[སྔོན་འགྲོའི་དཔར་གཞི།]་ @001A ༄༅། yc+།ལྷ་ལྔའི་སྒྲུབ་ཐབས་བདེ་ཆེན་ཡང་གསལ་སྒྲོན་ཡེ་ཞེས་བྱ་བ་བཞུགས་སོ།།-yc་ @001B ༄༅༅། །རྒྱལ་ཀུན་ལྷན་སྐྱེས་བདེ་བའི་ཡེ་ཤེས་ཆེ། །རིགས་བརྒྱའི་ཁྱབ་བདག་དཔལ་ལྡན་རྡོ་རྗེ་འཆང༌། །བླ་མ་ཧེ་རུ་ཀ་དང་བཅོམ་ལྡན་མའི། །ཞབས་ལ་བཏུད་ནས་དེ་ཡི་སྒྲུབ་ཐབས་བཤད། yc+།འདིར་བདེ་མཆོག་ལྷ་ལྔའི་སྒྲུབ་ཐབས་རྒྱས་བསྡུས་འཚམ་པ་ཞིག་བརྗོད་བར་བྱ་སྟེ། དེ་ཡང་ བྲིས་སྐུ་དང་མཆོད་པ་ཡོ་བྱད་རྣམས་ཚོགས་བར་བྱས་ནས།-yc་བླ་མ་ཧེ་རུ་ཀ་དཔལ་དང༌། །མཆོག་གསུམ་རྣམས་ལ་སྐྱབས་སུ་མཆི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་བྱང་ཆུབ་སེམས་བསྐྱེད་དོ། yc+།ཞེས་སྦྱངས་སེམས་བྱ། དེ་ནས།-yc་རང་ཉིད་སྐད་ཅིག་གིས་ཧེ་རུ་ཀ་སྔོན་བོ་ཞལ་གཅིག་ཕྱག གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཡུམ་རྡོ་རྗེ་ཕག་མོ་དམར་མོ་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོང་བ་འཛིན་པས་འཁྱུད་པར་གྱུར། yc+ནང་མཆོད་བྱིན་གྱིས་བརླབས་བ་ནི།-yc་ཨོཾ་ཁཎྜ་རོ་ཧི་ཧཱུཾ་ཧཱུཾ་ཕཊ་yc+ཀྱིས་བསངས།-yc་སྭབྷཱ་ཝས་སྦྱངས། སྟོང་བའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་ དབྱིབས་ཅན་རྒྱལ་མཚན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་བོ་གྲུ་གསུམ་བ་མེ་འབར་བས་མཚན་པ། དེའི་སྟེང་དུ་ཨོཾ་ཨཱཿ ཧཱུཾ་གསུམ་ལས་བྱུང་བའི་མི་མགོ་རློན་བའི་སྐྱེད་བུ་ལ་གནས་པའི་ཨ་དཀར་པོ་ལས་བྱུང་བའི་ཐོད་པ་དུམ་བུ་གཅིག་པ་ཕྱི་དཀར་ལ་ནང་དམར་ བའི་ནང་གི་ཤར་དུ་ཨོཾ་དཀར་བོ་ལས་བྱུང་བའི་དྲི་ཆེན་ཨོཾ་གྱིས་མཚན་བ། བྱང་དུ་ཁཾ་ལྗབ་བུ་ལས་བྱུང་བའི་ཤ་ཆེན་ཁཾ་གིས་མཚན་པ། ནུབ་ཏུ་ཨཾ་དམར?་བོ་ལས་བྱུང་བའི་བྱང་སེམས་ཐཾ་གིས་མཚན་པ། ལྷོར་ཏྲཾ་སེར་པོ་ལས་བྱུང་བའི་རཀྟ་ཏྲཾ་གེས་མཚན་པ། དབུས་སུ་ཧཱུཾ་སྔོན་པོ་ལས་བྱུང་བའི་ དྲི་ཆུ་ཧཱུཾ་གིས་མཚན་པ། མེར་ལཾ་དཀར་པོ་ལས་བྱུང་བའི་བ་གླང་གི་ཤ་ལཾ་གིས་མཚན་པ། བདེན་བྲལ་དུ་མཾ་སྔོན་པོ་ལས་བྱུང་བའི་ཁྱིའི་ཤ་མཾ་གྱིས་མཚན་པ། རླུང་དུ་བཾ་དམར་པོ་ལས་བྱུང་བའི་གླང་པོ་ཆེའི་ཤ་བཾ་གྱིས་མཚན་པ། དབང་ལྡན་དྲུ་ཧཾ་ལྗང་ཁུ་ལས་བྱུང་བའི་རྟའི་ཤ་ཏཾ་གིས་མཚན་ @002A ༄༅། །བ། རླུང་གཡོས་བ་ལས་མེ་འབར་བའི་དྲོད་ཀྱིས་རྫས་ཡི་གེ་དང་བཅས་བ་རྣམས་ཞུ་ནས་ཉི་མ་འཆར་ཀའི་མདོག་ལྟར་དམར་སེར་དུ་གྱུར། དེའི་སྟེང་དུ་ཧཱུཾ་དཀར་པོ་ལས་བྱུང་བའི་ཁ་ཊྭཾ་ག་དཀར་བོ་བྱང་ཆུབ་སེམས་ཀྱི་བདུད་རྩིའི་རང་བཞིན་ཅན་མགོ་བོ་ཐུར་དུ་བལྟས་པ་ཐོད་པར་ལྷུང་སྟེ་ཞུ་བས། བཅུད་ དེ་དག་དངུལ་ཆུའི་མདོག་ཅན་བསིལ་བར་གྱུར། ཨོཾ་ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ ཀ་ཁ་ག་གྷ་ང། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ་ཧཱུཾ་ཧཱུཾ་ཕཊ། ཡི་གེ་དེ་ཉིད་ཁ་དོག་སྣ་ཚོགས་བ་བདུད་རྩིའི་སྟེང་དུ་གནས་བ་ཡོངས་སུ་གྱུར་པ་ ལས། ཨོཾ་དཀར་པོ་ཨཱཿ དམར་པོ་ཧཱུཾ་སྔོན་པོ་གསུམ་སྟེང་ནས་སྟེང་དུ་གནས་བ་ལས་འོད་ཟེར་འཕྲོས། ཕྱོགས་བཅུ་ན་བཞུགས་པའི་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་རྣམས་ཀྱི་ཐུགས་ཀའི་ས་བོན་ལས་ཡེ་ཤེས་ཀྱི་བདུད་རྩི་བཀུག་པ་ཨོཾ་ཨཱཿ ཧཱུཾ་ལ་ཐིམ། དེ་གསུམ་ཡང་རིམ་གྱིས་ཞུ་ནས་ཐོད་པར་ཐིམ་པར་གྱུར། ཨོཾ་ཨཱཿ ཧཱུཾ་yc+ལན་ གསུམ། འདིར་རྫས་དགུ་ལས་མི་འབྱུང་བ་ནི། ཤ་ཆེན་གྱིས་རྫས་གཉིས་ཀྱིས་གོ་ཆོན?་པའི་དབང་དུ་མཛད་བའོ། །བྱིན་རླབས་བསྡུ་ན།-yc་ཧ་ཧོ་ཧཱིཿ ཁ་དོག་དྲི་རོ་ནུས་བའི་སྐྱོན་ཐམས་ཅད་བཅོམ་ཞིང་བདུད་རྩིའི་རང་བཞིན་དུ་གྱུར། ཨོཾ་ཨཱཿ ཧཱུཾ་yc+ལན་གསུམ་བརྗོད་བས་ཀྱང་འགྲུབ། སྔོན་འགྲོའི་མཆོད་པ། །བཎྜ་རོ་ཧི་ས་བསངས-yc་སྭབྷཱ་yc+ཝས་སྦྱངས?-yc་སྟོང་པའི་ངང་ ལས་ཀཾ་ལས་བྱུང་བའི་ཐོད་བ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུཾ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི། ཞལ་ཟས་རོལ་མོ་རྣམས། རང་བཞིན་སྟོང་ཉིད། རྣམ་པ་མཆོད་རྫས་སོ་སོའི་རྣམ་བ་ཅན། བྱེད་ལས་དབང་པོ་དྲུག་གི་སྦྱོད་ཡུལ་དུ་ཟག་པ་མེད་པའི་བདེ་བ་ ཁྱད་བར་ཅན་སྟར་བར་གྱུར། ཨོཾ་ཨཱརྒྷཾ་ཨཱཿ ཧཱུཾ། ཨོཾ་པཱ་དྱཾ་ཨཱཿ ཧཱུཾ། ཨོཾ་བཛྲ་པུཥྤེ་ཨཱཿ ཧཱུཾ། ཨོཾ་བཛྲ་དྷུ་པེ་ཨཱཿ ཧཱུཾ། ཨོཾ་བཛྲ་དཱི་པཾ་ཨཱཿ ཧཱུཾ། ཨོཾ་བཛྲ་གནྡྷེ་ཨཱཿ ཧཱུཾ། ཨོཾ་བཛྲ་ནཻ་ཝི་ཏེ་ཨཱཿ ཧཱུཾ། ཨོཾ་བཛྲ་(shPTA)་ཨཱཿ ཧཱུཾ། yc+གཏོར་བ?་ལས?་ནང་མཆོད་ལྟར་བྱིན་བརླབ་བྱའོ། །དེ་ནས་གཞུང་ནས་བཤད་བ་ལྟར་འབར་བའི་ཕྱག་རྒྱ་དང་བཅས་ཏེ།-yc་ @002B ?་རང?་གི?་ཐུགས་ཀར་ཉི་གདན་ལ་གནས་པའི་ཧཱུཾ་ཡིག་ལས་འཕྲོས་པའི་འོད་ཟེར་གྱིས། དུར་ཁྲོད་བརྒྱད་ན་གནས་པའི་ཕྱོགས་སྐྱོང་དང་ཞིང་སྐྱོང་ལ་སོགས་བ་ཐམས་ཅད་སྦྱན་དྲངས་ཏེ་ཕྱོགས་མཚམས་བརྒྱད་དུ་འཁོད་པ་སྐད་ཅིག་གིས་འོད་གསལ་དུ་བཅུག་པ་ལས་བདེ་མཆོག་གི་ལྷ་ཡབ་ཡུམ་གྱི་སྐུར་ བཞེངས་པའི་མགྲོན་རྣམས་ཀྱི་ལྗགས་ཧཱུཾ་དཀར་པོ་ལས་བྱུང་བའི་རྡོ་རྗེ་རྩེ་གསུམ་པ་དཀར་པོ་ནས་འབྲུ་ཙམ་འཁོད་པའི་འོད་ཟེར་གྱི་སྦུ་གུས་དྲངས་ནས་གསོལ་བར་གྱུར། ཨོཾ་ཁ་ཁ། ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ་རཀྵ་ས། བྷུ་ཏ། པྲེ་ཏ། བི་ཤ་ཙ། ཨུནྨཱ་ད། ཨ་བསྨཱ་ར། བཛྲ་ཌཱ་ཀ་ཌཱ་ཀི་ནྱེ་ད་ལ། ཨི་མཾ་བ་ལི་ ཀྲཾ་ཧྣ་ཏུ། ས་མ་ཡ་རཀྵནྟུ། མ་མ་ས་རྦ་སིདྡྷིམྨེ་བྲ་ཡ་ཙྪནྟུ། ཡ་ཐཻ་པཾ། ཡ་ཐེཾཥྚ། yc+བྷུ་ཛ་ཐ-yc་བི་བཱ་ཐ། ཛི་གྷྲ་ཐ། མ་ཏི་ཀྲ་མཐ། མ་མ་སརྦ་ཀཱ་རྟ་ཡ། ས་ཏ་སུ་ཁཾ། བི་ཤུདྡྷ་ཡེ། ས་ཧ་ཡི་ཀ༌།བྷ་ཝནྟུ། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། yc+ལན་གཉིས་ཀྱིས་ཕྱོགས་གཡོན་དང་མཚམས་གཡས་སྐེར་དུ་གནས་པ་ལ་འབུལ།-yc་ཨོཾ་ཨརྒྷཾ་པྲ་ཏི་ཙྪ་ སྭཱཧཱ། ཨོཾ་བཱ་བྱཾ་བ་ཏི་ཙྪ་སྭཱཧཱ། ཨོཾ་བཛྲ་པུ(shBE)། yc+དེ་བཞིན་དུ།-yc་དྷུ་པེ། དཱི་པཾ། གནྡྷེ། ནཻ་ཝི་ཏེ། ཤཔྟ་ཨཱཿ ཧཱུཾ། ཕྱོགས་སྦྱོང་དང་ཞིང་སྦྱོང་ལ་སོགས་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། ལྷ་ཡི་ཚོགས་རྣམས་མ་ལུས་དང༌། །ཀླུ་ཡི་ཚོགས་རྣམས་(X)་གནོད་སྦྱིན་(X)་སྲིན་པོའི་(X)་འབྱུང་པོའི་(X)་ཡི་དགས་(X)་ཤ་ཟའི་(X)་ སྨྱོ་བྱེད་(X)་བརྗོད་བྱེད་(X)་མཁའ་འགྲོའི་(X)་མ་མོའི་(X)་མ་ལུས་བ་ནི་ཐམས་ཅད་དག །འདིར་གཤེགས་པ་དགའ?་དགོངས་སུ་གསོལ། །བསྟན་པ་བསྲུང་དང་འགྲོ་བའི་དོན་མཛད་ཕྱིར། །ཐུགས་དམ་བཅས་ཤིང་ཞལ་གྱིས་འཆེས་པ་རྣམས། །དཔལ་ཆེན་བཀའ་སྡོད་ཡིད་ལྟར་མགྱོགས་པ་ཡི། །འཇིགས་ པའི་གཟུགས་ཅན་དྲག་གཏུམ་མི་བཟད་པ། །གདུག་པ་འདུས་མཛད་ནག་པོའི་ཕྱོགས་རྣམས་འཇོམས། །རྣལ་འབྱོར་ལས་ལ་འབྲས་བུ་སྟེར་མཛད་ཅིང༌། །མཐུ་སྟོབས་བྱིན་རླབས་བསམ་གྱིས་མི་ཁྱབ་པའི། །གནོད་སྦྱིན་ཚོགས་སོགས་བརྒྱད་ལ་ཕྱག་འཚལ་ལོ། །སྡེ་བརྒྱད་བཙུན་མོ་སྲས་ @003A ༄༅། །དང་གཡོག་བཅས་བས། །དངོས་གྲུབ་ཀུན་གྱི་བཀའ་དྲིན་བདག་ལ་སྩོལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང༌། །དཔལ་དང་གྲགས་དང་སྐལ་བ་བཟང༌། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང༌། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་ དངོས་གྲུབ་བདག་ལ་སྩོལ། །སྲུང་མས་རྟག་ཏུ་གྲོགས་མཛོད་ཅིག །དུས་མིན་འཆི་དང་ནད་རྣམས་དང༌། །གདོན་དང་འགེགས་རྣམས་ཞི་བ་དང༌། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་བ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །འབྲུ་རྣམས་རྒྱས་ཤིང་ཆོས་འཕེལ་དང༌། ། བདེ་ལེགས་ཐམས་ཅད་འབྱུང་བ་དང༌། །ཡིད་ལ་འདོད་(BPA)་ཀུན་འགྲུ་ཤོག yc+།ཡིག་བརྒྱ་བཟླས།-yc་བཛྲ་མུཿ འཇིག་རྟེན་བ་རྣམས་རང་གནས་སུ་གཤེགས་པར་གྱུར། yc+བདག་བསྐྱེད་ཀྱི་མཆོད་བ་སྔོན་འགྲོའི་གཏོར་མའི་སྐབས་ལྟར་བྱིན་གྱིས་བརླབས་ལ། ཡིག་བརྒྱའི་བཟླས་པ་བྱེད་ན། གཞན་ནས་འབྱུང་བ་ལྟར་བྱ་ཞིང༌། རྒྱུན་བའི་ མངོན་རྟོགས་པ་ནི་མངོན་འགྲོའི་མཆོད་གཏོར་ཡིག་བརྒྱ་བཟླ་བའི་སྐོར་རྣམས་བཞག་ཀྱང་འགལ་བ་མེད་བས། དེ་ལྟར་བྱེད་ན། ནང་མཆོད་དང་མཆོད་བ་བྱིན་བརླབས་བྱས་པའི་འཕྲོ་ནས་སྐབས་འདིར་འཇུག་གོ །དེ་ནས་དག་པ་གསུམ་གྱི་རྣལ་འབྱོར་ནི།-yc་ཤྲཱི་ཧེ་རུ་ཀ༌།ཧེ་ནི་ཀུན་གྱི་འབྱུང་གནས་སུ་གྱུར་བའི་སེམས་ཏེ་རྒྱུའི་བདག་ཉིད་དུ་བརྟག་བར་བྱ་བས་སྟོང་ བའི་ཆོས་ཀྱི་བདག་མེད་པ་དང༌། རུ་ནི་གང་ཟག་གི་བདག་ཏུ་འཛིན་པའི་རྣམ་རྟོག་གི་དྲ་བས་བཀོད་པའི་བདག་དང་བྲལ་བའི་གང་ཟག་གི་བདག་མེད་པ་དང༌། ཀ་ནི་དེ་ཁོ་ན་ཉིད་ཀྱི་ཡུལ་ཡུལ་ཅན་གཉིས་མི་མཐུན་བར་སོ་སོར་གཉིས་སུ་མི་གནས་པ་དང༌། ཤྲཱི་ནི་ཡུལ་སྟོང་པ་ཉིད་ཇི་འདྲ་བ་དེ་བཞིན་དུ་རྗེས་སུ་ཞུགས་ པའི་གཉིས་སུ་མེད་པའི་ཡེ་ཤེས་ཨེ་ཝཾ་གྱི་དོན་ནོ། །སྟོང་བའི་ངང་ལས་རང་ཉིད་སྐད་ཅིག་གིས་ཧེ་རུ་ཀ་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་འཛིན་བ་གཡས་བརྐྱང་གིས་བཞུགས་བ་ལ། ཡུམ་རྡོ་རྗེ་ཕག་མོ་དམར་མོ་གྲི་གུག་དང་ཐོད་པ་འཛིན་པས་འཁྱུད་བར་གྱུར། ཤྲཱི་ཧེ་རུ་ཀོཉ་ཧཾ། @003B yc+ཏན?་པ་ཐུབ་བརྗོད། དེ་ནས་མགོ་བོར་ཨོཾ་དང་མཐར་ཧཱུཾ་ཧཱུཾ་ཕཊ་དང་ལྡན་པའི་ཨཱ་འི་ཀཱ་ཡི་ཀཱ་ལི་ཡན་གསུམ་བརྗོད་ནས།།-yc་རང་གི་ལྟེ་བའི་ཕྱོགས་སུ་སྔགས་འཕྲེང་འོད་ཟེར་དང་བཅས་པ་གཡོན་བསྐོར་དུ་ལན་གསུམ་བསྐོར་ཏེ་གནས་བ་ལས། ལྷ་ལྔའི་ཚོགས་འཕྲོས་པ་སྣ་བུག་གཡས་བ་ནས་འཐོན་ཏེ་ཕྱོགས་བཅུང་འཕྲོས་པས་བགེགས་ ཐམས་ཅད་བསྐྲད། སླར་བྱོན་རང་གི་སྣ་བུག་གཡོན་བ་ནས་ཞུགས་ལྟེ་བའི་སྔགས་འཕྲེང་ལ་ཐིམ་བར་གྱུར། yc+དེ་ནས་ཆོགས་ཞིང་ནི།-yc་རང་ཧེ་རུ་ཀར་གནས་པའི་ཐུགས་ཀར་པཾ་སེར་པོ་ལས་སྣ་ཚོགས་པདྨའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དཔལ་མཆོག་དང་པོའི་ཡི་གེ་ཧཱུཾ་སྔོན་པོ་ ཡེ་ཤེས་ལྔའི་རང་བཞིན་ཅན་འོད་ཟེར་ཁ་དོག་ལྔ་འཕྲོ་བའི་འོད་ཟེར་གྱིས་རང་གི་སྤྱི་བོ་ནས་རྐང་བའི་བར་གང་སྟེ། ཐོག་མ་མེད་པ་ནས་ཀྱི་སྒོ་གསུམ་གྱིད་རི་མ་རྣམས་སྦྱངས་པས་ལུས་ཤེལ་གོང་བཞིན་དུ་དག་བར་གྱུར་ཏེ། བ་སྤུའི་སྒོ་ནས་ཕྱིར་འཕྲོས་པའི་འོད་ཟེར་གྱིས་འགྲོ་བ་ཀུན་གྱི་ལུས་སྦྱངས། སྒོ་གསུམ་དག་བར་བྱས། སྦྲིན་སྒྲའི་ཡི་གེའི་འོད་དེས་བླ་མ་རྡོ་རྗེ་འཆང་གི་རྣམ་བ་ཅན་དང༌། སྔོན་ནས་གྲུབ་བའི་འཁོར་ལོ་སྡོམ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་དང༌། གཞན་ཡང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། ལྷ་དང་ལྷ་མོ་དང༌། ཁྲོ་བོས་ནམ་མཁའི་ཁམས་ཏིལ་གྱི་གང་བུ་ ལྟར་གང་བ་མདུན་གྱི་ནམ་མཁར་སྤྱན་དྲངས། གང་གི་དྲིན་གྱིས་བདེ་ཆེན་གནས། yc+།ནས-yc་བ་ད་ལ་འདུད། །ཧེ་རུ་ཀ་དབལ་དཔའ་བོ་ཆེ། །རྣམ་དག་རྡོ་རྗེའི་དབང་ཕྱུག་དང༌། །རྗེས་ཆགས་ཆགས་པ་ཆེ་རྣམས་ཀྱི། །རྡོ་རྗེ་ཕག་མོ་དེ་ལ་འདུད། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡིས་འཁོར་ ལོ་སྦྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོགས་བའི་འཆིད་གཅོད་ཅིང༌། །འཇིག་རྟེན་བྱ་བ་ལ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་ལོ། yc+།ཞེས་ཕྱག་བྱ།-yc་རང་གི་ཐུགས་ཀའི་ཧཱུཾ་ལས་བྱུང་བའི་མཆོད་པའི་ལྷ་མོ་རྣམས་ཀྱི་ @004A ༄༅། །མཆོད་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། yc+ཞེས་པ་ནས།-yc་ཤཔྟ་yc+འི་བར་དལ།-yc་ཨོཾ་ཨཱཿ བཛྲ་ཨཱ་དརྴེ་ཧཱུཾ། ཨོཾ་ཨཱཿ བཛྲ་ཝི་ཎེ་ཧཱུཾ། ཨོཾ་ཨཱཿ བཛྲ་གནྡྷེ་ཧཱུཾ། ཨོཾ་ཨཱཿ བཛྲ་ར་སེ་ཧཱུཾ། ཨོཾ་ཨཱཿ བཛྲ་སྤརྴེ་ཧཱུཾ། ཨོཾ་ཨཱཿ བཛྲ་དྷརྨེ་ཧཱུཾ། yc+ཞེས་སྦྱར་ལ་མཆོད།-yc་ཐུགས་ཀའི་ཧཱུཾ་ལས་བྱུང་ བའི་སྙིང་པོའི་རྣལ་འབྱོར་མ་བཞིས་ཐོད་པའི་ནང་གི་བདུད་རྩི་ལྔས་མཆོད་པར་གྱུར། ཨོཾ་སརྦ་བཛྲ་ཀཱ་མི་ནི་སརྦ་བྷཀྵ་ཤོ་དྷ་ཡ་གུ་ཧྱ་བི་ཛྲ་ནི་སྭཱ་ཧཱ། ཡབ་ཡུམ་སྙོམས་པར་ཞུགས་ཏེ་བདེ་བ་ཆེན་པོ་བསྐྱེད་པས་ལྷ་ཐམས་ཅད་ཀྱིས་ཀྱང་བདེ་བ་ཆེན་པོ་ཉམས་སུ་མྱོང་བར་གྱུར། དཀོན་ མཆོག་གསུམ་ལ་yc+ནས-yc་འགྲུབ་པར་ཤོག །སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་ཐམས་ཅད་བསལ་བའི་ཕྱིར་ནམ་མཁའི་མཐས་གཏུགས་པའི་སངས་རྒྱས་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ལོ། །རྒྱལ་བ་མྱ་ངན་ལས་འདའ་བར་བཞེད་པ་རྣམས་འགྲོ་བ་ ཀུན་ལ་ཕན་པ་དང་བདེ་བའི་དོན་དུ་བསྐལ་པ་ཞིང་གི་རྡུལ་སྙེད་དུ་བཞུགས་པར་གསོལ་བ་འདེབས་སོ། །བགྲོད་དཀའ་སྲིད་པའི་རྒྱ་མཚོ་ལས། །བདག་གིས་འགྲོ་རྣམས་བསྒྲལ་བའི་ཕྱིར། །རང་གི་བདག་ཉིད་སྐད་ཅིག་མ། །སངས་རྒྱས་རྣམས་ལ་དབུལ་བར་བགྱི། །སེམས་ཅན་ ཐམས་ཅད་ཁྱད་པར་དུ་འཕགས་པའི་བདེ་བ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ཐམས་ཅད་དང་བྲལ་བར་གྱུར་ཅིག །ཐོབ་ཟིན་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག །ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་དང་བྲལ་བར་གྱུར་ཅིག །བཅོམ་ ལྡན་འདས་འཁོར་ལོ་སྡོམ་པའི་ལྷ་ཚོགས་རྣམས་ཀྱིས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། yc+།ཡིག་བརྒྱ་ཚང་གཅིག་བརྗོད་ལ།-yc་ཚོགས་ཞིང་རྣམས་འོད་དུ་གྱུར་ཏེ་རང་གི་སྨིན་མཚམས་ནས་ཞུགས་པས་བྱིན་གྱིས་བརླབས་བར་གྱུར། yc+ཅེས་འཛམ་བུ་གླིང་པའི་སྔགས་སྤྱོད་པའི་རྟེན་གྱི་མིའི་ལུས་ཐོབ་པའི་རྒྱུར་ @004B བསོད་རྣམས་ཀྱི་ལས་འདུ་བྱ་བ་ལྟར་བསོད་ནམས་ཀྱི་ཚོགས་བསགས།-yc་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་གྲུབ་པ་མེད་ལ་ཀུན་རྟོག་གིས་བཏགས་པ་ཙམ་གྱི་སྒྱུ་མ་ལྟ་བུར་གྱུར། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ(NYHAm)། ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་བརྟན་གཡོ་ཐམས་ཅད་སྦྱངས་ཏེ་འོད་དུ་གྱུར་པ་རང་ ལ་ཐིམ་ཞིང་རང་ཡང་སྟོད་སྨད་ནས་རིམ་གྱིས་ཐུགས་ཀའི་ཧཱུཾ་ལ་ཐིམ། ཧཱུཾ་གི་ཨཱུ་ནི་ཧའི་ལུས་ལ། དེ་མ་ཤོ་བོ་ལ། དེ་ཟླ་ཆོས་མ། དེ་ཐིག་ལེ་ལ། དེ་ནཱ་ད་ལ། ནཱ་ད་ཡང་འོད་གསལ་དུ་ཐིམ་པར་གྱུར། ཨོཾ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨཀོ(NYHAm)། ཆོས་ཐམས་ཅད་རབ་ཏུ་གནས་པ་མེད་པ་ནམ་མཁའ་ དྲི་མ་མེད་པའི་འོད་གསལ་དུ་གྱུར། yc+དེ་ནི་ལམ་བསགས་པའི་མཐར་བའི་བ་འོད་གསལ་སྔོན་དུ་བྱས་པ་དང་ཆོས་མཐུན་པར་བསྒོམ་པ་འཆི་བ་ཆོས་སྐུར་འཁྱེར་བའི་རྣལ་འབྱོར།-yc་དེ་ལྟར་སྣང་བ་ཐམས་ཅད་བསྡུས་པའི་སྟོང་པའི་ངང་ལས་རང་གི་སེམས་ནཱ་དའི་གཟུགས་གྱེན་དུ་འགྲེང་བ་ཤིན་ཏུ་ཕྲ་བ་དཀར་ལ་དམར་བའི་མདངས་ཆགས་པ་ ནམ་མཁར་གནས་པར་གྱུར། yc+དེ་ནི་འཆི་བ་འོད་གསལ་ལས་བར་དོ་གྲུབ་པ་དང་ཆོས་མཐུན་པས་བསྒོམ་པ་ཡོངས་སྐུའི་ལམ་འཁྱེར། དེ་ནས་བསྲུང་འཁོར་ནི།-yc་ཨོཾ་སུཾ་བྷ་ནི་སུཾ་བྷ་ཧཱུཾ་ཧཱུཾ་ཕཊ། ཤར་དུ་སྔགས་དེ་ཉིད་ཁ་དོག་ནག་པོ། ཨོཾ་གྲིཧྣ་གྲི་ཧྣ་ཧཱུཾ་ཧཱུཾ་ཕཊ། བྱང་དུ་སྔགས་དེ་ཉིད་ཁ་དོག་ལྗང་ཁུ། ཨོཾ་གྲིཧྣ་བཱ་ཡ་གྲིཧྞ་པཱ་ཡ་ཧཱུཾ་ ཧཱུཾ་ཕཊ། ནུབ་ཏུ་སྔགས་དེ་ཉིད་ཁ་དོག་དམར་པོ། །ཨོཾ་ཨཱ་མ་མ་ཧོཿ བྷ་ག་ཝཱ་ན་བི་དྱཱ་རཱ་ཛཱ་ཧཱུཾ་ཧཱུཾ་ཕཊ། ལྷོར་སྔགས་དེ་ཉིད་ཁ་དོག་སེར་པོ་རྣམས་འཁོད་པར་གྱུར། སྔགས་དེ་རྣམས་ལས་རང་རང་གི་ཁ་དོག་ཅན་གྱི་འོད་ཟེར་འཕྲོས་པས་ཚངས་པའི་འཇིག་རྟེན་ནས་གསེར་གྱིས་གཞི་ལ་ཐུག་པར་ཁྱབ་པའི་འོད་ ཟེར་འབར་བའི་གཟུགས་ཆེན་འོས་ཁྱབ་པ་རྣམས་སུ་གྱུར། སྔགས་འོད་ཟེར་དང་བཅས་པ་ཡོངས་སུ་གྱུར་པ་ལས། ཤར་ནག །བྱང་ལྗང༌། ནུབ་དམར། ལྷོ་མེར་བའི་སྣ་ཚོགས་རྡོ་རྗེའི་ར་འགྲུ་བཞི་པ་ཚངས་པའི་འཇིག་རྟེན་ནས་གསེར་གྱིས་གཞི་ལ་ཐུག་གི་བར་དུ་ཁྱབ་བར་གྱུར། རབ་གྲུབ་པ་དང་ @005A ༄༅། །དུས་མཉམ་དུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཧཱུཾ་གིས་མཚན་པའི་ཧཱུཾ་གི་འོད་ཟེར་ལམ་གསེར་གྱི་ས་གཞི་ལ་ཐུག་པའི་འོག་གི་ས་གཞི་སྣ་ཚོགས་རྡོ་རྗེའི་རང་བཞིན་དུ་གྱུར། སྣ་ཚོགས་རྡོ་རྗེའི་ཧཱུཾ་གི་འོད་ཟེར་ལས་ཕྱི་རོལ་དུ་སྟེང་དང་ལོགས་ཀུན་ཏུ་ཁྱབ་པར་རྡོ་རྗེ་རྩེ་ལྔ་པའི་རྣམ་པ་ཅན་གྱི་ མངའི་དྲ་བ་དང༌། དེའི་འོག་ཏུ་རྡོ་རྗེའི་གུར། གུར་གྱི་འོག་ར་བའི་སྟེང་དུ་རྡོ་རྗེའི་བླ་རེ་རྣམས་བར་མཚམས་མེད་པར་དུམ་བུ་གཅིག་ཏུ་གྱུར་པའི་ཕྱི་རོལ་དུ་རྡོ་རྗེའི་མེ་འཇིག་དུས་ཀྱི་ལྟ་བུས་བསྐོར་བར་གྱུར། ཨོཾ་མེ་དི་ནཱི་བཛྲི་བྷ་ཝ་བཛྲ་བནྡྷ་ཧཱུཾ། ཨོཾ་བཛྲ་པྲཱ་ཀ་ར་ཧཱུཾ་བཾ་ཧཱུཾ། ཨོཾ་བཛྲ་པཉྩ་ར་ཧཱུཾ་བཾ་ཧཱུཾ། ཨོཾ་བཛྲ་བི་ ན་ཧཱུཾ་བཾ་ཧཱུཾ། ཨོཾ་བཛྲ་སཱ་ར་ཛྭ་ལ་ཏྲཾ་སཾ་ཏྲཾ། ཨོཾ་བཛྲ་ཛྭ་ལ་ཨ་ན་ལཱ་རྐ་ཧཱུཾ་ཧཱུཾ་ཧཱུཾ། སུཾ་བྷ་ནི་yc+སོགས་སྔགས་བཞི་སྔར་བཞིན་བརྗོད་ནས།-yc་རྣམ་པ་ཐམས་ཅད་དུ་འགྲོ་བ་རྣམས་བགེགས་དང་བྲལ་བར་གྱུར། བསྲུང་འཁོར་གྱི་དབུས་སུ་ཡཾ་སྔོན་པོ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུ་ལྟ་བུ་གཡས་གཡོན་གཉིས་སུ་རྒྱལ་ མཚན་གྱིས་མཚན་པ། དེའི་སྟེང་དུ་རཾ་དམར་པོ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་བ་གྲྭ་གསུམ་དུ་རཾ་གྱིས་མཚན་པ། དེའི་སྟེང་དུ་བཾ་དཀར་པོ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་བས་མཚན་པ། དེའི་སྟེང་དུ་ལཾ་སེར་པོ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་བ་གྲྭ་བཞིར་རྡོ་རྗེ་རྩེ་གསུམ་ པས་མཚན་པ། དེའི་སྟེང་དུ་སུཾ་ལས་རི་རབ་ལྷུན་པོ་གྲུ་བཞི་པ་རིན་པོ་ཆེ་སྣ་བཞིའི་རང་བཞིན་ཅན། སྟེང་གི་ཕྱོགས་མཚམས་སུ་ལྕོག་བརྒྱད་ཀྱིས་མཛེས་པ། དེའི་སྟེང་དུ་བཾ་སེར་པོ་ལས་སྣ་ཚོགས་པདྨ། དེའི་ལྟེ་བར་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ། དེའི་ལྟེ་བར་བཾ་ལས་ལྟེ་བ་དང་ཚད་མཉམ་པའི་སྣ་ཚོགས་ པདྨ་འདབ་མ་བརྒྱད་པའི་ལྟེ་བ་དང་གེ་སར་དང་ལྡན་པ། ཕྱོགས་བཞིའི་འདབ་མ་དམར། མེ་རླུང་གཉིས་མེར། བདེན་བྲལ་ལྗང༌། དབང་ལྡན་ནག །ལྟེ་བ་ལྗང༌། གེ་སར་སེར་བ། སྣ་ཚོགས་པདྨ་ཆུང་དུའི་དབུས་སུ་མཚན་སོ་གཉིས་ཀྱི་ངོ་བོ། ཨ་ཨཱ། ཨི་ཨཱི། yc+ནས-yc་ཨཾ་ཨཿ སྟེ་དབྱངས་དཀར་པོ་བཅུ་དྲུག @005B བསྲག་གཅིག་གཡས་བསྐོར་དང༌། སླར་ཡང་ཨ་ཨཱ། yc+ནས-yc་ཨཾ་ཨཿ སྟེ་དབྱངས་དཀར་པོ་བཅུ་དྲུག་པ་བྲག་གཅིག་གཡོན་བསྐོར་དུ་རིམ་པ་གཅིག་གིས་འཁོད། དེའི་ཕྱི་རོལ་ཏུ་དཔེ་བྱད་བརྒྱད་ཅུའི་ངོ་བོ། ཀ་ཁ་ག་གྷ་ང། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌ་ཌྷ་ཌྷ་ཎ། ཏ་ཐ་ད་ད་དྷ་དྷ་ན། པ་ཕ་བ་བྷ་མ། ཡ་ཡ་ར་ ལ་ལ་ཝ། ཤ་ཥ་ས་ཧ་ཀཱ་སྟེ་གསལ་བྱེད་དབང་པོ་བཞི་བཅུ་པ་ཕྲག་གཅིག་གཡས་བསྐོར་དང༌། སླར་ཡང་ཁ་ཁ་yc+ནས-yc་ཀྵ་སྟེ་གསལ་བྱེད་དམར་པོ་བཞི་བཅུ་པ་ཕྲག་གཅིག་གཡོན་བསྐོར་དུ་རིམ་པ་གཅིག་གིས་འཁོད། དེ་གཉིས་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་དཀར་ལ་ དམར་བའི་མདངས་ཅན་ལ་དབྱངས་གསལ་རྣམས་གཟུགས་བརྙན་ཤར་བ་བཞིན་དུ་སྣང་བའི་ཨཱ་ཨི་དང་ཟླ་བའི་ཁ་དོག་དཀར་བའི་ཆ་ནི་མེ་ལོང་ལྟ་བུའི་ཡེ་ཤེས། ཀཱ་ལི་དང་ཟླ་བའི་ཁ་དོག་དམར་བའི་ཆ་ནི་མཉམ་བ་ཉིད་ཀྱི་ཡེ་ཤེས། རང་ནམ་མཁའི་ནཱ་དས་ཟླ་བ་དཀར་མ་དམར་བའི་མདངས་ཅན་མཐོང་བ་ན་ བདག་གིས་སངས་རྒྱས་ཡབ་ཡུམ་གྱི་བྱང་སེམས་དཀར་དམར་གྱི་ངོ་བོར་གྱུར་པའི་དབུས་སུ་སྐྱེ་བ་བླངས་ལ་སེམས་ཅན་གྱི་དོན་བྱའོ་སྙམ་པའི་འཕེན་པ་དང་ལྡན་པས་ཟླ་བའི་དབུས་སུ་ནཱ་ད་ཞུགས་པ་ལས། yc+འདི་ནི་བར་དོ་ཕ་མའི་ཁུ་བྲག་གི་དབུས་སུ་སྐྱེ་བ་བླངས་པ་དང་ཆོས་མཐུན་པས་ཏེ་སྐྱེ་བ་སྦྱོར་བྱེད་སྤྲུལ་སྐུའི་ལམ་འཁྱེར།-yc་རིམ་ གྱིས་ནཱ་ད་ལས་ཐིག་ལེ། དེ་ལས་ཟླ་ཕྱེད། དེ་ལས་ཧའི་མགོ་བོ། དེ་ལས་ཧའི་ལུས། དེ་ལས་ཨཱུ་གྲུབ་པའི་ཚུལ་གྱིས་དཀར་ལ་དམར་བའི་མདངས་ཅན་གྱི་ཧཱུཾ་ཡིག་རྒྱུ་རྡོ་རྗེ་འཛིན་པའི་རང་བཞིན་ཅན་དུ་རྫོགས་པ་ནི་སོ་སོར་རྟོག་པའི་ཡེ་ཤེས། ཧཱུཾ་ལས་ཁ་དོག་སྣ་ལྔ་པའི་འོད་ཟེར་འཕྲོ་བའི་རྩེ་མོ་ལས་ལྷ་ལྔའི་ ལྷ་ཚོགས་རྣམས་འཐོན་ཏེ་འགྲོ་བ་རྣམས་ལྷ་ལྔའི་གོ་འཕང་ལ་བཀོད་པ་དང༌། སྔོན་ཐོག་མ་མེད་པ་ནས་གྲུབ་པའི་དཔའ་བོ་དང་རྣལ་འབྱོར་མ་ལ་སོགས་པ་ཕྱོགས་བཅུའི་ཞིང་ཁམས་ན་བཞུགས་པ་རྣམས་ལྷན་ཅིག་སྤྱན་དྲངས་པ་དང་མཉམ་པར་སྦྱར་བ་སྔོན་དུ་འགྲོ་བས་ཞུ་ནས་ཧཱུཾ་ཡིག་གི་ནཱ་ད་ལ་ཐིམ་ཞིང༌། ཧཱུཾ་ @006A ༄༅། །ཡིག་ལྷན་སྐྱེས་གྱི་དགའ་བའི་རང་བཞིན་ཅན་དུ་གྱུར་པ་ནི། བྱ་བ་གྲུབ་པའི་ཡེ་ཤེས། ཨོཾ་ཨཱཿ ཧཱུཾ། ཨོཾ་སརྦ་བི་ར་ཡོ་གེ་ནཱི་ཀཱ་ཡ་ཝཱ་ག་ཙིཏྟ་བཛྲ་ས་བྷ་ཝ་ཨཏྨཀོ(NYHAm)། ཨོཾ་བཛྲ་ཤུདྡྷ་སརྦ་དྷརྨ་བཛྲ་ཤུདྡྷོཉཧཾ། ཟླ་པར་བྱ་བས་བལྟས་ལ་ཧཱུཾ་དང་བཅས་པ་ཡོངས་སུ་གྱུར་པ་ལས། རྟེན་དང་བརྟེན་པའི་དཀྱིལ་ཐམས་ཅད་དུས་གཅིག་ཏུ་གྲུབ་པ་ནི་ཆོས་ཀྱི་དབྱིབས་ཀྱི་ཡེ་ཤེས། དེ་ཡང་ཁང་པ་ལ་རྩེགས་པའི་གཞལ་ཡས་ཁང་གྲུ་བཞི?་པ་སྒོ་བཞི་པ། ཕྱི་ནས་རིམ་པ་བཞིན་ད་གང་སེར་དམར་ལྗང་སྔོ་བའི་རྩིག་པའི་མ་པ་ལྔ་དང་ལྡན་པའི་རིན་པོ་ཆེའི་རྩིག་པས་བསྐོར་བའི་སྟེང་ ན། རིན་པོ་ཆེའི་ཕ་གུ་གཞི་དམར་པོ་ལ་རིན་པོ་ཆེ་ཟུར་གསུམ་པ་དང་གྲུ་བཞི་པ་ལ་སོགས་པས་སྤྲས་པ། དེའི་སྟེང་ན་གནས་པའི་གསེར་གྱི་སྐེ་རགས་བཞིའི་ཕྱིར་རོ་ཁ་སུ་བྱ་སྲིན་གྱི་ཁ་ནས་མུ་ཏིག་གི་དོ་ཤལ་དང༌། དོགས་ཕྱེད་པ་ལ་བྱང་བ། དེའི་ཕྱི་ངོས་སུ་བྱ་འདབ་ལ་འཕྱང་བའི་རིན་པོ་ཆེའི་ཤར་བུ། དེའི་སྟེང་དུ་པདྨ་འདབ་མ་བྱེད་པའི་དབྱིབས་ཅན་གྱི་མངའ་ཡབ་ལ་གནས་པའི་གསེར་གྱི་བུ་མཁན་ནས་འཐོན་པའི་རྒྱལ་མཚན་དང་བ་དན་བརྒྱད་བརྒྱད་ཀྱིས་མཇོག་པར་བྱས་པ། ཕྱིའི་སྟེང་གི་ཟུར་བཞི་ལ་གདུགས་བཞི་བརྒྱན་པ། རྩིག་པའི་འགྲམ་ནས་འདོད་ཡོན་གྱི་སྣམ་བུ་དམར་པོས་བསྐོར་བ་ལ་ བཞུགས་སྟབས་དང་ཁ་དོག་སྣ་ཚོགས་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་བྱེད་བཞིན་པ། སྒོ་དང་སྒོ་ཁྱད་ཀྱི་མཚམས་དང་རྩིག་པའི་ཕྱི་ནང་གི་ཟུར་བཞིར་ཟླ་ཕྱེད་པ་གནས་པའི་རིན་པོ་ཚེ་དམར་པོའི་སྟེང་དུ་རྡོ་རྗེས་བརྒྱན་པ། སྒོ་བཞི་སོ་སོའི་མདུན་དུ་སྟེགས་བུ་གྲུ་བཞི་པའི་སྟེང་དུ་བུམ་པ་ལ་གནས་པའི་ག་ བ་བཞི་བཞིས་བཏེག་པའི་རྟབ་བས་སྣམ་བུ་བཅུ་གཅིག་དང་ལྡན་པའི་རྩེ་མོར་ཆོས་ཀྱི་འཐོབ་ལོ་འཇིག་མས་བལྟའོ་ན་དུ་རི་དགས་ཕོ་མོ་དང་བཅས་པ། རྟབ་བས་ཕྱི་གཡས་གཡོན་དུ་བུམ་པ་བཟང་པོ་ལས་སྐྱེས་པའི་དཔག་ཁས་མ་གྱི་ཤིང་ལ་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་དང༌། བར་བར་དུ་གྲུབ་པ་ཐོབ་ @006B བ་དང༌། སྤྲིན་གྱི་གསེབ་ནས་བྱུང་བའི་ལྷ་མེ་ཏོག་གི་ཕྲེང་བ་བཟུང་བ་རྣམས་ཀྱིས་ཀུན་ནས་མཛེས་པར་བྱས་པ། དེའི་ཕྱི་རོལ་དུ་སྣ་ཚོགས་རྡོ་རྗེའི་ར་བས་བསྐོར་བ་ལ་སོགས་པའི་བསྲུང་འཁོར། དེའི་ཕྱི་རོལ་དུ་བསྐལ་པ་འཇིག་དུས་ཀྱི་མེ་ལྟ་བུའི་ཁ་དོག་སྣ་ལྔ་པའི་རྡོ་རྗེའི་མེ་རི་སྟེང་དང་ལོགས་ཀུན་ཏུ་ ཁྱབ་པར་གཡོན་བསྐོར་དུ་འཁྱིལ་ཞིང་འབར་བ། དེའི་ཕྱི་རོལ་ཏུ་གཏུམ་དྲག་ལ་སོགས་པའི་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བའི་གཞལ་ཡས་ཁང་གི་ནང་དུ་ཀ་བ་བརྒྱད་ཀྱིས་བཏེག་པའི་རྡོ་རྗེའི་གདུང་གིས་མཛེས་པར་ཕུབ་པའི་རྩེ་མོར་རྡོ་རྗེ་ནོར་བུ་རིན་པོ་ཆེའི་ཏོག་གིས་སྤྲས་པ། གཞལ་ ཡས་ཁང་གི་ནང་གི་སྟེང་འོག་རྣམས་ཤར་དཀར། བྱང་ལྗང༌། ནུབ་དམར། ལྷོ་སེར། དབུས་སྔོ་བ། དེའི་དབུས་སུ་སྣ་ཚོགས་པདྨ་དང་ཉི་མའི་དཀྱིལ་འཁོར། ཕྱོགས་བཞིའི་འདབ་མར་ཉི་མ་དང་རོའི་གདན་རེ་རེ། དབུས་ཀྱི་པདྨའི་ལྟེ་བར་ཉི་མའི་གདན་ལ། རང་ཉིད་བཅོམ་ལྡན་འདས་དཔལ་ ཧེ་རུ་ཀ་སྐུ་མདོག་མཐིང་ཁ་ཞལ་བཞི་པའི་རྩ་ཞལ་ནས། །གཡོན་ཞལ་ཡང༌། རྒྱབ་ཞལ་དམར། གཡས་ཞལ་སེར་བ། ཞལ་རེ་རེ་ཡང་སྤྱན་གསུམ་པ། ཕྱག་བཅུ་གཉིས་པ། དཔྲལ་བར་རྡོ་རྗེ་རྩེ་ལྔ་པའི་འཕྲེང་བ་འཛིན་པ། ཞབས་གཡས་བརྐྱངས་པས་འཇིགས་བྱེད་ནག་པོ་ལག་པ་བཞི་ པའི་དང་པོ་གཉིས་ཐལ་མོ་སྦྱར་བ། གཡས་ལྷག་མ་ཌཱ་མ་རུ། གཡོན་ལྷག་མེ་རལ་གྲི་འཛིན་པའི་མགོ་བོ་མནན་པ། གཡོན་བསྐུམས་པས་དུས་མཚན་མ་དམར་མོ་ལག་པ་བཞི་པའི་དང་པོ་གཉིས་ཐལ་མོ་སྦྱར་བ། ལྷག་མ་གཉིས་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པའི་ནུམ་མནན་པ། གང་ན་གཉིས་ཀའང་ གདོང་གཅིག་པ། མིག་གསུམ་པ། ཕྱག་རྒྱ་ལྔས་བརྒྱན་པ། ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་ཕག་མོ་ལ་འཁྱུད་པའི་གཡས་པས་རྡོ་རྗེ་རྩེ་ལྔ་པ་དང་གཡོན་པས་དྲིལ་བུ་འཛིན་པ། དེའི་འོག་མ་གཉིས་ཀྱི་གླང་པོ་ཆེའི་བ?་གས་པ་དཀར་པོ་ཁྲག་དང་བཅས་པའི་ན་བཟའ་ཕྱག་གཡས་པས་ལག་པ་གཡོན་ @007A ༄༅། །པ་དང༑ གཡོན་པས་རྐང་པ་གཡོན་བའི་པགས་བ་སྡིགས་མཛུབ་དང་བཅས་ཏེ་ཕྱག་གིས་བརྒྱངས་ཏེ་འཛིན་པའི་སྡིགས་མཛུབ་ཀྱི་རྩེ་གཉིས་སྨིན་པའི་ཐང་སོར་གནས་པ། གཡས་ཀྱི་གསུམ་བ་ན་ཌཱ་མ་རུ། བཞི་བ་ན་དགྲ་སྟ། ལྔ་པ་ནི་གྲི་གུག །དྲུག་པ་ནམ་དུང་རྩེ་གསུམ་ པ་བསྒྲེང་བ། གཡོན་པའི་ཕྱག་གསུམ་པ་ན་རྡོ་རྗེས་མཚན་བའི་ཁ་ཊྭཱཾ་ག །བཞི་པ་ན་ཁྲག་གིས་གང་བའི་ཐོད་བ། ལྔ་བན་རྡོ་རྗེའི་ཞགས་པ། དྲུག་པ་ན་ཚངས་པའི་མགོ་བོ་གདོང་པ་ཞི་བ་བསྣམས་པ། སྣ་ཚོགས་རྡོ་རྗེས་མཚན་པའི་རལ་བའི་ཐོར་ཅོག་ཅན། དབུ་རེ་རེ་ལ་རྡོ་རྗེ་ནག་པོའི་འཕྲེང་བ་སྟོད་སྨད་ དུ་གནས་པ་གཉིས་ལ་བརྒྱུས་བའི་ཐོད་བ་སྐམ་པོ་ལྔ་ལྔས་བརྒྱན་པ། དབུའི་གཡོན་དུ་ཟླ་བ་ཕྱེད་བ་འཕྱད་བ། ཞལ་རྣམ་པར་འགྱུར་བ། མཆེ་བ་བཞི་བཞི་གཙིགས་ཤིང་འཇིག་སུ་རུང་བ། སྒེག་པ། དཔའ་བ། མི་སྡུག་པ་སྟེ། སྐུའི་ཉམས་གསུམ་དང༌། རྒོད་པ། དྲག་ཤུལ། འཇིགས་སུ་རུང་བསྟེ་གསུང་ གི་ཏམས་གསུམ་དང༌། སྙིང་རྗེ་དང༌། རྔམ་པ་དང༌། ཞིབ་སྟེ་ཐུགས་ཀྱི་ཉམས་གསུམ་སྟེ་ཉམས་དགུ་དང་ལྡན་པ། སྟག་གི་བགས་པའི་ཤམ་ཐབས་ཅན། མིའི་རྒྱུས་ལ་བརྒྱུས་པའི་མི་མགོ་རློན་པ་ལྔ་བཅུའི་འཕྲེང་བ་འཕྱང་བ། ཕྱག་རྒྱ་ལྔས་རྒྱས་བཏབ་པ། མི་རུས་ཀྱི་ཐལ་བས་ལུས་ཐམས་ཅད་ལ་ བྱུགས་བའོ། །བཅོམ་ལྡན་འདས་ལ་མངོན་དུ་ཕྱོགས་བར་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ། ཞལ་གཅིག་མ་ཕྱག་གཉིས་མ། སྤྱན་གསུམ་མ། གཅེར་མོ་སྐྲ་གྲོལ་བ། ཐོད་པའི་དུམ་བུས་བརྒྱན་པའི་འོག་བག་ཅན། ཕྱག་གཡོན་པས་ཡབ་ཀྱི་མགུལ་ནས་ཐོད་པ་ན་བདུད་བཞི་ལ་སོགས་ བའི་ཁྲག་གིས་གང་བ་བསྣམས་ཤིང༌། གཡས་པས་ཕྱོགས་བཅུའི་གདུག་པ་ཅན་ཀུན་ལ་གྲོ་གུག་དང་བཅས་པའི་སྡིགས་མཛུབ་ཀྱིས་བསྡིགས་པར་མཛད་པ། འཇིག་དུས་ཀྱི་མེ་ལྟར་འབར་བ། བྱིན་པ་གཉིས་ཀྱིས་ཡབ་ཀྱི་བརླའི་སྟེང་ནས་ལེགས་པར་འཁྲིལ་བ། བདེ་བ་ཆེན་པོའི་རང་བཞིན་གྱི་ @007B ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། ཕྱག་རྒྱ་ལྔས་བརྒྱན་པ། མི་མགོ་སྐམ་པོ་ལྔའི་ཐོད་དང༌། མི་མགོ་སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། གཉིས་ཀའང་ཡེང་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པ། ཕྱོགས་བཞིའི་གདན་ལ། ཤར་དུ་མཁའ་འགྲོ་མ་ནག་མོ། བྱང་དུ་ལཱ་མ་ལྗང་ཁུ། ནུབ་ཏུ་ ཁཎྜ་རོ་ཧཱི་དམར་མོ། ལྷོར་གཟུགས་ཅན་མ་སེར་མོ། ཐམས་ཅད་ཀྱང་ཞལ་གཅིག་མ། སྦྱན་གསུམ་མ། མཆེ་བ་རྣམ་པར་གཙིགས་པའི་ཞལ་ཅན། གཅེར་མོ་སྒྲ་གྲོལ་བ། ཕྱག་བཞིའི་གཡས་གཉིས་གྲི་གུག་དང་ཌཱ་མ་རུ། གཡོན་གཉིས་ཐོད་པ་དང༌། ཁ་ཊྭཱཾ་ག་འཛིན་པ། གཡས་བརྐྱང་གིས་ བཞུགས་པ། ཐོད་སྐམ་ལྔའི་དབུ་རྒྱན་དང༌། ཐོད་སྐམ་ལྔ་བཅུའི་དོ་ཤལ་ཅན། མཚམས་བཞིར་ཟླ་གདན་ལ་བུམ་པ་བདུད་རྩིས་གང་བའི་སྟེང་དུ་ཀ་པཱ་ལ་བྱང་ཆུབ་ཀྱི་སེམས་ཀྱིས་གང་བ་རེ་རེ། ལ་བ་ཀྱི་གསང་གནས་མི་དམིགས་པ་ལས་ཧཱུཾ་དཀར་པོ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ། བྱ་དམར་པོ་ལས་ བྱུང་བའི་ནོར་བུ་དམར་པོ་རྩེ་མོར་བྱཱ་སོར་པོས་མཚན་པ། ཡུམ་གྱི་གསང་གནས་མི་དམིགས་པ་ལས་ཨཱ་ལས་བྱུང་བའི་པདྨ་དམར་པོ་འདབ་མ་གསུམ་པ། དྱཱ་དཀར་པོ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་མཚོན་པའི་ལྟེ་བ་དཀར་པོ། རྩེ་མོར་བྱ་སེར་པོས་མཚན་པ། ཡབ་ཀྱི་ལྟེ་བར་ཟླ་གདན་ལ། ཨོཾ་ བཛྲ་བ་རོ་ཙ་ན་ལེ་ཧུཾ་ཧཱུཾ་ཕཊ། ཐུགས་ཀར་ཟླ་གདན་ལ། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནི་བཛྲ་ཝ་རྞ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་སྭཱ་ཧཱ། མགྲིན་པར་ཉི་གདན་ལ། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུཾ་ཕཊ། ཌཱ་ཀི་ནི་ཛྭ་ལ་ཤཾ་བྷ་རཾ་སྭཱ་ཧཱ། དབྲལ་བར་ཉི་གདན་ལ། ཨོཾ་ཧྲཱིཿ ཧ་ཧ་ཧུཾ་ཧུཾ་ཕཊ། ཡུམ་གྱི་ལྟེ་བར་ཉི་གདན་ལ། ཨོཾ་ཤྲཱི་yc+ནས-yc་ སྭཱ་ཧཱ། ཐུགས་ཀར་ཉི་གདན་ལ། ཨོཾ་ཧྲཱིཿ ནས་ཕཊ་སྭཱ་ཧཱ། མགྲིན་པར་ཟླ་གདན་ལ། ཨོཾ་བཛྲ་yc+ནས-yc་སྭཱ་ཧཱ། དཔྲལ་བར་ཟླ་གདན་ལ། ཨོཾ་སརྦ་ནས་སྭཱ་ཧཱ། སྔགས་ཐམས་ཅད་ཁ་དོག་དམར་པོ་འོད་ཟེར་འཕྲོ་བ་གཡོན་བསྐོར་དུ་གནས་པ། སྔགས་རྣམས་ཀྱང་ཞལ་སྦྱོར་བ་ཕན་ཚུན་དུ་འབྱུང་པའི་ @008A ༄༅། །རྣམ་བ་ཅན་དུ་གྱུར། ཨོཾ་ཤྲཱི་མ་ཧཱ་སུ་ཁ་བཛྲ་ཧེ་ཧེ་དུ་རུ་ཀཾ་ཨཱཿ ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། སྙོམས་བར་ཞུགས་བས། བྱང་སེམས་སྤྱི་བོ་ནས་མགྲིན་བར་སྲེབ་པ་ན་དགའ་བ། མགྲིན་པ་ནས་སྙིང་གར་སླེབ་པ་ན་མཆོག་དགའ། སྙིང་གནས་ལྟེ་བར་སླབ་པན་ཁྱད་པར་གྱི་དགའ་བ། ལྟེ་བ་ནཱ་ ནོར་བུའི་རྩར་སླེབ་པ་ན་ལྷན་སྐྱེས་ཀྱི་ཡེ་ཤེས་སྤྱོས་པས་རྟེན་དང་བརྟེན་པའི་དཀྱིལ་འཁོར་གཉིས་ཀྱང་བདེ་སྟོང་དབྱེར་མེད་ཀྱི་ངོ་བོར་གྱུར་ཅིང༌། དེ་ལྟར་བདེ་སྟོང་དབྱེར་མེད་དུ་སྦྱར་བ་དེ་ཉིད་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་ངོ་བོར་གྱུར་པ་ལྷ་ལྔར་ཤར་བ་ན། ལུས་དྲན་པ་ཉེ་བར་གཞག་པ་མཁའ་འགྲོ་ མ། ཚོར་བ་དྲན་པ་ཉེ་བར་གཞག་པ་ལཱ་མ། ཆོས་དྲན་པ་ཉེ་བར་གཞག་པ་དུམ་སྐྱེས་མ། སེམས་དྲན་པ་ཉེ་བར་གཞག་པ་གཟུགས་ཅན་མ། ཡང་དག་པའི་ཏིང་ངེ་འཛིན་ནི་དཔལ་ཧེ་རུ་ཀ་སྟེ། ལྷ་རྣམས་སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་བཞིན་དུ་གྱུར། yc+གོ་ཆའི་ལྷ་རྒྱས་པ་བསྒོམ་པའམ་ཡུལ་ཤིང་ ལག་ཏུ་བླང་བདེ་བར་འདོད་ན།-yc་རང་གི་ཐུགས་ཀར་ཟླ་བ་ལ་རྡོར་སེམས་ཀྱི་ངོ་བོ་ཨོཾ་ཧ་དཀར་པོ། མགོ་བོར་ཉི་མ་ལ་རྣམ་སྣང་གི་ངོ་བོ་ནམ་ཧི་སེར་པོ། སྤྱི་གཙུག་ཏུ་ཉི་མ་ལ་པདྨ་གར་དབང་གི་ངོ་བོ་སྭཱ་ཧཱ་ཧུ་དམར་པོ། གྲག་པ་གཉིས་སུ་ཉི་མ་ལ་དཔལ་ཧེ་རུ་ཀའི་ངོ་བཽཥྚ་ཧེ་ནག་པོ། མིག་གཉིས་སུ་ཉི་མ་ལ་རྡོ་རྗེ་ ཉི་མའི་ངོ་བོ་ཧཱུཾ་ཧཱུཾ་ཧོ་དམར་སེར། དཔལ་བར་ཉི་མ་ལ་རྟ་མཆོག་གི་ངོ་བོ་ཕཊ་ཧཾ་ལྗང་གུ། གཙོ་མོའི་ལྟེ་བར་ཉི་མ་ལ་རྡོ་རྗེ་ཕག་མོའི་ངོ་བོ་ཨོཾ་བ་དམར་པོ། སྙིང་གར་ཉི་མ་ལ་གཤིན་རྗེ་མའི་ངོ་བོ་ཧཾ་ཡོཾ་སྔོན་པོ། མགྲིན་པར་ཟླ་བ་ལ་རྨོངས་བྱེད་མའི་ངོ་པོ་ཧྲིཾ་མོཾ་དཀར་པོ། མགོ་བོར་ཉི་མལ་སྐྱོད་བྱེད་མའི་ ངོ་བོ་ཧྲིཾ་ཧྲིཾ་སེར་པོ། སྤྱི་གཙུག་ཏུ་ཉི་མ་ལ་སྒྲག་བྱེད་མའི་ངོ་བོ་ཧཱུཾ་ཧཱུཾ་ལྗང་གུ། དཔྲལ་བར་ཉི་མ་ལ་ཙཎྜི་ཀའི་ངོ་བོ་ཕཊ་ཕཊ་དུད་ཁ་རྣམས་ཀྱིས་མཚན་པར་གྱུར། yc+དེ་ནས་ཡེ་ཤེས་པ་སྤྱན་དྲང་བ་ནི།-yc་ཕེཾ་རང་གི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུཾ་ཡིག་ལས་འབྲོས་པའི་འོད་ཟེར་གྱིས་ཕྱོགས་བཅུའི་ @008B འཇིག་རྟེན་གྱི་ཁམས་ན་བཞུགས་པའི་དཔའ་བོ་དང་དཔའ་མོའི་དབང་ཕྱག་མའི་ཡེ་ཤེས་པའི་འཁོར་ལོ་དང༌། དབང་གི་ལྷ་མཆོད་བའི་ལྷ་མོ་དང་བཅས་པ་མདུན་གྱི་མཁར་སྦྱན་དྲངས། འོད་ཟེར་རང་གི་སྙིང་ཀའི་ཧཱུཾ་ལ་ཐིམ་པར་གྱུར། ཧཱུཾ་ཨོཾ་ཨརྒྱཾ་པྲ་ཏི་ཙྪ་ཧཱུཾ་སྭཱ་ཧཱ། བཛྲ་ཨཾ་གུ་ཤ་ཛཿ བཛྲ་ པཱ་ཤ་ཧཱུཾ། བཛྲ་སྤོ་ཊ་བཾ། བཛྲ་གྷཎྜ་ཧོཿ། ལེ་ཤེས་པ་རྣམས་དམ་ཚིག་པ་སོ་སོ་དང་གཉིས་སུ་མེད་པར་གྱུར། ལྷ་རྣམས་ཀྱི་སྤྱི་བོར་ཟླ་བ་ལ་ཨོཾ་དཀར་པོ། མགྲིན་པར་པདྨ་ལ་ཨཱཿ དམར་པོ། ཐུགས་ཀར་ཉི་མ་ལ་ཧཱུཾ་སྔོན་པོ། ཨོཾ་ལག?་ཤུདྡྷ་སརྦ་དྷརྨ?་ཡོ་ག་ཤུདྡྷོཉཧཾ། དམ་ཚིག་པ་དང་ ཡེ་ཤེས་པ་གཉིས་རོ་མཉམ་དུ་སྦྱར་བ་ནི་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་དང༌། བདེ་བ་ཆེན་པོའི་ཡེ་ཤེས་གཉིས་ངོ་བོ་དབྱེར་མེད་ཡིན་ལ། དེ་ཉིད་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་ཤར་བ་ཡིན་ཅིང༌། དེ་ཡང་གཙོ་བོ་ཡབ་ཡུམ་དུ་ཤར་བའི་ཆ་ཤས་སོ། །ཨོཾ་ཨཱཿ ཧཱུཾ་སརྦ་བིར་ཡོ་གི་ནི་ནས་བཛྲ་ ཤུདྡྷོ(NYHAm)། ཨོཾ་ཨརྒྷཾ་པྲ་ཏིཙྪ་སྭཱ་ཧཱ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། སྒོམ་ཚམས་མ་བརྒྱད་ཀྱིས་བགེགས་བསྐྲད། དཔའ་བོ་རྣམས་ཀྱིས་ཤིས་པ་བརྗོད། དཔའ་མོ་རྣམས་ཀྱིས་རྡོ་རྗེའི་གླུ་ལེན། གཙོ་ བོས་དབང་བསྐུར་བའི་དགོངས་པ་མཛད། ཡུམ་བཞི་ཕག་མོ་དང་བཅས་པས་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བ་བཟུང་ནས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་པས་ཁྲུས་གསོལ་ལྷར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱིའོ། །ཨོཾ་ སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་སམ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་གསུངས་ཤིང་བདུད་རྩིའི་ཆུ་རྒྱུན་གྱིས་སྤྱི་བོ་ནས་དབང་བསྐུར་བས། རང་དང་ལྷ་རྣམས་བདེ་བ་ཆེན་པོའི་བདག་ཉིད་དུ་གྱུར་པའི་སྤྱི་བོ་ནས་སྐུ་ལ་ཞུགས་པའི་ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས། གཙོ་བོ་ལ་རྡོ་ @009A ༄༅། །རྗེ་སེམས་དཔའ། ཕག་མོ་ལ་མི་བསྐྱོད་བ། མཁའ་འགྲོ་མ་ལ་རྣམ་སྣང༌། ལཱ་མ་ལ་དོན་གྲུབ། དུམ་སྐྱེས་མ་ལ་འོད་དཔག་མེད། གཟུགས་ཅན་མ་ལ་རིན་འབྱུང་གིས་དབུ་བརྒྱན་ཏེ། དབང་གི་ལྷ་རྣམས་དང་ལ་ཐིམ་པར་གྱུར། yc+དེ་ནས་མཆོད་པ་འབུལ་བ་ནི། སྦྱན་དྲངས་བའི་ ལྷ་མོ་རྣམས་ཀྱིས་མཆོད་པར་བསམས་ལ།-yc་ཨོཾ་ཨརྒྷཾ་བྲ་ཏཱིཙྪ་སྭཱ་ཧཱ། yc+དེ་བཞིན་དུ།-yc་པཱ་དྱཾ། ཨ་ཉྩ་མ་ཎཾ་པྲ་ཏཱི་ཙྪ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་ཨཱཿ ཧཱུཾ་སྭཱ་ཧཱ། yc+ནས-yc་ཤ་པྟའི་བར་གྱིས་མཆོད། ཨོཾ་ཨཱཿ བཛྲ་ཨཱ་དརྴེ་ཧཱུཾ། yc+ནས-yc་དྷ་རྨེ་ཧཱུཾ། yc+གི་བར་སྔར་བཞིན་རིག་མ་དྲུག་གིས་མཆོད།། རིག་མ་བཅུ་དྲུག་སོགས་མཆོད་པ་རྒྱས་པར་བྱས་ ཀྱང་རུང་ལ། ནང་མཆོད་ནི། བླ་བརྒྱུད་རྒྱས་པ་ལྟར་རམ། བསྡུ་ན།-yc་མཆོད་དོ་སྐྱབས་གནས་ཐམས་ཅད་འདུས་པའི་བདག་ཉིད་དྲིན་ཅན་རྩ་བའི་བླ་མ་རིན་པོ་ཆེའི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། རྒྱལ་བ་རྡོ་རྗེ་འཆད་གི་ཞལ་དུ་(X)་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་(X)་གྲུབ་ཆེན་དྲིལ་བུ་པའི་(X)་ཆོས་ཀྱི་རྒྱལ་པོ་ བཅོང་ཁ་པ་ཆེན་པོའི་(X)་མཁས་གྲུབ་ཐམས་ཅད་མཁྱེན་བའི་(X)་རྡོ་རྗེ་འཆང་ངག་དབང་བརྩོན་འགྲུས་བའི་(X)་གཞན་ཡང་དབང་བསྐུར་རྒྱུད་བཤད་མན་ངག་བསྟན་པའི་བླ་མ་དམ་བ་བརྒྱུད་པ་དང་བཅས་པའི་ཞལ་དུ་(X)་ཨོཾ་ཧྲཱིཿ yc+ནས-yc་ཧཱུཾ་ཕཊ་(X)། ཨོཾ་བཛྲ་བཻ་རོ་yc+ནས-yc་ཕཊ་སྭཱ་ཧཱ་(X)། ཨོཾ་ཌཱ་ཀི་ནི་yc+ནས-yc་ རཱུ་པི་ཎི་ལེ་ཧཱུཾ་ཧཱུཾ་ཕཊ་(X)། གཞན་ཡང་རྒྱུད་སྡེ་ཆེན་པོ་བཞི་དང་འབྲེལ་བའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་(X)་སྔོན་སངས་རྒྱས་མཐོང་བ། དམ་བའི་ཆོས་ཐོས་པ། འཕགས་པའི་དགེ་འདུན་ལ་བརྟེན་པ། བསྟན་པ་དང་འཁོར་རྣམ་བཞི་སྐྱོང་བར་ཞལ་གྱིས་བཞེས་པའི་བླ་མ་གོང་མ་ རྣམས་ཀྱིས་བསྟེན་ཅིང་(BSPRU)་བས་པའི་བསྲུང་མ་དམ་ཚིག་ཅན་རྣམས་ཀྱིས། ཡུལ་སུམ་ཅུ་སོ་གཉིས། གནས་ཉི་ཤུ་རྩ་བཞི། དུར་ཁྲོད་ཆེན་པོ་བརྒྱད་ན་གནས་པའི་དཔའ་བོ་དང་རྣལ་འབྱོར་མ། ཕྱོགས་སྐྱོང་དང་ཞིང་སྐྱོང་དང་ཀླུ་ལ་སོགས་པ་རྣམས་ཀྱི་(X)། གཞི་བདག་གཉུག་མར་གནས་པ་དང་སེམས་ @009B ཅན?་ཐམས་ཅད་ལྷར་གྱུར་བ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། ཨོཾ་ཨ་མྲྀ་ཏ་སྭ་ད་ན་བ་ཛྲ་སྭ་བྷ་ཝ་ཨཏྨ་ཀོ(NYHAm)། མགྲོན་རྣམས་ཡེ་ཤེས་ཀྱི་བདུད་རྩིས་མཉེས་པར་གྱུར། ཨོཾ་སརྦ་བཛྲ་ཀཱ་མི་ནི་གུ་ཧྱ་བཛྲི་ནི་སྭཱ་ཧཱ། ཨོཾ་ཤྲཱི་མ་ཧཱ་སུ་ཁ་བཛྲ་ཧེ་ཧེ་རུ་དུ་ཀཾ་ཨཱཿ ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། yc+གནས་བཞི་དང་གསང་གནས་བྱིན་གྱིས་ བརླབས་ཏེ།-yc་ཡབ་ཡུམ་སྙོམས་པར་ཞུགས་པས་བྱང་སེམས་ཞུ་བ་སྤྱི་བོ་ནས་མགྲིན་པར་སླེབ་པ་ན་དགའ་བ་yc+ནས-yc་ནོར་བུའི་རྩེར་སླེབ་པ་ན་ལྷན་སྐྱེས་ཀྱི་ཡེ་ཤེས་སྐྱེས་པས་ལྷ་ཐམས་ཅད་ཀྱིས་ཀྱང་བདེ་བ་ཆེན་པོ་ཉམས་སུ་མྱོང་བར་གྱུར། དཀྱིལ་འཁོར་བའི་ལྷ་རྣམས་ལྷན་སྐྱེས་ཀྱི་བདེ་བ་དང༌། སྟོང་པ་ཉིད་ དབྱེར་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་དེ་ཁོ་ན་ཉིད་ཀྱི་མཆོད་པས་མཉེས་པར་གྱུར། yc+དེ་ནས་སྔགས་མཆོད་ན།-yc་ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧུཾ་ཕཊ། ཌཱ་ཀི་ནཱི་ཛྭ་ལ་ཤཾ་བྷ་རཾ་སྭཱ་ཧཱ། yc+ཡབ་གྱི་སྙིང་བོའོ-yc་ཨོཾ་ཧྲཱིཿ ཧ་ཧ་ཧུཾ་ཧུཾ་ཕཊ། yc+ཉེ་སྙིང་ངོ།-yc་ཨོཾ་བཛྲ་བི་རོ་ཙ་ནཱ་ཡེ་ཧུཾ་ཧུཾ་ཕཊ་སྭཱ་ཧཱ། yc+ཡུམ་གྱི་སྙིང་པོའོ།-yc་ཨོཾ་སརྦ་བུདྡྷ་ཌཱ?་ ཀཱི་ནཱི་ཡེ་བཛྲ་ཝརྞ་ནི་ཡེ་ཧུཾ་ཧཱུཾ་ཕཊ་སྭཱ་ཧཱ། yc+ཉེ་སྙིང་ངོ།-yc་ཨོཾ་ཌཱ་ཀཱི་ནཱི-yc་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ལཱ་མེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཁཎ་རོ་ཧཱི་ཧུཾ་ཧཱུཾ་ཕཊ། ཨོཾ་རཱུ་བི་ཎི་ཧུཾ་ཧཱུཾ་ཕཊ། yc+ཅེས་སོགས་སྙིང་པོའི་རྣལ་འབྱོར་མ་བཞིའི་སྔགས་སོ། །བསྟོད་པ་ནི།-yc་ཨོཾ་བཅོམ་ལྡན་དཔའ་བོའི་དབང་ཕྱུག་ལ་ཕྱག་འཚལ་ཧུཾ་ཧཱུཾ་ཕཊ། བསྐལ་པ་ཆེན་པོའི་མེ་དང་ མཉམ་པའི་འོད་(X)། རལ་པའི་ཅོད་པཎ་མི་བཟད་པ་དང་ལྡན། མཆེ་བ་རྣམ་པར་གཙིགས་པ་འཇིགས་པའི་ཞལ་(X)། སྟོང་ཕྲག་ཕྱག་ནི་འབར་བའི་འོད་ཟེར་ཅན་(X)། དགྲ་སྟ་ཞགས་གདེངས་མདུང་དང་ཁ་ཊྭཱ་འཛིན་(X)། སྟག་གི་པགས་པའི་ན་བཟའ་འཛིན་པ་ཅན། སྐུ་ཆེན་དྭད?་ཁ་ བགེགས་མཐར་མཛད་ལ་འདུད། yc+རྣམས་ལ-yc་ཧུཾ་ཧཱུཾ་ཕཊ་yc+སྦྱར་བ་དང༌། ལུམ་ལའང-yc་ཨོཾ་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་ལ་ཕྱག་འཚལ། འཕགས་མ་རིག་མཛད་བར་ཕྱུག་ཁམས་གསུམ་གྱིས་མི་ཐུབ། འབྱུང་པོའི་འཇིགས་པ་ཐམས་ཅད་རྡོ་རྗེ་ཆེན་པོས་འཇོམས། རྡོ་རྗེའི་གདན་པ་ཞུགས་བཞན་གྱི་ @010A ༄༅། །མི་ཐུབ་དབང་བྱེད་སྤྱན། གཏུམ་མོ་ཁྲོ་མོའི་གཟུགས་ཀྱིས་ཚངས་པ་སྐེམ་པར་མཛད། བདུད་རྣམས་སྐྲག་ཅིང་སྐེམ་བྱེད་གཞན་གྱི་ཕྱོགས་ལས་རྒྱལ། རྨུགས་བྱེད་རེངས་བྱེད་རྨོངས་བྱེད་ཀུན་ལས་རྣམ་པར་རྒྱལ། རྡོ་རྗེ་ཕག་མོ་སྦྱོར་ཆེན་འདོད་དབང་མ་ལ་འདུད། ཧུཾ་ཧཱུཾ་ ཕཊ་སྦྱར་yc+བའི་རྐང་བརྒྱད་ཀྱིས་བསྟོད་པའམ། ཡང་ན།-yc་ཧེ་རུ་ཀ་དཔལ་དཔའ་བོ་ཆེ། yc+།ཞེས་སོགས་སྔར་བཞིན་བསྟོད། དེ་ནས་བཟླས་པ་ནི། བགྲང་འཕྲེང་བ་སངས་སྦྱངས།-yc་སྟོང་པའི་ངང་ལས་བགྲང་འཕྲེང་གསུང་རྡོ་རྗེ་པདྨ་གར་དབང་དམར་པོ་ཞལ་གཅིག་ཕྱག་བཞིའི་གཡས་གཉིས་པདྨ་དང་ཌཱ་མ་དུ། གཡོན་གཉིས་ དྲིལ་བུ་དང་ཐོད་པ་དང་བཅས་པའི་ཁ་ཊྭཱཾ་ག་འཛིན་པར་གྱུར་པའི་སྤྱི་བོར་ཨོཾ་མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། དེ་ལས་འོད་ཟེར་འཕྲོས། རང་འདྲའི་ཡེ་ཤེས་པ་སྤྱན་དྲངས། ཛཿ ཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། ཨོཾ་ཨརྒྷཾ་པྲ་ཏི་ཙྪ་ཡེ་སྭཱ་ཧཱ། yc+དེ་བཞིན་དུ-yc་པཱ་དྱཾ་དང༌། ཨོཾ་བཛྲ་པུཥྤེ་ཨཱཿ ཧཱུཾ་ སྭཱ་ཧཱ། yc+དེ་བཞིན་དུ-yc་ཤཔྟའི་yc+བར་གྱིས་མཆོད། སྔགས་ཀྱི་མཐར-yc་ཨོཾ་ཨཱཿ ཧཱུཾ་yc+སྦྱར་ལ་ནང་མཆོད་ཕུལ།-yc་ཨོཾ་སྭཱ་ཧཱ་ཧུ་ཧཱུཾ་ཧཱུཾ་ཕཊ། yc+ཉེར་གཅིག་བཟླས།-yc་པདྨ་གར་དབང་འོད་དུ་ཞུ་བ་ལས་བྱུང་བའི་བགྲང་འཕྲེང་དུ་གྱུར། yc+ཅེས་བརྗོད།-yc་ལྷ་རང་རང་གི་ཐུགས་ཀར་ཉི་གདན་ལ་གནས་པའི་ཧཱུཾ་ཡིག་གི་མཐར་བཟླས་བྱའི་ སྔགས་ཀྱིས་བསྐོར་བ་ལས་དཀྱིལ་འཁོར་གྱི་ལྷ་ཚོགས་སྤྲོས། འགྲོ་བའི་དོན་བྱས་སླར་འདུས་ཏེ་ཧཱུཾ་ཡིག་ལ་ཐིམ་པའི་སྤྲོ་བ་དང་བསྡུ་བའི་མཛད་པ་ཅན་དུ་གྱུར་བར་yc+བསམས་ལ། ཡབ་ཡུམ་གྱི་སྙིང་པོ་དང་ཉེ་སྙིང༌། ལྷ་མོ་བཞིའི་སྔགས་སྔར་བཤད་པ་རྣམས་བཟླ། བཟླས་པའི་ཚེ་ལྷ་ཐམས་ཅད་ཀྱི་ཞལ་ནས་ སྔགས་ཀྱི་སྒྲ་འབྱུང་བར་མོས་པར་བྱའོ།-yc༌།བཟླས་པའི་མཐར་གཏོར་མ་བྱ་བའི་ཚུལ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཏོར་མ་ཕྱག་ཡེན་ལྟར་བཤམས། ནང་མཆོད་ལྟར་བ་སངས་སྦྱངས་བྱིན་གྱིས་བརླབས། ཕེཾ་རང་གི་ཐུགས་ཀར་ཉི་གདན་ལ་གནས་པའི་ཧཱུཾ་ཡིག་ལས་འཕྲོས་པའི་འོད་ཟེར་གྱིས། @010B དུར་ཁྲོད་བརྒྱད་ན་གནས་པའི་ཕྱོགས་སྐྱོང་དང་ཞིང་སྐྱོང་ལ་སོགས་པས་བསྐོར་བའི་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་མདུན་གྱི་ནམ་མཁར་སྤྱན་དྲངས། yc+ཆུ་གཉིས་ཉེར་སྤྱོད་རོལ་མོས་མཆོད།-yc་ལྷ་རྣམས་ཀྱི་ལྗགས་ཧཱུཾ་དཀར་པོ་ལས་བྱུང་བའི་རྡོ་རྗེ་རྩེ་གསུམ་པ་དཀར་པོ་ནས་འབྲུ་ཙམ་ འཁོད་པའི་འོད་ཟེར་གྱི་སཱུ་གུས་དྲངས་ནས་གསོལ་བར་གྱུར་བར་བསམས་པ། ཨོཾ་བཛྲམ་ར་ལི་ཧོཿ ཛཿ ཧཱུཾ་བཾ་ཧོཿ བཛྲ་ཌཱ་ཀི་ནྱ་ས་མ་ལ་སྟཾ་དྲི་ཤྱ་ཧོཿ yc+ཚར་གཅིག་གིས་གཙོ་བོ། གཉིས་པས་ཡུམ། གསུམ་པས་རྣལ་འབྱོར་མ་བཞི་ལ་འབུལ། སྔར་ལྟར་ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་བཅས་པ་དང༌། ཡབ་ཀྱི་ཉེ་སྙིང་ དང༌། ཡུམ་གྱི་སྙིང་པོ་དང༌། སྙིང་པོའི་རྣལ་འབྱོར་མ་བཞིའི་སྔགས་ཀྱི་མཐར-yc་ཨོཾ་ཨཱཿ ཧཱུཾ་བཏགས་གནང་མཆོད་འབུལ། དེ་ནས་སྔར་བཞིན་བསྟོད་པའི་འགྲོད། སྲིད་བ་དང་མཉམ་ཞི་བའི་ཆགས་བཅོམ་ཀུན་ཏུ་རྟོག་པ་འཇོམས། །ཁྱོད་ནི་དངོས་པོ་མཐའ་དག་མཁའ་ལྟར་གཟིགས་པ་དང་ལྡན་པ། །མགོན་ པོ་ཤིན་ཏུ་བརྩེ་བ་ལྕི་བའི་ཆུས་བརླན་ཐུགས་ཀྱི་ཆུས། །མཛོད་ཅིག་ལྷ་མོ་རྣམས་ཀྱིས་བདག་ལ་ཤིན་ཏུ་རྗེས་བརྩེར་མཛོད། །yc+ཅེས་འདོད་དོན་ལ་གསོལ་བ་གདབ། དེ་ནས-yc་དུར་ཁྲོད་བརྒྱད་ན་གནས་པའི་ཕྱོགས་སྐྱོང་དང་ཞིང་སྐྱོང་ལ་སོགས་པ་yc+ནས-yc་གསོལ་བར་གྱུར། yc+ཞེས་དང༌།-yc་ཨོཾ་ཁ་ཁ་yc+ནས་ ཡིག་བརྒྱའི་བར་སྔོན་འགྲོ་གཏོར་མའི་སྐབས་ལྟར་ལ།-yc་ཡིག་བརྒྱའི་མཐར། ཨོཾ་ཡོ་ག་ཤུདྡྷ་སརྦ་རྨཱ་ཡོ་ག་ཤུདྡྷོཉཧཾ། ཨོཾ་བཛྲ་མུཿ འཇིག་རྟེན་པ་རྣམས་རང་གནས་སུ་གཤེགས་ཤིང༌། དཀྱིལ་འཁྲོ་གྱི་ལྷ་རྣམས་བདག་ཉིད་ལ་ཐིམ་པར་གྱུར། yc+ཌེས་ནས་ཉེར་བསྡུ་བྱ་བ་ནི།-yc་རང་གི་ཐུགས་ཀའི་ ཧཱུཾ་ལས་འོད་ཟེར་འཕྲོས་པས་རྟེན་དང་བརྟེན་པའི་དཀྱིལ་འཁོར་རྣམས་སྣང་བར་བྱས་ཏེ། འོད་ཀུ་གྱུར་བའི་བསྲུང་འཁོར་དུར་ཁྲོད་དང་བཅས་པ་གཞལ་ཡས་ཁང་ལ་ཐིམ། མཚམས་ཀྱི་བུམ་པ་ཐོད་པ་དང་བཞི་སྙིང་པོའི་རྣལ་འབྱོར་མ་བཞི་ལ། དེ་བཞི་ཡང་གཙོ་བོའི་ཞལ་བཞི་ལ་ཐིམ། @011A ༄༅། །གཞལ་ཡས་ཁང་གཙོ་བོ་ཡབ་ཡུམ་ལ། གཙོ་བོ་ཡབ་ཡུམ་ཡང་ཐུགས་ཀའི་ཧཱུཾ་ཡིག་མ་ཐིམ། ཧཱུཾ་ཡིག་ཡོངས་སུ་གྱུར་པ་ལས། ཧེ་རུ་ཀ་སྔོན་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཡུམ་དང་བཅས་པར་གྱུར་པའི་ཐུགས་ཀར་ཟླ་བ་ལ་རྡོར་སེམས་ཀྱི་ ངོ་བོ་ཨོཾ་ཧ་དཀར་པོ། yc+ནས།-yc་ཕཊ་ཕཊ་དུད་ཁ་རྣམས་ཀྱིས་མཚན་པར་གྱུར། yc+དེ་ནས-yc་ཨོཾ་སུམྦྷ་yc+སོགས་ཞལ་བཞི་པའི་སྔགས་བརྗོད་དེ།-yc་སྲིད་པ་གསུམ་འབར་སྐུ་ནི་རྗེས་ཆགས་དུལ་བར་ལྡན། །འོད་ཟེར་སྔོན་པོ་སྟོང་ལྡན་ཉི་མ་བརྒྱ་སྟོང་ལྡན། །རྣམ་མང་སྐུ་དང་ཆ་ལུགས་རྗེས་ཆགས་སེམས་པར་ལྡན། ། ཧེ་རུ་ཀ་དཔལ་དེ་དང་ལྷན་ཅིག་གར་བྱེད་ཤོག །ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང༌། །དེས་བརྗོད་གསུང་ཡང་མཆོག་ཏུ་ཚད་མ་སྟེ། །བདེན་པ་འདི་དག་གིས་ནི་ལྷ་མོ་རྣམས། །བདག་ཅག་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་ཧེ་རུ་ཀར་གྱུར་ནས།། སེམས་ཅན་ཐམས་ཅད་ཧེ་རུ་ཀའི། །གོ་འཕད་མཆོག་ལ་འགོད་པར་ཤོག yc+།ཅེས་བཀྲ་ཤིས་དང་སྨོན་ལམ་བྱ་ཞིང༌། ཁ་ཟས་ལ་འཇུག་པ་ན། ཁ་ཟས་ཀྱི་སྐྱེད་ཆོག་དང༌། འབུལ་ཚུལ་རྒྱས་ཕར་འགྲུབ་ན་ལེགས་ཤིང༌། མ་གྲུབ་ན།-yc་ཧ་ཧོ་ཧྲིཿ yc+སོགས་བརྗོད་ལ་སྙིང་གའི་ཧཱུཾ་ཡིག་ལྷ་ལྔ་འདུས་པའི་བདག་ཉིད་དུ་བསམས་ལ། དེ་ལ་མཆོད་པས་བདེ་བ་ཆེན་པོས་མཉས་པར་ བསམ་ཞིང་ནང་གི་སྦྱིན་སྲོག་གི་ཚུལ་དུ་ལོངས་སྤྱོད། ཐུན་འཚམས་ཀྱི་སྤྱོད་ལམ་ཀུན་ཏུ་ལང་ལྷའི་ང་རྒྱལ་དང་མ་བྲལ་བར་བྱའོ། །ཉལ་བའི་ཚེ་སྔར་གྱི་ཉེར་བསྡུའི་དམིགས་པ་ལྟར་ལ།-yc་ཧཱུཾ་གི་ཨཱུ་ནི་ཧ་ལ། ཧའི་ལུས་མགོ་བོ་ལ། དེ་ཟླ་ཚེས་ལ། དེ་ཐིག་ལེ་ལ། དེ་ནཱ་ད་ལ། ནཱ་ད་ཡང་མི་དམིགས་པར་གྱུར་yc+བར་བསམས་ལ་ཉལ་ཞིང༌། ལྡང་བའི་ཚེ་སྙིང་པོའི་རྣལ་འབྱོར་མ་བཞིས་གླུས་བསྐུལ་ བར་མོས་ནས། ཧེ་དུ་ཀ་ཡབ་ཡུམ་གྱི་སྐུར་ལྡང་བ་དང༌། ཁྲུས་ཀྱི་ཚེ་དབང་བསྐུར་རྒྱས་བཏབ་ཀྱི་སྐབས་ཀྱི་དམིགས་པ་ལྟར་ལྷ་མོ་རྣམས་ཀྱིས་རང་ལ་ཁྲུས་གསོལ་བར་མོས་པར་བྱའོ།། །།སྨྲས་པ། རྣལ་འབྱོར་དབང་ཕྱུག་གྲུབ་ཆེན་དྲིལ་བུ་པའི། །བཞེད་སྲོལ་ཇི་བཞིན་བདེ་མཚོག་ལྷ་ལྔ་ཡི། །རིམ་པ་དང་པོའི་ཉམས་ལེན་འཁྱེར་བདེ་ཞིག །དད་ལྡན་གཞན་ལ་ཕན་སྲིད་སྙམ་ནས་བྲིས། །དེ་ལས་ @011B ཐོབ་པའི་ལེགས་ཚོགས་ཅེ་མཆིས་པས། །འདི་དང་ཕྱི་མའི་ཚེ་རབས་ཀུན་ཏུ་བདག །ཉི་རུག་དང་རྗེ་བཙུན་རྣལ་འབྱོར་མས། །དཀྱེས་བཞིན་འབྲལ་མེད་རྗེས་སུ་འཛིན་གྱུར་ཅིག yc+།ཅེས་པ་འདི་ནི་ཤཱ་ཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་འདིར་ལྷ་ལྔའི་སྒྲུབ་ཐབས་ལ་རྗེ་དགེ་འདུན་རྒྱ་མཚོ་དང༌། པཎ་ཆེན་གོང་མས་མཛད་པ་གཉིས་སྣང་བ་ལས། སྔ་མའི་བཞེད་པ་གཞེར་བྱས་ནའང་དེ་ལས་ ཅུང?་བསྡུས་ཤིང༌། ཕྱི་མའི་དགོངས་པ་ཁ་བསྐང་བའི་སྒོ་ནས་རྒྱས་བསྡུས་འཚམས་པར་ཅོ་ནེ་དགོན་ཉིད་དུ་སྦྱར་བའོ།། །།འདིས་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ་གི་བརྒྱལ་ཡུན?་རིང་དུ་གནས་པར་གྱུར་ཅིག། སརྦ་མངྒ་ལཾ་བྷ་ཝནྟུ། །