[སྔོན་འགྲོའི་དཔར་གཞི།]་ @001A ༄༅། yc+།བསྙེན་ཡིག་རིན་ཆེན་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ།།-yc་ @001B ༄༅༅། །མ་ལུས་རྒྱལ་བའི་ཡབ་གཅིག་འཇམ་པའི་དབྱངས། །གཏུམ་དྲག་ཁྲོས་པའི་གར་མཛད་གཤིན་རྗེ་གཤེད། །ཞི་ཁྲོ་མྀ་ཡི་རྣམ་རོལ་ཙོང་ཁ་པ། །རྣམ་གསུམ་དབྱེར་མེད་བླ་མར་གུས་ཕྱག་འཚལ། །འདིར་ཡི་དམ་གྱི་ལྷ་དག་གི་ བསྙེན་སྒྲུབ་བྱེད་ཚུལ་ཡན་ལག་དང་བཅས་འཆད་པ་ལ་གསུམ། སྤྱིའི་དབང་དུ་བྱས་པ་དང༌། འཇིགས་བྱེད་ཀྱི་བསྙེན་པ་བྱེད་ཚུལ་བྱེ་བྲག་ཏུ་བཤད་པ་དང༌། འཕྲོས་དོན་ནོ། །དང་པོ་ནི། སྤྱིར་བསྙེན་པ་དེ་ལ་གཉིས་ཡོད་དེ། ཐུན་མོང་དང་མཆོག་གི་བསྙེན་པ་ གཉིས་ཡོད་པའི་ཕྱིར་ཏེ། གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། ཐུན་མོང་མཆོག་གི་དབྱེ་བ་ཡིས། །བསྙེན་པ་རྣམ་པ་གཉིས་སུ་འདོད། །ཅེས་གསུངས་པ་ལྟར་རོ། །དེ་ཡང་བླ་མེད་ལྟར་ན་བསྐྱེད་རྫོགས་གཉིས་བསྒོམ་པའི་རྣལ་འབྱོར་དང༌། རྒྱུད་སྡེ་ འོག་མ་གསུམ་ལྟར་ན་མཚན་བཅས་དང་མཚན་མེད་ཀྱི་ལྷའི་རྣལ་འབྱོར་ཐམས་ཅད་ལ་བསྙེན་པ་ཞེས་བྱའོ། །གཞན་ཡང་བསྙེན་པ་ལ་ལྷའི་དཀྱིལ་འཁོར་བསྒོམ་པ་དང༌། དེའི་སྔགས་བཟླ་བ་གཉིས་ཡོད་པ་ལས། སྔ་མ་ནི་གཙོ་བོ་ཡིན་ཏེ། སྔགས་རིན་ཆེན་ མོ་ལས། ལྷའི་ང་རྒྱལ་དང་གསལ་སྣང་སྒྲུབ་པ་ནི་བསྙེན་པའི་གཙོ་བོ་ཡིན་ཏེ། ཞེས་གསུངས་པའི་ཕྱིར་རོ། །འོན་ཀྱང་ངག་བཟླས་ལ་བསྙེན་པའི་མིང་བཏགས་བ་ནི། སྤྱི་མིང་བྱེ་བྲག་ལ་འཇུག་པའི་དབང་དུ་བྱས་པའོ། །ཅིའི་ཕྱིར་བསྙེན་པ་ @002A ༄༅༅། །ཞེས་བྱ་ཞེ་ན། རང་གི་ཐོབ་བྱའམ་བསྒྲུབ་བྱའི་ལྷ་དེ་དང་ཁད་ཉེ་བར་བྱེད་པས་ན་དེ་སྐད་ཅེས་བྱའོ། །སྤྱིར་སྔགས་ཀྱི་ཐེག་པའི་འཇུག་སྒོ་ནི་དབང་བསྐུར་མཚན་ཉིད་པ་ཐོབ་པ་ནས་ཡིན་ལ། དེ་ཐོབ་ནས་དཀྱིལ་འཁོར་གྱི་ལྷའི་བསྙེན་པ་བྱེད་པ་ སྔོན་དུ་འགྲོ་དགོས་ཏེ། དེ་སྔོན་དུ་མ་སོང་བར་དབང་བསྐུར་བ་རབ་གནས་སྦྱིན་བསྲེག་སོགས་བྱར་མི་རུང་ཞིང་ཞི་སོགས་ཀྱི་ལས་ཀྱང་འགྲུབ་པར་དཀའ་བའི་ཕྱིར་ཏེ། སྔགས་རིམ་ལས། བསྙེན་པ་སྔོན་དུ་མ་སོང་བར་དབང་ལ་སོགས་པ་ལ་འཇུག་པ་ནི་རང་གིས་རང་ལ་གནོད་པ་བྱེད་པ་ ཡིན་ཏེ། ཞེས་དང༌། ཕྲེང་བ་ལས་ཀྱང༌། བསྙེན་པ་མེད་ལ་དངོས་གྲུབ་མེད། །ཅེས་གསུངས་པའི་ཕྱིར་རོ། །ངག་བཟླས་ལ་ཕྲེང་བ་དགོས་པས་དེའི་ཁྱད་པར་ནི། སཾ་བྷུ་ཊི་ལས། ཞི་བ་ལ། ས་དང་མུ་ཏིག་དང་རུས་པ་དང་རྡོ་དང་ནོར་བུ་སོགས་དང༌། རྒྱས་པ་ལ། གསེར་ དང་དངུལ་དང་ཟངས་དང་བྱིའུ་དང་ཙནྡན་དང་པདྨའི་ས་yc+བོན-yc་སོགས་དང༌། དབང་ལ། གུར་གུམ་ལ་སོགས་པའི་དྲི་བཟང་ལས་བྱས་པ་དང༌། དྲག་པོ་ལ། རཀྴ་དང་ལུང་ཐང་དང༌། མི་རུས་སོགས་ལས་བྱ་བར་བཤད་ལ། ལས་ཐམས་ཅད་ལ་ཐུན་མོང་དུ་ཤིས་བ་ནི་བོ་དེ་ཙེ་ཡིན་ཏེ༌། དེ་ཉིད་ལས། ཞི་རྒྱས་དབང་དང་མངོན་སྤྱོད་ལ། །བོ་དེ་ཙེ་ནི་ལས་ཀུན་བྱེད། །ཅེས་གསུངས་པའི་ཕྱིར་རོ། །གྲངས་ནི། སྤྱིར་ཁ་སྦྱོར་ལས། སྔགས་ཀྱི་སྒྲུབ་པ་ལྔ་བཅུ་སྟེ། །དབང་ལ་དེ་ཡི་ཕྱེད་ཉིད་དོ། །བརྒྱ་ཕྲག་གཅིག་ནི་ཞི་བ་ལ། །དེ་བཞིན་རྒྱས་ལ་ལྷག་པ་ @002B བརྒྱད། །མངོན་སྤྱོད་པ་ནི་བཅུ་དྲུག་ཉིད། །ཞེས་གསུངས་པ་ལྟར་ཡིན་ལ། དམིགས་བསལ་ངེས་པ་མེད་དོ། །གཞན་ཡང་སྔགས་རིམ་ལས། ཕྲེང་སྐུ་དང༌། ཕྲེང་བ་རབ་གནས་རྒྱས་པར་བྱ་ཚུལ་ཡང་བཤད་ལ། བླ་མེད་ཀྱི་སྐབས་སུ་རབ་གནས་བསྡུས་པ་ནི། རང་རང་གི་གསུང་རྡོ་རྗེད་བསྐྱེད་པར་བཤད་དོ། །ནོར་བུ་རྒྱས་པའི་གཞལ་མེད་ ཁང་ནས་འབྱུང་བའི། ཨོཾ་རུ་ཙིར་མ་ཎི་པྲ་ཝརྟ་ཡེ་ཧཱུཾ་ཞེས་པ་འདི་ནང་པར་ལན་བདུན་བཟླས་ཏེ་ཕྲེང་བ་ལ་བཏབ་ན་འགྱུར་ཤིན་ཏུ་ཆེ་བར་བཤད་པས། སྤྱིར་སྔགས་གང་ལ་ཟླ་བའི་ཐོག་མར་དེ་བཞིན་བྱས་ན་ལེགས་ལ། ཁ་སྦྱོར་སོགས་ལས་ཨོཾ་བ་དེ་བ་དེ་མ་ཧཱ་ཛྙཱ་ནཾ་སརྦ་བུདྡྷ་མ་ཧཱ་བྷ་བེ་ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ་ཨཱཿ ཁཾ་སྭཱ་ཧཱ། ཞེས་བཟླས་ནས་ཕྲེང་བ་བྱིན་ བརླབ་བྱ་བའི་ཚུལ་ཡང་བཤད་དོ། །འདྲེན་ཚུལ་ནི། རྡོ་རྗེ་མཁའ་འགྲོ་ལས། ཞི་བ་ལ་ནི་མཛུབ་མོར་བཞག །རྒྱས་ལ་གུང་མོར་དགལ་བར་བྱ། །ཅེས་སོགས་འབྱུང་བ་ལྟར་ཡིན་ནའང༌། ལག་ལེན་ལ་ཁྱད་པར་དེ་ལྟར་བྱེད་པའི་སྲོལ་ཆེར་མི་སྣང་ངོ། །བཟླས་པའི་སྔོན་དུ་མངོན་རྟོགས་རྒྱས་བསྡུས་ཇི་ལྟར་བྱེད་པ་ནི། སྔགས་རིམ་ ནས་འབྱུང་བ་བཞིན་བཀོད་ན། དེ་ཉིད་ལས། དེ་ལ་ཐུན་བཞིར་བྱ་བར། ཀྱེ་རྡོར་དང་མངོན་བརྗོད་བླ་མ་སོགས་ཀྱི་རྒྱུད་མང་པོ་དང་མདོ་བསྲེ་སོགས་ཀྱི་བསྟན་བཅོས་མང་པོ་ལས་གསུངས་ལ། ཐུན་བཞི་ནི་ཛ་ལ་ན་དྷ་རི་བས། ཐུན་བཞིར་བྱིན་གྱིས་བརླབས་པའི་རིམ་པ་ཞེས་བྱ་བ་ནི། ཐོ་རངས་དང་ཉི་མ་གུང་དང་ཕྱི་དྲོ་དང་མཚན་མོ་སྟེ་བསྒོམ་ པའི་རིམ་པའོ། །ཞེས་བཤད་པ་ལྟར་སྨན་ཞབས་ཀྱིས་ཀྱང་བཤད་པས་ཐུན་བཞིའི་བྱེད་ཚུལ་དེ་ལྟར་རོ། །ཐུན་དང་པོ་ཐོ་རངས་ཀྱི་ཐུན་ལ་སྔར་བཤད་པ་ལྟར་བྱས་ནས་ཐུན་གཞན་གསུམ་ལ་རྒྱས་བསྡུས་ཁྱད་པར་མེད་པར་བྱ་བའམ་མི་བྱ་སྙམ་ན། ལྭ?་བ་པས། ཐུན་དང་པོ་ལ་ཆོ་ག་ཐམས་ཅད་སྤྱད་ནས་གུང་དང་ཕྱི་དྲོའི་ཐུན་མཚམས་ ལ་རང་ཉིད་འོད་དུ་གྱུར་པ་ཧཱུཾ་དུ་གྱུར་ཏེ་དེ་ཡོངས་སུ་གྱུར་པ་ལས་རྟེན་དང་བརྟེན་པའི་དཀྱིལ་འཁོར་གསལ་བར་དམིགས་ནས་དབང་བསྐུར་བ་ཕྱིན་ཆད་ཚང་བར་དང་ཐུན་ཐ་མ་ལ་ཆོ་ག་ཐམས་ཅད་བྱེད་དེ་དྲིལ་བུ་བས་ཀྱང་དེ་བཞིན་དུ་བཤད་དོ། །མུ་ཏིག་ཕྲེང་བ་ལས། ཐུན་གཞན་ལ་རང་ཉིད་བདག་མེད་མར་བསྒོམ་ནས་སྙིང་ཁའི་ @003A ༄༅། yc+།ས་བོན་ལས་འཁོར་གྱི་ལྷ་མོ་བཅུ་བཞི་ཕྱུང་སྟེ་གནས་སུ་བཀོད་ནས་རྣམ་དག་དང་སྐུ་གསུང་ཐུགས་བྱིན་བརླབ་དང་དབང་བསྐུར་བ་མན་ཆད་རྣམས་རྫོགས་པར་བྱེད་པར་བཤད་པ་བཞིན་དུ་ནག་པོ་སྤྱོད་པ་དང་དམ་ཚིག་རྡོ་རྗེས་ཀྱང་ཐུན་གཞན་ལ་སྙིང་ཁའི་ས་བོན་ལས་འཁོར་ལོ་སྤྲོས་ཏེ་འགོད་པ་དང་ཡེ་ཤེས་ལ་གཞུག་པ་དང་དབང་བསྐུར་ བ་མན་ཆད་རྫོགས་བར་བྱེད་བར་བཤད་དེ། དེ་དག་གི་བཞེད་བས་གཞལ་ལས་ཁང་མ་བསྡུས་པར་ཡོད་པས་དེའི་སྐྱེད་ཆོག་དང་སྲུང་འཁོར་དང་ཚོགས་ག་སོག་བཞག་ནས་དང་པོ་སྦྱོར་བ་དྲན་རྫོགས་བྱས་ཏེ་དཀྱིལ་འཁོར་རྒྱལ་མཆོག་ཐུགས་ཁ་ནས་སྤྲོ་བ་ཙམ་བྱས་པའི་ལུགས་སོ། །ཕྱེད་བཅས་བཞི་བརྒྱ་ལྔ་བཅུ་པའི་འགྲེལ་པ་ལས་ཀྱང༌། ཐུན་མཚམས་སུ་ཡང་ཞེས་བྱ་བ་ནི་ ཉི་མ་གུང་དང་ཉི་མའི་མཐའ་དང་མཚན་ཕྱེད་ལ་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་ཡུད་ཙམ་གྱིས་མངོན་དུ་བྱས་ལ། མཆོད་པ་དང་བསྟོད་པ་ལ་སོགས་པ་ཡང་སྔ་མ་བཞིན་བྱས་ནས་གཉིད་ལྡོག་པའི་དུས་སུ་ཉལ་བར་བྱའོ། །ཞེས་གསང་འདུས་ལ་ཡང་དེ་ལྟར་བྱ་བར་གསུངས་ཏེ་སྔ་མ་དང་འདྲའོ། །སྙེམ་བཅུ་གཉིས་པ་ལ། །འབྲེལ་བས་ནི་ཐུན་གཞན་གྱི་ཆོ་ག་རྗེས་སུ་ བསྒྲུབ་བོ། །སྐབས་ཡོད་ན་ནི་མཐའ་དག་བསྒྲུབ་བོ། །ཞེས་ཐུན་དང་པོ་ལ་དལ་ན་ཆོ་ག་ཐམས་ཅད་དང༌། བྲེལ་ན་ཐུན་གཞན་གྱི་ཆོ་ག་སྟེ་ཆོ་ག་བསྡུས་པ་བྱ་བར་བཤད་ལ། སྨན་ཞབས་ཀྱིས་བྲེལ་ན་ཐུན་དང་པོ་ལ་ཚང་བར་བསྒོམས་ནས་ཐུན་གཞན་ལ་རང་གི་གདན་ལ་ལྷའི་ང་རྒྱལ་གྱིས་གནས་ཏེ་ཡི་གེ་གསུམ་གྱིས་དཀྱིལ་འཁོར་གྱི་ལྷ་སྤྲོས་ནས་དབང་བསྐུར་མཆོད་ བསྟོད་བདུད་རྩི་མྱང་བ་བྱ་ཞིང༌། ཕྲ་ཐིག་གང་རུང་ལ་གནས་ནས་བཟླས་པ་བྱས་ཏེ་བསྡུས་ནས་སྔ་མ་ལྟར་བྱ་བར་གསུངས་ཏེ། དམ་ཚིག་རྡོ་རྗེས་བཤད་པ་ལྟར་ཡེ་ཤེས་བ་གཞུག་དགོས་པ་འདྲའོ། །དེ་ལྟར་ན་ཐུན་ཐོག་མཐའ་གཉིས་རྒྱས་ལ་བར་བ་བསྡུས་པའི་ལུགས་གཅིག་དང༌། དང་པོ་རྒྱས་ལ་གཞན་གསུམ་བསྡུས་པ་ནི་དལ་བྲེལ་གྱིས་མིན་གྱི། རྒྱུན་པའི་བྱེད་ལུགས་སོ། །བྲེལ་བས་ཀྱང་དང་པོ་རྒྱས་པ་དང་མཐའ་མ་གསུམ་བསྡུས་ཏེ་བྱེད་པ་དང༌། ཐུན་དང་པོ་ལ་ཡང་དལ་བྲེལ་གཉིས་ཀྱི་དབང་གིས་རྒྱས་བསྡུས་གཉིས་བྱེད་ལ་གཞན་གསུམ་བསྡུས་ཏེ་བྱེད་པ་མན་སྙེའི་ལུགས་རྣམས་ལས་གང་རུང་བྱ་ལ། ཞེས་གསུངས་ཤིང༌། དེའི་དོན་ནི་མཁས་གྲུབ་རིན་པོ་ཆེའི་གསུང་འབུམ་ཐོར་བུ་ལས་ @003B ཀྱང༌། རྒྱས་བསྡུས་བྱ་ཚུལ་དེ་ལྟར་དུ་བཤད་པ་དང༌། མཁས་མཆོག་ངག་དབང་བརྩོན་འགྲུས་ཀྱིས། འཇིགས་བྱེད་ཀྱི་བསྐྱེད་རིམ་གྱི་འཁྲིད་ཡིག་ལས་ཀྱང༌། ཐུན་རེ་རེའི་ནང་དུ་ལོང་སྐབས་ཡོད་ན་སྒྲུབ་ཐབས་རྒྱས་པ་བསྒོམ་པ་གྲུབ་ཆེན་ཛཱ་ལན་དྷ་རི་བས་བཤད་པ་ལྟར་རམ།། ཡང་ཐུན་ཐོག་མཐའ་གཉིས་རྒྱས་ལ་བར་པ་བསྡུས་པ་བྱེད་པ་གྲུབ་ཆེན་སྨན་ཞབས་ ཀྱིས་བཤད་པ་ལྟར་རམ། ཐུན་དང་པོ་རྒྱས་ལ་མཐའ་མ་གསུམ་བསྡུས་པ་གྲུབ་ཆེན་ལ་བའི་ན་བཟའ་ཅན་གྱིས་བཤད་པ་ལྟར་རམ། བྲེལ་བ་བྱུང་ན་བཞི་ཀ་བསྡུས་པ་བྱས་ཆོག་པ་གྲུབ་ཆེན་ཨ་བྷྱ་ཀ་རས་བཤད་པ་གང་རུང་བྱ། ཞེས་གསུངས་པ་བཞིན། རྒྱས་བསྡུས་བྱེད་པའི་ཚེ་དེ་ལྟར་བྱ་ཚུལ་ཤེས་དགོས་ལས། དེ་ལ་གོང་གི་ཡུང་དོན་ ཞིབ་པར་ཤེས་དགོས་པ་ཡོད་ནའང་མང་དུ་དོགས་ནས་མ་བྲིས་ཤིང༌། འཇིགས་བྱེད་ལ་རྒྱས་བསྡུས་ཇི་ལྟར་བྱ་བ་ཅུང་ཟད་ཅིག་འོག་ཏུ་འཆད་པར་འགྱུར་རོ། །དེའི་ཕྱིར་བྱེད་ཚུལ་ཤེས་ཤིང་བློས་འཚུན་ན་སྔར་ལྟར་བསྡུས་པ་བྱེད་པ་ཡང་རང་བཟོ་མིན་གྱི། མཁས་གྲུབ་ཚད་ལྡན་དུ་མའི་བཞེད་པ་ཡིན་པས་བྱས་པ་ལ་འགལ་བ་ཅི་ཡང་མེད་ལ། འོན་ཀྱང་བྲེལ་བ། མེད་པའི་ཚེ་ཐུན་བཞི་ཀ་འམ་ཐོག་མཐའ་གཉིས་ལ་རྒྱས་པ་བྱས་ན་ནི་ལེགས་པ་ཡིན་ཏེ། སྔགས་རིམ་ཆེན་མོ་ལས། ད་ཡན?་ལ་བ་བ་ལ་སོགས་པའི་ལུགས་སུ་བྱས་ན། ལྷ་བསྒོམ་པའི་ཡུན་རིང་པ་ལ་ཁྱད་ཆེ་ཞིང་སྦྱང་གཞི་སྦྱོང་བའི་བསྐྱེད་རིམ་གྱི་གནད་རྣམས་མི་འཆད་པར་སྣང་ངོ། །ཞེས་གསུངས་པའི་ཕྱིར་རོ། །བླ་མེད་ཀྱི་སྐབས་སུ་དབང་དང་རབ་ གནས་སྦྱིན་བསྲེག་སོགས་བྱེད་རུང་གི་བསྙེན་ཚད་ལ་ནི། བརྟག་གཉིས་ལས། དཀྱིལ་འཁོར་བདག་པོའི་བཟླས་པ་འབུམ། །དཀྱིལ་འཁོར་བ་ཡི་ཁྲི་ཡིན་ཏེ། །ཞེས་གསུངས་པ་ལྟར། ལྭ་བའི་ན་བཟའ་ཅན་དང༌། གྲུབ་ཆེན་དཔལ་འཛིན་དང༌། རྗེ་རིན་པོ་ཆེས་གསུངས་ཤིང༌། མཁས་གྲུབ་རིན་པོ་ཆེས་རྒྱུད་སྡེ་སྤྱི་རྣམས་ལས། བླ་མེད་ ཀྱི་དཀྱིལ་འཁོར་ཕལ་ཆེ་བ་ལས། གཙོ་བོའི་བཟླས་པ་འབུམ། འཁོར་རྣམས་ལ་ཁྲི་ཁྲག་རེ་རེ་བྱ་དགོས་པར་གསུངས། ཞེས་བཤད་པ་ལྟར་རོ། །གཞན་ནས་གཙོ་བོའི་སྔགས་འབུམ་སོགས་བཟླས་པའི་བཅུ་ཆའི་སྦྱིན་བསྲེག་བྱ་བར་གསུངས་པ་ནི། སྔགས་རིམ་ལས། དངོས་གྲུབ་བསྒྲུབ་པའི་སྐབས་ལ་དགོངས་པ་ཡིན་པས་དཀྱིལ་ @004A ༄༅། །འཁོར་གྱི་ཆོག་བྱེད་པའི་སྔ་རོལ་གྱི་བསྙེན་པ་ལ་དེ་མི་དགོས་པར་བཤད་ལ། རྗེའི་འདུས་པའི་དཀྱིལ་ཆོག་ལས། གཙོ་བོ་ལ་འབུམ། འཁོར་རྣམས་ལ་ཁྲི་ཡེ་ཤེས་འབེབས་སྔགས་འབུམ་བཟླ་བ་དང་དེའི་བཅུ་ཆའི་སྦྱིན་བསྲེག་བྱ་བར་བཤད་ཀྱང༌། བསྙེན་བའི་ཁ་སྐོང་གི་སྦྱིན་བསྲེག་བྱེད་མི་བྱེད་གསལ་བར་མ་བཤར། སྔགས་རིམ་ལས་ནི། དེ་མ་བྱས་ཀྱང་ཆོག་པར་བཤད་ཅེས་མཁས་གྲུབ་རིན་པོ་ཆེས་གསུངས་ཤིང༌། གཤིན་རྗེ་གཤེད་དམར་ནག་གི་དཀྱིལ་ཆོག་ལས་ནི་བསྙེན་པའི་ཁ་སྐོང་གི་སྦྱིན་བསྲེག་བྱ་དགོས་པ་གསལ་བར་བཤད་པས། རང་རང་གི་ལུགས་ཀྱི་ཁྱད་པར་ཤེས་དགོས་སོ། །འོན་ཀྱང་དཀྱིལ་འཁོར་ཕལ་ཆེར་ལ་ཡེ་ཤེས་ འབེབས་སྔགས་ཁྲི་དང་ཁ་སྐོང་གི་སྦྱིན་བསྲེག་ཅི་ནུས་ཞིག་བྱས་ན་ནི་ལེགས་པར་མངོན་ཏེ། དཱ་རི་ཀ་བས། འབྲིང་ངམ་ཆུང་དུའི་ཚུལ་གནས་ན། །དཀྱིལ་འཁོར་དབང་པོ་འབུམ་དུ་སྟེ། །དེ་བཞིན་མཁའ་('KRO)་སྟོང་ཕྲག་བཅུ། །བཟླས་ཏེ་ལྷ་རྣམས་མཆོད་བར་བྱ། །ཡེ་ཤེས་མཆོག་ལ་ཁྲི་ཕྲག་སྟེ། །སྦྱིན་བསྲེག་མཆོག་གིས་ཉེ་ བར་མཆོད། །ཅེས་གསུངས་པའི་ཕྱིར་རོ། །སྔགས་རིམ་སོགས་ནས། གཙོ་བོའི་སྔགས་འབུམ་མམ། རང་གིས་དབང་ཞུ་བའི་སྐབས་སུ་མེ་ཏོག་ཕོག་བའི་ལྷ་གང་ཡིན་པ་དེའི་སྔགས་འབུམ་བཟླ་བ་འདམ་ཁ་ཅན་དུ་བཤད་པས་གཙོ་བོའི་སྔགས་ཀྱི་གྲངས་ངེས་བཟུང་དུ་མི་དགོས་སོ། །གཙོ་བོའི་སྔགས་བཟླ་ནའང་རྩ་སྔགས་ངེས་པར་དགོས་ བ་མ་ཡིན་ཏེ་སྙིང་པོས་ཀྱང་ཆོག་བེར་རྗེ་ཡབ་སྲས་ཀྱིས་བཤད་པའི་ཕྱིར་རོ། །རྣལ་འབྱོར་རྒྱུད་ཀྱི་སྐབས་སུ་ནི་ཇི་ལྟར་བྱ་བ་རྡོ་རྗེ་འབྱུང་བ་ལས་གསུངས་བ་ལྟར། སྔགས་རིམ་ནས་བསྙེན་བ་བྱེད་ཚུལ་རྒྱས་འབྲིང་བསྡུས་གསུམ་བཤད་པའི་བསྡུས་པ་ནི། རྣལ་འབྱོར་ཆེན་པོའི་ལྷ་རེ་རེའི་བཟླས་པ་འབུམ་བྱ་བར་གསུངས་ལ། ཀུན་རིག་ཊིག་ཆེན་ ལས་ནི་རྒྱས་པའི་དབང་དུ་བྱས་ནས་མེ་ཏོག་གང་ཕོག་གི་ལྷ་དེའི་སྔགས་འབུམ་མམ། ཡང་ན་རྩ་རིག་འབུམ་དང༌། འཁོར་གྱི་ལྷ་རྣམས་ལ་ཁྲི་ཕྲག་རེ་བཟླ་བར་བཤད་ཅིང༌། ཡེ་ཤེས་འབེབས་སྔགས་བཟླ་དགོས་མི་དགོས་མི་གསལ་ལ། རྗེ་ཉིད་ཀྱིས་ཀྱང་འདིར་གསལ་བར་བཤད་པ་མི་སྣང་བས་འབེབས་སྔགས་བཟླ་བའམ་ @004B མ་བཟླས་ཀྱང་མི་འགལ་བར་སེམས། སྒྲོ་ན། ལྷན་ཐབས་ཞིག་ནས་གཙོ་བོའི་སྔགས་འབུམ་དང་འཁོར་རྣམས་ལ་ཁྲི་ཡེ་ཤེས་འབེབས་སྔགས་འབུམ་སྦྱིན་བསྲེག་དང་བཅས་པ་བྱ་བར་བཤད་པ་ལྟར་བྱས་ནའང་ལེགས། ཡེ་ཤེས་འབེབས་སྔགས་ནི། ཁ་ཅིག་ག་བར་འདུས་ནས་བཤད་པ་དེ་ཡིན་ཞེས་བཞེད་ཀྱང༌། ཁོ་བོ་ལྟར་ན་ནི་རང་རང་གི་སྐབས་ ནས་བཤད་པའི་ཡེ་ཤེས་འབེབས་ཚུལ་དེ་ཀ་ཡིན་སྙམ་སྟེ་བརྟག །དེའི་ཕྱིར་ཀུན་རིག་གི་སྒོ་ནས་གཞན་དོན་བྱེད་པར་འདོད་པས་ནི་རབ་སྔར་བཤད་པ་ལྟར་བྱ་ཞིང༌། མ་ཐའང་གཟུངས་ཐུང་འབུམ་ཕྲག་གཅིག་ངེས་བར་བཟླ་དགོས་ཀྱི། གཞན་དུན་ཉེས་པ་དང་བཅས་པར་འགྱུར་རོ། །གཙོ་བོའི་སྔགས་ནི། རབ་རྩ་རིག་དང་དེ་མིན་ནའང༌། གཟུངས་ཐུང་གིས་ཀྱང་ཆེག་པར་སེམས་ བཟླས་པའི་ཚེ་ཐུན་དང་པོ་ལ་ཆོག་རྫོགས་པར་བྱས་ནས། ཐུན་གྱི་མཐར་ཡིག་བརྒྱ་བརྗོད་བའི་རྗེས་སུ་གཙོ་བོ་ལས་བྱེད་ནས་གནས་གསུམ་བྱིན་གྱིས་བརླབས་ཏེ། ཐུན་མཚམས་ཀྱི་བྱ་བ་ལ་འཇུག་ཅིང་ཕྱི་མ་གསུམ་ལ་འཇུག་བའི་ཚེ། གཙོ་བོའི་དམ་རྒྱ་བཅིངས་ནས་སྔགས་བརྗོད་དེ་གཙོ་བོ་དང་དབྱེར་མེད་དུ་གྱུར་པར་བསམས་ལ། མཆོད་བསྟོད་བྱས་ནས་བཟླས་པ་ལ་ ཞུགས་ཆོག་པར་བཤད་པས། ཚེ་ཀ་སླར་འདོན་དགོས་བ་ནི་མིན་ནོ། །སྤྱོད་རྒྱུད་དང་ཆུང་བས་འདིར་བཞག་ལ། བྱ་རྒྱུད་ལ་ནི་ལེགས་གྲུབ་ལས། །བཅོ་ལྔ་མན་ཆད་གྲངས་རྣམས་ལ། །སྦྱིར་ན་ཡི་གེ་དུ་ཡོད་པ། །དེ་སྙེད་འབུམ་ཕྲག་བཟླས་བརྗོད་བྱ། །ཡི་གེ་སུམ་ཅུ་རྩ་གཉིས་ལ། །བཟླས་བརྗོད་སུམ་འབུམ་བྱ་བར་བཤད། །དེ་བས་མང་པའི་ཡི་གེ་ལ།། སྔོན་དུ་བསྙེན་པ་ཁྲི་བྱའོ། །ཞེས་གསུངས་པ་ལྟར་ཡིན་ཞིང་འབུམ་བཟླ་བར་ཡང་བཤད་པས་གང་རུང་ངོ། །འདི་ལ་གཙོ་བོ་མ་གཏོགས་འཁོར་གྱི་བསྙེན་པ་མི་དགོས་པས། བདག་བསྐྱེད་ལ་ནི། དཀྱིལ་འཁོར་བཅས་སམ་གཙོ་རྒྱང་བསྐྱེད་པས་ཀྱང་ཆོག་གོ །རྒྱུད་སྡེ་བཞི་གང་གི་སྐབས་སུ་ཡང༌། བསྙེན་བ་བྱེད་པའི་ཚེ་ལྷའི་གནང་བ་ཐོབ་ན། ། བཟླས་པའི་གྲངས་མ་རྫོགས་ཀྱང་དེས་གོ་ཆོད་ལ། གནས་གཅིག་ཏུ་བསྙེན་བའི་གྲངས་རྫོགས་དགོས་ཀྱི། གནས་གཞན་དུ་ཕྱེད་དང༌། དེ་ལས་གཞན་དུ་བྱེད་བཟླས་ནས་གྲངས་རྫོགས་བྱུང་བསྙེན་བའི་བྲང་རྫོགས་པའི་གོ་མི་ཆོད་ཅིང་ཐུན་གྱི་ཚེ་བར་སེམས་གཡེང?་ནས་བཟླས་པ་བསྙེན་པའི་གྲངས་ལ་མི་འདྲེན་པར་བཤད། ཐུན་འོ་གནས་ @005A ༄༅། །འཇུག་གི་བར་རིང་ཐུང་ནི་རང་གི་ཁམས་ལ་དཔག་སྟེ་བྱའི། ཧ་ཅང་རིང་ན་སུན་པ་དང༌། ཧ་ཅང་ཐུང་ན་སྔགས་བཟླ་བོང་མེད་བར་ཇི་ལྟར་འཚམ་པར་བྱའོ། །ཐུན་དངོས་གཞིའི་སྐབས་སུ་གཏམ་སྨྲ་བ་དང་བཟའ་བ་ཏུང་དང་འགྲོ་བའི་བྱ་བ་མི་བྱ་ལ། ཐུན་མཚམས་སུ་ནི། སྨྲ་བཅད་བྱ་བ་འམ་མ་བྱས་ཀྱང་མི་ འགལ་ཞིང༌། སྨྲ་དགོས་ན་མཚམས་གཡོ་ག་བ་དངོས་སམ། མཚམས་འོག་ཏུ་ཆུད་པར་བྱས་བ་ལྷ་བུམ་གཏོགས་གཞན་དང་ངག་བསྲེ་བར་མ་བྱས་ན་ལེགས་ལ། འོན་ཀྱང་བདེ་མཚམས་ལ་ནི་ངེས་པ་མེད་དོ། །བླ་མ་ཁ་ཅིག་བདེ་མཚམས་ཡིན་ན། ལྷ་གཞན་བསྒོམ་བ་དང་དེའི་སྔགས་བཟླ་བ་སོགས་རུང་ཡང༌། མཚམས་དམ་བར་བྱེད་ཚེ་ལྷ་དེའི་མངོན་ རྟོགས་སོགས་དང་ཡིག་བརྒྱ་དང་ལྷ་བླ་མའི་བསྟོད་པ་ལྷ་བུ་མ་གཏོགས། ལྷ་གཞན་གྱི་མངོན་རྟོགས་དང་བཟླས་བརྗོད་ནི་དངོས་གཞིའི་སྐབས་སུ་མ་ཟད་ཐུན་འཚམས་སུ་ཡང་མི་བྱ་བར་བཤད་ལ། འོན་ཀྱང་མཁས་གྲུབ་རིན་པོ་ཆེས་ནི། ཉིན་གཅིག་ལ་དཀྱིལ་འཁོར་མི་འདྲ་བ་བཞིའི་བསྙེན་པ་བྱ་རུང་བར་བཞེད་ཅིང༌། ཉིན་གཅིག་ཐུན་ བཞི་ལ་དེ་ལྟར་བྱེད་པ་ནི། རྒྱ་གཞུང་ན་མི་གསལ་ཡང༌། བོད་ཀྱི་བླ་མ་རྣམས་ཀྱི་ཕྱག་བཞེས་སུ་གདའ་བ་ལ་ལྷ་དུ་མས་རྒྱུད་བྱིན་གྱིས་བརླབས་བའི་དགོས་པ་ཡོད་པས། ཕུན་སུམ་ཚོགས་བའི་ཡན་ལག་ཡིན་པར་བཤད་ཅིང༌། བྱེད་ལུགས་ཀྱང་དེའི་གསུང་འབུམ་ནས་འབྱུང་བ་ལྟར་ཤེས་དགོས། ཐུན་གྱི་རིང་ཟས་གོས་སོགས་ གྲིབ་ཅན་གྱི་རིགས་ལ་འཛེམ་དགོས་ཤིང༌། ཁ་བལྟ་ཕྱོགས་ནི། རྡོ་རྗེ་འཕྲེང་བ་ལས། བྱང་དུ་ཁ་བལྟས་རྒྱས་བའི་ལས། །དེ་བཞིན་ཞི་བ་ཤར་དུ་བལྟ། །དྲག་པོའི་ལས་ལ་ལྷོ་ཡི་ཕྱོགས། །དབང་གི་ལས་ལ་ནུབ་ཏུ་བལྟ། །ཞེས་གསུངས་བ་ལྟར་རམ། མ་བདེན་ཕྱོགས་རྟོག་བས་བརྟགས་བ་ཙམ་དུ་བསམས་ལ་གང་བདེ་བྱ། རྡོ་རྗེའམ་ གཡུང་དྲུང་ལྟ་བུས་མཚོན་བའི་སྟན་ལ་སྤྱོད་ལམ་ཚུལ་དང་མཐུན་བར་འཁོད་དེ། འཁོར་བ་དང་ངན་སོང་ལས་ཐར་འདོད་དང༌། ཆོས་འདི་ལྟ་བུ་བསྒྲུབ་ཏུ་ཡོད་པ་ནི་སྐལ་བ་བཟང་སྙམ་དུ་དགའ་བ་བསྒོམ། དེའི་ཚེ་རྟགས་མཚན་བཟང་ངན་གང་བྱུང་ཡང་རེ་དོགས་མི་བྱ་ཞིང༌། བཟང་པོ་བྱུང་ནའང་རློམ་སེམས་དང་ངན་པ་ལའང་རྣམ་རྟོག་བྱར་མི་ @005B དུང་ངོ། །ཐོ་བ་ཞི་རྒྱ་ཆེན་བ་ཞིར་བསྐྱེད་པ་ནི། རྗེ་ལ་བ་སྲས་ཀྱི་གསུང་ལས་བཤད་པ་མ་མཐོང་ཡང༌། བླ་མ་འགའ་ཞིག་གིས་བཤད་པས་བྱ་བའམ་མ་བྱས་ཀྱང་མི་འགལ། འོན་ཀྱང་ཐུན་འཛུག་པའི་ཐོག་མར་བགེགས་གཏོར་གཏོང་བ་སོགས་བྱས་ན་ལེགས་ཤིང༌། མ་གྲུབ་ན། ཡུངས་ཀར་ལ་དྲག་སྔགས་བརྟབ་སྟེ། སུམྦྷ་ ནི་སོགས་ཀྱིས་བཤེགས་བསྒྲད་ཙམ་བྱ་བར་བཤད། བླ་མེད་ཀྱི་སྐབས་ཐུན་མཚམས་སུ་གང་ཟག་རྟོགས་པ་མཐོན་པོ་ལ་ཤ་ཆང་སྒོ་གཙོང་སོགས་མ་བཀག་ནའང་སོ་ཐར་གྱི་སྡོམ་བ་དང་ལྡན་པས་ནི། དམ་རྫས་ཡིན་པའི་འདུ་ཤེས་ཀྱིས་ནང་མཆོད་མྱང་བ་ཙམ་མ་གཏོགས། ཆང་ལ་སྲེད་པའི་ཡིད་ཀྱིས་འཐུང་གཏན་ནས་མི་ རུང༌། རྒྱུད་སྡེ་འོག་མའི་སྐབས་སུ་ཤ་ཆང་སོགས་ལ་ལོངས་སྤྱད་དུ་མི་རུང་ཤིང་གཙང་སྤྲ་ལ་གནས་བ་གལ་ཆེ། གཏོར་མ་ནི། ཐུན་བཞི་ཀའི་མཐར་གྲུབ་ན་རབ། མ་གྲུབ་ན་ཐུན་ཕྱི་མའི་མཐར་འབུལ་དགོས་ལ། གཞན་ཇི་ལྟར་བྱ་བ་ནི་རང་རང་གི་གཞུང་ནས་བཤད་པ་ལྟར་རོ། །གཉིས་པ་འཇིགས་བྱེད་ཀྱི་བསྙེན་བ་བྱེད་ ཚུལ་བཤད་པ་ལ་གཉིས། སྦྱོར་བ་དང༌། དངོས་གཞིའོ། །དང་པོ་ལ་བཞི། འདིའི་ཆེ་བ། རྟེན་དང༌། གནས་དང༌། ཡོ་བྱད་སོགས་གྱི་ཁྱད་པར་རོ། །དང་པོ་ནི། འདིའི་ཐུན་མོང་མ་ཡིན་བའི་ཁྱད་ཆོས་ནི་ལྔ་སྟེ། སྤྱིར་ཡི་དམ་འདི་ལ་བརྟེན་ན་འཚང་རྒྱ་བ་ལ་བགེགས་ཀྱིས་མི་ཚུགས་ཤིང་བྱིན་རླབས་མྱུར་བའི་ཁྱད་ཆོས༌། རྒྱུ་མ་དང་མི་ཐབ་གཉིས་ཀྱིས་འདུས་པ་ནས་བཤད་པའི་སྒྱུ་ལུས་དང་འོད་གསལ་མཚོན་བའི་ཁྱད་ཆོས། ཁ་ཊྭཱཾ་ཀས་འཁོར་ལོ་བདེ་མཆོག་དང་ཀྱེ་རྡོར་ནས་བཤད་བའི་བདེ་སྟོང་སྟོན་བའི་ཁྱད་ཆོས། མེ་ཐབ་ཀྱིས་ཤེས་རབ་གཞན་ལས་ཆེ་ཞིང་སྡིགས་མཛུབ་ཀྱིས་དངོས་གྲུབ་མྱུར་བ་དང་སྐྱེས་བུ་གསལ་ཤིང་ལ་བསྐྱོན་པས་ནི་སྡིག་ཅན་བཙན་ཐབས་སུ་འཚང་ རྒྱ་བར་ནུས་པའི་ཁྱད་ཆོས། རྗེ་བཙུན་སྤྱིར་རྒྱལ་བ་ཀུན་གྱི་ཡབ་ཡིན་ཞིང༌། ཁྱད་པར་འཇིགས་བྱེད་ལ་རྒྱུ་འབྲས་ཡེ་ཤེས་སེམས་དཔའ་གསུམ་ཀའི་སྐབས་སུ་འཇམ་དཔལ་གྱི་ཞལ་དངོས་སུ་ཡོད་པས་ཚེ་རབས་ཀུན་ཏུ་རྗེ་བཙུན་གྱིས་རྗེས་སུ་འཛིན་བའི་ཁྱད་ཆོས་དང་ལྡན་བའི་ཕྱིར་རོ། །གཉིས་པ་ནི། རྟེན་སྒྲུབ་པ་པོ་དད་པ་ཆེ་ཞིང་བྱམས་སྙིང་རྗེ་བྱང་ཆུབ་གྱི་ @006A ༄༅། །སེམས་དང་སྦྱིན་སོགས་ཀྱི་སྤྱོད་པ་དང་ལྡན་ཞིང་གཞན་དོན་ལ་དངོས་སུ་བརྩོན་པའམ་དེ་དག་ཕྱོགས་མཐུན་ཡོད་པ་དང༌། ཁྱད་པར་དུ་འདིའི་དབང་བསྐུར་བ་ཐོབ་ཅིང་དམ་ཚིག་དང་སྡོམ་པ་ལ་གནས་པ་ཞིག་དགོས། གསུམ་པ་ནི། གནས་ཤིང་དྲུང་ངམ?་དུར་ཁྲོད་སོགས་རྒྱུད་ནས་བཤད་པ་ལྟར་རམ། རང་གི་ཡིད་དང་ མཐུན་པའོ། །བཞི་པ་ནི། མཆོད་རྫས་སྤྱི་དང༌། ཁྱད་པར་བྲིས་སྐུ་དང༌། རྡོར་དྲིལ། ནང་མཆོད་སོགས་སྟ་གོན་བྱ་ཞིང་བགེགས་བསྐྲད། བདུད་རྩི་རིལ་བུའམ་ནང་མཆོད་ཀྱིས་ཁ་དག་པར་བྱ། སམྦྷ་ར་སོགས་འགྱུར་སྔགས་འདོན་ཅིང༌། ངག་བྱིན་གྱིས་རློབ་ན། ཨོཾ་ཨ་ཨཱ་ནས། yc+ཀྵ་ཧཱུཾ་སྭཱ་ཧཱ་ཞེས་བའི་བར་ལན་བདུན་བརྗོད།-yc་སྐྱབས་སེམས་སོགས་སྡོན་དུ་ འགྲོ་བས་འདོད་ན་བླ་མའི་རྣལ་འབྱོར་རྒྱས་བསྡུས་གང་རུང་ངམ། གསོལ་འདེབས་ཅི་རིགས་བྱ། དེ་ནས་ཐུན་དང་པོ་ལ་སྔོན་འགྲོ་གཏོར་མ་ནས་བཟུང་སྟེ་ཉེར་བསྡུའི་བར་མངོན་རྟོགས་ནས་འབྱུང་བ་ལྟར་རིམ་པར་བསྒོམ། ཕྱི་མ་གསུམ་གྱི་ཆེ་ཚོགས་ཞིང་ནས་བྱ་ལ། yc+བསྐྱེད་ཚུལ་བསྡུས་བ་བྱེད་ན། བདག་མེད་པའི་རང་བཞིན་སྟོང་པ་ཉིད་དུ་གྱུར། སྟོང་བའི་དང་ ལས་སྐད་གཅིག་གིས་རྡོ་རྗེའི་ས་གཞི་གུར་བླ་རེ་མི་རི་དང་བཅས་པའི་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བའི་རེ་མིག་དགུ་བའི་དབུས་སུ་ཡཾ་ལས་རླུང་གི་དཀྱིལ་འཁོར། ཞེས་སོགས་མངོན་རྟོགས་ལྟར་ལ། དཀྱིལ་འཁོར་རྒྱལ་མཆོག་གི་སྐབས་སུ་ལྷ་བཅུ་གསུམ་གྱི་སྐུར་ཡོངས་སུ་རྫོགས་པར་གྱུར་བ་ནི། དབུས་ཀྱི་གདན་ལ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་ པོ་ནས། གཡས་བསྐུམ་ཞིང་གཡོན་བརྐྱང་བ་ཡུམ་དང་བཅས་པའི་སྐུར་བཞེངས་པར་གྱུར། ནང་གི་ཤར་དུ་གཏི་མུག་གཤིན་རྗེ་གཤེད་དཀར་པོ་ཡབ་ཡུམ་ནས། བྱང་སྒོར་རལ་གྲི་གཤིན་རྗེ་གཤེད་ལྗང་ཁུ་ཡབ་ཡུམ། ནང་གེ་ཤར་ལྷོར་རྩ་རྩི་ཀ་དཀར་མོ་ཡབ་ཡུམ། ནས། བྱང་ཤར་དུ་གོ་རི་ལྗང་ཁུ་ཡབ་ཡུམ། གྭ་བཞིར་མིའི་ཐོད་པ་བདུད་རྩིས་གང་བ་ བཞི༑ ཞེས་དལ་བུས་བརྗོད་ཅིང་བསམས་ལ་མངལ་འབྱིན་བྱས་ཏེ། ཕྱོགས་སྐྱོང་དགུག་བསྐྱེད་དོར་ནས་སྐྱེ་མཆེད་བྱིན་རླབས་ཀྱང་བསྡུ་ཞིང༌། དེ་མན་ཆད་ནི་གཞུང་ལྟར་རྒྱས་བསྡུས་ཅི་རིགས་དང༌། དག་པ་དྲན་པར་མ་བྱས་ཀྱང་མི་འགལ། གོང་དུ་དྲངས་པའི་སྔགས་རིམ་གྱི་དོན་ལྟར་ན། དེ་ལས་ཀྱང་བསྡུ་ཚུལ་ཞིག་སྣང་ཡང་འདིར་མ་བྲིས་ཏེ། ཁ་ @006B ཅིག་ཧ་ཅང་སླ་ཆོས་བྱེད་པར་དོགས་པའི་ཕྱིར་རོ། །རྒྱས་བསྡུས་གང་བྱས་ཀྱང་ཡིད་ལ་བཤར་བསྒོམ་བྱ་ཞིང༌། བརྒྱལ་དང་གསལ་སྣང་བརྟན་པོའམ། ལྷག་ཏུའང་དེ་དང་དེའི་མོས་པ་ཤུགས་ཅན་བྱ་དགོས་ཏེ། གསལ་སྣང་དང་ང་རྒྱལ་གཉིས་ལས་ང་རྒྱལ་གཙོ་བོ་ཡིན་པར་རྗེ་ཉིད་ཀྱིས་བཤད་པས། ཚིག་ཙམ་བརྗོད་པ་ལྷུར་མི་བྱེད་དོ། །ཐུན་དང་པོའི་ཚེ་ དག་པ་དྲན་པའི་རྗེས་སུ་བྲེང་བ་གསུང་རྡོ་རྗེར་བསྐྱེད་པ་སོགས་བྱ་ལ། ཕྱི་མ་གསུམ་གྱི་ཚེ་བྱེད་དམ་མ་བྱས་ཀྱང་མི་འགལ། ཞི་ཁྲོ་སྦྲགས་སྒྲུབ་ལ་མང་ཡང་ཐུན་མོང་བ་ཙམ་བྱེད་ན། ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཉི་གདན་ཟླ་གདན་དང་ཧཱུཾ་ཡིག་དྷཱིཿ ཡིག་ཏུ་གྱུར་བའི་མཐར་ཨོཾ་ཨ་ར་པ་ཙ་ནས་བསྐོར་བ་ལས་འོད་ཟེར་འཕྲོས། ལུས་ཀྱི་ནང་གང༌། མི་ཤེས་པ་དང་སྡིག་སྒྲིབ་ཐམས་ཅད་སྦྱངས། ཕྱིར་འཕྲོས་པས་སེམས་ཅན་ཐམས་ཅད་ལ་??༌།དེ་རྣམས་ཀྱི་མི་ཤེས་བ་སོགས་སྦྱངས་ནས་འཇམ་པའི་དབྱངས་ཀྱི་གོ་འཕང་ལ་བཀོད། །འོད་ཟེར་ལས་འཕྲོས་པའི་མཆོད་པའི་ལྷ་མོས་རྒྱལ་བ་སྲས་བཅས་རྣམས་མཆོད་ཅིང༌། དེ་དག་གི་མཁྱེན་རབ་ཐམས་ཅད་བསྡུས་ནས་རང་ལ་ཐིམ་པས། ཤེས་རབ་ཀྱི་སྣང་བ་ཁྱད་པར་ཅན་ཐོབ་པར་བསམས་ལ། ཡིག་འབུམ་མམ། འབུམ་ཕྲག་གཅིག་དང༌། ཡང་ན་ཅི་ནུས་བཟླ༌། རྩ་སྔགས་སོགས་བཟླ་བའི་ཚེ་ཟླ་གདན་ཉི་གདན་དང་དྷཱིཿ ཡིག་ཧཱུཾ་ཡིག་ཏུ་གྱུར་བའི་མཐར། ནང་ནས་རིམ་བ་བཞིན་དུ་ཡ་མནྟ་ཀ༌།ཧྲཱིཿ ཥྚཱིཿ ཡ་མ་རཱ་ཛེ་རྣམས་ཁ་དོག་སྔོ་ནག་འོད་ཟེར་འགྲོ་བའི་རྣམ་བར་བཀོད་ནས་ཧཱུཾ་དང་སྔགས་ འཕྲེང་ལ་ཡིད་གཏད་དེ། ཧ་ཅང་མྱུར་བུལ་སོགས་ཀྱི་སྐྱོན་དང་བྲལ་བར་བཟླ་ཞིང༌། ཕྲེང་བ་ལྷ་འགུག་བའི་དམིགས་པས་བ་གྲང༌། སྔགས་གསུམ་ཀ་ལ་བསྙེན་བ་བྱེད་ན། རྩ་སྔགས་ནས་ཐོག་མར་བཟླ་བའམ། ཡ་མཱནྟ་ཀ་ནས་ཐོག་མར་བཟླ་བ་གང་བདེ་ཡིན་པར་གསུངས་ཤིང༌། ལག་ལེན་དུ་རྩ་སྔགས་ནས་ཐོག་མར་བྱེད་པ་དང༌། གསུམ་པོ་གང་ རུང་ཞིག?་ལ་གྲངས་བསྙེན?་བྱེད་ན། སྔགས་གསུམ་ཀ་འགོད་བའམ་གང་བཟླ་བ་དེ་ཁོ་ན་བཀོད་ཀྱང་ཆོག་པར་བཤད་ཅིང༌། གསུམ་ཀ་བཀོད་ན་སྔ་མ་བཟླས་ཟིན་པ་ན་ཕྱི་མ་ལ་ཐིམ་བར་བསམ་པ་གང་བདེ། བར་བར་དུ་དབུགས་དང་ལྷན་ཅིག་སྤྲོ་བསྡུ་བྱ་ཞིང༌། དེ་ཡང་དབུགས་ཕྱིར་འབྱུང་བ་དང་ལྷན་ཅིག་དཀྱིལ་འཁོར་ལྷ་ཚོགས་སམ། འོད་ཟེར་ @007A ༄༅། །རྩ་ཞེས་གྱི་ཤངས་ཕུག་གཡས་ནས་ཐོན། སེམས་ཅན་གྱི་དོན་བྱས། དབུགས་རྡུབ་པ་དང་ལྷན་ཅིག་སླར་འདུས་ནས་སྔགས་འཕྲེང་ལ་ཐིམ་ཞིང༌། ཞལ་དགུ་དང་ལྷ་ཐམས་ཅད་ཀྱི་ཞལ་ནས་འདོན་བར་བསམ། རྩ་སྔགས་ཐོག་མར་འདོན་པ་གཙོ་བོར་བྱེད་ན་དེ་གང་མང་དང་གཞན་ཉེར་གཅིག་སོགས་ཅི་འགྲུབ༌། དེ་བཞིན་དུ་གཞན་གཉིས་ལའང་སྦྱར་ཞི་རྩ་སྔགས་འགྲུབ་ཏུ་ཉེ་བའི་ཚེ་ཡི་གེ་བཅུ་པ་གཙོ་བོར་བཟླ་བ་སོགས་བྱ། སྔགས་གསུམ་པོ་གང་རུང་ཞིག་ཡིན་ན་གང་བཟླ་བ་དེ་ཅི་མང་དང་གཞན་གང་འགྲུབ། དེ་ཡང་ཧྲཱིཿ ཥྚཱིཿ ཡིན་ན་རྩ་སྔགས་ས་མ་ཡ་མཱནྟ་ཀའི་རྗེས་སུ་འདོན་པའི་ཁྱད་པར་མ་གཏོགས་འདྲ་ལ། འོན་ཀྱང་གང་གཙོ་བོར་བཟླ་བ་དེ་སྔོན་ལ་ བཟླས་ཆོག་པར་ནི་བཤད་དོ། །གྲངས་ནི། བཤད་རྒྱུད་རྟོག་པ་གསུམ་པ་ལས། འདི་ནི་མ་ཧེའི་གདོང་ཅན་གྱི། །སྙིང་པོའི་སྔགས་སུ་རབ་ཏུ་གྲགས། །ཡི་གེ་རེ་རེ་འབུམ་བཟླས་པས། །འཇིག་རྟེན་གསུམ་གྱི་ལས་ནི་གང༌། །ཅི་ཡང་རུང་བ་ཐམས་ཅད་བྱེད། །ཅེས་ཡ་མཱནྟ་ཀ་ཡིག་འབུམ་དང༌། ལས་ཀྱི་སྔགས་སུ་རབ་ཏུ་གྲགས། སུམ་འབུམ་བཟླས་པས་ལས་ཀུན་བྱེད།། ཅེས། ཧྲཱིཿ ཥྚཱིཿ སུམ་འབུམ་དང༌། །མ་ཧེའི་གདོང་ཅན་རྩ་སྔགས་ཏེ། །འབུམ་བཟླས་པ་ཡིས་ལས་ཀུན་བྱེད། །ཅེས་རྩ་སྔགས་འབུམ་བཟླ་བར་བཤད་ཅིང༌། དེ་ཡང་ཞི་སོགས་ཀྱི་ལས་བསྒྲུབ་པའི་སྐབས་ལ་དགོངས་པ་སྟེ་དབང་བསྐུར་རབ་གནས་སྦྱིན་བསྲེག་སོགས་བྱ་བ་ལ། གསུམ་ཀའམ་མེ་གེ་ བཅུ་བ་འབུམ་ཕྲག་གཅིག་བཟླས་ན་ཆོག་པར་ཡང་བཤད་པས་སྐབས་དང་བསྟུན་ཅིང༌། ད་ལྟའི་གང་ཟག་གིས་ལས་མང་པོ་འགྲུབ་པ་ལ་ནི་གྲངས་ཀྱི་བསྙེན་པ་ས་ཡའམ་བྱེ་བ་ལྟ་བུ་འགྲོ་དགོས་པར་བཤད་དོ།། རྟོག་གསུམ་གྱི་ལུང་སྔར་དྲངས་པ་ལྟར། རྗེའི་ཟ་མ་ཏོག་ལས་ཀྱང༌། ཡ་མཱནྟ་ཀ་སྙིང་པོར་བཤད་ཅིང༌། བླ་མ་ཁ་ཅིག་དེ་སྙིང་པོ་ དང༌། གྲཱི?ཿ ཥྚཱིཿ ཉེ་སྙིང་དུ་བཞེད་ལ། ཅང་གྱ་ཞབས་སོགས་མང་པོས་ནི་དེ་ལས་བཟློག་སྟེ་བཤད་པས་བརྟག །འཁོར་གྱི་སྔགས་གྲངས་ནི་ཁྲི་ཡིན་ལ། བཟླ་བའི་ཚེ་བུམ་ལ་སོགས་པའི་ཐུགས་ཀར་ཉི་གདན་ལ་རང་རང་གི་ས་བོན་གྱི་མཐར་རང་རང་གི་སྔགས་རྣམས་གཡས་སྐོར་དུ་འགྲེང་སྟེ་འོད་ཟེར་འབར་བའི་རྣམ་པ་ཅན་ @007B དུ་བལྟ་ཞིང༌། སྔར་བཞིན་གཙོ་འཁོར་ཐམས་ཅད་ཀྱིས་འདོན་པར་བསམས་ཏེ་བཟླས་ན་འགྱུར་ཆེ་བར་བཤད། བཟླས་པ་རྣམས་སོང་ནས་སྔགས་དེ་དག་ཅི་འགྲུབ་བཟླས་པའི་རྗེས་སུ། ཧྲཱིཿ ཥྚཱིཿ འི་འཇུག་ཏུ། ཨ་བེ་ཤ་ཡ་སྟྭཾ་བྷ་ཡ། ར་ར་ར་ར། ཙཱ་ལ་ཡ་ཙཱ་ལ་ཡ། ཧཱུཾ་ཧཿ ཨཱཿ ཛྷཻཿ ཧཱུཾ་ཕཊ། ཅེས་པའི་ཡེ་ཤེས་འབེབས་སྔགས་གང་མང་བཟླ་ སྟེ། གྲངས་ནི་ཁྲི་ཁྲག་གཅིག་གོ །ཡང་ན་ཧྲཱིཿ ཥྚཱིཿ འི་འཇུག་ཏུ་ཧཱུཾ་ཧཿ ཨཱཿ ཛྷཻ་ཧཱུཾ་ཕཊ། ཅེས་བཏགས་པ་ནི་ཡེ་ཤེས་འབེབས་སྔགས་བསྡུས་པ་ཡིན་ཞེས་བཤད་པ་ལྟར་བྱའོ། །དེའི་ཚེ་དམིགས་པ་ནི། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རྡོ་རྗེ་འཇིགས་བྱེད་ཀྱི་རྣམ་པར་ སྤྱན་དྲངས་ནས་རང་གི་ལུང་ལ་ཆར་ཆེན་པོ་འབེབས་པ་བཞིན་ཐིམ་པར་བསམ། ཐུན་གྱི་མཐར་ཡིག་བརྒྱ་མཆོད་བསྟོད་གཏོར་འབུལ་ཉེར་བསྡུའི་བར་སྒྲུབ་ཐབས་ནས་བཤད་པ་ལྟར་བྱ་ཞིང༌། འདིར་ལས་གཤིན་ལའང་གཏོར་འབུལ་བྱེད་པ་གལ་ཆེའོ། །གསུམ་པ་འཕྲོས་དོན་གཏོར་མའི་རིམ་པ་ལ། དེའི་རྒྱུ་ནི་སྔགས་རིམ་ལས། གཏོར་མའི་ རྫས་ནི་ཟན་དང་སྲན་མ་དང་ཤ་དང་ཉ་ཤ་དང་ཆན་ཐུག་དང་ཁུར་བ་དང་ཆང་དང་ཆུ་དང་ཙོང་དང་སྒོག་སྐྱ་དང་འོ་མ་ལ་སོགས་པའམ། མ་འབྱོན་ན་ཟན་དང་ཆུ་ལ་སོགས་པ་ཙམ་ཡང་རུང་བར་ཕྲེང་བ་དང་མན་སྙེ་ལས་བཤད་དོ། །ཅེས་གསུངས་པ་ལྟར་བྱ་ཞིང༌། བླ་མེད་ཀྱི་སྐབས་སུ་ཆང་ནི་གཏོར་རྫས་ཀྱི་གཙོ་བོ་ཡིན་པར་བཤད། གཏོར་ མའི་དབྱིབས་ཇི་ལྟར་བྱ་བ་ནི། པཎ་ཆེན་རིན་པོ་ཆེའི་གསུང་འབུམ་ཨེ་ཝཾ་ལས། ཡེ་དམ་སོགས་ཀྱི་གཏོར་མའི་དབྱིབས་ནི་རྒྱུད་རྒྱ་གཞུང་སོགས་ལས་གསལ་བར་བཤད་པ་མི་འདུག །ཅེས་གསུངས་པ་ལྟར། རྗེ་ཡབ་སྲས་ཀྱི་གསུང་ལས་ཀྱང་གསལ་བར་བཤད་པ་མི་སྣང་བས། གོང་གི་རྫས་དེ་རྣམས་འབུལ་ རུང་བར་མངོན་ལ། འོན་ཀྱང་པཎ་ཆེན་རིན་པོ་ཆེས་འཇིགས་བྱེད་ཀྱི་གཏོར་མའི་དབྱིབས་རྩེ་མོ་ཟུར་གསུམ་ལ་རྩ་བ་ཅུང་ཟད་ཟླུམ་པ་སྙིང་གཟུགས་ཀྱི་རྣམ་པ་ཅན་དུ་བྱ་བར་བཤད་ཅིང༌། ཅང་གྱང་ཞབས་ཀྱིས་ཀྱང་དབྱིབས་སྙིང་གཟུགས་ལྟ་བུ་ལ་དམར་རྩིས་བརྒྱན་པའི་མཐར་གོང་གི་རྫས་དེ་རྣམས་གང་རུང་འཇོག @008A ༄༅། །བར་བཤད་པས་དེ་ལྟར་བྱ། ཕྱག་ལེན་འགའ་ཞིག་ལ་ཟླུམ་པོ་ཙམ་དང་དེ་ལ་གཤོག་པ་འདོགས་པའི་ཚུལ་གཉིས་སྣང་ཞིང༌། གང་ལྟར་ཡང་གསང་བདེ་འཇིགས་གསུམ་སོགས་བླ་མེད་ཕལ་ཆེར་ལ་ནི་ཟླུམ་པོ་ཅུང་ཟད་ལྡིར་ཆེ་ཞིང་དམར་རྩིས་བརྒྱན་པར་བྱས་ན་འཐད་པར་སེམས་ལ། དེ་ཡང་དྲག་པོ་ཡིན་ན་མེ་ རི་སོགས་དང་བཅས་ཤིང་ཞི་བ་ལ་ནི་མེ་རི་དོར་ན་ལེགས་སྙམ། འོན་ཀྱང་མགོན་པོ་འཁོར་བཅས་ཀྱི་གཏོར་དབྱིབས་ནི་མཁས་གྲུབ་རིན་པོ་ཆེས་བཤད་ཅིང་ཆོས་སྐྱོང་དྲག་པོ་ལ་ནི་ཟུར་གསུམ་བྱེད་པ་དར་རོ། །གཞན་གཏོར་མ་བྱ་ཚུལ་གྱི་དཔེ་ཞིག་སྣང་བ་ནི་ཕྱག་ལེན་ཡི་གེར་བཀོད་པ་ཡིན་གྱི། རྒྱུད་རྒྱ་གཞུང་དང་མཁས་གྲུབ་ དམ་པའི་གསུང་ནས་དངོས་སུ་བཤད་པ་མིན་པར་རྟོགས་སོ། །རྒྱུད་སྡེ་འོག་མའི་གཏོར་རྫས་ནི། ཟན་དང་ཁུར་བ་དང་ཆན་ཐུག་དང་ཆུ་དང་འོ་མ་སོགས་བྱ་ཞིང༌། དབྱིབས་ནི་ཟླུམ་པོ་དཀར་རྩེས་བརྒྱན་པ་ལ་སྒོར་རྒྱན་བྱས་ན་འཐད་པར་བཞེད། འོན་ཀྱང་སྐབས་སྟོབས་ཀྱིས་ཁྱད་པར་འབྱེད་དགོས་ཤིང༌། ཕྱག་ལེན་ལ་ གཞི་བདག་གཏོར་མ་སོགས་ལ་རྐེད་དཀྲིས་ལྟ་བུ་ཞིག་བྱེད་པར་སྣང་ལ། དེ་ཡང་ཁ་ཅིག་པད་འདབ་ཀྱི་དབྱིབས་ལྟ་བུ་དང༌། དེ་ལས་སྐྱེས་བའི་རྣམ་པར་བྱེད་དགོས་ཟེར་བ་སོགས་མང་ཡང་ཚད་ལྡན་གྱི་གཞུང་ནས་བཤད་པ་མ་མཐོང་བས། དེ་ཡོད་དམ་མེད་ཀྱང་མི་འགལ་བར་སེམས། འབུལ་བའི་སྣོད་ནི། སྔགས་རིམ་ ལས། གཤེད་དམར་གྱི་རྒྱུད་ལས་ཀྱང་ཁྱོགས་སམ་ཟངས་གཞོང་གི་སྣོད་དུ་བྱ་བར་བཤད་ལ། ཕྲེང་བར་ཁམ་ཡོར་དང་ཁྱོར་བར་ཡང་སྦྱིན་པར་བཤད་པས་ཅི་རིགས་སོ། །ཞེས་གསུངས་པ་ལྟར་སྣོད་བཟང་པོ་གང་ཡང་རུང་བའོ། །བསྐྱེད་ཆོག་ནི་སྔགས་རིམ་ལས་རྒྱུད་དང་རྒྱ་གཞུང་གི་ལུགས་མི་འདྲ་བ་དུ་མ་ཞིག བཤད་ཀྱང་རང་རང་གི་ཆོ་ག་ནས་འབྱུང་བ་ལྟར་རམ། སྤྱི་འགྲོ་ཡང་ཡོད་པས་དེ་བཞིན་དུ་བྱའོ། །སྐབས་གང་དུ་འབུལ་བ་ནི། བསྙེན་པའི་འཇུག་ཏུ་ཡིག་བརྒྱ་དང་མཆོད་བསྟོད་མདོར་བསྡུས་ཞིག་བྱ་བའི་མཐར་རམ། ཡིག་བརྒྱ་བཟླས་པའི་མཇུག་ཉིད་དུའང་རུང་ལ། སྤྱིར་བདག་བསྐྱེད་ཀྱི་མངོན་རྟོགས་རྒྱས་པའི་མཇུག @008B ཀམ། རང་ཉིད་སྐད་ཅིག་གིས་ལྷ་དེ་དང་དེར་བསྐྱེད་ནས་འབུལ་ཡུལ་གང་ཡིན་པ་དེ་ལ་ཕུལ་ཀྱང་ཆོག །འབུལ་བའི་ཡུལ་ནི། བདག་བསྐྱེད་རྐྱང་པའི་སྐབས་སུ་མདུན་དུ་བསྐྱེད་ཅིང་ཡེ་ཤེས་པ་སྤྱན་དྲངས་ཏེ་བསྟིམ་ནས་འབུལ་བའམ། སྐད་ཅིག་གིས་སྤྱན་འདྲེན་ཙམ་བྱས་ནས་འབུལ་ལ། མདུན་བསྐྱེད་ཀྱི་སྐབས་སུ་དེ་ཉིད་ལ་འབུལ་རུང༌། འཇིགས་བྱེད་ལ་ནི་བདག མདུན་འཇུག་པ་གཅིག་ཡིན་ན་བདག་བསྐྱེད་ལ་འབུལ་རུང་ཡང༌། བསྙེན་པའི་སྐབས་སུ་མདུན་དུ་བསྐྱེད་པའམ། སྤྱན་དྲངས་པ་ཙམ་བྱས་ནས་འབུལ་དགོས་ཀྱི། བདག་བསྐྱེད་ཉིད་ལ་འབུལ་པ་ནི་རྗེའི་དགོངས་པ་མིན་ནོ། །དེའི་ཕྱིར་བསྙེན་པའི་ཚེ་མངོན་རྟོགས་དངོས་གཞིའི་སྐབས་སུ་ཕྱོགས་སྐྱོང་དགུག་བསྐྱེད་བྱེད་པ་ནི་མི་འཐད་པས། དེས་འཇུག་ཏུ་ བྱའོ༑ ༑གཏོར་མགྲོན་གྱི་ལྷ་བསྐྱེད་ཚུལ་སོགས་ལ་རྒྱས་བསྡུས་མང་དུ་ཡོད་པ་ནི་གཞན་ནས་ཤེས་པར་བྱ་ཞིང༌། འཇིགས་བྱེད་ལ་དེ་བྱེད་ཚུལ་གྱི་ཁྱད་པར་ཞིག་བདག་གིས་གཞན་དུ་བཤད་ཟིན་ཏོ། །གཏོར་མ་འབུལ་བ་ནི་གལ་ཆེ་བའང་ཡིན་ཏེ། སྔགས་རིམ་ཆེན་མོ་ལས། གཏོར་མ་ནི་རྒྱད་རྣམས་ལས་བགེགས་ཉེ་བར་ཞི་བ་དང་ དངོས་གྲུབ་བསྒྲུབ་པའི་ཕྱིར་ཐོག་མ་དང་ཐ་མར་གལ་ཆེ་བར་གསུངས་པས་བྱ་དགོས་ལ། ཞེས་གསུངས་པའི་ཕྱིར་རོ། །སྨྲས་པ། རྒྱུད་སྡེ་གོང་འོག་དཀྱིལ་འཁོར་གྱི། །ལྷ་ཡི་བསྙེན་པ་བྱེད་ཚུལ་སོགས། །དམ་པའི་གཞུང་ལ་བརྟེན་ནས་ནི། །དོན་བསྡུས་གོ་སླའི་ངག་གིས་བཤད། ?་ཅེས་བྱའོ། །བསྙེན་ཡིག?་འདི་ཆེན་ཧཱུཾ?་ཞིང་ མཛེས་ཞེས་བྱ་བ་འདི་ཡང༌། དད་པ་དང་རྣམ་དཔྱོད་ཡངས་པའི་གནས་བརྟན་གྲགས་པ་དཔལ་འབྱོར་གྱིས་ཉེ་བར་བསྐུལ་བ་ལ་བརྟེན་ནས། ཤཱཀྱའི་བཙུན་པ་བཤད་སྒྲུབ་མིང་ཅན་གྱིས་དམ་པ་སྡམས་མཛད་པའི་བསྙེན་ཡིག་འགའ་དེ་སྣང་ཡང༌། བསྙེན་པའི་སྐབས་སུ་མངོན་རྟོགས་རྒྱས་བསྡུས་ཇི་ལྟར་བྱ་ཚུལ་ལྡན་པའི་རྩིའི་ ཆེན་མོ་ནས་འབྱུང་བ་བཞིན་གསལ་བར་བཤད་པ་མི་འདུག་པས། འདིར་དེ་བྱེད་ཚུལ་དང་བཅས་ཏེ་གཞན་ལའང་ཕན་སྲིད་སྙམ་པའི་འདུན་པས་སྦྱར་བའོ།། །། སརྦ་མངྒ་ལཾ༌།། བྷ་ཝནྟུ༌།།