང་དང་རྣམ་ཤེས་ཀྱི་རྟེན་བྱེད་ཅིང་རྩ་གཞན་རྣམས་ཀྱང་དེ་གསུམ་ལ་བརྟེན་ནས་སྐྱེ་བའི་ཕྱིར། རོ་རྐྱང་དབུ་མ་གསུམ་གྱི་མིང་གི་རྣམ་གྲངས་ཡོད་དེ། དབུ་མ་ལ། ཨ་ཝ་དྷཱུ་ཏི། སྒྲ་གཅན། གཉིས་སྤངས་ཀྱི་རྩ། མུན་པའི་རྩ། ཡིད་ཀྱི་རྩ། ཐུགས་ཀྱི་རྩ་ཞེས་བྱ་ལ། རོ་མ་ལ། ར་ས་ན། འཛིན་པའི་རྩ། ཉི་མའི་རྩ། རྡུལ་གྱི་རྩ། གསུང་གི་རྩ། ཤེས་རབ་ཀྱི་རྩ། གཡས་ཀྱི་རྩ་ཞེས་བྱ་ཞིང༌། རྐྱང་མ་ལ། ལ་ལཱ་ན། གཟུང་བའི་རྩ། ཟླ་བའི་རྩ། སྙིང་སྟོབས་ཀྱི་རྩ། སྐུའི་རྩ། ཐབས་ཀྱི་རྩ། གཡོན་གྱི་ རྩ་ཞེས་བྱ་བའི་ཕྱིར། འོན་ཀྱང་རོ་མ་ལ་ཐབས་ཀྱི་རྩ་དང༌། རྐྱང་མ་ལ་ཤེས་རབ་ཀྱི་རྩ་ཞེས་བཤད་པའང་ཡོད་དེ་མི་འགལ་ལོ། །གཉིས་པ་རླུང་འཆགས་ཚུལ་ཡོད་དེ། བར་དོ་མངལ་དུ་ཉིང་མཚམས་སྦྱར་བའི་དུས་ཀྱི་རླུང་ནི་སྲོག་འཛིན་གྱི་རླུང་ཕྲ་བ་ཡིན་ལ། དེ་ལས་སྲོག་འཛིན་ འགས་པ་སྐྱེ། དེའི་ཚེ་སེམས་ཅན་དེའི་ལུས་ཉའི་དབྱི་བས་ལྟ་བུར་ཡོད། དེ་ནི་ཟླ་བ་དང་པོའི་དབང་དུ་བྱས་པ་ཡིན། ཟླ་བ་གཉིས་པ་ལ་སྲོག་འཛིན་རགས་པ་དེ་ལས་ཐུང་སེལ་གྱི་རླུང་སྐྱེ་ཞིང༌། སེམས་ཅན་དེའི་ལུས་འབུར་པོ་ལྔ་དོད་པ་རུས་སྦལ་གྱི་དབྱིབས་སུ་ཡོད། ཟླ་བ་གསུམ་ བར་ཐུང་སེལ་ལས་མཉམ་གནས་སྐྱེ་ཞིང༌། སེམས་ཅན་དེའི་ལུས་སྟོད་ཅུང་ཟད་སྒུར་བ་ཕག་རྒོད་ལྟ་བུ། ཟླ་བ་བཞི་པར་མཉམ་གནས་ལས་གྱེན་རྒྱུ་སྐྱེ་ཞིང༌། སེམས་ཅན་དེའི་ལུས་སྟོད་ཅུང་ཟད་རྒྱས་པ་སེང་གེ་ལྟ་བུ། ཟླ་བ་ལྔ་པར་གྱེན་རྒྱུ་ལས་ཁྱབ་བྱེད་ཀྱི་རླུང་སྐྱེ་ཞིང༌། ། སེམས་ཅན་དེའི་ལུས་མིའུ་ཐུང་ལྟ་བུ། ཟླ་བ་དྲུག་པ་བདུན་པ་བརྒྱད་པ་དགུ་པ་བཅུ་པ་རྣམས་ལ་རིམ་པ་བཞིན་དུ་མིག་རྣ་བ་སྣ་ལྕེ་ལུས་ཀྱི་སྒོར་རྒྱུ་བའི་རླུང་ཀླུ་དང་རུས་སྦལ་དང་རྩངས་པ་དང་ལྷས་བྱིན་དང་གཞུ་ལས་རྒྱལ་རྣམས་དང༌། འབྱུང་བ་ས་ཆུ་མེ་རླུང་ནམ་མཁའི་ཁམས་ @006B རྣམས་རིམ་པར་འཆགས་པའི་ཕྱིར། རླུང་གི་རྣམ་གཞག་ཅུང་ཟད་རྒྱས་བར་འོག་ཏུ་འཆད་པར་འགྱུར་རོ། །གསུམ་པ་ཐིག་ལེ་འཆགས་པའི་ཚུལ་ཡོད་དེ། བར་དོའི་འཆི་བ་འོད་གསལ་གྱི་རླུང་སེམས་ཀྱི་རིགས་འདྲ་ཕྱི་མ་དང༌། ཕ་མ་གཉིས་ཀྱི་ཁམས་དཀར་དམར་གྱི་དངས་མ་ གཉིས་གཅིག་ཏུ་འདྲེས་ནས་གོང་བུ་གཅིག་ཏུ་གྱུར་པའི་ཐིག་ལེ་དེ། སྙིང་གའི་རྩ་འཁོར་གྱི་དྷཱུ་ཏཱིའི་ནང་དུ་སྦུབས་སྟོང་ཅུང་ཟད་ཡོད་པ་དེའི་ནང་ན་གནས་པའི་ཕྱིར། དེའི་མིང་གི་རྣམ་གྲངས་ཡོད་དེ། མི་ཤིགས་པའི་ཐིག་ལེ། ལྷན་སྐྱེས་ཀྱི་ཐིག་ལེ། ཡེ་ཤེས་ཀྱི་ཐིག་ལེ་ཞེས་ཀྱང་ བྱ་བའི་ཕྱིར། ཐིག་ལེ་དཀར་དམར་དེ་གཉིས་ལུས་ཟུང་ཐམས་ཅད་ཀྱི་གཙོ་བོ་ཡིན་ཏེ། དཀར་པོ་དེ་ལས་ཁུ་བ་རུས་པའམ་ཚིལ་རྐང་རྣམས་འབྱུང་ཞིང༌། དམར་པོ་ལས་ཤ་ཁྲག་ལྤགས་པ་རྣམས་འབྱུང་བའི་ཕྱིར། མི་ཤིགས་པ་དེ་ལ་ཚེ་ཇི་སྲིད་འཚེའི་བར་གྱི་མི་ཤིགས་པ་དང༌། དུས་ནམ་ཡང་མི་ཤིགས་པ་གཉིས་ཡོད་དེ། ཐིག་ལེ་མི་ཤིགས་པ་དང་པོ་དང༌། རླུང་སེམས་མི་ཤིགས་པ་གཉིས་པ་ཡིན་པའི་ཕྱིར། ཕྱི་མ་ལ་ཕྱེ་ན་གཉིས་སུ་འགྱུར་ཏེ། རླུང་དང་སེམས་མི་ཤིགས་པ་གཉིས་སུ་འགྱུར་བའི་ཕྱིར། རྩ་འཁོར་གང་ཁམས་དཀར་དམར་གང་འཕེལ་ བའི་གནས་སུ་འགྱུར་ཚུལ་ཡོད་དེ། སྤྱི་བོ་དཔྲལ་བ་མགྲིན་པ་ནོར་བུའི་དབུས་རྣམས་ཁམས་དཀར་པོ་འཕེལ་བའི་གནས་དང༌། དེའི་ནང་ནས་སྤྱི་བོའི་རྩ་འཁོར་ནི་ཁམས་དཀར་པོ་འཕེལ་བའི་གནས་ཀྱི་གཙོ་བོ་ཡིན་ལ། མགྲིན་པ་ལྟེ་བ་གསང་གནས་རྣམས་ནི་ཁ(Ms) དམར་པོ་འཕེལ་བའི་གནས་དང༌། དེའི་ནང་ནས་ལྟེ་བའི་རྩ་འཁོར་ནི་ཁམས་དམར་པོ་འཕེལ་བའི་གནས་ཀྱི་གཙོ་བོ་ཡིན་ཞིང༌། སྙིང་གའི་རྩ་འཁོར་ནི་ཁམས་དཀར་དམར་གཉིས་ཆ་མཉམ་དུ་འཕེལ་བའི་གནས་ཡིན་པའི་ཕྱིར། གནས་སྐབས་ཀྱི་དབང་དུ་བྱས་ན་བཞི་ཡོད། @007A ༄༅། །སྙིང་ག་དང་ནོར་བུའི་དབུས་ན་གཉིད་འཐུག་བསྐྱེད་པའི་ཐུགས་ཀྱི་ཐིག་ལེ། མགྲིན་པ་དང་གསང་གནས་ན་རྨི་ལམ་བསྐྱེད་པའི་གསུང་གི་ཐིག་ལེ། སྤྱི་བོ་དང་ལྟེ་བ་ན་སད་པ་བསྐྱེད་པའི་སྐུའི་ཐིག་ལེ། ལྟེ་བ་དང་གསང་གནས་སུ་བཞི་པའི་གནས་སླབས་བསྐྱེད་པའི་ ཡེ་ཤེས་ཀྱི་ཐིག་ལེ་རྣམས་སུ་ཡོད་པའི་ཕྱིར། དེ་དག་ཇི་ལྟར་བསྐྱེད་པའི་ཚུལ་ཡོད་དེ། རྩ་འཁོར་དེའང་དེར་རླུང་འདུས་པ་ན་དེ་རྣམས་བསྐྱོད?་པ་ཡིན་པའི་ཕྱིར། དང་པོར་འཆགས་བར་དུ་གནས་ནས་མཐར་ཇི་ལྟར་འཇིག་པའི་ཚུལ་ཡོད་དེ། རླུང་ཐིག་གཉིས་ཐོག་མར་སྙིང་གར་འཆགས་ བ་བཞིན་དུ་མཐར་འཆི་བའི་ཚེ་ཡང་སྙིང་གར་རིམ་གྱིས་སྡུད་པ་ཡིན་པའི་ཕྱིར་ཏེ། རྡོ་རྗེ་འཕྲེང་བ་ལས། ཇི་ལྟར་མེས་བསྲེགས་དངོས་པོ་མེད། །རྒྱུ་མེད་པར་ནི་ཐིམ་ནས་འགྲོ། །སླར་ཡང་སྲོག་གི་རླུང་ཤར་ནས། །ལས་ཀྱི་རླུང་ནི་སྣ་ཚོགས་པ། །དེ་ནི་རྣམ་ཤེས་ལྷན་ཅིག་དང༌། །སླར་ ཡང་འཇིག་རྟེན་གསུམ་དུ་གནས། །ཞེས་གསུངས་པའི་ཕྱིར། གཉིས་པ་ནི། གང་ལ་གནང་དུ་བསྣུན་པའི་གཞི་ནི་རྩ་འཁོར་རྣམས་ཡིན་ལ། དེ་ཡང་སྤྱི་བོར་བདེ་ཆེན་གྱི་འཁོར་ལོ་སྟེ་བ་གྲུ་གསུམ་པ་ཁ་ཐུར་དུ་ལྟ་བ། མགྲིན་པར་ལོངས་སྤྱོད་ཀྱི་འཁོར་ལོ་ལྟེ་བཟླུམ་པོ་ཁ་སྟེང་དུ་ ལྟ་བ། སྙིང་ག་ཆོས་ཀྱི་འཁོར་ལོ་ལྟེ་བ་ཟླུམ་པོ་ཁ་ཐུར་དུ་ལྟ་བ། ལྟེ་བར་སྤྲུལ་པའི་འཁོར་ལོ་ལྟེ་བ་གྲུ་གསུམ་པ་ཁ་སྟེང་དུ་ལྟ་བ་སྟེ་གྲངས་ནི་བཤད་ཟིན་ལ། གཞན་ཡང་གསང་གནས་སུ་བདེ་སྐྱོང་གི་འཁོར་ལོ་རྩ་འདབ?་སོ་གཉིས་དང༌། དཔྲལ་བར་རླུང་འཁོར་རྩ་འདབ་དྲུག་པ་གཅིག དང༌། མགྲིན་པ་དང་སྙིང་གའི་བར་ན་མེ་འཁོར་རྩ་འདབ་གསུམ་པ་གཅིག་དང༌། ནོར་བུའི་དབུས་ན་རྩ་འདབ་བརྒྱད་པ་གཅིག་རྣམས་སོ། །དེ་རྣམས་ལས་གང་གནང་དུ་བསྣུན་སའི་གཙོ་བོ་ཡིན་ཞེ་ན་ཡོད་དེ། སྤྱིར་རྩ་འཁོར་དེ་རྣམས་དང་ཁྱད་བར་དུ་དྷཱ་ཏཱིའི་ཡར་སྣ་མར་སྣ་གཉིས་དང་ @007B སྙིང་ཁ་རྣམས་ན་རླུང་དབུ་མར་འཇུག་པའི་སྒོ་ཁྱད་པར་བ་ར་ཡོད་པས་གནང་དུ་བསྣུན་སའི་གཙོ་བོ་ཡིན་པའི་ཕྱིར། སྐབས་འདིར་གང་གཙོ་བོ་ཡིན་པ་ཡོད་དེ། སྙིང་ག་དང་ལྟེ་བའི་རྩ་འཁོར་གཉིས་གཙོ་བོ་ཡིན་པའི་ཕྱིར། རླུང་དབུ་མར་འཇུག་པའི་ཐབས་ཀྱི་གཙོ་བོ་ཡང་དུ་མ་ཡོད་དེ། རྡོར་བཟླས་ དང་བུམ་པ་ཅན་དང་ལྟ་བ་དང་གསང་གནས་གཉིས་སུ་གཏུམ་མོའི་རྣལ་འབྱོར་དང༌། སྙིང་ག་དང་དྷཱུ་ཏཱིའི་མར་སྣར་ཐིག་ལེའི་རྣལ་འབྱོར་བསྒོམ་པ་རྣམས་སུ་ཡོང་བའི་ཕྱིར། གཞུང?་ནས་བཤད་ཚུལ་ཐ་དད་པའི་དབང་གིས་གྲུབ་ཆེན་རྣམས་ཀྱིས་ཀྱང་བཞེད་ཚུལ་མི་འདྲ་བ་ཡོད་དེ། ཌོཾ་བི་བ་དང༌། ནག་པོ་སྤྱོད་པ་དང༌། ནཱ་རོ་ཆོས་དྲུག་པ་ནི་གཙོ་བོར་ལྟེ་བར་གཏུམ་མོ་བསྒོམས་པ་ལ་བརྟེན་ནས་རླུང་དབུ་མར་འཇུག་པར་བྱེད། ལཱུ་ཧི་པ་ནི་ལྟེ་བ་ཧཱ(I)??་?་བསྒོམས་པ་ལ་བརྟེན་ནས་བྱེད། དྲིལ་བུ་པ་ནི་ཐོག་མར་སྙིང་ག་དང༌། དེ་ནས་དྷཱུ་ཏཱིའི་མར་སྣ་དང༌། དེ་ནས་ཡར་སྣ་སོགས་ལ་གནང་དུ་ བསྣུན་ནས་བྱེད། མཚོ་སྐྱེས་དང་ཀུ་ཀུ་རི་པ་ནི་སྙིང་གར་རྡོར་བཟླས་བསྒོམས་ནས་བྱེད། ཡེ་ཤེས་ཞབས་ལུགས་པ་ནི་དང་པོར་སྙིང་ག་དང༌། དེ་ནས་དྷཱུ་ཏཱི་མར?་སྣ་དང༌། དེ་ནས་སྙིང་ཁར་གནད་དུ་བསྣུན་ནས་བྱེད། འདུས་པ་འཕགས་ལུགས་པ་ནི་དང་པོར་དྷཱུ་ཏཱིའི་མང་སྣ་དང༌། དེ་ནས་སྙིང་ཁར་ གནང་དུ་བསྣུན་ནས་བྱེད། ལུགས་འདིར་དང་པོར་ལྟེ་བ་དང༌། དེ་ནས་སྙིང་ཁར་རྡོར་བཟླས་བྱས་པ་ལ་བརྟེན་ནས་རླུང་དབུ་མར་འཇུག་པར་བྱེད་པའི་ཕྱིར། དེ་ལྟར་མི་འདྲ་བ་དེ་ཐམས་ཅད་ཀྱང་རང་གིས་གང་ལ་བརྟེན་པའི་རྒྱུད་དེའི་དགོངས་པ་ཡིན་པས། ཐབས་དེས་ལྟེ་གསང་གི་གཏུམ་མོ་སྤར་ ཏེ་སྤྱི་བོ་ནས་བྱང་སེམས་ཞུ་བ་བབས་པ་ལས་དགའ་བཞི་དྲངས་ནས་བདེ་སྟོར་སྦྱོར་བ་ལ་ནི་འདྲ་བ་ཡིན་ལ། དེ་ལྟར་ཤེས་ན་ནི་བླ་མེད་ཀྱི་རྫོགས་རིམ་མི་འདྲ་བ་མཐའ་དག་ལ་མཁས་པར་འགྱུར་བ་ཡིན་ནོ། །བཞི་བ་ལ་གཉིས། ཐབས་ཤེས་ཀྱི་ཁྱད་པར་བཤད་པ་དང༌། དེ་ཨེ་ཝཾ་གཉིས་ @008A ༄༅། །ཀྱི་དོན་དུ་འགྱུར་ཚུལ་ལོ། །དང་པོ་ལ་གཉིས། དངོས་དང༌། དེ་དག་བསྐྱེད་པ་ལ་ལུས་ལ་གནད་དུ་བསྣུན་དགོས་པར་བསྟན་པའོ། །དང་པོ་ལ་གཉིས། བདེ་སྟོང་དབྱེར་མེད་དང༌། བདེན་གཉིས་དབྱེར་མེད་ཀྱི་དོན་བཤད་པའོ། །དང་པོ་ལ་གསུམ། སྟོང་པ་བཤད་པ། བདེ་བ་བཤད་པ། བདེ་སྟོང་དབྱེར་མེད་དུ་སྦྱོར་ཚུལ་བཤད་པའི?། །དང་པོ་ལ་སྦྱར་བྱ་བྲག་སྨྲ་བ་མདོ་སྡེ?་པ་རང་རྒྱུད་བས་ཀྱང་འདོད་པའི་གང་ཟག་རང་རྒྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པའི་སྟོང?་ཉིད་ནས། ཐལ་འགྱུར་པས་འདོར་བ་ལྟར་རང་བཞིན་གྱིས་གྲུབ་པས་སྟོང་པའི་སྟོང་ཉིད་ཀྱི་བར་བཞི་ཡོད་ཀྱང༌། འདིར་ ནི་ཐལ་འགྱུར་བས་འདོད་པ་ལྟར་རང་བཞིན་གྱིས་གྲུབ་པས་སྟོང་པའི་སྟོང་ཉིད་དེ། བདེ་སྟོང་སྦྱོར་རྒྱུའི་སྟོང་ཉིད་དུ་འདོད་པ་ཡིན་ནོ། །གཉིས་པ་བདེ་བ་ལའང་ཤིན་སྦྱངས་ཀྱི་བདེ་བ་དང༌། བསམ་གཏན་གྱི་དངོས་གཞིའི་བདེ་བ་དང༌། སྟོང་ཉིད་རྟོགས་པའི་བདེ་བ་དང༌། རླུང་བསྒོམས་པའི་བདེ་བ་ དང༌། གཏུམ་མོ་ཕལ་བ་འབར་ནས་བྱང?་སམས་བཞུས་བའི་བདེ་བ་དང༌། ཕྱག་རྒྱ་གཉིས་ལ་བརྟེན་པའི་བདེ་བ་ཙམ་ནི་སྐབས་འདིར་སྟོང་པ་དང་སྦྱོར་རྒྱུའི་བདེ་བ་མིན་གྱི། བསྒོམས་སྟོབས་ཀྱིས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལ་བརྟེན་ནས་བྱུང་བའི་རྫོགས་རིམ་ པའི་ཐུན་མོང་མ་ཡིན་པའི་ལྷན་སྐྱེས་ཀྱི་བདེ་བ་དེ་ཉིད། སྐབས་འདིར་སྟོང་པ་དང་སྦྱོར་རྒྱུའི་བདེ་བ་ཡིན་ནོ། །གསུམ་པ་བདེ་སྟོང་སྦྱོར་ཚུལ་ཡང?་ཆོས་ཅན་དང་ཆོས་ཉིད་ངོ་བོ་གཅིག་ཏུ་སྦྱོར་བ་དང༌། སྟོང་ཉིད་རྟོགས་པའི་བློ་དང་བདེ་བ་གཉིས་ངོ་བོ་ཐ་དད་པའི་ཚུལ་གྱིས་ཟིན་བྱ་ཟིན་བྱེད་དུ་ སྦྱོར་བ་ཙམ་ནི་འདིར་བདེ་སྟོང་སྦྱོར་བའི་དོན་མིན་གྱི། སྟོང་ཉིད་རྟོགས་པའི་བློ་དེ་ཉིད་བདེ་བ་དང་ངོ་བོ་གཅིག་ཏུ་སོང་བའི་སྒོ་ནས་ཡུལ་ཡུལ་ཅན་གཉིས་ངོ་བོ་དབྱེར་མེད་དུ་སྦྱོར་བ་ཉིད། འདིར་བདེ་སྟོང་དབྱེར་མེད་དུ་སྦྱོར་བའི་དོན་ཡིན་ནོ། །དེ་ལྟར་བདེ་སྟོང་དབྱེར་མེད་དུ་སྦྱོར་བ་དགོས་ཀྱི། བདེ་ @008B བ་དང་བྲལ་བའི་སྟོང་ཉིད་རྟོགས་པའི་བློ་དང༌། སྟོང་ཉིད་རྟོགས་པ་དང་བྲལ་བའི་བདེ་བ་ཙམ་གྱིས་ནི་མི་ཆོ་ག་སྟེ། གྲུབ་ཆེན་ས་ར་ཧས། སྙིང་རྗེ་དང་བྲལ་སྟོང་པ་ཉིད་ཞུགས་པ། །དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ནོ། །འོན་ཏེ་སྙིང་རྗེ་འབའ་ཞིག་བསྒོམས་ན་ཡང༌། །འཁོར་བ་འདིར་གནས་ཐར་པ་ཐོབ་ མི་འགྱུར། །གང་ཡང་གཉིས་པོ་སྦྱོར་བར་ནུས་པ་དེ། །འཁོར་བར་མི་གནས་མྱ་ངན་འདས་མི་གནས། །ཞེས་གསུངས་པའི་ཕྱིར། འདིའི་སྙིང་རྗེ་ནི་སྤྱི་དོན་གྱི་སྙིང་རྗེ་ཙམ་མིན་གྱི། བདེ་ཆེན་ལ་སྙིང་རྗེའི་ཐ་སྙད?་བྱས་པ་ཡིན་ལ། མྱ་ངན་འདས་མི་གནས་ཞེས་པའང་སྤྱིར་མྱང་འདས་ལ་མི་གནས་པའི་ དོན་མིན་གྱི། ཞི་མཐའ་དམན་པའི་མྱང་འདས་ལ་གནས་པར་མི་འགྱུར་བའི་དོན་ནོ། །གཉིས་པ་ལ་གཉིས། ངོས་བཟུང་བ་དང༌། རིགས་པས་བསྒྲུབ་ཚུལ་ལོ། །དང་པོ་ནི། སྐབས་འདིར་ཐུན་མོང་དུ་གྲགས་པའི་འདན་པ་གཉིས་ལ་མི་བྱེད་ཀྱི། འདིར་བདེན་གཉིས་སོ་སོའི་དབང་དུ་བྱས་ན་ཤེས་ རབ་དོན་དམ་བདེན་པ་དོན་གྱི་འོད་གསལ་དང༌། ཐབས་ཀུན་རྫོབ་བདེན་པ་དག་པ་སྒྱུ་མའི་སྐུ་སྟེ། དེ་གཉིས་ངོ?་བོ་དབྱེར་མེད་དུ་སྦྱོར་བ་ནི་བདེན་གཉིས་ཟུང་འཇུག་སྟེ། དེ་ལ་ནི་སློབ་མི་སློབ་ཀྱི་ཟུང་འཇུག་གི་སྐུ?་གཉིས་ཡོད་དོ། །གཉིས་པ་ལ་བཞི་སྟེ། གཟུགས་སྐུའི?་ཐུན་མོང་མ་ཡིན་པའི་རྒྱུ་ལ་བརྟེན་ ནས་སྒྲུབ་པ། སྦྱང་གཞིའི་གནང་ལ་བརྟེན་ནས་སྒྲུབ་བ། ལྷ་བསྐྱེད་ཚུལ་གྱི་གནད་ལ་བརྟེན་ནས་སྒྲུབ་བ། ཐབས་ཤེས་དབྱེར་མེད་དུ་སྦྱོར་ཚུལ་གྱི་གནད་ལ་བརྟེན་ནས་སྒྲུབ་བ་རྣམས་སུ་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། གདུལ་བྱའི་དོན་དུ་གཉེར་བྱའི་གཙོ་བོ་ནི་སངས་རྒྱས་ཀྱི་གཟུགས་སྐུ་ཡིན་ལ། དེ་ནི་ རང་དང་རྣམ་པ་ཤིན་ཏུ་མཐུན་པའི་དངོས་ཀྱི་རྒྱུ་ཞིག་ལ་བརྟེན་ནས་བསྒྲུབ་དགོས་ཤིང༌། དེ་འདྲ་བ་ནི་ཕར་ཕྱིན་ཐེག་པ་དང?། རྒྱུད་སྡེ་འོག་མ་གསུམ་དང༌། བསྐྱེད་རིམ་དང༌། དབེན་པ་གསུམ་དང༌། རིམ་པ་གསུམ་བའི་སྐབས་སུའང་མེད་པའི་ཕྱིར། རེ་རེ་ནས་གྲུབ་སྟེ། ཕར་ཕྱིན་ཐེག་པ་བས་གཟུགས་སྐུ་དེ་རང་དང་ @009A ༄༅། །རྣམ་པ་མཐུན་པའི་ལམ་གྱིས་བསྒྲུབ་པར་མི་འདོད། རྒྱུད་སྡེ་འོག་མ་གསུམ་གྱི་སྐབས་སུ་དེ་དང་རྣམ་པ་མཐུན་པའི་ལམ་བསྒོམ་པ་ཡོད་ཀྱང་དེ་ཙམ་གྱིས་གཟུགས་སྐུ་ཐོབ་པར་མི་ནུས། བསྐྱེད་རིམ་གྱི་སྐབས་སུ་ལྷའི་གསལ་སྣང་བརྟན་པོ་ཡོད་ཀྱང་རང་གི་ལུས་སེམས་ཕྲ་ རགས་གང་ཡང་ལྷ་སྐུར་མ་སོང༌། དབེན་པ་གསུམ་གྱི་སྐབས་སུ་ཡིད་ངོའི་ལྷ་སྐུ་ཙམ་ཞིག་ཏུ་ཟད། རིམ་པ་གསུམ་པའི་སྐུ་དེ་ཡང་དོན་གྱི་འོད་གསལ་སྐྱེས་པའི་ཆེ་འཇའ་ཡལ་བ་ལྟར་འགྱུར་བའི་ཕྱིར། དེ་ལྟར་ན་རིམ་པ་བཞི་བའི་དོན་ཀྱི་འོད་གསལ་གྱི་བཞོན་བར་གྱུར་བའི་རླུང་འོད་ཟེར་ལྔ་བས་ཉེར་ ལེན་དང༌། སེམས་ཀྱིས་ལྷན་ཅིག་བྱེད་རྐྱེན་བྱས་བ་ལས་བྱུང་བའི་དག་པ་སྒྱུ་མའི་སྐུ་དེ་གཟུགས་སྐུ་དང་རྣམ་པ་ཤིན་ཏུ་མཐུན་པའི་རྡོ་རྗེའི་སྐུ་དངོས་ཡིན་པས། དེའི་རིགས་འདྲ་ཕྱི་མ་ཞིག་གིས་རང་འབྲས?་གཟུགས་སྐུའི་དངོས་ཀྱི་ཉེར་ལེན་གྱི་རྒྱུ་བྱེད་པར་འགྲུབ་པོ། །གཉིས་པ་གྲུབ་སྟེ། གཞི་ལ་ འཆི་བ་འོད་གསལ་གྱི་བཞོན་པར་གྱུར་པའི་རླུང་འོད་ཟེར་ལྔ་པས་ཉེར་ལེན་དང༌། སམས་ཀྱིས་ལྷན་ཅིག་བྱེད་རྐྱེན?་བྱས་བ་ལ་བརྟན་ནས་བར་དོ་རླུང་གི་ལུས་ཅན་ཞིག་རྣམ་སྨིན་གྱི་ཕུང?་པོ་རྙིང་པ་ལས་གོ་ས་ལོགས་སུ་ཕྱེ་ནས་འགྲུབ་བ་དེ་བཞིན་དུ། ལམ་དུས་སུ་དཔེ་དོན་གྱི་འོད་གསལ་གྱི་ བཞོན་པའི་རླུང་དང་སེམས་གཉིས་ལ་བརྟེན་ནས་དག་མ་དག་གི་སྒྱུ་མའི་སྐུ་གཉིས་འགྲུབ་པར་འགྱུར་བ་ཡང་ཤེས་པའི་ཕྱིར། གསུམ་པ་གྲུབ་སྟེ། རྒྱུད་སྡེ་འོག་མ་གསུམ་ནས་དབེན་པ་གསུམ་གྱི་བར་དུ་སྟོང་ཉིད་བསྒོམས་པའི་མཐར?་ལྷའི་སྐུར་ལྡང་བ་ཞིག་ཡོད་ཀྱང་ལྷར་དངོས་གནས་སུ་ འགྱུར་བ་མེད་ཅིང༌། རིག་པ་དེས་རྫོགས་རིམ་གྱི་སྐབས་སུ་ལྷ་སྐུར་དངོས་གནས་ལ་ལྡང་བ་ཞིག་ཡོད་པར་འགྲུབ་ལ། གཞན་དུ་ན་སྔར་སྟོང་ཉིད་བསྒོམས་ནས་ལྷར་བསྐྱེད་པ་ཡང་དོན་མེད་དུ་ཐལ་བའི་ཕྱིར། བཞི་པ་གྲུབ་སྟེ། ཕར་ཕྱིན་ཐེག་པར་སྐུ་གཉིས་ཀྱི་རྒྱུའི་གཙོ་བོ་ཁྱད་པར?་ @009B ཅན་གྱི་དབང་དུ་བྱས་པའི་ཐབས་ཤེས་གཉིས་ངོ་བོ་དབྱེར་མེད་དུ་སྦྱོར་བ་མེད་ལ། བླ་མེད་ཀྱི་འོད་གསལ་ལྷན་སྐྱེས་ཀྱི་བདེ་ཆེན་བསྒོམས་པའི་སྟེང་ན་ཆོས་སྐུའི་ཉེར་ལེན་གྱི་རྒྱུའི་གཙོ་བོར་མ་ཟད། གཟུགས་སྐུའི་ཉེར་ལེན་གྱི་རྒྱུའི་གཙོ་བོ་ཐབས་ཀྱི་ཆ་ཡང་ཚང་བ་ཤིན་ཏུ་ གསལ་བའི་ཕྱིར། དེ་ཡང་དཔེ་དོན་གྱི་འོད་གསལ་ལས་དག་མ་དག་གི་སྒྱུ་མའི་སྐུ་བསྒྲུབ་ཚུལ་ཤེས་ན་འབྱུང་བ་ཡིན་ནོ། །གཉིས་པ་ལ་བདེ་སྟོང་དབྱེར་མེད་ཀྱི་ལྷན་སྐྱེས་སྐྱེ་བ་ལ་ལུས་ལ་གནད་དུ་བསྟུན་དགོས་ཏེ། ལུས་ལ་གནད་དུ་བསྣུན་བ་དང་བྲལ་ནད་མི་སྐྱེ་བའི་ཕྱིར། གནད་དུ་བསྣུན་པ་ལ་ནི་ཕྱི་ཕྱག་རྒྱལ་བརྟེན་བ་དང༌། ནང་རྩ་རླུང་ཐིག་ལེ་ལ་བརྟེན་པ་གཉིས་གསུངས་ཤིང༌། ཐབས་དེ་གཉིས་གང་རུང་ལ་བརྟེན་ནས་རོ་རྐྱང་གི་རླུང་དྷཱུ་ཏཱིར་ཞུགས་གནས་ཐིམ་གསུམ་བྱས་པ་ལས། གཏུམ་མོ་སྦར་ནས་བྱང་སེམས་བཞུས་པའི་བདེ་བས་སྟོང་ ཉིད་རྟོགས་པའི་བདེ་སྟོང་དབྱེར་མེད་དུ་སྦྱོར་བ་ནི་གདམས་ངག་ཐམས་ཅད་ཀྱི་གནད་བསྡུས་པ་ཡིན་ཏེ། ས་ར་ཧས། ཟ་ཞིང་འཐུང་ལ་གཉིས་སྤྲོད་ཀྱིས་དགའ་ཞིང༌། །རྟག་ཏུ་ཡང་དང་ཡང་དུ་འཁོར་ལོ་འགེངས། །ཆོས་འདི་ལྟ་བུས་འཇིག་རྟེན་ཕ་རོལ་འགྲུབ་འགྱུར་ཏེ། །རྨོངས་པའི་ འཇིག་རྟེན་མགོ་བོར་རྡོག་པས་མནན་ནས་སོང༌། །གང་དུ་རླུང་དང་སེམས་ནི་མི་རྒྱུ་ཞིང༌། །ཉི་མ་ཟླ་བ་འཇུག་པ་མེད་གྱུར་པ། །མི་ཤེས་པ་དག་གནས་དེར?་སེམས་ནི་དབུགས་ཕྱུངས་ཤིག །མདའ་བསྣུན་གྱིས་ནི་མན་ངག་མཐའ་དག་བརྟེན་ནས་སོང?། །ཞེས་གསུངས་བའི་ཕྱིར། གཉིས་ པ་ནི། ཨེ་ཝཾ་གྱི་དོན་ལ་དྲད་ངེས་ཀྱི་བཤད་པ་གཉིས་ཡོད་པའི་ངེས་དོན་གྱི་དབང་དུ་བྱས་ན། སྟོང་ཉིད་རྟོགས་པའི་ཤེས་རབ་དེ་ཨེ་ཡིག་གི་མཚོན་དོན་དང༌། ལྷན་སྐྱེས་ཀྱི་བདེ་བ་དེ་ཝ་ཡིག་གི་མཚོན་དོན་དང༌། དེ་གཉིས་ངོ་བོ་དབྱེར་མེད་དུ་སྦྱོར་བ་ནི་ཐིག་ལེའི་མཚོན་དོན་ཡིན་ལ། དེ་ནི་བདེ་ལྟོད་ @010A ༄༅། །དབྱེར་མེད་ཀྱི་ཨེ་ཝཾ་གྱི་དོན་མཚན་ཚུལ་ཡིན་ཏེ། རྡོ་རྗེ་འཕྲེང་བ་ལས། ཨེ་ཝཾ་དེ་བཞིན་གཤེགས་པའི་རྒྱ། །གཉིས་སུ་མེད་པའི་མཚོན་བྱེད་དང༌། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །གང་ལ་དེ་ཉིད་མངོན་པར་བརྗོད། །དེ་ལ་དེ་བཞིན་གཤེགས་པའི་རྒྱ། །གཉིས་མེད་ ཡེ་ཤེས་མཚོན་པ་ནི། །རྒྱུད་རྣམས་ཀུན་གྱི་གླེང་གཞིར་གསུངས། །ཞེས་གསུངས་པའི་ཕྱིར། ཡང་བདེ?་སྟོང་དབྱེར་མེད་ཀྱི་ཡེ་ཤེས་དེ་ཨེ་ཡིག་གི་དོན་དང༌། སྒྱུ་མའི་སྐུ་དེ་ཝ་ཡིག་གི་དོན་དང༌། དེ་གཉིས་ངོ་བོ་དབྱེར་མེད་དུ་སྦྱོར་བའི་ཟུང་འཇུག་ནི་ཐིག་ལེའི་དོན་ཏེ། དེ་ལའང་ལམ་དུས་དང་ འབྲས་དུས་ལ་སྦྱར་པ་གཉིས་ཡོད་དོ། །དྲང་དོན་འདྲེན་བྱེད་རྟགས་ཀྱི་ཨེ་ཝཾ་གྱི་དོན་ལ་ཕྱི་ནང་གཉིས་ལས། ཕྱི་ལ་སྦྱར་ན་ཨེས་ཕྱག་རྒྱའི་པདྨ་དང༌། ཝས་ཡབ་ཀྱི་རྡོ་རྗེ་ནོར་བུ་དང༌། ཐིག་ལེས?་དེ་གཉིས་ཕན་ཚུན་སྦྱོར་བ་དེ་མཚོན་ལ། ནང་ལ་སྦྱར་ན། ཨེས་སྤྱི་བོ་དང་ལྟེ་བའི་རྩ་འཁོར། ཝས་ མགྲིན་པ་དང་སྙིང་གའི་རྩ་འཁོར། ཐིག་ལེས་སྤྱི་བོ་དང་མགྲིན་པའི་རྩ་འཁོར་ཐབས་ཤེས་སུ་ཕྱོགས་པ་དང༌། སྙིང་ག་དང་ལྟེ་བའི་རྩ་འཁོར་ཐབས་ཤེས་སུ་ཕྱོགས་བ་དེ་མཚོན་ནོ། ༈ །གཉིས་པ་སྐབས་སུ་བབས་པའི་རྫོགས་རིམ་བཤད་པ་ལ་གསུམ། གཞི་དངོས་པོའི་གནས་ཚུལ། ལམ་བགྲོད་པའི་རིམ་པ། འབྲས་བུ?་མངོན་དུ་བྱེད་པའི་ཚུལ་ལོ། །དང་པོ་ནི་སྔར་རྩ་རླུང་ཐིག་ལེའི་རྣམ་གཞག་བཤད་པ་དེ་ཡིན་ལ། འདིར་ཡང་ཅུང་ཟད་བརྗོད་ན་གསུམ། ལུས་ཀྱི་གནས་ཚུལ་དང༌། སེམས་ཀྱི་གནས་ཚུལ་དང༌། ལུས་སེམས་ཐུན་མོང་བའི་གནས་ཚུལ་ལོ། །དང་པོ་ལའང་ གསུམ། རགས་པ། ཕྲ?་བ། ཤིན་ཏུ་ཕྲ་བའོ། །དང་པོ་ནི། རྣམ་སྨིན་གྱི་འབྱུང་ལུས་རགས་པ་འདི་ལྟ་བུ། གཉིས་པ་ནི། རྩ་རླུང་ཐིག་ལེ་ལྟ་བུ། གསུམ་པ་ནི་སྟོང་པ་གསུམ་དང་གཞི་ལམ་གྱི་འོད་གསལ་གྱི་བཞོན་བའི་རླུང་ཕྲ་བ་ལྟ་བུ་ཡིན། གཉིས་པ་སེམས་ཀྱི་གནས་ཚུལ་ལའང་རགས?་ @010B འགྲ?་བ་ཤིན་ཏུ་ཕྲ་བ་གསུམ། དང་པོ་ནི། མིག་རྣ་བ་སྣ་ལྕེ་ལུས་ཀྱི་རྣམ་ཤེས་ལྟ་བུ། གཉིས་པ་ནི་ཀུན་རྟོག་བརྒྱད་ཅུ་དང་རྩ་ཉོན་དང་ཉེ་ཉོན་ལྟ་བུ། གསུམ་པ་ནི་སྟོང་པ་གསུམ་དང་ཐམས་ཅད་སྟོང་པ་འོད་གསལ་གྱི་སེམས་ལྟ་བུ་ཡིན། གསུམ་པ་ལུས་སེམས་ཐུན་མོང་བའི་གནས་ཚུལ་ནི། ཤིན་ཏུ་ཕྲ་བའི་རླུང་ སེམས་གཉིས་ངོ་བོ་གཅིག་པ་སྟེ་དེ་ཡང་འཆི་བ་འོད་གསལ་གྱི་རླུང་སེམས་དངོས་པོ་གཅིག་པ་ལྟ་བུའོ། །གཉིས་པ་ལམ་བགྲོད?་ པའི་རིམ་པ་ལ་ནི། རྡོར་སེམས་ཀྱི་སྒོམ་བཟླས་དང༌། བླ་མའི་རྣལ་འབྱོར་གཉིས་འཁྲིད་ཀྱི་སྔོན་འགྲོར་བྱེད་དགོས་པས་དེ་ནི་གཞན་དུ་ཤེས་བར་བྱ་ལ། འདིར་ནི་འཁྲིད་དམིགས་ ཙམ་གཙོ་བོར་མི་བྱེད་ཀྱི། གཞུང་དོན་བཤད་བ་དང་འབྲེལ་བར་འཆད་བ་ཡིན་ནོ། །འོན་ཀྱང་སྔོན་འགྲོ་སྤྱོད་ལམ་ཇི་ལྟ་བུ་དང༌། རླུང་རོ་བསལ་ཚུལ་གཉིས་ལས། དང་པོ་ནི་བཤད་རྒྱུད་རྡོ་རྗེ་འཕྲེང་བ་ལས། སྒྲུབ་པོ་བདེ་བའི་སྟན་འདུག་ནས། །མིག་གཉིས་སྣ་རྩེར་གཏད་བྱས་ལ། །སྣ་ནི་ལྟེ་བའི་ཚད་དུ་ བཞག །ཕྲག་གོང་མཉམ་ལ་ལྕེ་རྒན་སྦྱར། །མཆུ་དང་སོ་ནི་བདེ་བར་བཞག །དབུགས་ཀྱི་འབྱུང་རྡུབ་གློད་ནས་ནི། །ཅུང་ཟད་ཅུང་ཟད་རྩོལ་བྲལ་བ། །ཇི་ལྟ་བ་བཞིན་འབྱུང་རྡུབ་ནི། །སེམས་དཔའི་སྐྱིལ་ཀྲུང?་ལེགས་གནས་པ། །ཞེས་གནད་བཞིའི་ནང་ནས། ལུས་དང་རླུང་གི་གནད་གཉིས་བསྟན་ པ་ལྟར་ཡིན་ལ། དེ་ཡང་གནད་བཞིན་རིམ་ལྔ་བསྡུས་བ་གསལ་བ་ལས། ལུས་དང་དུས་དང་ཡུལ་རླུང་གི །གནད་ནི་རྣམ་པ་བཞིར་ཤེས་བྱ། །ཞེས་འབྱུང་བ་ལྟར་ཏ། ལུས་ཀྱི་གནད་ནི་བཤད་མ་ཐག་པའི་རྣམ་སྣང་གི་ཆོས་བདུན་ལྡན་དང༌། དུས་ནི་སྤྱིར་དུས་ཐམས་ཅད་དང༌། ཁྱད་བར་ཐོ་རངས་ རིག་པ་དངས་པའི་དུས་དང༌། ཕྱི་དྲོ་མེ་རླུང་རྒྱུ་བའི་དུས་སུ་བསྒོམ། ཡུལ་ནི་སྙིང་ག་སོགས་མང་དུ་གསུངས་ཀྱང་འདིར་དང?་ལྷར་གསལ་བའི་ལྟེ་བའི་རྩ་འཁོར་གྱི་དྷཱུ་ཏཱིའི་ནང་དུ་དམིགས་ནས་བྱེད། རླུང་གི་གནད་ནི་དབུགས་ཀྱི་འབྱུང་རྡུབ?་གློད་པ་སོགས་སྡར?་ལྟར་རོ། །གཉིས་པ་རླུང་རོ་བསམ་ཚུལ་ནི། @011A ༄༅། །རང་འཇིགས་བྱེད་དུ་གསལ་བའི་ཡུས་ཀྱི་ནང་དབུས་ཐད་ཀྱི་སྒལ་ཆིག་ལ་ཉེ་བར་དབུས་སུ་དབུ་མ་བྱི་ལྔོ་ལ་ནང་དམར་བ་ཡང་སྙེ་སྨིན་མཚམས་ཀྱི་མཛོད་སྦྲུའི་ཐད་དང༌། དེའི་གཡས་སུ་ངོམ་དམར་པོ། །གཡོན་དུ་རྐྱང་མ་དཀར?་པོ། །གཉིས་ཀའི་ཀར་སྣེ་དོན་ལ་སྨིན?་ མཚམས་སུ་དབུ་མའི་གཡས་གཡོན་དུ་ཡོད་ཀྱང༌། བསྒོམ་པའི་ཚེ་སྣ་བུག་གཡས་གཡོན་དུ་གནས་བར་བསམ་བ་དང༌། གསུམ་གའི་མར་སྣ་རྟགས་ཀྱི་རྩེ་མོར་མཉམ་མོ། །དེ་བཞིན་དུ་སྤྱི?་བོ་ལ་སོགས་པའི་རྩ་འཁོར་རྣམས་བཤད་བ་ལྟར་གསལ་གདབ། འོན་ཀྱང་དོན་ཆན་ནི་རྩ་འཁོར་ གྱི་ཐད་དུ་མདུད་པ་བཅིངས་ཡོད་པ་རྣམས་ལ་ནི། འདིར་བསྒོམ་པའི་ཚེ་མདུད་པ་མ་བཅིངས་པར་སོགས་སྡུག་གི་རྣམས་ཅན་དུ་བྱའོ། །རོ་མའི་མར་སྣེ་རྐྱང་མའི་ནང་དུ་བཅུག་སྟེ། རང་གི་སྣ་བུག་གཡས་ནས་རླུང་ནང་དུ་རྡུབས?་པས་ངོ་མའི་ནག་བརྒྱུད་དེ་རྐྱང་མའི་ནང་དུ་དྲངས། སྣ་བུག་གཡོན་ནས། ལན་གསུམ་ཕྱིར་བུས་པས་རྒྱར་མའི་ནང་གི་རྩ་སྐྱོན་ཐམས་ཅད་སྦྱངས་ནས་ཕྱིར་ཐོན་བར་བསམ། ཡར?་རྐྱང་མའི?་མང?་སྣེ་རོ?་མའི་ནང་དུ་བཅུག་པར?་མོས་ཏེ། རང་གི་སྣ་བུག་གཡོན་ནས་རླུང་ནང་དུ་རྡུབས་པས་ངོ?་མའི་ནང་བུ་ཡང་དྲངས?། །སྣ་བུག་གཡས་ནས་ལན་གསུམ་ཕྱིར་བུས་པས་རོ་ མའི་ནང་གི་རྩ་སྐྱོན་ཐམས་ཅད་སྦྱངས་ནས་ཕྱིར་ཐོབ་བར་བསམ། ལང་རོ་རྐྱང་གཉིས་གྱི་མར་སྣེ་དབུ་མའི་ནང?་དུ་སྔར་ལྷར་?་དེ། སྣ་བུག?་གཉིས་གནས་མཉམ་དུ་རླུང་ནང་དུ་རྡུབས་བས་དབུ་མའི་ནང་དུ་ཡང་དྲངས། སྟེར་གི་སྣ་སྒོར་སླེབས་པ་ན་སྣ་བུག་གཉིས་ནས་མཉམ་དུ་ལན་གསུམ་ ཕྱིར་བུས་པས། དབུ་མའི་ནང་གི་རྩ་ངེ་རས་པ། ཁུམ་པ། ཞར་བ་སོགས་ཀྱི་སྐྱོན་ཐམས་ཅད་སྦྱང་ནས། དབུ་མའི་ནང་ཐམས་ཅད་དངས་ཤིར་སྣུམ་ཕྲོམ?་པ་ཞིག་ཏུ་བྱུང?་བར་བསམ་མོ། །མྱ?་གཞུང་འགའ་ཞིག་ཏུ་རླུང་སྦྱོར་མི་འདྲ་བ་གཞན་མང་པོ་ཞིག་ཀྱང་བཤད་དེ?། དེ་ནས་དངོས་གཞི་བཤད་ @011B བལ་བཞི། སྔགས་ཀྱི་རྣལ་འབྱོར། དམ་ཚིག་གི་རྣལ་འབྱོར། དབྱིབས་ཡི་རྣལ་འབྱོར། རྣམ་དག་ཡེ་ཤེས་ཀྱི་རྣལ་འབྱོར་རོ། །དེ་ཡང་གྲུབ་ཆེན་གྱི་གཞུང་ལས། དབྱིབས་དང་སྔགས་དང་དམ་ཚེག་དང༌། །རྣམ་དག་ཡེ་ཤེས་ཞེས་བྱ་བས། །ཞེས་དབྱིབས་ཀྱི་རྣལ་འབྱོར་སྔོན་དུ་གསུངས་པ་ནི་བཤད་བའི་རམ་བ་ ཡིན་ལ། འདིར་སྔགས་ཀྱི་རྣལ་འབྱོར་སྔོན་དུ་འཆད་བ་ནི་བསྒེམ་བའི་རིམ་བ་ཡིན་ནོ། །རྣལ་འབྱོར་བཞིའི་ལམ་གྱིས་ནི་འདུས་པའི་ཟབ་ལམ་རེམ་པ་རྔའི?་གནད་ཐམས་ཅད་བསྡུས་བ་ཡིན་ཏེ། རྗེ་དགེ་འདུན་རྒྱ་མཚོའི་གསུང་ལས། ཟབ་ལམ་རིམ་པ་ལྔ་ཡི་གནད་ཀྱི་དོན། །མ་ལུས་བསྡུས་པ་རྣལ་ འབྱོར་རྣམ་བ་བཞི། །སྤྱོད་བ་གསུམ་དང་བཅས་བའི་ལམ་བཟང་གིས། །སྐུ་གསུམ་གོ་འཕར་ཚེ་འདིར་ཐོབ་པར་ཤོག །ཅེས་གསུངས་པའི་ཕྱིར། སྨོན་ལམ་འདི་ནི་རྗེ་ཡབ་སྲས་ཀྱི་དགོངས་པ་ལྟར་གསུངས་འདུག་པས་འདི་དན་བསྟུན་ནས་བཤད་བར་བྱ་སྟེ། དང་པོ་སྡགས་ཀྱི་རྣལ་འབྱོར་འཆད་བ་ལ་ གཉིས། སྡོན་དུ་ལྟེ་བར་གནད་དུ་བསྣུན་ཚུལ། དེ་ནས་བུམ་བ་ཅན་དང་སྙིང་གང་རྡོར་བཟླས་བྱ་ཆུལ་ལོ། །དང་པོ་ནི། བསྐྱེད་རིམ?་ལ་བརྟན་པ་ཐོབ་བའི་རྗེས་སུ། གྲུབ་ཆེན་གྱི་གཞུང་ལས། མཁའ་འགྲོའི་ཕེ་བྲང་ཆུ་སྐྱེས་དབུས། །ཞེས་སོགས་ཀྱིས་བསྟན་པ་ལྟར། སྨོན་ལམ་ལས། སྤྲུལ་བའི་འཁོར་ལོ་འདོད་ ལྷ་ཡབ་ཡུམ་ལ། །སེམས་གཞོལ་རྗེས་གཞིག་སྡུད་རིམ?་(MCHGO)་གིས་ནི། །རླ?་ཉིའི་རྒྱུ་བ་སྒྲ་གཅན་ལམ་བཀག་བས། །ཡར?་བབས་མ་ས་བརྟན་དགའ་བཞི་སྐྱེ་བར་ཤོག །ཅེས་གསུངས་པའི་དོན་ནི། རང་འདོང་ལྷ་འཇིགས་བྱེད་ཞལ?་ཕྱག་ཡོངས་རྫོགས་སམ་ཞལ་གཅིག་ཕྱག་གཉིས་བ་ཡུམ་བཅས་ གང་རུང་བསྒོམས་པའི་རྩ་གསུམ་འཁོར་རོལ་བཞི་དང༌། ཁྱད་པར་ལྟེ་བའི་རྩ་འཁོར་གསལ་བཏབ་སྟེ་རྩལ་མ་ཇི་ལྟར་སྦྱོང་ཚུལ་ནི་འཁྲིད་ཡིག་ཏུ་འབྱུང་བལྟར་བྱས་ནས། ལྟེ་བའི་རྩ་འཁོར་གྱི་དབུས་སུ་དྷཱུ་ཏཱིའི་ནང་དུ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་བ་ཡབ་ཡུམ་ཚོན་གང་བ་ཞིག་གསལ་ @012A ༄༅། །གང་བཅིང༌། ཡབ་ཀྱི་ཐུགས་གར་ཉི་གདན་སྲན་མ་བྱེད་གཤགས་ཙམ་གྱི་སྟེང་དུ་ཧཱུཾ་ཡིག་དཀར་ལ་དམར་བའི་མདངས་ཅན་འོད་འཕྲོ་བ་ཞིག་ལྷའི་ངོ་བོར་བསམས་ཉེ་སེམས་ཞུགས་པ་བཞིན་བྱས་ནས་བསྒོམ། དེ་ནས་ལྟེ་བའི་འཇིགས་བྱེད་ཡབ་ཡུམ་སྙོམས་བར་ཞུགས་པའི་ སྦྱོར་མཚམས་ནས་འོད་ཟེར་དམར་པོའི་ཚོགས་སྤྲོས་ཏེ། དམ་ཚིགས་པའི་སྐུ་གང་བ་སྤུའི་བུ་ག་ཐམས་ཅད་ནས་ཕྱིར་ཐོན་སྣོད་ཀྱི་འཇིག་རྟེན་ལ་འཕོག་པས་དག་པའི་ཞིང་དང་འོད་ཀྱི་རང་བཞིན་དུ་གྱུར། བཅུད་ཀྱི་སེམས་ཅན་ཐམས་ཅད་འཕོག་བས་སྒྲེབ་པ་སྦྱངས་ནས་འཇིགས་བྱེད་དུ་བྱས། དེ་ནས་སྣོད་བཅུང་དང་བཅུད་ཐམས་ཅད་དུར་ཁྲོད་གཞལ་ཡས་ཁང་བསྒོམས་པ་ཡིན་ན་རིམ་གྱིས་བསྡུས་ཏེ་དེ་རྣམས་འཁོར་བསྒོམས་པ་ཡོད་ན་དེར་བསྡུ་བར་ཡང་བཤད། དེ་དམ་ཚིག་སེམས་དཔའ་ཡབ་ཡུམ། དེ་ཡང་རིམ་གྱིས་བསྡུས་ནས་འཇམ་དཔལ་བསྒོམས་པ་ཡོད་ན་དེར་བསྡུ་བར་ཡང་ གསུང་ས། འཁྲིད་ཡིག་ལྟར་ན་འདིར་དེ་མེད་ཀྱང་རུང་བར་སྣང་བས་དམ་ཚིགས་ལྟེ་བའི་ཡེ་ཤེས་སེམས་དཔའ་ཡབ་ཡུམ་ལ་བསྡུ་ཞིང༌། དེ་ཡང་ལྟེ་བའི་ཧཱུཾ་ཡིག་ལ་ཐིམ་དེ་ཉེད་ཀྱང་ཞབས་ཀྱུ་ནས་ནཱ་དྲའི་བར་བསྡུས་ཏེ་ན་ད་ལ་སེམས་འཛིན་པའམ། ནཱ་དབང་མི་དམིགས་པར་བྱས་ནས་དེའི་ཐད་ཀ?་ མ་འཆུགས་པར་བྱས་ཏེ་སེམས་བཟུངས་ཀྱང་ཚིག་སྟེ། གཞུང་དེ་ཉིད་ལས། ཇི་ལྟར་དབུགས་ཀྱི་མེ་ལོང་ལ། །ཞེས་སོགས་གསུངས། བློ་གྲོས་ཆོས་སྐྱོང་བས་ཧཱུཾ་ཡིག་དེ་ཐིག་ལེ་ཡུངས་འབྲུ་ཙམ་དཀར་ལ་དམར་བའི་མདངས་ཅན་དུ་གྱུར་བའི་ན་དུ་སེམས་འཛིན་པར་བཤད་དེ་གཞུང་ དེ་ཉིད་ལས། ཡུངས་ཀར་ཙམ་དུ་བརྟག་བྱ་གང༌། ཞེས་སོགས་ཀྱིས་བསྟན་བས་མི་འག་ལ། དེ་ལྟར་པར་གནང་དུ་བསྣུན་ནས་བསྒོམས་པས་ལྟེ་བའི་དབུ་མའི་ནང་དུ་རླུང་ཞུགས་གནས་ཐིམ་གསུམ་བྱེད་པ་འབྱུང་བ་ཡིན་ཏེ། རླུང་སེམས་འཇུག་བ་གཅིག་བའི་གནད་བྱིང་གང་དུ་ @012B སེམས་བཟུང་བ་དེང་རླུང་ཡང་སྡུང་ནུས་བའི་ཕྱིར་རོ། །དེ་ཡང་དང་པོ་ཞུགས། དེ་ནས་གནས། ད་ནས་ཐིམ་པ་འོངས་ཤིང༌། ཞུགས་པའི་རྟགས་སུ་སྣ་བུག་གཉིས་ནས་རླུང་མཉམ་རྒྱུ་ཤེད་མཚུངས་ངེས་ཅན་དུ་འཐེངས་པ་དེ་འབྱུང༌། གནས་བའི་རྟགས་སུ་སྣ་བུག་གཉིས་ནས་རླུང་གེ་རྒྱུ་བ་ ཆད་ཅིང་ལྟོ་བ་མི་འགུལ། ཐིམ་བའི་རྟགས་སུ་ས་ཆུ་ལ་ཐིམ་བ་ན་སྨིག་རྒྱུ་ལྟ་བུའི་སྣང་བ་འཆར་ཏེ། དེ་ནི་སོས་ཀའི་དུས་སུ་རི་ཐང་མཚམས་སུ་བལྟས་པ་ན་ཆུ་སྔོ་ཁྲེབ་ཁྲབ་རྒྱུགས་པའི་སྣང་བ་འཆར་བ་ལྟ་བུ། ཆུ་མེ་ལ་ཐིམ་པ་ན་དུ་བ་ལྟ་བུའི་སྣང་བ་འཆར་ཏེ། དེ་ནི་དུ་བ་ཕྲ་མོ་སྔོ་སངས་ཀྱི་ རྣམ་པ་ལྟ་བུ། མེ་རླུང་ཐིམ་པ་ན་མེ་འཁྱེར་ལྟ་བུའི་སྣང་བ་འཆར་ཏེ། དེ་ནི་རྩྭ་ཕུང་མེར་བསྲེགས་བའི་མེ་མ་དག་ཕྲ་མོ་ནམ་མཁར་གཏོར་བས་དམར་ཁྲེམ་ཁྲེམ་འབྱུང་བ་ལྟ་བུ། ཀུན་རྟོག་གཡོ་བྱེད་ཀྱི་རླུང་ཕལ་ཆེར་དབུ་མའི་ནང་དུ་ཐིམ་པ་ན་མར་མེ་འབར་བ་ལྟ་བུའི་སྣང་བ་འཆར། ཀུན་རྟོག་གཡོ་ བྱེད་ཀྱི་རླུང་རྣམས་སྣང་བ་ལ་ཐིམ་པ་ན?་མཚན་མོ་ཟླ་འོད་ཀྱིས་ཁྱབ་པ་ལྟར་དཀར་ལམ་པའི་སྣང་བ་འཆར། སྣང་བ་མཆེད་པ་ལ་ཐིམ་པ་ན་སྟོན་དུས་ཀྱི་ནམ་མཁའ་གཡས་དག་པ་ལ་ཉི་འོད་ཀྱིས་ཁྱབ་པ་ལྟ་བུ་དམར་སྐྱའ་དམར་ལམ་པའི་སྣང་བ་འཆར། མཆེད་བ་ཉེར་ཐོབ་ལ་ཐིམ་བན་སྟོན་ དུས་ཀྱི་ནམ་མཁའ་གཡའ་དག་པ་ལ་སྲོད་ཀྱི་སྨག་འཐུག་པོས་ཁྱབ་པ་ལྟ་བུ་ནག་ལམ་པའི་སྣང་བ་འཆར་ཏེ། འདི་ལ་ཐོག་མར་དྲན་བ་མཉམས?་བ་དང༌། དེ་ནས་དྲན་མེད་དུ་འགྲོ་བ་གཉིས་ཡོད། ཉེར་ཐོབ་འོང་གསལ་ལ་ཐིམ་བའི་འོད་གསལ་རང་དུས་སུ་སྟོན་གྱི་ནམ་མཁའ་གཡའ་དག་བ་ལ་ སློད་བྱེད་གསུམ་པོ་དེ་མེད་པར་ཐོར་ངས་ཀྱི་ནམ་མཁའི་རང་མདོག་ཇི་ལྟ་བ་བཞིན་འཆར་བ་སྟེ། དེ་རྣམས་ཀྱི་དུས་སུ་ཡུལ་སྣང་གཞན་གང་ཡང་ཡིད་ངོར་མི་འཆར་བར་སྣང་བ་དེ་དང་དེ་རྣམས་འཆར་བའོ། །དེ་ལྟ་བུའི་སྣང་བ་གསུམ་དང་ཁྱད་བར་འོད་གསལ་གྱི་དུས་སུ་སྟོང་ཉིད་ཀྱི་ལྟ་བ་དྲན་ཏེ་བདེ་སྟོང་ @013A ༄༅། །སྦྱར་ནས་ཅི་ནུས་སུ་བསྒོམ། འོད་གསལ་དེ་ལ་མཉམ་པར་བཞག་བཞིན་བ་དང༌། ཡང་དེ་ལས་འཇིག་བྱེད་དུ་ལངས་ནས་འཇིགས་བྱེད་དུ་བསྒོམས་བའི་རྩ་འཁོར་བཞི་དང༌། སྤྱི་བོའི་རྩ་འཁོར་གསལ་བཏབ་སྟེ། རྟོག་བདུན་ལས་བ་ཤད་པ་ལྟར་གཏུ་མ་མོ་སྦར་ནས་བྱང་སེ(Ms) བཞུས་པ་ལས་དགའ་བཞི་འདྲེན་པར་བྱ་ཚུལ་ནི། སྤྱི་བོའི་རྩ་འཁོར་ནང་དུ་བླ་གདན་དང༌། དེའི་འོག་ནས་བྱང་སེམས་ཀྱི་ངོ་བོ་ཧཾ་ཡིག་དཀར་པོ་མགོ་ཐུར་དུ་བལྟ་ཞིང༌། རྩ་བ་ཟླ་གདན་ལ་ཟུག་པ་དང༌། མགྲིན་བའི་རྩ་འཁོར་གྱི་དྷཱུ་ཏཱིའི་ནང་དུ་གཏུ་མ་མོའི་ངོ་བོ་ཨ་ཡིག་དམར་པོ་དང༌། ཡང་སྙིང་ གའི་དྷཱུ་ཏཱིའི་ནང་དུ་བྱང་སེམས་ཀྱི་ངོ་བོ་ཧཱུཾ་ཡིག་དཀར་པོ། །ལྟེ་བའི་དྷཱུ་ཏཱིའི་མར་སྙེར་ཉི་གདན་ལ་གཏུམ་མོའི་ངོ་བོ་ཨ་ཐུར་ཤད་ཀྱི་རྣམ་པ་ཅན་ཟླ་ཆོས་ཐིག་ལེ་དང་བ་ཅས་བ་ཞིག་བསྒོམས་ལ། རང་གི་རླུང་ནང་དུ་རྡུབས་བས་རོ་རྐྱང་གཉིས་ཀྱི་ནང་བརྒྱུད་དེ་དབུ་མའི་མར་སྣེ་ནས་ཞུགས། ལུམ་ གྱི་དྷཱུ་ཏཱིའ་མིར་སྣེ་ནས་ཀྱང་རླུང་བྱུང་སྟེ་རང་གི་དྷཱུ་ཏཱིའི་ནང་དུ་དྲངས། རླུང་དེ་གཉིས་བསྡོམས་བས། ཉི་གདན་ཨ་ཐུང་དང་བཅས་བ་བུས་ཏེ་དམར་ཧར་ཧར་གྱུར་ནས་མེ་འབར་ལ་ཁད་བྱས། སླར་ཡང་བུས་བས་མེ་རྒྱ་ཁབ་ཙམ་འབར། དེ་ཉིད་ཆེར་འབར་ནས་བྱའི་སྒྲོ་རྐང་ལྟར་སོང་སྟེ། སྙིང་ག་ མགྲིན་བ་སྤྱི་བོ་རྣམས་སུ་རིམ་གིས་སླེབས་བ་ན། སྤྱི་པོའི་ཧཾ་ཡིག་མར་ཞུ་བ་ལྟར་རིམ་གྱིས་བཞུས་ནས་སྤྱི་བོ་ནས་མགྲིན་བར་སླེབ་བ་ན་དགའ་བ། མགྲིན་བ་ནས་སྙིང་གར་སླེབ་བ་ན་མཆོག་དགའ། སྙིང་གནས་ལྟེ་བར་སླེབ་བ་ན་ཁྱད་བར་གྱི་དགའ་བ། ལྟེ་བ་ནས་ནོར་བུའི་རྩེར་སླེབ་བ་ན་ ལྷན་སྐྱེས་ཀྱི་དགའ་བ་འདྲེན་བ་ནི་ཡས་བབས་ཀྱི་དགའ་བཞི་དང༌། ཡང་དམིགས་བས་གྱེན་དུ་བཟློག་ནས་རྟགས་ཀྱི་རྩེ་ནས་ལྟེ་བ་དང༌། དེ་ནས་སྙིང་ག་དང༌། དེ་ནས་མགྲིན་བ་དང༌། དེ་ནས་སྤྱི?་བོའི་བར་རིམ་བ་བཞིན་དུ་དགའ་བ་དང་མཆོག་དགའ་དང་ཁྱེད་དགའ་དང་ལྷན་སྐྱེས་ཀྱི་དགའ་ @013B པ་འདྲེན་བ་ནི་ལུགས་ལྔོག་གི་དགའ་བཞི་སྟེ། དེ་ལྟ་བུའི་དགའ་བཞི་ཟུང་གཅིག་དྲངས་ནས་དགའ་བ་བཞིག་དང༌། ཁྱད་པར་ལྷན་སྐྱེས་ཀྱི་དུས་སུ་བདེ་བས་སྟོང་བ་དེས་པའི་བདེ་སྟོང་སྦྱར་ནས་བསྒོམ་པར་བྱའོ། །དགའ་བཞི་འདྲེན་ཚུལ་ནི་དེ་ལྟར་ཡིན་ཏེ། རྡོ་རྗེ་འཕྲེང་བ་ལས། དེ་རྗེས་ལུགས་འབྱུང་བཤད་ བྱ་སྟེ། བདེ་ཆེན་འཁོར་ལོ་སྤྱི་བོ་ལ། དེ་ནི་དགའ་འབར་བ་ཤད་བ་ཡིན། །ལོངས་སྤྱོད་འཁོར་ལོ་(MCHGO)་དགའ་དང༌། དགའ་བྲལ་ཆོས་ཀྱི་འཁོར་ལོར་གནས། །སྤྲུལ་བའི་འཁོར་ལྲོ?་ལྷན་ཅིག་སྐྱེས། །དགའ་བ་ཉམས་སུ་མྱོང་བར་བྱེད། ཅེས་དང༌། དེ་ཉིད་ལས། སྤྲུལ་པའི་འཁོར་ལོ་དགའ་བ་དང༌།། མཆོག་དགའ་ཆོས་ཀྱི་འཁོར་ལོར་གནས། ལོངས་སྤྱིད་བྲལ་བའི་དགའ་བ་དང༌། ལྷན་ཅིག་སྐྱེས་དང་བདེ་བ་ཆེ། ། ལུགས་ལྡོག་རིམ་པ་ཞེས་ནི་གསུངས། །ཞེས་གསུངས་བའི་ཕྱིར། འོད་གསལ་ལས་ལྡང་བ་ན་འཇིགས་བྱེད་ཡབ་ཡུམ་གྱི་སྐུར་ལྡང་སྙམ་བའི་འཕེན་བ་བཏང་ནས་ལྡང་དོ། །འདིར་ བསྲེ་བའི་སྐོར་ཉམས་སུ་ཡེན?་བར་བཤད་ཀྱང་དེའི་ཚུལ་ནི་འོག་ཏུ་འཆད་པ་ལས་ཤེས་པར་བྱའོ། །མཉས་གཞག་དུ་བདེ?་ལྟོང་བསྒོམས་ཏེ་རྗེས་ཐོབ་ཏུ་ལངས་བའི་ཚེ་གང་སྣང་ཐམས་ཅད་བདེ་སྟོང་གི་རྣམ་རོལ་ཏུ་འཆར་བ་ལ་བསླབ་བར་བྱ་ཞིང༌། དེ་ཡང་ཆོས་ཐམས་ཅད་རང་བ་ཞིན་གྱིས་སྟོང་ པས་ན། སྟོང་པ་དེའི་རྣམ་འཕྲུལ་དུ་བལྟ་བ་དང༌། དེ་བཞིན་དུ་གང་ཤར་ཐམས་ཅད་ཀྱང་བདེ་ཆེན་གྱི་རྣམ་རོལ་ཏུ་བལྟ་བར་བྱ་སྟེ། དེའི་ཚེ་གང་སྣང་སྟོང་བ། སྟོང་པ་བདེ་བ། བདེ་བ་ལྷའི་སྐུར་འཆར་བ་ལ་གོམས་བར་བྱེད་བ་ཡིན་ནོ། །འདི་ནི་འདུས་པའི་ལུགས་ཀྱི་ལུས་དབེན་གྱི་དོད་ཐུབ་ཏུ་ འགྱུར་བ་ཡིན་ཏེ། བློ་གྲོས་ཆོས་སྐྱོང་བས་འདིའི་རྫོགས་རིམ་འཆད་བའི་སྐབས་པས། འདི་ནི་འདུས་པ་འཕགས་ལུགས་ཀྱི་ལུས་དབེན་གྱི་རིམ་བཱི་དོད?་ཐུབ་?་འགྱུར་བ་ཡིན་ནོ། ཞེས་གསུངས་བའི་ཕྱིར་རོ། །གཉིས་བ་བུམ་བཅན་དང་སྙིང་གར་རྡོར་ར་བཟླས་བྱ་ཚུལ་ནི། རྒྱ་གཞུང་དེ་ @014A ༄༅། །ཉིད་ལས། དག་བའི་སྦྱོར་བས་དག་བྱ་སྟེ། །ཞེས་སོགས་དང༌། སྨོན་ལམ་ལས། ཆོས་ཀྱི་འཁོར་ལོར་སྔགས་ཀྱི་རྣལ་འབྱོར་མཆོག །བུམ་པ་ཅན་དང་རྡོ་རྗེའི་བཟླས་བ་ཡིས། །སྙིང་གའི་རྩ་མདུད་མ་ལུས་གྲོལ་བྱས་ནས། །ལྷན་སྐྱེས་བདེ་བས་ཡིད་ལ་མྱོས་ཐོབ་ཤོག ། ཅེས་གསུངས་བལྟར་འཆད་བ་ལ་གཉིས། བུམ་བ་ཅན་བསྒོམ་ཚུལ་དང༌། སྙིང་གར་རྡོར་བཟླས་བྱ་ཚུལ་ལོ། །དང་པོ་ལ་གྲུབ་ཆེན་གྱི་གཞུང་དེས་རླུང་སྦྱོར་མི་འདྲ་བ་གཞན་བསྟན་པར་འདོད་པའི་ཚུལ་ཡོད་ཀྱང༌། རྗེས་བ་སྲབ་ཀྱི་ལུགས་ལ་བུམ་བ་ཅན་བསྒོམ་ཚུལ་བསྟན་བར་ བཞེད་པས་དེ་ལྟར་ན། འདིར་རང་ཉིད་འཇིགས་བྱེད་དུ་བསྒོམས་པའི་སྙིང་གའི་རྩ་འཁོར་གྱི་དྷཱུ་ཏཱིའི?་ནང་དུ་ཐིག་ལེ་དཀར་བོ་སྲན་མ་ཕྱེད་གཤགས་ཙམ་སྟེང་དང༌། ཐིག་ལེ་དམར་བོ་དེ་ལྟ་བུ་ཞིག་འོག་ཏུ་གའུ་སྦྱོར་གྱི་ཚུལ་བྱས། དེའི་ལྟེ་བར་ཧཱུཾ་ཡིག་དཀར་པོ་ལུངས་འབྲུ་ཙམ་ཞིག་གསལ་ བཏང་ནས་སེམས་བཟུང་སྟེ། སྣ་བུག་གཉིས་ནས་རླུང་ནང་དུ་ཅུང་ཟད་རྡུབས་རྗེས། མཆིལ་མ་སྒྲ་མེད་ཞིག་མེད་བ་དང་མཉམ་དུ་སྟེང་རླུང་སྲོག་འཛིན་མར་མནན། ཡང་འོག་སྒོ་བཙུམས་བ་དང་མཉམ་དུ་འོག་རླུང་ཐུར་སེལ་ཡར་དྲངས། དེ་གཉིས་ཀ་སྙིང་གའི་ཧཱུཾ་ཡིག་ལ་ཐིམ་བར་བསམས་ ལ། ལག་བ་ཡན་གསུཾ་རུ་མཉེད་པ་གནས་གསུམ་དུ་རེག་པ། སེལ་གོལ་ལན་གསུམ་གདབ་བའི་ལུན?་ལ་ཐོགས་?་སུཾ་ཅུ་རྩ་དྲུག །དེ་ནས་དེ་ལས་ཉིས་འགྱུར། དེ་ནས་དེའི་སུམ་འགྱུར་ཙམ་ལ་མཉམ་བར་པ་ཞག། །རླུང་མི་ཐུབ་ན་ཁ་ནས་ངལ?་བུས་གཏོར། །དེ་ལྟར་བསྒོམས་བས་ རླུང་དབུ་མར་ཞུགས་གནས་ཐིམ་གསུམ་འབྱུང་ཞིང༌། འོད་གསལ་གྱི་བར་འདྲེ་ན། ཡང་སྔར་ལྟར་གཏུམ་མོ་སྦར་ནས་དགའ་བཞི་ལུགས་འབྱུང་ལུགས་ལྡོག་ཏུ་འདྲེན་པ་དང༌། བསྲེ་བའི་སྐོར་རྣམས་ཀྱང་ཉམ་སུ་ཡིན་ནོ། །གཉིས་པ་སྙིང་གར་དོར་བཟླས་བྱ་ཚུལ་ནི། གཞུང་དེ་ཉིད་ལས།། @014B སྙིད་གའི་ཧཱུཾ་ཡིག་དཀར་པོ་ལས། །ཞེས་དང༌། སེམས་ཅན་ཀུན་གྱི་སྲོག་ཀྱུར་བ། །རླུང་ཞེས་བྱ་བས་ལས་ཀུན་བྱེད། །འདི་ནི་རྣ་མ་ཤེས་བཞོན་པ་སྟེ། །སྲིད་དང་རྣམ་གྲོལ་ཐོབ་བྱེད་བའོ། །ཞེས་གསུངས་པའི་དང་པོས་རྡོར་བཟླས་དང༌། ཕྱི་མས་རླུང་གི་བྱེད་ལས་སྟོན་བས་འདི་ལ་གཉིས། རླུང་གི་དབྱེ་བ་ སོགས་བ་ཤད་བདའ། རྡོར་བཟླས་ཉམས་སུ་ལེན་ཚུལ་བཤད་བའོ། །དང་པོ་ལ་ལྔ། རླུང་གི་དབྱེ་བ། ཕྱེ་བ་སོ་སོའི་དོན། ཇི་ལྟར་འཕོ་ཚུལ། བྱེད་ལས། དེ་ལ་བརྟེན་ནས་ཉམས་ལེན་གྱི་གནད་ཤེས་བའི་ཚུལ་ལོ། །དང་པོ་ནི། རླུང་དེ་ལང་བྱེ་ན་བཅུ་ཡོད་དེ། རྩ་བའི་རླུང་ལྔ་དང༌། ཡན་ལག་གི་རླུང་ལྡ་ ཡོད་བའི་ཕྱིར། དང་པོ་གྲུབ་སྟེ། སྲོག་འཛིན། ཐུར་སེལ། མཉམ་གནས། གྱེན་རྒྱུ། ཁྱབ་བྱེད་དང་ལྡ་པོ་དེ་རྩ་བའི་རླུང་དུ་འཇོག་བའི་ཕྱིར། གཉིས་པ་གྲུབ་སྟེ། རྒྱུ་པ། རྣམ་པར་རྒྱུ་བ། ཡང་དག་བར་རྒྱུ་བ། རབ་ཏུ་རྒྱུ་བ། ངེས་བར་རྒྱུ་བ་ལྔ་ནི་ཡན་ལག་གི་རླུང་དུ་འཇོས?་བའི་ཕྱིར། ཕྱི་མ། ལྡའི་མིང་ག་རྣམ་གྲངས་ཡོད་དེ། རྡོ་རྗེ་འཕྲེང་བ་ལས། ཀླུ་དར་རུས་སྦལ་རྩངས་བ་དང༌། །ལྷ་ས་བྱིན་དང་ནི་གཞུ་ལས་རྒྱལ། །ཞེས་གསུངས་པ་ལྟར་ཡིན་བའི་ཕྱིར། གཉིས་བ་ལ་གསུམ། རྩ་བ་དང༌། ཡན་ལག་གི་རླུང་སོ་སོའི་དོན་དང༌། རླུང་གཉིས་ཐུན་མོང་བའི་དོན་བཤད་བའོ། ། དང་པོ་ནི། སྲོག་འཛིན། ཐུར་སེ་ལ། མཉམ་གནས། གྱེན་རྒྱུ། ཁྱབ་བྱེད་ལྡའི་རྩ་བའི་གནས་ཀྱི་དབང་དུ་བྱས་ན་རིམ་བཞིན། སྙིང་ཁ། གསང་གནས། ལྟེ་བ། མགྲིན་པ། ལུས་ཀྱི་ཚུགས་རྣམས་དང༌། མགོན་པོའི་དབང་དུ་བྱས་ན་མི་བསྐྱོད་བ། རིན་འབྱུང༌། དོན་གྲུབ། འོད་དབག་མེད་ ནས་སྣང་གི་རླུང་དང༌། ལྷ་མོའི་དབང་དུ་བྱས་ན། མ་མཱ་ཀི༌།སྦྱན་མ། སྒྲོལ་མ། གོས་དཀར་མོ། ཡང་སྦྱན་མའི་རིགས་ཀྱི་རླུང༌། འབྱུང་བའི་དབང་དུ་བྱས་ན། ཆུ་ས་རླུང་མེ་ནམ་མཁའི་རླུང༌། ཁ་དོག་གི་དབང་དུ་བྱས་ན། དཀར་པོ། སེར་པོ། །ལྗང་ཁུ། དམར་པོ། སྔོན་པོ། རྒྱུ་ཚུལ་གྱི་དབར་དུ་བྱས་ན་ @015A ༄༅། །སྣ་བུག་གཉིས་གནས་ངལ?་བར་རྒྱུ་བ། དྲག་ཏུ་རྒྱུ་བ་དང༌། གཡོན་རྒྱང་ནས་དལ་བར་རྒྱུ་བ། གཡས་རྐྱང་ནས་དྲག་ཏུ་རྒྱུ་པ་དང༌། འཆི་དུས་མ་གཏོགས་སྣ་སྒོར་མི་རྒྱུ་བའོ། །དེ་ལྟར་གསུངས་བ་ནི་རླུང་བཞི་པོ་རེ་རེས་གཙོ་བོ་བྱས་ནས་རྒྱུ་བའི་དབང་དུ་བྱས་གྱི། དེར་མ་རེས་ཏེ། རྩ་ བའི་རླུང་བ་ཞིག་རུང་རེས་གཙོ་བྱས་ནས་དགུ་བརྒྱ་པ་ཕྲ་བའི་རྒྱུ་བའི་ཚེ་གཞན་གསུམ་ཡང་འཁོར་དུ་བྱས་ནས་རྒྱུ་བའི་ཕྱིར། དེ་ཡང་གྱེན་རྒྱུས་གཙོ་བྱས་ནས་རྒྱུ་བའི་ཚེ་གྱེན་རྒྱུད་མར་བའི་དབང་གིས་སྲོག་འཛིན་ཀར་ཡང་མར་བ། ཐུར་སེལ་སེར་ལར་མར་བ། མཉམ་གནས་ལྗང་ལ་ དམར་བའི་མདངས་ཅན་དུ་བྱས་ནས་རྒྱུ་ལ། མགོན་བོ་བཞིའི་དྲུང་གང་རུང་གིས་གཙོ་བྱས་ནས་དགུ་བརྒྱ་བ་ཕྲག་རེ་སྒྱུ་བ་ལ། ལྷ་མོ་བཞིས་བགོས་པས་ཉིས་བརྒྱ་ཉེར་ལྔ་རེ་འབྱུང་ལ། དེ་ཡང་མཚོན་ན་གྱེན་རྒྱུས་གཙོ་བྱས་ནས་དགུ་བརྒྱ་རྒྱུ་བའི་ཚེ། ཉིས་བརྒྱ་ཉེར་ལྔ་པ་དང་པོ་ གོས་དཀར་མོའི་རླུང་སྣ་བུག་གི་སྟེན་གླ་བརྡར་ནས་རྒྱུ་བ་དང༌། དེ་ནས་ཉིས་བརྒྱ་ཉེར་ལྔ་སྒྲོལ་ཨའི་རླུང་སྣ་བུག་གི་ལོགས་ལ་བརྔར?་ནས་དང༌། དེ་ནས་ཉིས་བརྒྱ་ཉེར་ལྔ་སྦྱན་མའི་རླུང་སྣ་བུག་གི་དབུས་ནས་དང༌། དེ་ནས་ཉིས་བརྒྱ་ཉེར་ལྔ་མ་མཱ་ཀིའི་རླུང་?་བུག་ཉི་ལོར?་ངོས?་ ལ་བརྡར་ནས་རྒྱུ་བ་ཡིན་ཏེ། ཡུང?་སྟོན་ལས། གོས་དཀར་ལ་སོགས་རིམ་བཞིན་དུ། །སྟེང་དང་གསེག་དང་ཐད་ཀ་འོག །མེད་དང་རླུང་དང་དབང་ཆན་དང༌། །ཆུ་སྟེ་སོ་སོའི་དཀྱིལ་འཁོར་རོ། །ཞེས་ལ་གསུངས་པའི་ཕྱིར། གཉིས་པ་ནི། རྒྱུ་བ། རྣམ་བར་རྒྱུ་བ། ཡང་དག་པར་རྒྱུ་བ?་ རབ་ཏུ་རྒྱུ་བ། ངེས་བར་རྒྱུ་བ་ལྔ་ནི་མགོན་པོ་འདི་དབང་དུ་བྱས་ན་རིམ་པ་བཞིན་དུ་རྣམ་སྣང༌། རིན་འབྱུང༌། འོད་དཔག་མེད། དོན་གྲུབ། མི་བསྐྱོད་པའི་རླུང༌། ལྷ་མོའི་དབང་དུ་བྱས་ནས་གཟུགས་སྒྲ་དི་རོ་རེ?་བྱ་རྡོ་རྗེ་མའི་རླུང༌། འབྱུང་བའི་དབང་དུ་བྱས་ནས་ཆུ་མེ་རླུང་ནམ་མཁའི་རླུང༌། ཁ་དོག @015B གི་དབང་དུ་བྱས་ནད་མར་སྔོ་སེར་དཀར་ལྗང༌། གནས་ཀྱི་དབང་དུ་བྱས་ན་སྲོག་འཛིན?་རྩེ་ཆ་ཤས་ཡིན་བས་སྙིང་གང་གནས་ཤིང༌། དེ་ཡང་སྙེད་གའི་ཟླ་བའི་ཆ་དང༌། སྣང་བ་དང༌། བསྙེན་བཀུར་དང༌། ཀློག་ཤལ་དང༌། མཆིན་བ་མ་སྟེ་རྩ་འདབ་ལྔ་ལས་རྒྱུ་བར་གསུང་ས་ཏེ། དེ་ནི་བདུད་བྲལ་མ་ སོགས་ལྔ་དང་དོན་གཅིག་གོ །སྙིང་གནས་བྱུང་བའི་ལན་ལག་གི་རླུང་ལྔ་དང་སྲོག་འཛིན་?་?་དང་དྲུག་ནི། གྦྲུ?་འཛིན་གྱི་རླུང་བཅུ་གཉིས་སུ་འགྱུར་བ་ཡིན་ཏེ། མིག་གི་རྣམ་ཤེས་སོགས་དྲུག་པོ་དེ་ལུ་ལ་གཟུགས་སོགས་དྲུག་ལ་གཡོ་བར་བྱེད་བས་འཛིན་པའི་རླུང་དྲུག་དང༌། གཟུགས་ སོགས་དྲུག་གསལ་བར་བྱེད་བའི་ཆམས?་གཟུང་བའི་རླུང་དྲུག་སྟེ་བཅུ་གཉིས་སུ་འགྱུར་བའི་ཕྱིར་རོ། །གསུམ་བ་ནི། རླུང་བཅུ་པོ་མངལ་དུ་འཆགས་བྱང་མ་བཙས་བར?་དུ་སྣ་སྒོར་འབྱུང་འཇུག་མི་བྱེར?་ཅིང༌། ཕྱིར་བཙས་པ་ན་འབྱུང་འཇུག་བྱེད་ལ། བཅུ་པོ་དེ་ནི་ཨ་ཐུང་གི་གཞིང?་གྱུར་ནས་ དག་སྨྲ་བའི་རྒྱུ་བྱེད་པ་དང༌། ཡི་གེ་གསུམ་གྱི་གཞིར་གྱུར་ནས་རྡོར་བཟླས་ཀྱི་རྒྱུ་བྱེད་བ་དང༌། མི་ཤིགས་པ་(BTHI)?་?་འོད་གསལ་འཆར་བའི་གཞི་བྱེད་དོ?། ཁྱད་པར་དུ་རླུང་གིས་རྣམ་ཤེས་ཀྱི་བཞོན་པ་བྱེད་པ་ཡིན་ཏེ། གྲུབ་ཆེན་གྱི་གཞུང་སྔར་དྲངས་པ་ལྟར་དང༌། རིམ་ལྔ་ལས་ཀྱང༌། འདི་ནི་རྣམ་ཤེས་བཞོན་བ་སྟེ། །ཞེས་གསུངས་པའི་ཕྱིར། བཞོན་པར་འགྱུར་བའི་ཚུལ་མོད?་དེ། རླུང་གྲོགས་སུ་ཡོད་བའི་དབང་གིས་རྣམ་ཤས་ཡུལ་ལ་འཇུ་གི། དེ་མེད་ན་རྣམ་ཤེས་ཡུལ་ལ་གཡོ་མི་ནུས་པའི་ཕྱིར་ཏེ། མེད་ན་དེའི་རྟེན་མེད་པའི་ཕྱིར་རོ། །གསུབ?་ལ་གསུཾ། སྣ་བུ་གི?་འཕོབ?། དཀྱིལ་ འཁོར་གྱི་བ་འཕོ་བ?། རྩ་འདབ་ཀྱི་འཕོ་བའོ། །དང་པོ་ནི། ཉིན་ཞག་གཅིག་ལ་རླུང་དགུང་རྒྱ་པ་ཕྲག་ཉེར་བཞི་རྒྱུ་བའི་ཕྱིར་སྲོག་ཐུར་གཉིས་ཀྱིས་གཙོ་བྱས་ནས་དགུ་བརྒྱ་བ་བཅུ་གཉིས་རྒྱུ་བའི་ཚེ་སྣ་བུག་གཉིས་ཀ་ནས་མཉམ་?་བྱེད་བས་སྣ་བུག་གི་འཕོ་བ་མེད་ལ། དེའི་ཕྱེད?་མེ་ @016A ༄༅། །མཉམ་གཉིས་ཀྱིས་གཙོ་བྱས་ནས་དེ་ལྟར་རྒྱུ་བའི་ཚེ་དགུ་བརྒྱ་རེ་ལ་འཕོ་བ་རེ་བྱས་པའི་འཕོ་བ་དྲུག་དྲུག་སྟེ་བཅུ་གཉིས་སུ་འགྱུར་རོ། །གཉིས་པ་ནི། དཀྱིལ་འཁོར་ཆེ་བའི་དབང་དུ་བྱས་ན་དཀྱིལ་འཁོར་བ་ཞི་པོ་རེ་རེ་ལ་འཕོ་བ་དྲུག་དྲུག་སྟེ་དྲུག་བཞི་ཉི་ཤུ་རྩ་བཞིར་སྔར་ལྟར་འགྱུར་ རོ། །དཀྱིལ་འཁོར་ཆེ་བའི་འཕོ་བ་རེ་རེར་ཆུང་བའི་འཕོ་བ་བཞི་བཞི་སྟེ་གོ་དྲུག །སྡོམ་འབྱུང་དང་བརྟག་གཉིས་ལས་ཉིན་ཞག་གཅིག་ལ་དཀྱིལ་འཁོར་ཆེ་བའི་འཕོ་བ་བཅུ་དྲུག །དེ་ལ་ལྷ་མོ་བཞིས་བསྒྱུར་བས་འཕོ་ཆུང་རེ་བཞིར་བཤད་པས། བཅུ་དྲུག་ཏུ་འབྱེད་ཚུལ་ཡང་ སྣ་བུག་གི?་འཕོ་བ་བརྒྱད་དང༌། མི་འཕོ་བ་བརྒྱད་དེ་བཅུ་དྲུག་གོ །གསུམ་པ་ནི། ཕྱི་ལ་ད་བྱུག་གུ་དྲུག་ཅུ་རྩ་བཞི་ཡོད་པ་ལྟར། ནང་དུ་ཉིན་ཞག་གཅིག་ལ་ལྟེ་བའི་རྩ་འདབ་དྲུག་ཅུ་རྩ་བཞི་ནས་དབྱུག་གུ་རེ་བཞིའི་རླུང་རྒྱུ། ཕྱི་ལ་ཆུ་ཚོད་སོ་གཉིས་ཡོད་པ་ལྟར། ནང་དུ་སྤྱི་བོའི་རྩ་འདབ་ སོ་གཉིས་ནས་ཆུ་ཚོང་སོ་གཉིས་ཀྱི་རླུང་རྒྱུ། ཕྱི་ལ་འཕོ་བ་བཅུ་དྲུག་ཡོད་པ་ལྟར། ནང་དུ་མགྲིན་པའི་རྩ་འདབ་བཅུ་དྲུག་ནས་འཕོ་བ་བཅུ་དྲུག་གི་རླུང་རྒྱུ། ཕྱི་ལ་ཐུན་ཚོད་བརྒྱད་ཡོད་པ་ལྟར། ནང་དུ་སྙིང་གའི་རྩ་འདབ་བརྒྱད་ནས་ཐུན་ཚོད་བརྒྱད་ཀྱི་རླུང་རྒྱུ་སྟེ། ཉིན་ཞག་གཅིག་ལ་ རླུང་འབྱུང་འཇུག་གཉིས་གཅིག་ཏུ་བྱས་པའི་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱ་ལྷག་ཆད་མེད་པར་རྒྱུའོ། །དེ་ཡང་ལྟེ་བའི་རྩ་འདབ་གཉིས་ཀྱི་རྒྱུ་བརྫོགས་པ་ན་སྤྱི་བོའི་རྩ་འདབ་གཉིས་པར་འཕོ། སྤྱི་བོའི་རྩ་འདབ་གཉིས་ཀྱི་རྒྱུབ་རྫོགས་པ་ན་མགྲིན་པའི་རྩ་འདབ་གཉིས་པར་འཕོ། ། མགྲིན་པའི་རྩ་འདབ་གཉིས་ཀྱི་རྒྱུ་བ་རྫོགས་པ་ན་སྙིང་གི་རྩ་འདབ་གཅིག་ནས་གཉིས་པར་འཕོ་བ་ཡིན་ནོ། །བཞི་པ་བྱེད་ལས་ནི། རླུང་ཕྲ་བ་དང་རྣམ་ཤེས་འདྲེས་པ་དེས་འཇིག་རྟེན་པ་ལ་འཁོར་བའི་བྱ་བ་དང༌། རྣལ་འབྱོར་བ་ལ་ཐར་པའི་བྱ་བ་བྱེད་པ་ཡིན་ཞིང༌། དེའི་དང་པོ་ཤེས་ @016B ན་འཁོར་བའི་འཇུག་རིམ་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་དེ་ཤེས། དེ་ཤེས་ན་རྣལ་འབྱོར་བ་ལ་ཐར་པའི་བྱ་བ་བྱེད་ཚུལ་དེ་ཤེས། དེ་ཤེས་ན་འཁོར་བ་ལས་ལྡོག་པའི་རིམ་པ་ཡང་ཤེས་པར་འགྱུར་རོ། །འོ་ན་རླུང་གིས་འཇིག་རྟེན་པ་ལ་འཁོ་བའི་བྱ་བ་བྱེད་ཚུལ་ཇི་ལྟར་ཡིན་ཞེ་ན། དེ་ཡང་ལས་ ཉོན་གྱི་དབང་གིས་སྐྱེ་འཆི་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་འཁོར་བའི་ཆ་ནི་འཁོར་བ་ཡིན་ལ། དེ་ནི་རླུང་གིས་བྱེད་པ་ཡིན་ཏེ། སེམས་ཅན་འཆི་བའི་ཚེ། ས་ཆུ་ལ་ཐིམ། ཆུ་མེ་ལ། མེ་རླུང་ལ། རླུང་སྣང་བ་ལ། སྣང་བ་མཆེད་པ་ལ། མཆེད་པ་ཉེར་ཐོབ་ལ། ཉེར་ཐོབ་འོད་ གསལ་ལ་ཐིམ་པའི་འོད་གསལ་དེ་ནི་འཆི་བ་འོད་གསལ་ཡིན་ལ་དེ་ཡང་རླུང་གི་གཡོ་བ་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་ཇེ་ཞན་ཇེ་ཞན་དུ་སོང་བའི་སྒོ་ནས་འབྱུང་ངོ། །ས་ཆུ་ལ་ཐིམ་ཞེས་པ་ནི་ས་ཁམས་རགས་བས་རྣམ་ཤེས་ཀྱི་རྟེན་བྱེད་པའི་ནུས་པ་ཉམས་བས་དེ་ལྟར་བརྗོད་ པ་ཡིན་གྱི། དེའི་ཚེ་ས་ཁམས་མེད་པ་ནི་མིན་ཏེ། གཟུགས་ཕུང་ཡོད་པའི་ཕྱིར་དང༌། དེ་བཞིན་དུ་རླུང་ཐིམ་བའི་བར་ལ་སྦྱོར་ཞིང༌། ཐིམ་པ་ཡང་ངོ་བོའི་སྒོ་ནས་དངོས་སུ་ཐིམ་པ་མིན་གྱི། སྔ་མ་ཕྱི་མ་ལ་འཕོས་བ་འདྲ་བ་ཞིག་འབྱུང་བས་དེ་ལྟར་དུ་བརྗོད་པའི་ཕྱིར་རོ། །སྐྱེ་བའི་ཚེ་ལང་ འཆི་བ་འོད་གསལ་ལས་ཉེར་ཐོབ་སོགས་འབྱུང་བ་ནི་རླུང་གི་གཡོ་བ་སྔ་མ་ལས་ཕྱི་མ་ཇེ་རགས་སུ་སོང་བའི་སྒོ་ནས་འབྱུང་ངོ། །དེ་ལྟར་ན་རླུང་གིས་ཀུན་རྟོག་བརྒྱད་ཅུ་དང་ཉོན་མོངས་རྣམས་བསྐྱེད་ཅིང༌། དེས་ལས་བསགས་ནས་འཁོར་བར་སྐྱེ་བར་འགྱུར་བསན་སྐྱེ་འཆིའི་ རིམ་པ་ལང་རླུང་གིས་བྱེད་པར་འགྲུབ་བོ། །དེ་ནི་འཁོར་བའི་འཇུག་རིམ་ཐུན་མོང་མ་ཡིན་པའི་དབང་དུ་བྱས་ལ། ཐུན་མོང་བ་ནི་མ་རིག་པའི་དབང་གིས་ལས་བསགས། དེའི་དབང་གིས་འཁོར་བར་འཁོར་བ་ནི་གོང་དང་འདྲའོ། །ལས་རླུང་འཁོར་བ་འགྲུབ་པའི་རྒྱུར་ཁས་ལེན་པའི་ @017A ༄༅། །ཚེ་མ་རིག་པའི་ལྷན་ཅིག་བྱེད་རྐྱེན་བྱས་བའི་སྒོ་ནས་འཁོར་བ་འགྲུབ་པར་འདོང་བ་ཡིན་གྱི། ལས་རླུང་དེ་ཉིད་འཁོར་བའི་རྩ་བར་འདོད་མི་ནུས་ཏེ། འཁོར་བའི་རྩ་བ་ནི་མ་རིག་པ་ཁོ་ནར་ངེས་པའི་ཕྱིར་ཏེ། འཁོར་བའི་རྩ་བ་ལ་འཛིན་སྟངས་མི་མཐུན་བ་གཉིས་མེད་པའི་ ཕྱིར། བྱེད་ལས་དེ་དག་ནི་ཐུན་མོང་བའི་དབང་དུ་བྱས་ལ། སོ་སོའི་བྱེད་ལས་ཡོད་དེ། སྲོག་འཛིན་གྱིས་ཚེ་གནས་པ་དང༌། ཡན་ལག་གི་རླུང་རྣམས་དབང་པོའི་སྒོར་འདྲེན། ཐུར་སེལ་གྱིས་བཤད་གཅི་ཁུ་ཁྲག་རྣམས་ལུས་ཀྱི་སྨད་དང་བྱང་བར་དུ་འོག་སྒོར་འདྲེན། མཉམ་གནས་ ཀྱིས་བཟའ་བཏུང་ལ་ལོངས་སྤྱོད་པ་རྣམས་ལྟེ་བར་འཇུ་བ་དང༌། ཟས་ཀྱི་དངས་མ་རྣམས་སྙིང་ཁར་འདྲེན། གྱེན་རྒྱུས་བལྡད་པ་དང༌། མྱོང་བ་དང༌། འོག་རླུང་སྟེང་དང་ཕྱི་རླུང་ནང་དུ་སྡུད་པ་དང༌། ངག་སྨྲ་བརྗོད་ཀྱི་བྱ་བ་བྱེད། ཁྱབ་བྱེད་ཀྱིཥ་ལུས་གཡོ་འགུལ་སྦྱི་དང་འགྲོ་འོད་སོགས་ཀྱི་བྱ་བ་ བྱེད། ཡན་ལག་གི་རླུང་ལྔས་རིམ་བ་བཞིན་དུ། མིག་གིས་གཟུགས་མཐོང༌། རྣབས་སྒྲ་ཐོས། སྣས་དྲི་ཚོར། ལྕེས་རོ་མྱོང༌། ལུས་ཀྱིས་རེག་བྱ་འཛིན་བའི་བྱ་བ་རྣམས་བྱེད་པའི་ཕྱིར། དེ་ལྟ་བུ་ནི་འཇིག་རྟེན་པ་དང་རྣལ་འབྱོར་བ་གཉིས་ཀ་ལ་བྱེད་ཅིང༌། རྣལ་འབྱོར་བ་ལ་བྱ་བ་བྱེད་ ཚུལ་ཡོད་དེ། རྩ་བའི་རླུང་བཞི་ལ་རྡོར་བཟླས་བྱས་པས་ཞི་སོགས་ཐུན་མོང་གི་དངོས་གྲུབ་འགྲུབ་པ་དང༌། རླུང་སེམས་ཙམ་ལས་སྒྱུ་མའི་སྐུ་འབྱུང་བས་མཆོག་གི་དངོས་གྲུབ་ཀྱི་རྒྱུ་ཡང་བྱེད་པའི་ཕྱིར། ལྔ་བ་ནི། རླུང་གི་ངོ་བོ་དང་བྱེད་ལས་ཤེས་པ་ལ་བརྟེན་ནས་ཉམས་ལེན་གྱི་གནད་ ཤེས་པ་ཞིག་ཀྱང་འབྱུང་བ་ཡིན་ཏེ། དེ་ལྟར་ཤེས་ན་བདེ་སྟོང་གི་ཡེ་ཤེས་ཁྱད་བར་ཅན་དང༌། སྒྱུ་མའི་སྐུ་གཉིས་བསྐྱེད་པ་ལ་རླུང་དངོས་སམ་བརྒྱུད་པ་ཅི་རིགས་ཀྱི་སྒོ་ནས་བསྒོམ་དགོས་པར་ཤེས་བདེ་འབྱུང་ཞིང༌། དེ་ལ་བརྟེན་ནས་ཉམས་ལེན་གྱི་གནད་ཀྱང་མ་འབྱུགས་བ་ཞིག་འོང་བའི་ཕྱིར། @017B ཏེ༑ དེ་ཤེས་པ་ལས་འཁོར་བའི་འཇུག་རིམ་གཉིས་ཤེས་བ་དེ་འབྱུང་ལ། འཁོར་བའི་འཇུག་རིམ་ཐུན་མོང་བ་ཤེས་ནམ་རིག་བ་འཁོར་བའི་རྩ་བར་ཤེས་ཏེ་དེའི་གཉེན་པོར་བདག་མེད་རྟོགས་པའི་ཤེས་རབ་བསྐྱེད་པ་ལ་འབད་པ་ཞིག་འོང༌། ཐུན་མོང་མ་ཡིན་པ་ཤེས་ན་ཀུན་རྟོག་གཡོ་བྱེད་ཀྱི་རླུང་འཁོར་བ་ འགྲུབ་བའི་རྐྱེན་དུ་ཤེས་ནས་དེའི་གཉེན་པོར་ལུས་ལ་གནད་དུ་བསྣུན་བའི་ཐབས་ལ་འཇུག་བ་ཅིག་འོང་བའི་ཕྱིར་རོ། །གཉིས་བ་སྙིང་གར་རྡོར་བཟླས་བྱ་ཚུལ་ལ། འདུས་པ་ནས་འབྱུང་བ་ལྟར་ཡི་གེ་གསུམ་འཐུ?་ཚུལ་རྒྱས་པར་བཤད་བའང་སྐབས་སུ་བབས་མོད། འདིར་ཅུང་ཟད་བཤད་ན། བཤད་རྒྱུད་རྟོག་གསུམ་ལས། ཨཱ་ལི་ཀཱ་ལིའི་གྲོང་ཁྱེར་ནི། །གསང་སྔགས་འབྱུང་བའི་རྩ་བ་སྟེ། །ཞེས་གསུངས་པ་ལྟར། དབྱངས་བཅུ་དྲུག་དང༌། གསལ་བྱེད་སོ་གསུམ་རྣམས་སྔགས་བཏུ་བའི་གཞི་ཡིན་ལ། དེ་ལས་བ་ཏུས་པའི་སྔགས་ལ་སྙིང་པོ་ཉེ་སྙིང་རྩ་སྔགས་སོགས་ མང་ཡང༌། འདིར་ཨོཾ་ཨཱཿ ཧཱུཾ་གསུམ་འཐུ་བ་ཡིན་ཞིང་དེ་ལའང་དྲང་ངེས་གཉིས་ཡོད་ཀྱང་དྲང་དོན་གྱི་འཐུ་ཚུལ་ཙམ་བཤད་ན་ཨོཾ་ལ་ཨ་ཨུ་མ་གསུམ་ཡོད་པའི་ཨུ་དེ་ཨ་ལ་བྱིན་པས་ཨོ་དང༌། མ་ཡིག་ཐིག་ལེར་བྱིན་བས་ཨོཾ་མོ། །ཨཱཿ ལ་ཨ་ཐུང་གཉིས་དང་ཧ་སྲོག་མེད་གཅིག སྟེ་གསུམ་ཡོད་པའི་ཨ་ཕྱི་མ་སྔ་མལ་བྱིན་བས་ཨཱ་དང༌། ཧ་རྣམ་བཅད་དུ་བྱས་པས་ཨཱཿའོ། །སྒྲོན་གསལ་གྱི་དགོངས་བ་རྗེས་བཀྲལ་བ་ལྟར་ན་ཧ་རྣམ་བཅད་དུ་སོང་བ་ཡིན་ལ། མཁས་པ་ཁ་ཅིག་ས་རྣམ་བཅད་དུ་བྱས་བ་ནི་དེ་དང་མི་མཐུན་ཡང༌། མཚམས་སྦྱོར་ལྔ་པ་ལས། ར་ས་ངག་གིས་རྣམ་བཅོད། །ཞེས་འབྱུང་བ་དང་མཐུན་ནོ། །ཧཱུཾ་ལ་ཧ་ཨཱུ་མ་གསུམ་ཡོད་པའི་ཨཱུ་ཧ་ལ་བྱིན་བས་ཧཱུ་དང༌། མ་ཡིག་ཐིག་ལེར་བརྒྱན་བས་ཧཱུཾ་མོ། །སྔགས་ཀྱི་ལྷ་ཐམས་ཅད་རྡོ་རྗེ་གསུམ་དུ་འདུ་བས་སྔགས་ཀྱི་ཡི་གེ་རྣམས་བྱེད་ལས་ཀྱི་སྒོ་ནས་ཡི་གེ་གསུམ་དུ་འདུ་ @018A ༄༅། །སྟེ། ཨོཾ་ཨཱཿ ཧཱུཾ་གསུམ་རིམ་པ་བཞིན་དུ་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་ས་བོན་ཡིན་པ་དང༌། ཡི་གེ་གསུམ་གྱི་རྡོར་བཟླས་ཀྱིས་སྔགས་ཐམས་ཅད་ཀྱི་བྱེད་ལས་བསྒྲུབ་ནུས་པའི་ཕྱིར། མཚོན་དོན་ནི། ཨོཾ་གྱི་ཨ་ཨུ་མ་གསུམ་གྱིས་སྲོག་འཛིན་གྱེན?་རྒྱུ་བྱང་སེམས་ དཀར་པོ་གསུམ་རིམ་བར་མཚོན་ལ། ཨཱཿའི་ཨ་གཉིས་དང་ཧས་ནི་སྲོག་འཛིན་གྱེན?་རྒྱུ་ཐུར་སེལ་གསུམ་དང༌། ཧཱུཾ་གི་ཧ་ཨཱུ་མ་གསུམ་གྱིས་ཐུར་སེལ་གྱེན་རྒྱུ་སྲོག་འཛིན་གསུམ་མཚོན་ཏེ། དེའི་དགོས་པ་ཕལ་ཆེར་ནི་གཞན་དུ་ཤེས་བར་བྱ་ཞིང༌། དགོས་པའི་གཙོ་བོ་ནི་ ཡི་གེ་གསུམ་གྱི་རྡོར་བཟླས་བྱས་པས་སྒྱུ་མའི་སྐུ་འགྲུབ་པའི་ཚེ་འདུ?་ཡིན་ནོ། །རྡོར་བཟླས་བྱ་ཚུལ་དངོས་ལ་ནི། སྤྱི་འགྲོའི་ཚུལ་དུ་བྱེད་པ་དང༌། མན་ངག་གིས་བྱེད་པ་གཉིས་ལས། དང་པོ་ནི། རང་ཉིད་འཇིགས་བྱེད་དུ་གསལ་བའི་ཐུགས་ཀའི་དམིགས་རྟེན་ཧཱུཾ་དང་བཅས་བ་ གསལ་བཏབ་ནས་དེར?་སེམས་བཟུང་སྟེ། རླུང་ཕྱི?་རྒྱུ་བའི་ཚེ་རླུང་གི་རང་གདངས་ཧཱུཾ་གྱི་རང་གདངས་སུ་མོས་པ་དང༌། ནང་དུ་འཇུག་པའི་ཚེ་རླུང་གི་རང་གདངས་ཨོཾ་གྱི་རང་གདངས་སུ་ཤར་བའི་སྒོ་ནས་འཇུག་པ་དང༌། དེ་ནས་རླུང་ནང་དུ་ལྡང་འཇུག་གང་རུང་གི་ཡུན་ཚད་ཅིག བཟུང་སྟེ། གནས་པའི་རང་གདངས་ཨཱཿའི་རང་གདངས་སུ་མོས་པའི་ཚུལ་གྱིས་བྱ་བ་ཡིན་ནོ། །དེ་ཡང་ངག་གིས་བརྗོད་པའམ། ཡིད་ཀྱིས་འདོན་པ་ཙམ་མིན་གྱི། འཇུག་ལྡང་གནས་གསུམ་གྱི་རང་གདངས་ཡི་གེ་གསུམ་དུ་མོས་ནས་བྱེད་པ་ཡིན་ནོ། །དེའི་ཚེ་རླུང་སྔ(Gs) ངོ་བོ་དབྱེར་མེད་དུ་མོས་དགོས་ཏེ། རླུང་སྔ(Gs) ངོ་བོ་ཐ་དད་དུ་ཞེན་པ་དེ་རྡོར་བཟླས་ཀྱི་མི་མཐུན་ཕྱོགས་ཡིན་པའི་ཕྱིར་ཏེ། འདུས་པའི་རྩ་རྒྱུད་ལས། སློང་མོ་ཟ་ཞིང་མི་བཟླ་སྟེ། །ཞེས་པའི་ངེས་དོན་འཆད་བ་ན། ལུང་སྟོན་ལས། ཐ་དད་ཡི་གེ་སློང་མོ་ཡིན། །དེ་འདོན་བ་ནི་ཟབ་སྟེ། ། @018B ཞེས་དེའི་ཚེ་རླུང་སྔ(Gs) ངོ་བོ་ཐ་དད་དུ་མི་ལྟ་བར་བཤད་པའི་ཕྱིར། ཡི་གེ་གསུམ་རླུང་ལྡང་འཇུག་གནས་གསུམ་དང་སྦྱོར་ཚུལ་སྔར་བཤད་པ་ལྟར་ཡིན་ཏེ། ཞལ་ལུང་ལས། དེ་ལས་ཧཱུཾ་གིས་དབྱུང་བ་དང༌། །ཨོཾ་གྱིས་སྡུད་དང་ཨ་ཡིས་གནས། །ཞེས་གསུངས་པའི་ཕྱིར། དེ་ཡང་དང་པོར་ རླུང་འཇུག་ལྡང་གནས་གསུམ་ཚད་མཉམ་པའི་རྡོར་བཟླས་བྱས་བས་གོམས་པར་རང་ཤུགས་ཀྱིས་གནས་བ་ཞིག་འོང་ལ། དེ་ནས་གནས་པ་རྡེ?་རིང་དང་འཇུག་ལྡང་གཉིས་ཇེ་ཐུང་དུ་སོང་ནས་མཐང?་གནས་བ་འབའ་ཞིག་ཏུ་འགྱུར་ཞིང༌། གནས་རྗེས་སུ་ཐིམ་བར་འགྱུར་བ་ ཡིན་ཏེ། རྡོ་རྗེ་འཕྲེང་བ་ལས། བརྡ་ཡི་དེ་ཉིད་གསུམ་གནས་པ། །རང་བཞིན་བཟླས་པའི་མཚན་ཉིད་དོ། །ཅེས་པ་ནས། གསུམ་པོ་དེ་ཉིད་གཅིག་གྱུར་པ། །འགྲོ་བ་མེད་ཅིང་འོང་བ་མེད། །ཅེས་གསུངས་བའི་ཕྱིར། དེ་ལྟར་བྱས་པས་རྡོར་བཟླས་ཀྱིས་ཐུར་སེལ་གྱི་རླུང་གཡོས་ ནས་ལྟེ་བའི་གཏུམ་མོ་སྦར་ཏེ་སྤྱི་བོའི་བྱང་སེམས་བཞུས་བ་ལས་བདེ་ཆེན་སྐྱེ་བ་ཡིན་ཏེ། རྡོ་རྗེ་འཕྲེང་བ་ལས། རླུང་གི་དེ་ཉིད་ཡང་དག་ལྡན། །ཡི་གེ་ཧཱུཾ་གིས་བསྐུལ་ནས་ནི། །མེ་ཡི་འཁོར་ལོ་སད་པར་བྱེད། །ཅེས་དང༌། ཞལ་ལུང་ལས། སྔོམ་བརྩོན་གཞུ་དབྱིབས་གཡོ་བ་ ཡིས། །སུམ་མདོར་ཡེ་ཤེས་མེ་འབར་བས། །ཁམས་ཞུ་ནས་ནི། ཞེས་དང༌། ཕྱག་ཆེན་ཐིག་ལེ་ལས། དེ་ཡི་མེ་འབར་ཡང་དག་གིས། །བདེ་ཆེན་འཁོར་ལོ་བཞུ་བར་འགྱུར། །ཞེས་གསུངས་པའི་ཕྱིར། དེ་ལྟར་བྱུང་བ་ན་བདེ་སྟོང་གི་ཡེ་ཤེས་སྐྱེ་བར་འགྱུར་བ་ཡིན་ཏེ། ཞལ་ལུང་ལས། དེ་ལ་དེ་ཉིད་རབ་བཟུང་བས། །འཇུག་དང་གནས་དང་ལྡང་བ་ལས། །གྲོལ་བའི་ཡེ་ཤེས་རྙེད་འགྱུར་བ། །སོ་མ་ཉི་ཡིད་གཉིས་མ་བྱེད་ཅིག །ཅེས་གསུངས་པའི་ཕྱིར། རྡོར་བཟླས་ཀྱིས་སྙིང་གའི་རྩ་མདུད་འགྲོལ་ནུས་པ་ཡིན་ཏེ། རྡོ་རྗེ་འཕྲེང་བ་ @019A ༄༅། །ལས། སྔགས་ཀྱི་དེ་ཉིད་ཀྱིས་དེ་འབྱེད། །རྣལ་འབྱོར་མདུད་པ་བཀྲོལ་ནས་ནི། ཞེས་གསུངས་པའི་ཕྱིར། འགྲོ་ལ་ཚུལ་ཡོད་དེ། སྙུག་སྦུབས་སས་འགགས་པ་ཐུར་མ་རིང་པོས་དེའི་ནང་དུ་འབྱུང་འཇུག་མར་དུ་བྱས་པས་སངས་པར་འགྱུར་བ་དེ་བཞིན་དུ༌། སྙིང་ག་གའི་དྷཱུ་ཏཱིའི་ནང་དུ་ལྡང་འཇུག་གནས་གསུམ་གྱི་དམིགས་པ་ཡང་ཡང་བྱས་སྟོབས་ཀྱིས་སྙིང་གའི་རྩ་མདུད་རིམ་གྱིས་ལྷོད་པོར་སོང་སྟེ་མཐར་རྩ་མདུད་རྣམས་གྲོལ་བར་བྱེད་པ་ཡིན་པའི་("PHYI)ར། གྲོལ་བའི་ཚེ་སྙིང་གའི་རྩ་འདབ་དེ་ཉིད་གྱེན་དུ་ལོག་དགོས་པ་ཡིན་ཏེ། རྡོ་རྗེ་ འཕྲེང་བ་ལས། གང་ཕྱིར་དེར་ནི་བཟླས་བྱས་པས། །སྙིང་གའི་པདྨ་སྟེང་བལྟས་འཇིག །ཞེས་གསུངས་པའི་ཕྱིར། རྩ་མདུད་རྣམས་ཀྱི་ནང་ནས་སྙིང་གའི་རྩ་མདུད་དེ་འབྱེད་དཀའ་བ་ཡིན་ཏེ། རྩ་འཁོར་གཞན་གྱི་ཐད་ན་རོ་རྐྱང་གིས་གཡས་གཡོན་འཁྱུད་བའི་ མདུད་པ་རེ་རེ་སྟེ་གཉིས་རེ་ལས་མེད། སྙིང་གའི་དྷཱུ་ཏཱི་ལ་རོ་རྐྱང་གིས་གཡས་གཡོན་ནས་འཁྱུད་པའི་མདུད་པ་གསུམ་གསུམ་སྟེ་དྲུག་གིས་བསྔམས་ནས་ཡོད་པའི་ཕྱིར་ཏེ། རྡོ་རྗེ་འཕྲེང་བ་ལས། དེ་ལ་དབྱེ་བར་དཀའ་བ་ཡི། །དབུས་སུ་མདུད་པ་གསུམ་གྱེས་དཀྲེས?། །ཞེས་ གསུངས་པའི་ཕྱིར། གཞན་ཡང་རྡོར་བཟླས་ལ་ངོ་བོའི་སྒོ་ནས་ཧཱུཾ་ཧོ་གཉིས་ཀྱི་རྡོར་བཟླས་དང༌། ཡི་གེ་གསུམ་གྱི་རྡོར་བཟླས་གཉིས་ཡོད་ལ། རླུང་གི་དབྱེ་བས་རྩ་བ་དང་ཡན་ལག་གི་རླུང་གི་རྡོར་བཟླས་གཉིས། གནས་ཀྱི་དབྱེ་བས་སྟེང་འགྲེ་དང་འོག་འགྲོའི་རྡོར་བཟླས་གཉིས་ རྣམས་སུ་ཡོད་དོ། །མན་ངག་གིས་ཡི་གེ་གསུམ་གྱི་རྡོར་བཟླས་བྱེད་པའི་ཚེ། ཧཱུཾ་གི་ནཱ་ད་ལས་རླུང་སྤོས་རིང་གི་དུད་པ་ལྟ་བུ་ཕྲ་མོ་ཞིག་ཐོན་བ་ཧཱུཾ་གི་གདངས་སུ་མོས་ནས། དེ་ཨོཾ་གྱི་གདངས་ཀྱིས་དམིགས་རྟེན་ལ་ཐིམ་པ་དང༌། ཨཱཿ འི་གདངས་ཀྱིས་གནས་བར་བསམ་བའོ། ། @019B གཙོ་བོ་ནི་གོང་དུ་བཤད་པ་ལྟར་སྟེང་འགྲོའི་རྡོར་བཟླས་བྱས་པས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་འབྱུང་བ་དང༌། རྟགས་ནི་སྔར་ལྟར་རེ། །དེའི་ཚེ་ལྟེ་གསང་གི་གཏུམ་མོ་སྤོར་བ་ཡང་སྔར་བཞིན་བྱས་ནས་དགའ་བཞི་ལུགས་འབྱུང་ལུགས་ལྡོག་ཏུ་དྲངས་ཏེ་བདེ་སྟོང་སྦྱར་ནས་བསྒོཾ་ པ་དང་བསྲེ་བའི་སྐོར་རྣམས་ཀྱང་བྱའོ། །རྡོར་བཟླས་ཀྱི་སྐོར་འདི་འདུས་པའི་ལུགས་ལ་ངག་དབེན་གྱི་སྐབས་སུ་འབྱུང་བས་འདིར་ཡང་དེ་དང་འདྲའོ། །གཉིས་པ་དམ་ཚིག་གི་རྣལ་འབྱོར་ནི། རྒྱ་གཞུང་དེ་ཉིད་ལས། ཤེས་རབ་ཐམས་ཀྱི་ཕྱག་རྒྱ་ལས། །བླ་མའི་མན་ངག་རིམ་བ་ཡིས། ། སྲིད་པའི་སྡུག་བསྔལ་གཞོམ་འདོད་པས། །མི་འགྱུར་བདེབ་བསྒོམ་པར་བྱ། །ཞེས་དང༌། སྨོན་ལམ་ལས། སླར་ཡང་བྱིན་གྱིས་བརླབ་བའི་རྣལ་འབྱོར་གྱིས། །ནང་གི་རྗེས་གཞིག་བསམ་གཏན་རིམ་པ་དང༌། །ཕྱག་རྒྱ་གཉིས་དང་སྦྱོར་བའི་ཐ(Bs) མཁས་ལས༌། །སེམས་དབེན་ མཐར་ཐུག་ཏིང་འཛིན་འདྲེན་པར་ཤོག །ཅེས་གསུངས་པ་ལྟར་ཡིན་ལ། དེ་ཡང་སྦྱིར་རྡོར་བཟླས་ཀྱིས་སྙིང་གའི་རྩ་མདུད་གྲོལ་བར་བྱེད་ནུས་པས་སེམས་དབེན་གྱི་སྟོང་པ་གསུམ་འདྲེན་ནུས་ཀྱང༌། དེ་ཙམ་གྱིས་སེམས་དབེན་མཐར་ཐུག་འདྲེན་མི་ནུས་པས་འདེར་དེ་འདྲེན་པའི་ ཆེད་དུ་ཕྱི་ནང་གི་ཐབས་ལ་བརྟེན་ནས་སྣང་བའི་ཡེ་ཤེས་ཁྱད་བར་ཅན་བསྐྱེད་པ་ཡིན་པས་འདི་ལ་གཉིས། རྗེས་གཞིག་གི་སྡུད་རིམ་བཤད་པ་དང༌། ཕྱག་རྒྱལ་བརྟེན་ནས་སྣང་བའི་ཡེ་ཤེས་ཁྱད་པར་ཅན་བསྐྱེད་ཚུལ་ལོ། །དང་པོ་ནི་སྔར་ལྟར་རྡོར་བཟླས་བྱས་བས་རྩམ་མདུད་ལྷོད་ བོར་སོང་ནས་རླུང་གཞན་བཞི་སྙིང་གའི་མི་ཤིགས་པ་ལ་སྡུད་ནུས་ཀྱང༌། ཁྱབ་བྱེད་སྡུད་དཀའ་བས་དེ་མ་བསྡུས་བར་དུ་སེམས་དབེན་གྱི་ཡེ་ཤེས་མཐར་ཐུག་མི་འཆར་བས་ན། དེ་བསྡུ་བའི་ཕྱིར་དུ་སྔ་མའི་བོགས?་འདོན་ལྟ་བུར་རང་ལྷ་?་ཡུམ་དུ་གསལ་བའི་སྙིང་གའི་ཧཱུཾ་ @020A ༄༅། །ཡིག་ལས་འོད་ཟེར་འཕྲོས་པས་སྣོད་བཅུད་ཐམས་ཅད་ལ་འཕོག་པས། སྣོད་ཀྱི་སྐྱོན་ཐམས་ཅད་སྦྱངས་ནས་དག་པའི་ཞིང་དང་འོད་ཀྱི་རང་བཞིན་དང༌། བཅུ་དཀྱི་སེམས་ཅན་ཐམས་ཅད་འཇིགས་བྱེད་ཡབ་ཡུམ་དུ་གྱུར་པར་བསམས་ལ། དེ་ནས་ སྣོད་བཅུད་དང་བཅུད་རང་ཡབ་ཡུམ་དང༌། རང་སྙིང་གའི་ཧཱུཾ་ཡིག་ལ་ཐིམ་པར་མོ་ས་ཏེ་སེམས་ཞུགས་པ་བཞིན་བྱས་ནས་བསྒོམས་པས། རླུང་དབུ་མར་ཞུགས་གནས་ཐེམ་གསུམ་དང༌། གཏུམ་མོ་སྤར་ཏེ་དགའ་བཞི་ལུགས་འབྱུང་ལུགས་ལྡོག་ཏུ་འདྲེན་ཚུལ་དང་ བསྲེ་བ་སོགས་ནི་སྔར་ལྟར་རོ། །གཉིས་པ་ལ་གཉིས། ཕྱི་ཕྱག་རྒྱ་ལ་བརྟེན་དགོས་པ་དང༌། དེ་ལཥ་སྣང་བའི་ཡེ་ཤེས་ཁྱད་མར་ཅན་བསྐྱེད་ཚུལ་ལོ། །དང་པོ་ནི། རྒྱ་གཞུང་དེ་ཉིད་ལས། འདིར་ཕྱིའི་ཕྱག་རྒྱ་ལ་རིགས་བཞིར་བཤད་ནས། ཕྱག་རྒྱ་མ་ལ་བརྟེན་པ་ནི་འདར་མི་ རུང་བའི་དམ་ཚིག་ཡིན་པས། དམ་ཚིག་གི་རྣལ་འབྱོར་དུ་བཤད་ལ། བླ་མ་ཁ་ཅིག་དབྱིབས་ཀྱི་རྣལ་འབྱོར་བསྒོམ་པའི་དིམ?་པར་བསྡུས་ནས་བཤད་དེ་གང་བྱས་ཀྱང་མི་འགལ་ཡང༌། དང་པོ་ལྟར་བྱས་ན་སེམས་དབེན་མཐར་ཐུག་བསྐྱེད་པ་ནི་ལས་རྒྱ་ལ་ལྟོས?་ པ་ཡིན་ཏེ། རིམ་ལྔ་ལས། སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཡེ་ཤེས་གསུམ་གྱི་དབྱེ་བ་ནི། །གསལ་བར་འདེ་ལས་མཚོན་བར་འགྱུར། །ཞེས་དང༌། སྦྱོད?་བསྡུས་ལས་ཀྱང༌། རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བ་མེད་པར་རྣམ་ བར་ཤེས་པ་གསུམ་ཉེ་བར་མཚོན་པར་མི་ནུས་སོ། །བྷ་ག་དང་ལིངྒ་ཡང་དག་པར་སྦྱོར་བར་མི་ནུས་བ་དེས་ནི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་མི་རྙེད་དོ། །ཅེས་གསུངས་པའི་ཕྱིར། ལས་རྒྱལ་ལ་དབྱེ་ན་པདྨ་ཅན། གླང་པོ་ཅན། དུང་ཅན་མ། རི་དགས་ཅན་མ་དང་བཞི། @020B དེ་བཞི་ཡང་ཙརྩི?་ཀ་དང༌། ཕག་མོ་དང༌། དབྱངས་ཅན་མ་དང༌། གཽ་ར་དིང་བཞིའི་རིགས་སུ་བཤད་ལ། སོ་སོའི་མཚན་ཉིད་ཀྱང་རྒྱ་གཞུང་ཉིད་ལས། པདྨ་ཅན་གྱི་མཚན་ཉིད་ནེ། །བཞིན་ནི་ཀུན་ནས་ཟླུམ་པོ་སྟེ། །ཞེས་སོགས་ཀྱིས་བསྟན་ཅིང༌། ལུས་ཐུན་མོང་བའི་ མཚན་ཉིད་ནི། བཅུ་དྲུག་ལོན་མ་སྐལ་བཟང་མ། །ཞེས་སོགས་ཀྱིས་འཆད། རྣལ་འབྱོར་པས་ནི་ཇི་སྲིད་དུ། །བྱང་སེམས་འབྱིན་པར་མི་བྱེད་བ། །ཞེས་སོགས་ཀྱིས་ཕྱག་རྒྱ་སྲོག་རྩོལ་དུ་སོང་ནས་བྱང་སེམས་བབས་བ་ལས་ལྷན་སྐྱེས་ཀྱི་བདེ་བ་སྐྱེ་ཚུལ་བསྟན་ཏོ། ། གཉིས་པ་ལ་གཉིས། དངོས་དང༌། སྣང་བའི་རང་བཞིན་བཤད་བའོ། །དང་པོ་ནི། དེ་ལྟར་ལས་རྒྱའི་མཚན་ཉིད་ཤེས་པར་བྱས་ནས། དེ་ལ་རིམ་གཉིས་ཀྱི་ལམ་བསྟན་པས་ཉམས་སུ་བླངས་ཏེ་རྒྱུད་སྨིན་བ་ན་བསྟེན་དགོས་ལ། དེ་འདྲ་བའི་བྱག?་རྒྱའི་དྷཱུ་ཏཱིའི་མར་སྣ་ རང་གི་དྷཱུ་ཏཱིའི་ནང་དུ་བཅུག་སྟེ་སྙོམས་པར་འཇུག་བཞིན་པའི་ངང?་ནས། སྙིང་གའི་སྡུད་རིམ་དང་ཁྱབ་བྱེད་ལ་དམིགས་པའི་རྡོར་བཟླས་དང༌། ཁ་སྦྱོར་བུམ་བ་ཅན་བསྒོམས་པས། རླུང་དགུ་དང་ཁྱབ་བྱེད་ཀྱི་རླུང་ཕལ་ཆེར་སྙིང་གའི་དབུ་མར་ཞུགས་གནས་ཐེམ་གསུམ་བྱེད་ ནུས་པ་འབྱུང་ལ། དེ་ལས་སྨིག་རྒྱུ་ནས་འོད་གསལ་གྱི་བར་བྱི་རྟགས་རྣམས་འཆར་ཞིང༌། གཏུམ་མོ་སྤར་ཏེ་སྟོང་བཞི་དགའ་བཞི་ཁྱད་པར་ཅན་གྱི་ངོ་བོ་(RSKYE)ད་ནུས་པ་དེ་འབྱུང་བས། དེའི་ཚེ་བཞི་ཀ་དང་ལྷན་སྐྱེས་ཀྱི་དུས་སུ་བདེ་སྟོང་སྦྱར་ནས་བསྒོམ། སྐབས་འདིར་བསྲེ་ བའི་སྐོར་རྣམས་ཀྱང་བྱེད་དོ། །འོག་གསལ་ལས་ལྔང?་བ་རྩོམ་པ་ན་ཕུང་པོ་རྙིང་པ་ལས་གོ་ས་ལོགས་སུ་སྒྱུ་མའི་སྐུར་ལྡང་སྙམ་པའི་འཕེན་པ་ཡང་ཡང་བཏང་བས། འོད་གསལ་ལས་ལངས་པའི་ཚེ་རེ་ཞིག་ལྷ་སྐུར་མོས་པ་ཡིད་བྱེད་ཀྱིས་ལྡང་བ་འབྱུང་ཡང༌། དེ་ལ་ @021A ༄༅། །གོམས་པར་བྱས་པའི་མཐར་དངོས་གནས་ལ་ལྡང་ནུས་ཏེ་འཆད་པར་འགྱུར་རོ། །སྣང་བ་གསུམ་གྱི་མིང་གི་རྣམ་གྲངས་ཡོད་དེ། ཡུལ་སྣང་མེ་འདྲ་བ་གསུམ་འཆར་བའི་དབང་དུ་བྱས་ནས་སྣང་བ་དང་མཆེད་པ་དང་ཉེར་ཐོབ་ཅེས་བརྗོད་ལ། དེ་ཡང་སྔར་བཤད་པ་ ལྟར་ཟླ་འོད་ལྟར་དཀར་ལམ་པའི་སྣང་བ་འཆར་བས་ན་སྣང་བ་དང༌། དེ་སྔར་ལས་ཉི་འོད་བཞིན་དུ་གསལ་བར་སོང་བས་ན་མཆེད་པ་དང༌། དེ་ནས་སྲོད་ཀྱི་སྨག་བཞིན་དུ་མི་གསལ་ཞིང་འོད་གསལ་དང་ཉེ་བར་སོང་བས་ན་ཉེར་ཐོབ་དང༌། སྣང་བ་དང་པོ་དེ་ཀུན་ རྟོག་བཞོན་པའི་རླུང་དང་བཅས་པས་སྟོང་པས་ན་སྟོང་པ་དང༌། མཆེད་པ་དེ་སྣང་བ་བཞོན་པའི་རླུང་དང་བཅས་པས་སྟོང་པས་ན་ཤིན་ཏུ་སྟོང་པ་དང༌། ཉེར་ཐོབ་དེ་མཆེད་པ་བཞོན་པའི་རླུང་དང་བཅས་པས་སྟོང་པས་ན་སྟོང་པ་ཆེན་པོ་ཞེས་བརྗོད་པའི་ཕྱིར། དེ་འདྲ་ བའི་སྣང་བ་གསུམ་པོ་དེ་འཆི་དུས་དང༌། ལམ་དུས་སུ་ནི་སྙིང་གའི་དྷཱུ་ཏཱི('R) རླུང་ཐིམ་པ་ལས་མཚན་ཉིད་ཚང་བར་འཆར་ལ། གཉིད་དུས་དང༌། ལམ་དུས་ཀྱི་སྐབས་གཞན་འགའ་ཞིག་གི་ཚེ་སྣ་བུག་གི་རྒྱུ་བ་ཕྲ་མོ་མི་ལྡོག་པས་རྫོགས་པར་མི་འཆར་ཡང་ཆ་ འདྲ་ཙམ་འཆར་རོ། །གཉིས་པ་སྣང་བ་གསུམ་གྱི་རང་བཞིན་ཀུན་རྟོག་དེ་ལ་བརྒྱད་ཅུ་ཡོད་དེ། སྣང་བའི་རང་བཞིན་གྱི་རྟོག་པ་སོ་གསུམ་དང༌། མཆེད་པའི་རང་བཞིན་གྱི་རྟོག་པ་བཞི་བཅུ་དང༌། ཉེར་ཐོབ་ཀྱི་རང་བཞིན་གྱི་རྟོག་པ་བདུན་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། ཆགས་བྲལ་ཡུལ་མི་འདོད་པའི་བློ་ནས། ཕྲག་དོག་གི་བར་སུམ་ཅུ་རྩ་གསུམ་ཡོད་པའི་ཕྱིར། གཉིས་པ་གྲུབ་སྟེ། སྔར་མ་ཐོབ་པའི་ཡུལ་ལ་ཆགས་པ་ནས། གྱ་གྱུ་མི་དྲང་བའི་བར་བཞི་བཅུ་ཡོད་པའི་ཕྱིར། གསུམ་པ་གྲུབ་སྟེ། ཆགས་ @021B སྔར་ཆ་མཉམ་པའི་བློ་ནས། ཐེ་ཚོམ་གྱི་བར་བདུན་ཡོད་པའི་ཕྱིར། དེ་དག་གི་ཁྱད་པར་རྒྱས་པར་ནི་གཞན་དུ་བལྟའོ། །དེ་ཡང་སྐྱེ་བའི་ཚེ་སྣང་བའི་རྗེས་སུ་རང་བཞིན་གྱི་རྟོག་པ་ཅི་རིགས་པར་སྐྱེ་ཡང༌། འགག་པའི་ཚེ་སྣང་བ་ཐིམ་པའི་སྔོན་དུ་རང་བཞིན་རྣམས་འགག་དགོས་ཏེ། སྣང་བ་ དང་པོ་སྐྱེས་པ་ན་ཀུན་རྟོག་བརྒྱད་ཅུའི་བཞོན་པར་གྱུར་པའི་རླུང་རགས་པ་རྣམས་ཐིམ་པའི་ཕྱིར། དེས་ན་སྣང་བ་གསུམ་དང་དེ་གསུམ་གྱི་རང་བཞིན་རྣམས་སྤེལ་ནས་སྐྱེ་བ་མིན་ནོ། །རྟོག་པ་དེ་རྣམས་སྣང་བ་གསུམ་གྱི་རང་བཞིན་དུ་འཇོག་པའི་རྒྱུ་མཚན་ཡོད་དེ། རྟོག་པ་ཚན་པ་ གསུམ་ལ་རླུང་གི་གཡོ་བ་ཤས་ཆེ་ཆུང་བར་མ་གསུམ་ཡོད་ལ། དེ་ཡང་སྣང་བ་གསུམ་གྱི་བཞོན?་པར་གྱུར་པའི་རླུང་ལ་ཤས་ཆེ་ཆུང་བར་མ་གསུམ་ཡོད་པའི་ལག་རྗེས་ཡིན་པས་ན་དེའི་དབང་གིས་བཞག་པ་ཡིན་པའི་ཕྱིར། དེ་རྣམས་ལ་སྣང་བ་གསུམ་གྱི་རང་བཞིན་ནམ་ མཚན་ཉིད་དུ་བརྗོད་པ་ནི་ངོ་བོ་གཅིག་པའི་སྒོ་ནས་མཚོན་བྱེད་དུ་བྱས་པ་མིན་གྱི། ངོ་བོ་ཐ་དད་པའི་མཚོན་བྱེད་ཡིན་ཏེ། དཔེར་ན་བྱ་རོག་གིས་ཡང་བཟང་མཚོན་པ་བཞིན་ནོ། །མདོར་ན་སེམས་དབེན་གྱི་ཡེ་ཤེས་རྣམས་རྫོགས་པར་བསྐྱེད་པ་ལ་ནང་རྐྱེན་རྡོར་བཟླས་དང༌། ཕྱི་རྐྱེན་ ཕྱག་རྒྱ་ལ་བརྟེན་པ་དགོས་ཤིང༌། ཕྱག་རྒྱ་ལའང་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་གཉིས་ལས་ཡེ་རྒྱ་ལ་བརྟེན་ནས་ཀུན་རྟོག་བརྒྱད་ཅུ་བཞོན་པའི་རླུང་དང་བཅས་པ་ཐིམ་ནས་སེ(Ms) དབེན་ཙམ་བསྐྱེད་ནུས་ཀྱང༌། སེམས་དབེན་མཐར་ཐུག་བསྐྱེད་མི་ནུས་པས་དེ་ལ་ནི་ལས་རྒྱ་དགོས་སོ།། དེ་ཡང་ཡུལ་རྟེན་གཉིས་ཀ་རྒྱུད་ནས་བཤད་པ་ལྟར་མཚན་ཉིད་ཚང་དགོས་ཀྱི། གང་བྱུང་གིས་མི་ཆོག་གོ །འོན་ཀྱང་མཁས་གྲུབ་ནོར་བཟང་བས་ནི་ཡེ་རྒྱ་ཙམ་ལ་བརྟེན་ནས་སེམས་དབེན་དཔེའི་འོད་གསལ་མཐར་ཐུག་བསྐྱེད་ནུས་པ་ཞིག་ཀྱང་བཞེད་དེ་དཔྱད་པར་བྱའོ། །དེ་ལྟར་ཕྱི་ @022A ༄༅། །ནང་གི་ཐབས་དེ་གཉིས་ལ་བརྟེན་ནས་རླུང་ཐམས་ཅད་འཆི་བའི་དུས་སུ་ཐིམ་རིམ་ཇི་ལྟར་འབྱུང་བ་དེ་བཞིན་དུ་སྙིང་ཁར་བསྡུས་ནས། དཔེའི་འོད་གསལ་སྔ་ཕྱི་རྣམས་འཆི་བ་འོད་གསལ་བ་ཞིན་དུ་བསྐྱེད་པ་ནི་སེམས་དབེན་གྱི་རིམ་པར་འགྱུར་ཏེ་དེ་ནི་ འདུས་པ་འཕགས་ལུགས་ཀྱི་སེམས་དབེན་དང་འདྲའོ། །གསུམ་པ་དབྱིབས་ཀྱི་རྣལ་འབྱོར་ནི། གྲུབ་ཆེན་གྱི་གཞུང་དེ་ལས། འོད་གསལ་བ་ལ་དེ་བསམས་ནས། །དེ་ལས་རྡོ་རྗེ་འཛིན་འདྲར་འགྱུར། །ཞེས་དང༌། སྨོན་ལམ་ལས་ཀྱང༌། འཆི་རིམ་ཇི་བཞིན་རླུང་ རྣམས་མ་ལུས་པ། །སྙིང་ཁར་ཐིམ་པའི་འོད་གསལ་དེ་ཉིད་ལས། །དབྱིབས་ཀྱི་རྣལ་འབྱོར་མཚན་དཔེའི་དྲ་བ་ཅན། །སྒྱུ་མ་ལྟ་བུའི་ཏིང་འཛིན་རྫོགས་པར་ཤོག །ཞེས་གསུངས། འདི་ལ་གཉིས། འགྲུབ་ཚུལ་དངོས་དང༌། དེའི་ཡན་ལག་བཤད་པའོ། །དང་པོ་ནི། ཕྱི་ ནང་གི་ཐབས་དེ་ལ་བརྟེན་ནས་ས་ཆུ་ཆུ་མེ་མེ་རླུང་དང་ཀུན་རྟོག་གཡོ་བྱེད་ཀྱི་རླུང་ཐམས་ཅད་སྣང་བ། དེ་མཆེད་པ། དེ་ཉེར་ཐོབ། དེ་འོད་གསལ་ལ་སྔར་བཤད་པ་ལྟར་ཐིམ་ནས་དཔེའི་འོད་གསལ་མཐར་ཐུག་ཤར་བ་དང༌། དཔེའི་འོད་གསལ་གྱི་བཞོན་པར་གྱུར་པའི་རླུང་ འོད་ཟེར་ལྔ་པས་ཉེར་ལེན་དང༌། འོད་གསལ་གྱི་སེམས་དེས་ལྷན་ཅིག་བྱེད་རྐྱེན་བྱས་པ་ལ་བརྟེན་ནས་ལུགས་ལྡོག་ཏུ་ལངས་པའི་ཚེ་ཉེར་ཐོབ་གྲུབ་པ་དང་མཉམ་དུ། ཕུང་པོ་རྙིང་པ་ལས་གོས་ལོགས་སུ་བྱེ་སྟེ་སྒྱུ་ལུས་རྡོ་རྗེ་འཇིགས་བྱེད་ཀྱི་སྐུར་དངོས་གནས་ལ་བཞེངས་པ་དེ་ འབྱུང་ལ། དེ་ནས་མཆེད་པ། དེ་ནས་སྣང་བ། དེ་ནས་རང་བཞིན་གྱི་རྟོག་པ་རྣམས་སྐྱེ་ལ། དེ་ཡང་སྣང་བ་གསུམ་ནི་མྱུར་བའི་ཚུལ་གྱིས་སྐྱེའོ། །སྒྱུ་ལུས་གྲུབ་མ་ཐག་པའི་གནས་ནི་སྙིང་གའི་རྩ་འཁོར་གྱི་དབུས་ཀྱི་དྷཱུ་ཏཱིའི་ནང་ཡིན་ཏེ། དཔེའི་འོད་གསལ་མཐར་ཐུག་འཆར་བའི་ @022B གནས་དེ་ལྟར་ཡིན་པའི་ཕྱིར་ཏེ། རྗེས། འོད་གསལ་ཉི་མ་སྙིང་དབུས་འཆར་བར་ཤོག །ཞེས་གསུངས་པའི་ཕྱིར། འོན་ཀྱང་མཁས་པ་ཁ་ཅིག་སྒྱུ་ལུས་ཐོག་མར་ལུས་ཀྱི་ཕྱི་རོལ་ཏུ་འགྲུབ་པར་བཞེད་ལ། ཁ་ཅིག་ཕྱི་ནང་གང་དུ་ལྡང་བ་འདོད་པ་དེ་བཞིན་དུ་འགྱུར་བར་འདོད་དེ་མི་འདྲའོ། །གང་ ལྟར་ཡང་གཞིའི་བར་དོ་ཇི་ལྟར་འགྲུབ་པ་དེ་བཞིན་དུ་འབྱུང་ལ། ནང་ལྡང་འདོད་ནའང་གྲུབ་མ་ཐག་ནས་ཕྱིར་ཐོན་པར་འགྱུར་བ་ཡིན་ནོ། །སྒྱུ་མའི་སྐུ་དེ་ནི་འདུས་པ་ལྟར་སྒྱུ་མ། ཆུ་ཟླ། མིག་གཡོར། མིག་འཕྲུལ། སྨིག་རྒྱུ། རྨི་ལམ། བྲག་ཅ། དྲི་ཟའི་གྲོང་ཁྱེར། འཇའ་ཚོན། གློག ། ཆུ་བུར། མེ་ལོང་གི་གཟུགས་བརྙན་ཏེ་དཔེ་བཅུ་གཉིས་ཀྱིས་མཚོན་དུའང་ཡོད་མོད། འདིར་དཔེ་ལྔའི་སྒོ་ནས་མཚོན་པ་ཡིན་ཏེ། རྨི་ལམ། སྒྱུ་མ། ཆུ་ཟླ། ཆུ་བུར། མེ་ལོང་ནང་གི་གཟུགས་བརྙན་དང་ལྔས་མཚོན་པའི་ཕྱིར། དེ་ཡང་སྒྱུ་མའི་སྐུ་དེ་ཕུང་པོ་རྙིང་པ་ལས་གོ་ས་ལོགས་ སུ་བྱེ་ཡང༌། སླར་དེ་ལ་འཇུག་དགོས་པ་ཞིག་ཡིན་པ་ནི། དཔེར་ན། རྨི་ལམ་གྱི་ལུས་ཁྱད་པར་ཅན་ཕུང་པོ་རྙིང་པ་ལས་ལོགས་སུ་བྱེ་ནས་སླར་དེ་ལ་འཇུག་པ་བཞིན་དང༌། སྐུ་དེ་རླུང་སེམས་ཀྱི་རང་བཞིན་ཅན་ཡིན་ཡང་བཞིན་ལག་གི་རྣམ་བཅན་དུ་སྣང་བ་ནི་སྒྱུ་མའི་མི་བཞིན་དང༌། སྐུ་དེ་ ངོ་བོ་གཅིག་ཡིན་ཡང་གདུལ་བྱ་གང་དུ་ཡོད་པ་དེར་སྤྲུལ་པ་འབྱུང་བ་ནི་ཟླ་བ་གཅིག་ཡིན་ཡང་གཟུགས་བརྙན་ཆུ་དུ་མར་འཆར་བ་བཞིན་དང༌། སྐུ་དེ་རང་རྒྱུ་དཔེའི་འོད་གསལ་ལས་བྱུང་བ་ནི། ཆུ་ལས་ཆུ་བུར་འབྱུང་བ་བཞིན་དང༌། སྐུ་དེ་ཡན་ལག་ཐམས་ཅད་རྫོགས་པར་ ཅིག་ཅར་དུ་གྲུབ་པ་ནི། མེ་ལོང་ནང་དུ་ལྷའི་གཟུགས་བརྙན་ཞལ་ཕྱག་ཐམས་ཅད་ཅིག་ཅར་དུ་སྣང་བ་བཞིན་ནོ། །སྐུ་དེ་ནི་སྒྲུབ་གཞི་རང་རྒྱུ་ཤིན་ཏུ་ཕྲ་བའི་རླུང་སེམས་ལས་གྲུབ་པ་ཡིན་ཏེ། རིམ་ལྔ་ལས། སེམས་གང་གིས་ནི་བྱིས་པ་རྣམས། །འཁོར་བའི་འཆིང་བས་ @023A ༄༅། །བཅིངས་གྱུར་པ། །སེམས་དེ་ཉིད་ཀྱིས་རྣལ་འབྱོར་པ། །བདེ་གཤེགས་གནས་སུ་འགྲོ་བར་འགྱུར། །ཞེས་ཐ་མལ་པ་ལ་འཁོར་བའི་རྒྱུར་འགྱུར་བའི་ཤིན་ཏུ་ཕྲ་བའི་རླུང་སེམས་དེ། རྣལ་འབྱོར་པ་ལ་སྒྱུ་མའི་སྐུར་འགྱུར་བར་གསུངས་ཤིང༌། ཡང་དེ་ ཉིད་ལས། དེ་ཉིད་རླུང་དང་ཡང་དག་ལྡན། །རྣམ་ཤེས་གསུམ་པོ་སླར་ཡང་ནི། །རྣལ་འབྱོར་པ་ཡི་ལུས་སུ་འགྱུར། །སྒྱུ་མའི་སྐུ་ཞེས་དེ་ལ་བཤད། །ཅེས་སྣང་བ་གསུམ་རླུང་དང་བཅས་པ་ལས་སྒྱུ་མའི་སྐུ་འགྲུབ་པར་བཤད་པའི་ཕྱིར། ཤིན་ཏུ་ཕྲ་བའི་རླུང་སེམས་དེ་ཉིད་ཐ་མལ་ བ་ལ་འཆི་བ་འོད་གསལ་གྱི་རླུང་སེམས་སུ་གྱུར་ནས་ལུས་སྣ་ཚོགས་སྐྱེ་འགག་བྱེད་པའི་རྒྱུར་འགྱུར་བ་ཡིན་ཏེ། རྡོ་རྗེ་འཕྲེང་བ་ལས། སྙིང་པོར་གྱུར་པ་རང་སྲོག་ལས། །ཁམས་གསུམ་ན་ནི་གཞན་མེད་དེ། །སྒྱུ་མ་རླུང་གི་ཁམས་གསུམ་པ། །རྨི་ལམ་རྨི་བ་བཞིན་དུ་ མཐོང༌། །ཞེས་དང༌། སྐྱེ་དང་གནས་དང་འཇིག་པ་དང༌། །སྲིད་པ་བར་མར་གནས་པ་སྟེ། །ཇི་སྙེད་འཇིག་རྟེན་གྱིས་བཏགས་པ། །སེམས་ཀྱི་རླུང་གི་རྣམ་འཕྲུལ་ལོ། །ཞེས་དང༌། ལུང་སྟོན་ལས་ཀྱང༌། འདུ་ཤེས་ཅན་དང་འདུ་ཤེས་མེད། །སེམས་ཅན་དུ་བཏགས་འདིར་ གནས་པ། །དེ་རྣམས་རླུང་ལས་བྱུང་བ་སྟེ། །རླུང་ལས་སླར་ཡང་འགག་པ་ཡིན། །ཞེས་དང༌། རིམ་ལྔ་ལས། འགྲོ་ཀུན་རང་དབང་མེད་པ་སྟེ། །རང་དབང་དུ་ནི་འབྱུང་མ་ཡིན། །དེ་ཡི་རྒྱུ་ནི་འོད་གསལ་བ། །འོད་གསལ་ཐམས་ཅད་སྟོང་པའོ། །ཞེས་གསུངས་པའི་ཕྱིར། སྒྱུ་ལུས་ཀྱི་སྐོར་འདི་འདུས་པའི་ལུགས་ཀྱི་རིམ་པ་གསུམ་པའི་སྒྱུ་ལུས་སྒྲུབ་ཚུལ་དང་ཤིན་ཏུ་མཐུན་པས་རྒྱས་པར་ནི་དེ་ལས་ཤེས་པར་བྱ་སྟེ། འདིར་མཚོན་པ་ཙམ་མོ། །གཉིས་པ་བསྲེ་བའི་སྐོར་ཅུང་ཟད་འཆད་པ་ལ་གཉིས། དབྱེ་བ་དང༌། རང་བཞིན་ནོ། །དང་པོ་ནི། @023B བསྲེ་བ་ལ་རྒྱས་པར་ཕྱེ་ན་དགུ་ཡོད་དེ། སད་དུས་ཀྱི་སྐུ་གསུམ་གྱི་བསྲེ་བ་དང༌། གཉིད་དུས་ཀྱི་སྐུ་གསུམ་གྱི་བསྲེ་བ་དང༌། འཆི་དུས་ཀྱི་སྐུ་གསུམ་གྱི་བསྲེ་བ་རྣམས་སུ་ཡོད་པའི་ཕྱིར། དེ་ནི་བསྡུན་གསུམ་དུ་འགྱུར་ཏེ། ཆོས་ལོངས་སྤྲུལ་སྐུའི་བསྲེ་བ་གསུམ་དུ་འགྱུར་བའི་ཕྱིར། གཉིས་པ་ལ་གསུམ། སད་དུས་ཀྱི། གཉིད་དུས་ཀྱི། འཆི་དུས་ཀྱི་སྐུ་གསུམ་དང་བསྲེ་བའོ། །དང་པོ་ལ་སད་དུས་ཀྱི་ཆོས་སྐུ་དང་བསྲེ་ཚུལ་ཡོད་དེ། ལུས་དབེན་ཐོབ་ནས་ཟུང་འཇུག་གི་བར་སད་པའི་གནས་སྐབས་སུ་དགའ་བཞི་དྲངས་ཏེ། བདེ་སྟོང་སྦྱར་ནས་བསྒོམ་པ་ཡིན་པའི་ ཕྱིར། སད་དུས་ཀྱི་ལོངས་སྐུ་དང་བསྲེ་ཚུལ་ཡོད་དེ། འོད་གསལ་དེ་ལས་ལྷའི་སྐུར་ཡིད་ངོར་རམ་དངོས་གནས་ལ་ལྡང་བ་ཡིན་པའི་ཕྱིར། སད་དུས་ཀྱི་སྤྲུལ་སྐུ་དང་བསྲེ་ཚུལ་ཡོད་དེ། ལྡང་བའི་སྐུ་དེ་ཉིད་རྣམ་སྨིན་གྱི་ཕུང་པོ་རྙིང་པ་འཇིགས་བྱེད་དུ་བསྒོམས་པའི་ཐུགས་ ཀར་ཡེ་ཤེས་སེམས་དཔའི་ཚུལ་གྱིས་འཇུག་པ་ཡིན་པའི་ཕྱིར། གཉིས་པ་གཉིད་དུས་ཀྱི་ཆོས་སྐུ་དང་བསྲེ་ཚུལ་ཡོད་དེ། གཉིད་ཀྱི་འོད་གསལ་གྱི་དུས་སུ་བདེ་སྟོང་སྦྱར་ནས་བསྒོམ་པ་ཡིན་པའི་ཕྱིར། གཉིད་དུས་ཀྱི་ལོངས་སྐུ་དང་བསྲེ་ཚུལ་ཡོད་དེ། གཉིད་ ཀྱི་འོད་གསལ་ལས་ལྷའི་སྐུར་ཡིད་ངོར་རམ་དངོས་གནས་ལ་ལྡང་བ་ཡིན་པའི་ཕྱིར། གཉིད་སད་པ་སྤྲུལ་སྐུ་དང་བསྲེ་ཚུལ་ཡོད་དེ། ལྡང་བའི་སྐུ་དེ་ཉིད་ཕུང་པོ་རྙིང་པ་ལྷར་བསྒོམས་པའི་ཐུགས་ཀར་ཡེ་ཤེས་སེམས་དཔའི་ཚུལ་གྱིས་ཞུགས་ནས་སད་པར་བྱ་བ་ཡིན་ པའི་ཕྱིར། གསུམ་པ་འཆི་དུས་ཀྱི་ཆོས་སྐུ་དང་བསྲེ་ཚུལ་ཡོད་དེ། འཆི་བ་འོད་གསལ་གྱི་དུས་སུ་བདེ་སྟོང་སྦྱར་ནས་བསྒོམ་པ་ཡིན་པའི་ཕྱིར། བར་དོ་ལོངས་སྐུ་དང་བསྲེ་ཚུལ་ཡོད་དེ། བར་དོར་ལྷའི་སྐུར་ཡིད་ངོར་རམ་བར་དོ་འབྱུང་བའི་དོད་དུ་ལྷའི་སྐུར་དངོས་གནས་ལ་ལྡང་ @024A ༄༅། །བ་ཡིན་པའི་ཕྱིར། སྐྱེ་བ་སྤྲུལ་སྐུ་དང་བསྲེ་ཚུལ་ཡོད་དེ། བསམ་བཞིན་དུ་སྐྱེ་གནས་སུ་ཉིད་མཚམས་སྦྱོར་བ་ཡིན་པའི་ཕྱིར། རིམ་པ་གསུམ་པའི་སྒྱུ་མའི་སྐུ་འདི་ཡེ་ཤེས་ཀྱི་སྐུ་མཚན་ཉིད་པ་ཡིན་ཀྱང༌། རྡོ་རྗེའི་སྐུ་བཏགས་པ་ཙམ་ཡིན་གྱི། མཚན་ཉིད་པ་མ་ཡིན་ ཏེ། དོན་གྱི་འོད་གསལ་སྐྱེས་པའི་ཚེ་རིགས་འདྲ་རྒྱུན་ཆད་བར་འགྱུར་བའི་ཕྱིར། དོན་གྱི་འོད་གསལ་གྱི་སྔོན་དུ་སྒྱུ་མའི་སྐུ་སྔོན་དུ་འགྲོ་དགོས་པའི་རྒྱུ་མཚན་ཡོད་དེ། དོན་གྱི་འོད་གསལ་དེ་ཤེས་སྒྲིབ་སྦྱོང་བའི་ནུས་པ་མཐུ་ཅན་དུ་འགྱུར་བ་ལ་དེ་སྔོན་དུ་འགྲོ་དགོས་པའི་ཕྱིར་ཏེ། རིམ་པ་གསུམ་པའི་སྒྱུ་མའི་སྐུ་འདི་ཕར་ཕྱིན་ཐེག་པའི་བསྐལ་པ་གྲངས་མེད་གསུམ་དུ་བསོད་ནམས་ཀྱི་ཚོགས་བསགས་པའི་དོད་དུ་འགྱུར་ཞིང༌། འདི་སྦྱངས་པ་ལས་བྱུང་བའི་དོན་གྱི་འོད་གསལ་དེས་ཉོན་སྒྲིབ་དངོས་སུ་སྤོང་ནུས་ཤིང༌། ཤེས་སྒྲིབ་ཀྱང་སྦྱོར་བའི་ནུས་པ་ཕུལ་དུ་བྱུང་ བ་ཡང་ཐོབ་པའི་ཕྱིར་རོ། །བཞི་པ་རྣམ་དག་ཡེ་ཤེས་ཀྱི་རྣལ་འབྱོར་བཤད་པ་ལ་གཉིས། དོན་གྱི་ལྷན་སྐྱེས་བཤད་པ་དང༌། དེ་ལས་ཟུང་འཇུག་གི་སྐུ་འགྲུབ་ཚུལ་བཤད་པའོ། །དང་པོ་ནི། གཞུང་དེ་ཉིད་ལས། མཁའ་འགྲོའི་ཕོ་བྲང་ཞེས་སོགས་དང༌། རྣལ་འབྱོར་བཞིའི་རིམ་པ་ ལས། གང་སྐྱེས་ཡེ་ཤེས་ཕྱག་རྒྱ་ཆེ། །ཞེས་སོགས་དང༌། སྨོན་ལམ་ལས། དབང་པོའི་གཞུ་ལྟར་དངས་པའི་སྐུ་དེ་ཉིད། །ནམ་མཁའི་དབྱིངས་སུ་ཆུ་འཛིན་ཞུ་བ་བཞིན། །སྦྱངས་པའི་རྣམ་དག་ཡེ་ཤེས་རྣལ་འབྱོར་གྱིས། །བདེན་པར་འཛིན་པའི་ས་བོན་དྲུངས་འབྱིན་ཤོག ། ཅེས་གསུངས། དེ་ནི། བདག་གི་ཐུགས་ཀའི་ས་བོན་ལས། །ཞེས་སོགས་ཀྱིས་བསྟན་པ་ལྟར། རྣལ་འབྱོར་པ་དེས་དོན་གྱི་འོད་གསལ་འགྲུབ་ཏུ་ཉེ་བའི་མཚན་མ་མཐོང་བ་ན། ཕྱི་རྐྱེན་ལས་རྒྱ་དང་སྙོམས་པར་འཇུག་ཅིང༌། ནང་རྐྱེན་རང་གི་སྙིང་གའི་ཧཱུཾ་ཡིག་ལས་འོད་ཟེར་འཕྲོས་ @024B པ་སྣོད་བཅུད་ཐམས་ཅད་ལ་འཕོག་པས་འོད་དུ་གྱུར། དེ་ནས་སྣོད་བཅུད་དང་བཅུད་རང་ལ་ཐིམ་པ་སོགས་སྔར་བཞིན་བསྒོམ་པ་ནི་རྗེས་གཞིག་གི་བསམ་གཏན་དང༌། ཡང་སྣོད་སྔོན་དུ་མི་སྡུད་བར་རང་གི་ལུས་ཀྱི་སྟོད་སྨད་ནས་ནཱ་དའི་བར་དང༌། དེ་ཡང་འོད་གསལ་དུ་ཐིམ་པར་བསྒོམ་ པ་ནི་རི་ལ་འཛིན་གྱི་བསམ་གཏན་ཏེ། དེ་གཉིས་ཀྱི་སྒོ་ནས་སྒྱུ་ལུས་འོད་གསལ་དུ་འཇུག་པའི་སྡུད?་རིམ་ཡང་ཡང་བྱས་པས་གོམས་པ་ན། རླུང་དབུ་མར་ཞུགས་གནས་ཐིམ་གསུམ་དང་འབྱུང་བའི་ཐིམ་རིམ་རྣམས་ཀྱང་འཆི་རིམ་བཞིན་དུ་འབྱུང་ཞིང༌། སྣང་མཆེད་ཐོབ་ གསུམ་གྱི་མཐར་ལྷན་སྐྱེས་ཀྱི་བདེ་བས་སྟོང་ཉིད་མངོན་སུམ་དུ་གསར་དུ་རྟོགས་པ་ན་རིམ་པ་བཞི་པའི་དོན་གྱི་ལྷན་སྐྱེས་སྐྱེས་པ་ཡིན་ལ། དེ་སྐྱེས་པ་དང་མཉམ་དུ་རིམ་པ་གསུམ་པའི་སྒྱུ་མའི་ལུས་དེ་ཉིད་འཇའ་ཡལ་བ་ལྟར་དག་ནས་ཡལ་འགྲོ་བ་ཡིན་ནོ། །དེའི་ཚེ་འཕགས་ལམ་ གསར་དུ་ཐོབ་ཅིང༌། དེ་ནི་མཐོང་ལམ་ཡིན་ཀྱང༌། ཉོན་སྒྲིབ་ཀུན་བཏགས་དང་ལྷན་སྐྱེས་གཉིས་ཀའི་དངོས་གཉེན་བར་ཆད་མེད་ལམ་ཡིན་ནོ། །གཉིས་པ་ནི། གཞུང་དེ་ཉིད་ལས། བསམ་པ་རྫོགས་མཛད་ཟུང་འཇུག་སྐུ། །ཞེས་དང༌། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །ཞེས་ སོགས་དང༌། སྨོན་ལམ་ལས། དོན་གྱི་ལྷན་ཅིག་སྐྱེས་པ་དེ་ཉིད་ལས། །མཚན་དཔེས་བརྒྱན་པའི་ཡོངས་སུ་དག་པའི་སྐུ། །དོན་དམ་འོད་གསལ་ཐུགས་དང་མཉམ་སྦྱོར་བའི། །ཟུང་དུ་འཇུག་པའི་རྣལ་འབྱོར་མཆོག་འགྲུབ་ཤོག །ཅེས་པས་སློབ་པའི་རྩ་འཛུག་གི་ གཙོ་བོ་འགྲུབ་ཚུལ་བསྟན་ནས། དེའི་རྒྱུན་ལས་མི་སློབ་པའི་ཟུང་འཇུག་ཁ་སྦྱོར་ཡན་ལག་བདུན་ལྡན་ཀྱང་འགྲུབ་པར་འགྱུར་བ་ནི། ནམ་མཁའ་ཇི་སྲིད་སྐུ་ལྔའི་བདག་ཉིད་ཅན། །ཁ་སྦྱོར་བདུན་ལྡན་གོ་འཕང་མངོན་གྱུར་ནས། །མཐའ་དག་འགྲོ་འདི་གོ་འཕང་དེ་ @025A ༄༅། །ཉིད་ལ། །སྐད་ཅིག་ཉིད་ལ་བདེ་བླག་འགོད་པར་ཤོག །ཅེས་གསུངྶོ། །འདི་ལ་གཉིས། སློབ་པའི་ཟུང་འཇུག་འགྲུབ་ཚུལ་དང༌། སྤྱོད་པའི་རྣམ་གཞག་བསྟན་པའོ། །དང་པོ་ནི། དོན་གྱི་འོད་གསལ་གྱི་བཞོན་པར་གྱུར་པའི་རླུང་འོད་ཟེར་ལྔ་བས་ཉེར་ལེན་དང༌། འོད་གསལ་དེའི་ སེམས་ཀྱིས་ལྷན་ཅིག་བྱེད་རྐྱེན་བྱས་པ་ལ་བརྟེན་ནས། དག་པའི་སྒྱུ་མའི་སྐུ་དེ་ཕུང་པོ་རྙིང་པ་ལས་གོ་ས་ལོགྶུ་བྱེ་བའི་ཚུལ་གྱིས་འགྲུབ་ཅིང༌། དེ་ཡང་འདིར་འཇིགས་བྱེད་ཞལ་ཕྱག་ཡོངས་རྫོགས་སམ། ཞལ་གཅིག་ཕྱག་གཉིས་པ་སྐུ་མདོག་དཀར་པོའི་རྣམ་པ་ཅན་དུ་བཞེངས་པར་འགྱུར་ པ་ཡིན་ནོ། །འཁྲིད་ཡིག་ལས་རྟེན་བརྟེན་པའི་དཀྱིལ་འཁོར་ཡོངས་རྫོགས་ཀྱི་རྣམ་པར་བཞེངས་པར་ཡང་བཤད། སྐུ་མདོག་དཀར་བ་ནི་སྒྲུབ་བཞི་སྲོག་འཛིན་ཁ་དོག་དཀར་བའི་རྒྱུ་མཚན་གྱིས་ཡིནོ། །འགྲུབ་པའི་གནས་དང་མཚན་ཚུལ་ནི་སྔར་བཞིན་ཡིན་ལ། སྐུ་འདི་ནི་རིགས་འདྲ་ནམ་ཡང་ རྒྱུན་མི་ཆད་པའི་རྡོ་རྗེའི་སྐུ་དངོས་ཡིནོ། །དུས་ནི་སྔར་རིམ་པ་གསུཾ་པའི་སྒྱུ་ལུས་ལྟར་ལུགས་ལྡོགི་ཉེར་ཐོབ་གྲུབ་པ་དང་མཉམ་དུ་འབྱུང་ཞིང༌། ད་ནས་མཆེད་པ་སོགས་ཀྱང་རིམ་གྱིས་འབྱུང༌། དེ་ནི་ཟུང་འཇུག་ཕལ་པ་སྤངས་པ་ཟུང་འཇུག་གམ། དག་པའི་སྒྱུ་ལུས་ཐོབ་པ་ཡིན་ལ། དེའི་ཚེ་གང་ཟག་དེ་ཉིད་ དགྲ་བཅོམ་པར་སོང་བ་དང༌། ཉོན་སྒྲིབ་སྤངས་པའི་རྣམ་གྲོལ་ལམ་ཐོབ་པ་དུས་མཉམོ། །ཟུང་འཇུག་པ་དས་སླར་ཡང་ལྷན་སྐྱེས་ཀྱི་བདེ་བས་སྟོང་ཉིད་མངོན་སུམ་དུ་ནམ་རྟོགས་པ་དེའི་ཚེ། ཟུང་འཇུག་གི་གཙོ་བོ་རྟོག་པ་ཟུང་འཇུག་དེ་ཉིད་ཐོབ་པ་ཡིནོ། །འོན་ཀྱང་མཉམ་གཞག་ལས་ལངས་པ་ན་སྤངས་བཟུང་ འཇུག་པར་འགྱུར་བ་ཡིན་གྱི། རྟོགས་པ་ཟུང་འཇུག་པ་ནི་མ་ཡིན་ཏེ། རྗེས་ཐོབ་ཏུ་སྟོང་ཉིད་མངོན་སུམ་དུ་རྟོ(Gs) པའི་སློབ་པ་མེད་པའི་ཕྱིརོ། །ཟུང་འཇུགི་སྐོར་འདི་ནི་འདུས་པ་འཕགས་ལུགས་དང་ཤིན་ཏུ་འདྲ་བས་རྒྱས་པར་དེ་ནས་ཤེས་པར་བྱའོ། །གཉིས་པ་ནི་སྤྱོད་པ་ལ་དབྱེ་བ་དུས་ཆོ་ག་ཕན་ཡོན་སོགས་མང་པོ་ཞིག་ཡོད་པ་རྣམས་འདིར་འཆང?་ @025B དགོས་པར་གསུངས་ཀྱང་མང་དུ་དོགས་པས་ཅུང་ཟད་བཤད་ན། སྤྱིར་སྤྱོད་པ་དེ་ལ་གསུམ་ཡོད་དེ། ཆགས་བྲལ་གྱི་སྤྱོད་པ། ས་དང་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ། འདོད་ཆགས་ཀྱི་སྤྱོད་པ་གསུམ་ཡོད་པའི་ཕྱིར། སྐབས་འདིའི་སྤྱོད་པ་དེ་ལ་གསུམ་ཡོད་དེ། སྤྲོས་བཅས། སྤྲོས་མེད། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་རྣམས་སུ་ཡོད་པའི་ཕྱིར་ཏེ། རིམ་བཞིན་དུ་ལས་རྒྱ་དང་འདྲ་འབག་ཆས་གོས་སོགས་ཡོད་ཅིང༌། བརྡ་དང་དེའི་ལན་བྱ་བ་སོགས་དགོས་པའི་སྤྲོས་བཅས་ཀྱི་སྤྱོད་པ་དང༌། ལས་རྒྱ་དང་འདྲ་འབག་ཆས་གོས་སོགས་ཡོད་ཀྱང༌། བརྡ་དང་དེའི་ལན་བྱ་བ་སོགས་ཀྱི་ སྤྲོས་པ་དང་བྲལ་བའི་སྤྲོས་མེད་ཀྱི་སྤྱོད་པ་དང༌། དེ་ཐམས་ཅད་སྤངས་ནས་ཡེ་རྒྱ་དང་སྙོམས་པར་འཇུག་ཅིང༌། གཉིད་ཀྱི་འོད་གསལ་ཆིག་དྲི་ལ་དུ་བསྒོམ་པའི་ཤིནྟུ་སྤྲོས་མེད་ཀྱི་སྤྱོད་པ་རྣམས་སུ་ཡོད་པའི་ཕྱིར་རོ། །དེ་ནས་མི་སློབ་པའི་ཟུང་འཇུག་འགྲུབ་ལུགས་ནི་འབྲས་བུ་མངོན་དུ་བྱེད་ཚུལ་ གྱི་ནང་དུ་འདུ་བས་ལོགས་སུ་འཆད་མི་དགོས་སོ། །གསུམ་པ་འབྲས་བུ་མངོན་དུ་བྱེད་པའི་ཚུལ་ནི། སློབ་པའི་ཟུང་འཇུག་ཐོབ་མ་ཐག་པ་ནས་ཉོན་སྒྲིབ་སྤངས་ཟིན་པས། དེ་ནས་བཟུང་སྟེ་མི་སློབ་པའི་ཟུང་འཇུག་མ་ཐོབ་བར་དུ་ཤེས་སྒྲིབ་སྤོང་བའི་ཕྱིར་དུ་བརྩོན་དགོས་ལ། དེའི་ཚུལ་ ནི་སྤྱོད་པ་གསུམ་གང་རུང་ལ་བརྟེན་ནས་དོན་གྱི་འོད་གསལ་ཡང་ཡང་དྲངས་ཏེ། དེ་ལམ་སྒོམ་ལམ་སྐོར་དགུར་ཕྱེ་བའི་དང་པོ་བརྒྱད་ཀྱིས་ཤེས་སྒྲིབ་སྐོར་དགུར་ཕྱེ་བའི་དང་པོ་བརྒྱད་སྤངས་ཟིན་ནས་མི་སློབ་པའི་ཟུང་འཇུག་འགྲུབ་ཏུ་ཉེ་བའི་མཚན་མ་ཁྱད་པར་ཅན་མཐོང་བ་ན། སློབ་པའི་ ཟུང་འཇུག་པ་དེས་ཕྱིའི་ཟླ་འོད་ཉི་འོད་སྲོད་ཀྱི་སྨག་འཐུག་པོ་གསུམ་དང་བྲལ་བའི་ཐོ་རངས་ཀྱི་དུས་སུ་ནང་གི་དཀར་དམར་ནག་ལམ་པའི་སློད་བྱེད་ཀྱི་རྐྱེན་གསུམ་དང་བྲལ་བའི་མངོན་བྱང་ཐམས་ཅད་སྟོང་པ་འོད་གསལ་རྒྱུན་མཐའི་ཡེ་ཤེས་མངོན་དུ་བྱས་ཏེ། ཡེ་ཤེས་དེས་ཤེས་ @026A ༄༅། །སྒྲིབ་ཆུང་ངུའི་ཆུང་ངུ་དངོས་སུ་སྤངས་པ། རྣམ་མཁྱེན་སྐད་ཅིག་དང་པོ་ཐོབ་པ། མི་སློབ་པའི་ཟུང་འཇུག་ཐོབ་པ། སངས་རྒྱས་པ་རྣམས་དུས་མཉམ་པའི་ཚུལ་གྱིས་འབྱུང་བ་ཡིན་ནོ། །དེ་ལྟ་བུའི་མི་སློབ་པའི་ཟུང་འཇུག་གི་སྐུ་དེ་ཐོབ་པ་ལ། རྣམ་ དག་ཡེ་ཤེས་ཀྱི་རྣལ་འབྱོར་གཉིས་སྔོན་དུ་འགྲོ་དགོས། དེ་ལ་དབྱིབས་ཀྱི་རྣལ་འབྱོར་མ་དག་པའི་སྒྱུ་ལུས་སྔོན་དུ་འགྲོ་དགོས། དེ་ལ་དམ་ཚིག་གི་རྣལ་འབྱོར་འཆི་རིམ་བཞིན་དུ་རླུང་རྣམས་སྙིང་གའི་མི་ཤིགས་པའི་ཐིག་ལེ་ལ་བསྡུས་ཏེ་ཐིམ་པ་ལས་བྱུང་བའི་ སེམས་དབེན་དཔེའི་འོད་གསལ་མཐར་ཐུག་སྔོན་དུ་འགྲོ་དགོས། དེ་ལ་སྔགས་ཀྱི་རྣལ་འབྱོར་རྡོར་བཟླས་དང་སྙིང་གའི་སྡུད་རིམ་བསྒོམ་པ་སྔོན་དུ་འགྲོ་དགོས། དེ་ལ་བསྐྱེད་རིམ་མཐར་ཕྱིན་པ་སྔོན་དུ་འགྲོ་དགོས། དེ་ལ་དབང་བསྐུར་ལེགས་པར་ཐོབ་ཅིང་དམ་ཚིག་དང་ སྡོམ་པ་བསྲུང་བ་སྔོན་དུ་འགྲོ་དགོས། དེ་ལ་ལམ་ཐུན་མོང་བས་རྒྱུད་ལེགས་པར་སྦྱངས་པ་རྣམས་སྔོན་དུ་འགྲོ་དགོས་པ་ཡིན་ཏེ། དེ་རྣམས་ལས་སྔ་མ་སྔ་མ་མེད་ན་ཕྱི་མ་ཕྱི་མ་རྣམས་མི་འབྱུང་ལ། ཡོད་ན་ཕྱི་མ་ཕྱི་མ་རྣམས་ཀྱང་ཚུལ་བཞིན་དུ་འབྱུང་བས། ཚེ་གཅིག ལུས་གཅིག་ལ་འཚང་རྒྱ་ནུས་པའི་ཕྱིར་རོ། །དེ་དག་ནི་ཐེག་པ་འདིའི་ཆེད་དུ་བྱ་བའི་གདུལ་བྱ་རིན་པོ་ཆེ་ལྟ་བུའི་གང་ཟག་གི་དབང་དུ་བྱས་པ་ཡིན་ལ། ད་ལྟའི་གང་ཟག་གིས་ཀྱང་ཐ་ན་སྨོན་ལམ་ཡན་ཆད་ཀྱི་སྒོ་ནས་ལམ་འདི་ལ་བག་ཆགས་བཟང་པོ་རེ་འཇོག པ་ཡང་གནད་ཆེ་བར་རྗེ་ཉིད་ཀྱིས་གསུངས་སོ།། །།སྨྲས་པ། གསང་ཆེན་རྣལ་འབྱོར་བླ་མེད་རྒྱུད་ཀུན་ལས། །འཁྲུལ་འཁོར་མཐར་ཐུག་གཤིན་རྗེ་གཤེད་ཀྱི་རྒྱུད། །རྣམ་པ་མང་ཡང་འདི་ཡི་རྩ་བའི་རྒྱུད། །རྒྱས་པ་འབུམ་ཕྲག་གཅིག་པ་ @026B ཞེས་སུ་གྲགས། །དེ་ལས་ཕྱུང་བ་རྟོགས་པ་བདུན་པ་དང༌། །དམར་ནག་གཉིས་ཀྱི་རྒྱུད་ལ་བརྟེན་ནས་ནི། །གྲུབ་ཆེན་དཔལ་འཛིན་སོགས་ཀྱིས་བཤད་པ་ལྟར། །རྣལ་འབྱོར་བཞི་ཡི་རྣམ་གཞག་ཅུང་ཟད་ཕྱེ། །ཚུལ་འདི་མཁས་པའི་མན་ངག་ལ་བརྟེན་ནས། ། བླ་མ་འཇམ་དཔལ་གཤིན་རྗེ་གཤེད་པོ་ཡི། །རིམ་གཉིས་བསྟན་པ་རྣམ་པར་རྒྱས་པའི་ཆེར། །གུས་པས་བགྱིས་པ་ཡིན་གྱི་གཞན་དུ་མིན། །དེ་ལྟར་རྣལ་འབྱོར་བཞི་ཡི་རིམ་པ་འདིར། །ཁ་བཤད་ལོག་པར་བཤད་པའི་ཅ་གང་ཡིན། །བདག་བློའི་སྐྱོན་ ཏེ་ལེགས་པར་བཤད་པའི་ཆ། །ལྷ་དང་བླ་མ་དམ་པའི་དྲིན་ལས་ཡིན། །འདིར་འབད་དགེ་ལེགས་ཟླ་ཟེར་འབུམ་འཁྱུད་པ། །གངས་རིའི་ཏོག་ལྟར་གང་ཞིག་ཐོབ་པ་དེ། །སྐྱེ་ཀུན་འཇམ་དཔལ་ཞི་ཁྲོས་རྗེས་འཛིན་ཅིང༌། །ཟུང་འཇུག་གོ་འཕང་མཆོག་དེ་ ཐོབ་ཕྱིར་བསྔོ།། །།ཅེས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རིམ་པ་གཉིས་པའི་རྣམ་པར་བཤད་པ་དངོས་གྲུབ་ཀྱི་སྙེ་མ་ཞེས་བྱ་བ་འདི་ནི། བསྟན་པའི་མངའ་བདག་ཏུ་གྱུར་པ་ལྷ་བཙུན་གང་དེས་རང་དགོན་དུ་སྔགས་དང་མཚན་ཉིད་ཀྱི་འཆད་ཉན་བཙུགས་ པའི་ཚེ། དེ་གཉིས་ཀྱི་བླ་མའི་གོ་སར་གནས་པ་ཤཱཀྱའི་དགེ་སློང་གྲགས་པ་བཤད་སྒྲུབ་ཅེས་བྱ་བས། སྔར་སློབ་དཔོན་རྡོ་རྗེ་འཆང་བློ་བཟང་སྦྱིན་པ་དང༌། ཁྲི་ཆེན་བློ་བཟང་བར་རྒྱས་རྣམ་པ་གཉིས་ཀྱི་དྲུང་དུ་ཆོས་འདིའི་དབང་འཁྲིད་སོགས་ལེགས་པར་མནོས་ ཤིང༌། དོན་ཅུང་ཟད་ཤེས་པའི་སྒོ་ནས་ཉམས་ལེན་ཕྱོགས་ཙམ་ཞིག་བགྱིས་པའི་མཐུ་དང༌། ཁྱད་པར་འདིའི་རྫོགས་རིམ་གྱི་འཁྲིད་ཙམ་ཞིག་སྣང་ཡང༌། འདིར་གཞུང་ཆེ་བ་ནས་བཤད་ཚུལ་སོགས་ཇི་ལྟར་ཡིན་པ་དང༌། ཁ་སྐོང་དགོས་པ་དག་གིས་ @027A ༄༅། །ཁ་བསྐངས་ནས་རྗེ་དང་མཁས་གྲུབ་ཡབ་སྲས་ཀྱིས་ཕྱེ་བ་བཞིན་གསལ་བར་བཤད་པ་མི་འདུག་པས། འདིར་རྒྱུད་དོན་གྲུབ་ཆེན་གྱིས་བཀྲལ་བའི་རྗེས་སུ་འབྲང་སྟེ་རྗེ་ཡབ་སྲས་དང་ཆོས་རྗེ་བློ་གྲོས་ཆོས་སྐྱོང་སོགས་ཀྱི་མན་ངག་ལ་བརྟེན་ ནས། གཞུང་ནས་བཤད་ཚུལ་དང༌། འདུས་པ་དང་ཐུན་མོང་བའི་རྣམ་གཞག་ཀ་འགེང་འོས་པ་དག་གིས་ཁ་བསྐངས་ནས་ཅོ་ནེའི་གཟིམས་ཁང་ཉིད་དུ་སྦྱར་བ་སྟེ། འདིས་ཀྱང་རྗེ་བླ་མའི་བསྟན་པ་ལ་ཕན་ཐོགས་པར་གྱུར་ཅིག ། །།བཀྲ་ཤིས།། @027B [BLANK PAGE]