[སྔོན་འགྲོའི་དཔར་གཞི།]་ @001A yc+(II)-yc་(!)་yc+།དམིགས་བརྩེ་མའི་ཚིག་འགྲེལ་མེ་ཏོག་འཕྲེང་མཛེས་ཞེས་བྱ་བ་བཞུགས་སོ། །-yc་ @001B ༄༅། །ན་མོ་གུ་རུ་མཉྫུ་གྷོ་ཥཱ་ལ། འགྲོ་ཀུན་སྒྱུ་མ་ལྟ་བུར་མཁྱེན་ནས་བདེན་བར་ཞེན་པའི་དམིགས་པ་མེད་པའི་བརྩེ་བའི་འབྱུང་གནས་གཏེར་ཆེན་སྤྱན་རས་གཟིགས་དབང་ཕྱུག། །མཐའ་དག་ཤེས་བྱའི་གནས་ལ་རྨོངས་པའི་དྲི་མ་མེད་པར་ཇི་བཞིན་མཁྱེན་ པའི་དབང་པོར་གྱུར་བ་འཇམ་པའི་དབྱངས་དང་དབྱེར་མེད་ཅིང༌། །མ་ལུས་ཆོས་ཀུན་གཟིགས་ལ་འགྲན་པའི་ཟླས་དབེན་གངས་ཅན་བོད་ཀྱི་མཁས་པའི་གཙུག་རྒྱན་མདོ་སྨད་བཙོང་ཁ་ལས་འཁྲུངས་པ། །ཟླ་མེད་བླ་མ་བློ་བཟང་གྲགས་པའི་དཔལ་ཞེས་མཚན་གསོལ་གང་དེའི་ཞབས་ལ་ གསོལ་བ་འདེབས་སོ་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །དེ་ལ་འདིར་རྗེ་བཙུན་བཙོང་ཁ་པ་ཆེན་པོའི་གསོལ་འདེབས་ཀྱི་གཙོ་བོ་དང་སྙིང་པོར་གྱུར་བ་དམིགས་བརྩེ་མ་ཞེས་གྲགས་པའི་ཚིག་དོན་འཆད་པ་ལ་གཉིས། སྔོན་དུ་འགྲོ་བ་དང༌། སྐབས་ཀྱི་དོན་ནོ། །དང་པོ་ནི། རྗེ་བླ་མ་ཉིད་ དེས་དོན་དུ་རྗེ་བཙུན་འཇམ་དབྱངས་དང་ངོ་བོ་དབྱེར་མེད་པའི་ཕྱིར་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ནི་གཞིང་བཅས་ལ། དེར་མ་ཟད་ལྷོ་བྲག་གྲུབ་ཆེན་གྱི་ཉམས་སྣང་ལ་ལུང་བསྟན་དུ་བྱམས་པའི་སྤྲུལ་པར་བསྟན་ཅིང༌། རྒྱལ་བ་དབེན་ས་བས་སྟོན་པའི་སྤྲུལ་པ་ད་བཤད་པས་མཐའ་གཅིག་ཏུ་ངེས་ དཀའོ། །སྐུ་ཚེ་འདི་ལའང་ཐ་མལ་པའི་དགེ་སློང་རྣམ་དག་གི་ཚུལ་བཟུང་ནས་ཐོས་བསམ་སྒོམ་གསུམ་འཆད་རྩོད་རྩོམ་གསུམ་གྱི་མཛད་པས་ནི། འཕགས་ཡུལ་གྱི་མགོན་པོ་ཀླུ་སྒྲུབ་དང༌། དཔལ་ལྡན་ཟླ་བ་ལྟ་བུ་མ་གཏོགས། དེ་ལས་གཞན་པའི་མཁས་གྲུབ་ཐམས་ཅད་ཀྱང་ཟིལ་གྱིས་ མནན་བར་གྱུར་ན། བོད་ཀྱི་མཁས་གྲུབ་རྣམས་ལྟ་ཅི་སྨོས་པ་སོགས་རྣམ་ཐད་ལས་ཤེས་དགོས་སོ། །དེ་ཡང་རང་བཞིན་དྲང་པོར་བརྗོད་པ་ཡིན་གྱི། སྙན་ངག་པས་ཕུལ་བྱུང་རབ་རྟོག་གི་རྒྱན་དུ་བྱས་པ་ལྟ་བུ་འདུ་ཆེན་པོས་བརྗོད་པ་ནི་མ་ཡིན་ནོ། །གསོལ་འདེབས་འདི་ནི། རྗེའི་གསུང་འབུམ་ @002A ༄༅། །ཐོར་བུ་ལས། དྲི་མེད་མ་བྱེན་པའི་དབང་བོ་འཇམ་པའི་དབྱངས། །ཚད་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །གངས་ཅན་མཁས་པའི་གཙུག་རྒྱན་རེད་མདའ་བ། །གཞོན་ནུ་བློ་གྲོས་ཞབས་ཀྱི་(BRMO)ད་འདུད། །ཐར་འདོད་བུང་བ་བདག་ཀྱང་བསྐྱད་དུ་ གསོལ། །ཞེས་འབྱུང་བ། དེ་ཉིད་རྗེས་རང་གི་བླ་མ་རྗེ་བཙུན་རེད་མདའ་པ་ལ་ཕུལ་བས། ཁོང་གིས་བསྟོད་པ་འདིང་ལ་མི་འོས། ཁྱོད་ཉིད་ལ་འོས་སོ་ཞེས་གསུངས་ནས་རྗེ་བླ་མ་ལ་སླར་ཕུལ་བས། དེའི་ཚེ་ཚད་མེད་ཞེས་པ་ནི་དམིགས་མེད་དང༌། རེད་མདའ་བའི་དོད་རྗེ་ཉིད་ལ་བསྒྱུར་བ་ཡིན་ཞེས་གསུང་ རྒྱུན་དུ་གྲགས་པ་ལྟར་རོ། །གཉིས་པ་ལ་གཉིས། ཚི?་གདོན་དང༌། དེ་ལ་མཐའ་ཅུང་ཟད་དབྱད་པའོ། །དང་པོ་ནི། སྙིང་རྗེ་ལ་སེམས་ཅན་ལ་དམིགས་པའི་སྙིང་རྗེ། ཆོས་ལ་དམིགས་པའི་སྙིང་རྗེ། དམིགས་མེད་ཀྱི་སྙིང་རྗེ་དང་གསུམ་ཡོད་པའི་དང་པོ་ནི། དམིགས་ཡུལ་སེམས་ཅན་མི་རྟག་པ་དང་བདེན་མེད་ སོགས་ཀྱི་རྣམ་པ་མ་ཤར་བར་སྡུག་བསྔལ་ལས་སྐྱོབ་འདོད་ཀྱི་སྙིང་རྗེ་དང༌། གཉིས་པ་ནི། སེམས་ཅན་མི་རྟག་པ་དང་རང་རྒྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་བ་ལྟ་བུས་ཁྱད་བར་དུ་བྱས་ནས་སྡུག་བསྔལ་ལས་སྐྱོབ་འདོད་ཀྱི་སྙིང་རྗེ་དང༌། གསུམ་པ་ནི། སེམས་ཅན་བདེན་མེད་ཀྱི་རྣམ་པ་ཤར་བའི་སྒོ་ནས་སྡུག་བསྔལ་ལས་སྐྱོབ་འདོད་ཀྱི་སྙིང་ རྗེ་སྟེ། དེ་གསུམ་མས་ཕྱི་མ་མཆོག་སྟེ་དེའི་དབང་དུ་བྱས་ན། དམིགས་ཡུལ་སྡུག་བསྔལ་ཅན་གྱི་སེམས་ཅན་རང་བཞིན་གྱིས་སྟོང་བར་ངེས་པ་སྔོན་དུ་བཏང་ནས། དེ་ལྟར་རང་བཞིན་མེད་པའི་སེམས་ཅན་འདི་རྣམས་སྡུག་བསྔལ་མཐའ་དག་ལས་བསྒྲལ་བར་བྱའོ་སྙམ་པའི་ཚུལ་གྱིས་བདེན་འཛིན་གྱི་ དམིགས་པའི་གཏད་སོ་མེད་པའི་བརྩེ་བ་སྙིང་རྗེ་ཆེན་པོའི་འབྱུང་གནས་ཡིན་པས་ན་གཏེར་ཆེན་པོ་སྟེ། ཡོན་ཏན་དེ་དག་དང་ལྡན་པ་སྤྱན་རས་གཟིགས་དབང་ཕྱུག་དང་མཚུངས་ཤིང༌། དེར་མ་ཟད། ཇི་ལྟ་ཇི་སྙེད་ཀྱིས་བསྡུས་པའི་ཤེས་བྱ་མཐའ་དག་མངོན་སུམ་དུ་གཟིགས་པ་ལ་འཁྲུལ་བའི་ @002B ༄༅། །??དྲིམ་ཁྲ་བཅོམ་ཡང་མེད་པར་ཇི་བཞིན་གསལ་བར་མཁྱེན་པའི་དབང་པོ་གཙོ་པོ་འཇམ་པའི་དབྱངས་དང་དབྱེར་མེད་ལ། མདོ་རྒྱུད་ཀྱི་གཞུད་དོན་མཐའ་དག་དང་ཁྱད་པར་གངས་ཅན་འདིར་སྔོན་བྱོན་པའི་མཁས་གྲུབ་སུས་ཀྱང་རྟོགས་པར་མ་ནུས་པའི་ཟབ་དོན་ཇི་བཞིན་དུ་གཟིགས་པས། འཛམས་གླིང་གི་མཁས་དབང་དུ་མ་དང་ཁྱད་པར་བོད་ཡུལ་གང་ཅན་ ?ཁྲོད་ཀྱི་མཁས་པ??་པའི་སྐྱེ་བོས་འདུད་པར་བྱེད་པས་ན། དེའི་གཙུག་རྒྱས་ནོར་བུ་ལྟ་བུར་གྱུར་པའི་ཤར་བཙོང་ཁ་?སྟེ་བཙོང་ཁའི་ཡུལ་དུ་འཁྲུངས་པའི་ཡུལ་མིང་སྟེ། དེ་ཡང་རི་རྩོང་ཙོད་ཡོད་པ་དང༌། བཙོང་འདེབས་པའི་ཡུལ་དུ་འཁྲུངས་པའི་བཤད་པ་གཉིས་སོ། །ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་དྲུང་དུ་རབ་ཏུ་བྱུང་བའི་ཚེ་མཚན་བློ་བཟང་?གྲགས་ དཔའ་དཔལ་ཤེས་གསོལ་བ་?གང་གི་ཡོན་ཏན་ཁྱད་པར་ཅན་རྣམས་དྲན་པའི་སྒོམས་སྐུའི་?དམའ་ཤོས་?སྐབས་ཀྱིས་མདོལ་གུས་པས་གསོལ་བ་འདེབས་སོ། །ཞེས་པ་ནི་དངོས་ཀྱི་དོན་ནོ། །གཉིས་པ་མཐའ་དཔྱད་པ་ལ། འོ་ན། རེད་མདའ་བར་ཕུལ་བའི་ཚེ་ཚད་མེད་བརྩེ་བའི་ཞེས་གསུངས་པ་དང༌། འདིར་དམིགས་མེད་ཞེས་འབྱུང་བའི་ཁྱད་པར་ཅི་ ལྟར་ཞེན། ཁ་ཅིག་དེའི་ཚད་མེད་ཞེས་སྨོས་པ་ནི། ཚད་མེད་པའི་རིན་ཆེན་གྱི་སྙིང་རྗེ་ཚད་མེད་ཡིན་ལ། འདིར་ནི་དམིགས་མེད་ཀྱི་སྙིང་རྗེ་ཡིན་ཞེས་གསུང༌། གཞན་དག་ན་རེ་དེ་ནི། སེམས་ཅན་གྱི་གྲངས་ཚད་བཟུང་བར་མི་ནུས་པ་ལ་དམིགས་པས་ཚད་མེད་ཅེས་པ་སྟེ།། འདིར་དམིགས་མེད་ཞེས་པའི་དོན་ཀྱང་དེའོ་ཞེས་ཟེར་ཡང༌། རང་ལུགས་མི་ ཚིག་དོན་གྱི་སྐབས་སུ་བཤད་པ་བཞིན་ཡིན་ལ། འོན་ཀྱང་རྗེའི་གསུང་ཉིད་ལས་ཚད་མེད་ཞེས་འབྱུང་བ་ནི། །སེམས་ཅན་ཚད་མེད་པ་ལ་དམིགས་པའི་དོན་ཡིན་པ་ལ་ཉེའོ། །དྲི་མེད་ནི་ཉོན་མོངས་དང་ཤེས་བྱའི་སྒྲིག་པའི་དྲི་མ་མེད་པའི་དོན་དུ་སྤྱིད་བཤད་དུ་རུང་ཡང་འདིར་འཁྲུལ་པ་དང་རྨོངས་པའི་དྲི་མ་མེད་པ་ལ་འཆད་པ་སྐབས་སུ་བབ་པར་སྣང་ངོ། ། ཡང་འདིར་རྗེས་ལ་བསྟོད་པའི་སྐབས་སུ་སྤྱན་རས་གཟིགས་དང་འཇམ་དབྱངས་ལ་བསྟོད་པ་ལྟ་བུ་བྱུང་བ་ནི་མ་འབྲེལ་ལོ་སྙམ་ན། སྐྱོན་མེད་དེ། དེའི་དོན་ནི་སྔར་བཞིན་ཡིན་པར་མ་ཟད། གསོལ་འདེབས་འདི་ནི་སྤྱན་རས་གཟིགས་འཇམ་དབྱངས་རྗེ་བླ་མ་གསུམ་གྱི་ཐུན་མོང་བའི་གསོལ་འདེབས་སུ་ཀྱང་དའང་མེ་འགལ་ལ། ཚིག་རྐང་གཉིས་པ་དང་གསུམ་པས་ @003A ༄༅། །ཤུགས་བ་ནུས་པ་ཕྱག་རྡོར་དང་འདྲ་བར་བསྟན་ཞེས་བཤད་པ་ལྟར་ན། རྗེ་བླ་མ་ཉིད་རིགས་གསུམ་མགོན་པོ་དང་དབྱེད་མ་མཆིས་པའི་སྒོ་ནས་བསྟོད་པ་དང༌། སྤྱན་རས་གཟིགས་ནི་སྙིགས་མའི་འགྲོ་བ་སྤྱི་དང་ཁྱད་པར་བོད་ཁམས་ལ་ཆོས་སྲིད་གཉིས་ཀྱི་སྒོ་ནས་ལྷག་པར་བཀའ་དྲིན་ཆེ་བ་དང༌། འཇམ་པའི་ དབྱངས་ནི་སེམས་ཅན་སྤྱི་དང་བོད་ཁམས་ལ་ཆོས་ཀྱི་བཀའ་དྲིན་ལྷག་བར་ཆེ་ཞིང༌། སྤྱན་རས་གཟིགས་ཀྱི་མཆན་བརྗོད་ནས་ན་ཡོན་ཤིན་ཏུ་ཆེ་བར་ནི། མདོ་སྡེ་ཟམ་ཏོག། སྡོང་པོ་བཀོད་པ། སྤྱན་རས་གཟིགས་ཀྱི་རྒྱུད་མདོ་སྡེ་པད་དཀར་སོགས་ལས་འབྱུང་ཞིང༌། འཇམ་དབྱངས་ཀྱི་མཚན་བརྗོད་ན་ཕན་ཡོན་ལྷག་པར་ཆེ་བ་ནི། མཚན་བརྗོད་དང༌། དཀོན་བརྩེགས་སོགས་ལས་བཤད་ཅིང༌། དེ་ཡང་ཁོང་རྣམ་གཉིས་ཀྱི་མཚན་ནས་གུས་པས་བརྗོད་པའི་ཕན་ཡོན་ནི། སངས་རྒྱས་འབུམ་གྱི་མཚན་བརྗོད་པ་དང་འདྲ་བར་བཤད་དེ། དགོས་པ་དེ་ལྟ་བུ་གཟིགས་ནས་འདིར་དེ་གཉིས་ཀྱི་མཚན་སྨོས་པར་གསལ་ལོ། །དེས་ན་གསོལ་འདེབས་འདི་ནི་རྗེའི་གསོལ་འདེབས་གཞན་ལས་ཁྱད་པར་དུ་འཕགས་ སྤས་བྱིན་རླབས་འབྱུང་བའི་སྒོ་གཞན་དང་མི་འདྲའོ། །དེའི་བྱིར་རྗེ་ཉིད་ལ་གསོལ་བ་འདེབས་པས་ནི་གཙོ་བོར་འདི་ལ་ཉམས་ལེན་བྱ་ཞིང༌། བསམ་པ་འཛིན་ཤེས་ན་རིགས་གསུམ་མགོན་པོ་ཡའང་གསོལ་འདེབས་ཀྱི་གོ་ཆོད་བ་སྔར་སྨོས་པ་དེས་འགྲུབ་པ་ཡིན་ནོ། །སྨྲས་པ། ཡེ་ཤེས་རང་གཟུགས་བརྟན་པའི་འཁོར་ལོ་ཉིད། །ཟུར་ཕུད་དོད་ནས་གངས་ཅན་འཛིན?་མ་འདིར?། ། དུར་སྨྲིག་བྲོལ་ལ་བརྟེན་ནས་ཐུབ་བསྟན་གྱི། །ཤིབ་རྟའི་སྲོལ་འབྱེད་རྗེ་བཙུན་བླ་མ་རྒྱལ། །གང་དེའི་གསོལ་འདེབས་ཡིད་བཞིན་ནོར་བུ་མཆོག །ཚིག་འགྲེ་ཐ་རྒྱལ་མཚན་རྩེ་མོར་བཏེགས་ཟིན་གྱི། །ལེགས་བཤད་འདོད་དགུ་དོན་གཉེར་བློ་ལྡན་དག །མཆོད་སྦྱིན་ཆེད་དུ་དགའ་བསོད་འདུས་ཤིག །དེ་ལས་ཐོབ་པའི་རྣམ་དཀར་དགེ་བའི་རྩ། །ཅུང་ཟད་མཆིས་བདེ་ཡང་ཚེ་རབས་ཀུན། །རྒྱལ་ བའི་ལུང་རྟོགས་བསྟན་པ་མ་ལུས་དད། །ཡབ་རྗེ་བླ་མའི་དམ་ཆོས་འཛིན་ཕྱིར་བསྔོ། །ཆེས་དམིགས་བརྩེ་མའི་ཚིག་འགྲེལ་མེ་ཏོག་འཕྲེང་མཛེས་ཞེས་བྱ་བ་འདི་ནི། རང་གི་སློབ་མ་འདུས་ཞིག་གིས་བསྐུལ་བས་རྐྱེན་བྱས་ཏེ། ཤཱཀྱའི་དགེ་སློང་བཤད་སྒྲུབ་མིད?་ཅན་རང་ཉིད་ཀྱིས་ཀྱང་དད་པས་སྦྱར་བའོ།། །།མངྒ་ལཾ། @003B [BLANK PAGE]