[སྔོན་འགྲོའི་དཔར་གཞི།]་ @001A ༄༅། yc+།ངན་སོང་སྦྱོད་པའི་དཔའ?་འཇུག?་བདེ་བའི་ལམ་ཞེས་བྱ་བ་བཞུགས་སོ།།-yc་ @001B ༄༅༅། །ན་མོ་བཻ་རོ་ཙ་ན་ཡེ། གང་གི་མཚན་ཙམ་དྲན་པས་ཀྱང༌། །ངན་སོང་སྡུག་བསྔལ་དྲུང་འབྱིན་བ། །བཅོམ་ལྡན་ཐམས་ཅད་རིག་བ་ལ། །གུས་འདུད་དེ་ཉིད་མཆོད་ཚུལ་བཤད། yc+།འདིར་ངན་སོང་ཐམས་ཅད་སྦྱོང་བར་མཛད་བའི་ལྷ་མཆོག་ཀུན་རིག་རྣམ་པར་སྣང་མཛད་གྱི་དཀྱིལ་འཁོར་ བ་རྣམས་ལ་མཆོད་ཅིང་སྔགས་བཟླ་བ་དང་བཅས་བའི་རྣལ་འབྱོར་འཁྱེར་བདེར་འགོད་བ་ལ། སངས་རྒྱས་ཆོས་ཚོགས་མ་ལྷ་བུའི་སྒོ་ནས་སྐྱབས་འགྲོ་སེམས་བསྐྱེད་བཅས་སྔོན་དུ་བཏང་ནས།-yc་རང་ཉིད་སྐད་ཅིག་གིས་རྡོ་རྗེ་སེམས་དཔའ་དགར་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པར་གྱུར་yc+པར་བསམས་ལ?་ རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཛུབ་མོ་དང་མཐེའུ་ཆུང་མདུང་པ་བཀན་ནས་སྙིང་གར་བཞག་པ་གཡས་སྐོར་དུ་བསྐོར་བ་རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་བྱས་ཏེ། ཨོཾ་སརྦ་བིད་མཎྜལ་བཛྲ་ཙཀྲ་ཧཱུཾ། ལན་གསུམ་མམ་གཅིག-yc༌།མདུན་དུ་བཅོམ་ལྡན་འདས་ཀུན་རིག་གི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་མངོན་སུམ་དུ་ གྲུབ་བར་གྱུར་yc+བར་བསམས། ཕྱག་རྒྱ་དེ་ཉིད་ཁའི་དྲུང་དུ་བཞག་བ་ལ་ལྟ་བཞིན་དུ་སྔགས་དེ་ཉིད་བརྒྱ་རྩ་བརྒྱད་དམ་ཉེར་གཅིག་གམ་མཐ?་བདུན་བརྗོད།-yc་དེ་ནས་གཞལ་ཡས་ཁང་རྟེན་དང་བརྟེན་བར་བཅས་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་དབུས་སུ་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་ཞལ་ བཞིད་གར་བ། ཕྱག་གཉིས་ཏིང་ངེ་འཛིན་གྱི་ཕྱག་རྒྱས་འཁོར་ལོ་རྩི་བས་བརྒྱད་བ་བསྣམས་པ། ཤར་དུང་ན་སོང་སྦྱོང་བའི་རྒྱལ་པོ། ལྷོར་རྒྱལ་མཆོག་རིན་ཆེན། ནུབ་ཏུ་ཤཱཀྱ་རིག་དབང༌། བྱང་དུ་མེ་ཏོག་ཆེར་རྒྱས། ཤར་ལྷོར་སྤྱན་མ། ལྷོ་ནུབ་ཏུ་མཱ་མ་ཀཱི། ནུབ་བྱང་དུ་ གོས་དཀར་མོ། བྱང་ཤར་དུ་སྒྲོལ་མ། ཤར་གྱི་རྩི་བས་དང་པོ་ལ་རྡོ་རྗེ་སེམས་དཔའ། གཉིས་པ་ལ་རྡོ་རྗེ་རྒྱལ་པོ། གསུམ་པ་ལ་རྡོ་རྗེ་ཆགས་པ། བཞི་པ་ལ་རྡོ་རྗེ་ལེགས་པ། ལྷོའི་རྩི་བས་(rDA)ང་པོ་ལ་རྡོ་རྗེ་རིན་ཆེན། གཉིས་པ་ལ་རྡོ་རྗེ་གཟི་བརྗིད། གསུམ་པ་ @002A ༄༅། །ལ་རྡོ་རྗེ་རྒྱལ་མཚན། བཞི་བ་ལ་རྡོ་རྗེ་བཞད་པ། ནུབ་ཀྱི་རྩིབས་དང་པོ་ལ་རྡོ་རྗེ་ཆོས། གཉིས་བ་ལ་རྡོ་རྗེ་རྣོན་བོ། གསུམ་པ་ལ་རྡོ་རྗེ་རྒྱུ། བཞི་བ་ལ་རྡོ་རྗེ་སྨྲ་བ། བྱང་གི་རྩིབས་དང་པོ་ལ་རྡོ་རྗེ་ལས། གཉིས་པ་ལ་རྡོ་རྗེ་སྲུང་བ། གསུམ་བ་ལ་རྡོ་རྗེ་གནོད་སྦྱིན། བཞི་བ་ལ་རྡོ་རྗེ་ཁུ་ཚུར། ནང་གི་ཤར་ལྷོར་སྒེག་མོ། ལྷོ་ནུབ་ཏུ་འཕྲེང་བ་མ། ནུབ་བྱང་དུ་ཀླུམ། བྱང་ཤར་དུ་གར་མ། ཕྱིའི་ཤར་ལྷོར་བདུག་བ་མ། ལྷོ་ནུབ་ཏུ་མེ་ཏོག་མ། ནུབ་བྱང་དུ་མར་མེ་མ། བྱང་ཤར་དུ་དྲི་ཆ་བ་མ། ཤར་སྒོར་རྡོ་རྗེ་ལྕགས་ཀྱུ། ལྷོ་སྒོར་རྡོ་རྗེ་ཞགས་པ། ནུབ་སྒོར་རྡོ་རྗེ་ལྕགས་སྒྲོགས། བྱང་སྒོར་རྡོ་རྗེ་འབེབས་པ། ལྷ་སྣམ་ནང་མ་ལ་བསྐལ་བཟང་གི་སེམས་དཔའ་བཅུ་དྲུག། བར་བ་ལ་ཉན་ཐོས་བཅུ་དྲུག། ཕྱི་མ་ལ་རང་རྒྱལ་བཅུ་གཉིས། སྐྲོ་བཞིར་ཁྲོ་བོ་ཆེན་པོ་བཅུ་དྲུག་རྣམས་རང་རང་གི་རྒྱན་ཆ་ལུགས་དང་བཅས་པར་གྱུར༌། དེ་རྣམས་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿ དམར་པོ། ཐུགས་ཀར་ཧཱུཾ་སྔོན་པོས་མཚན་པ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་ཀུན་རིག་རྣམ་པར་མཛད་ཀྱི་དཀྱིལ་འཁོར་བའི་ལྷ་ཚོགས་ལ་སངས་རྒྱས་དང་བྱང་ཆུབ་ སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྐད་ཅིག་གིས་སྤྱན་དྲངས། མ་ལུས་སེམས་ཅན་yc+ཞེས་སོགས་ཚིགས་བཅད་གཅིག་གི་འཕྲོར་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང་བཅས་ཏེ།-yc་ཨོཾ་བཛྲ་ས་མཱ་ཛཿ ཛཿ ཧཱུཾ་བཾ་ཧོཿ དམ་ཚིག་པ་སོ་སོ་དང་གཉིས་སུ་མེད་པར་གྱུར་yc+བར་བསམ་པ། yc+ཐལ་མོ་སྦྱར་ཏེ།-yc་ཨོཾ་སརྦ་ཐ་ཐཱ་ག་ ཏ་བཱ་ད་བནྡྷ་ནཱཾ་ཀ་རོ་མི། yc+མཉམ་མེད་པའམ།-yc་ཆོས་སྐུ་ནམ་མཁའ་བཞིན་དུང་བྱེར་མེད་ཀྱང༌། yc+།ནས།-yc་རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད། yc+།ཞེས་པ་དང༌།-yc་བདེ་གཤེགས་རིགས་ལྔ་རྒྱལ་བ་ཡུམ་བཞི་དང༌། །སེམས་དཔའ་བཅུ་དྲུག་སྒེག་སོགས་ལྷ་མོ་བརྒྱད། །སྒོ་བ་བཞི་སྟེ་ @002B རྩ་ལྷ་སུམ་ཅུ་བདུན། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བ་སྟོང༌། yc+།ཅེས་ཕྱག་འཚལ། དེ་ནས་མཆོད་པ་བྱིན་གྱིས་བརླབ་པའམ། མི་ན་ཡང་རུང་སྟེ་མཆོད་པའི་ལྷ་མོས་རྣམས་ཀྱིས་མཆོད་པར་བསམས་པ།-yc་ཨོཾ་སརྦ་ཏ་ཐཱ་ག་ཏ་བྲ་ཝ་ར་སད་ཀ་རཾ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱ་ཧཱ། yc+ནས།-yc་ཤཔྟ་པྲ་ཏཱིཙྪའི་བར་དང༌། དེ་བཞིན་དུ་རཱུ་བ་ནས། ཝ་ཤའི་བར་དང༌། ཙཀྲར་ཏྞ་ནས། །པཏྐ?་ རཏྞ་པྲ་ཏཱིཙྪའི་བར་གྱིས་མཆོད། རྒྱས་པར་ན་རབ་འབྱམས་རྒྱ་མཚོ་དཔག་མེད་ན་སོགས་ཚིགས་བཅད་གང་འདོད་དང་སྦྱར་ནས་ཕུལ་ཆོག་ཅིང༌། མཎྜལ་རྒྱས་པའམ།-yc་ས་གཞི་སྤོས་ཀྱིས་yc+ཞེས་སོགས་ཀྱིས་འབུལ། དེ་ནས།-yc་འདོད་ཆགས་ཞེ་སྡང་གཏི་མུག་དཔར་གིས་ནི།། yc+ནས།-yc་ཐམས་ཅད་རྫོགས་པའི་བྱང་ཆུབ་ཆེན་པོར་བསྔོ། yc+།ཞེས་པའི་བར་གྱིས་ཡན་ལག་ལྷག་མ་རྣམས་བྱ་ བ་འམ། ཡང་ན།-yc་དབང་མེད་པ་དག་གིས་ཞེས་པ་ནས། སེམས་ཅན་སྡུག་བསྔལ་མང་པོས་གཟིར་ལས་དགྲལ། yc+ཞེས་པའི་བར་ཀུན་རིག་ཆོ་ག་ནས་འབྱུང་བ་ལྟར་ཡང་རུང༌། དེ་ནས་རབ་རྡོ་རྗེ་བསྟོད་རིང་ངལ། བསྡུ་ན།-yc་རྫོགས་པའི་སངས་རྒྱས་ཀུན་རིག་རྣམ་སྣང་དང༌། །སྦྱོང་བའི་རྒྱལ་པོ་རྒྱལ་མཆོག་རིན་ཆེན་དང༌། །ཤཱཀྱ་རིག་དབང་མེ་ཏོག་ཆེར་རྒྱས་སོགས། །རིགས་ ལྔ་ཡུམ་བཞི་རྣམས་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་སེམས་སོགས་སེམས་དཔའ་བཅུ་དྲུག་དང༌། །སྐེག་མོ་ཡ་སོགས་མཆོད་པའི་ལྷ་མོ་བརྒྱད། །ལྕགས་ཀྱུ་ལ་སོགས་སྒོ་བ་རྣམས་པ་བཞི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོད། །བསྐལ་བ་བཟང་བོའི་སེམས་དཔའ་བཅུ་དྲུག་དང༌། །ཉན་ཐོས་བཅུ་དྲུག་རབ་རྒྱལ་བཅུ་གཉིས་ པོ༑ ༑སྒོ་སྲུང་ཁྲོ་བོ་ཆེན་པོ་བཅུ་དྲུག་སྟེ། །མགྲོན་ཐབས་དྲུག་ཅུའི་ལྷ་ལ་ཕྱག་འཚལ་བསྟོད་དམ། yc+།ཡང་ན་གསོལ་བ་འདེབས་ཞེས་བསྒྱུར་པར་རུང༌།-yc་དེ་ནས་བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་བའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་གུས་པས་གསོལ་བ་འདེབས་སོ། །བདག་སོགས་སེམས་ཅན་ཐམས་ཅད་འཁོར་བ་དང་ ངན་སོང་གི་འཇིགས་པ་ཐམས་ཅད་ལས་སྐྱོབ་ཏུ་གསོལ། དེའི་རྒྱུར་གྱུར་བའི་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། yc+ཞེས་ལན་མང་དུ་གསོལ་འགད་བ་ཅིང་མཐར།-yc་ལྷ་རྣམས་ཀྱི་སྐུའི་ཆ་དང་ཐུགས་ཀ་ནས་འོད་དང་བདུད་རྩིའི་རྒྱུན་བྱུང་སྟེ། རང་གི་སྙིང་ག་ལ་སོགས་པའི་གནས་རྣམས་སུ་ཞུགས་ནས་བྱིན་གྱིས་བརླབས་པར་གྱུར༌།། @003A ༄༅། yc+།ཅེས་བརྗོད་ཅིང་བསམ། དེ་ནས་ལྕགས་ཀྱུའི་ཕྱག་རྒྱ་དང་བཅས་ཏེ།-yc་ཨོཾ་བཛྲ་ས་མཱ་ཛཿ ལྷ་རྣམས་སྤྱན་དྲངས་ནས་རང་གི་སྙིང་གར་བར་ཟླའི་གདན་ལ་བཞུགས་པར་གྱུར་yc+བར་བསམས་ལ།-yc་ཨོཾ་སརྦ་བིད་སརྦ་ཨཱ་ཝ་རཎཱ་བི་ཤོདྷ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་སརྦ་བིད་ཧཱུཾ། ཨོཾ་སརྦ་པིད་ཕཊ། ཨོཾ་སརྦ་བིད་ཨཱཿ། ཨོཾ་སརྦ་བི་ད་ཏྲཏ། ཨོཾ་བུད་(DNYA)་ལ་ ནེ་ཧཱུཾ། ཨོཾ་བཛྲ་མཱ་ཀཱི་ཏྲཱཾ། ཨོཾ་བཛྲ་པཎྜ་རེ་དེ་ཧི་དེ་ཧི་སིདྡྷཾ་བོ་དྷེ་ལོ་ཀོཏྟཱ་རི་བཱཾ་སྭཱཧཱ། ཨོཾ་བཛྲ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧཱུཾ་ཧཱུཾ་ཧཱུཾ་སྭ་སྭ་སྭ་སྭ་སྭ་ཧཱ། ཨོཾ་བཛྲ་ས་ཏྭ་ཧཱུཾ། ཨོཾ་བཛྲ་རཱ་ཛཱ་ཛཿ། ཨོཾ་བཛྲ་རཱ་ག་ཧོཿ། ཨོཾ་བཛྲ་སཱ་དྷུ་དྷུ། ཨོཾ་བཛྲ་ར(Tn'A) ཏྲཱཾ། ཨོཾ་བཛྲ་རེ་ཛ་རྱ། ཨོཾ་བཛྲ་ཀེ་ཏུ་བྷྲི། ཨོཾ་བཛྲ་ཧཱ་སི་ཧཱ། ཨོཾ་བཛྲ་དྷརྨཱཿ ཧྲཱིཿ། ཨོཾ་བཛྲ་ཏཱིཀྵ་དྷཱིཿ། ཨོཾ་བཛྲ་ ཧེ་ཏུ་ཀྲུཾ། ཨོཾ་བཛྲ་བྷ་ཥ་བྷ། ཨོཾ་བཛྲ་ཀརྨཱཿ ཀཾ?་ཨོཾ་བཛྲ་རཀྵཾ་རཾ། ཨོཾ་བཛྲ་ཡཀྵ་ཀྵཾ། ཨོཾ་བཛྲས་ནྡྷ(shTAm)། ཨོཾ་བཛྲ་ལཱ་སྱ་ཧཱུཾ། ཨོཾ་བཛྲ་མཱ་ལེ་ཏྲཱཾ། ཨོཾ་བཛྲ་གཱིརྟི་ཧྲཱིཿ། ཨོཾ་བཛྲ་ནི་ཏྱ་ཨཱཿ། ཨོཾ་བཛྲ་དྷཱུ་པེ་ཧཱུཾ། ཨོཾ་བཛྲ་བུཥྤེ་ཏྲཱཾ། ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲཱིཿ། ཨོཾ་བཛྲ་གནྡྷི་ཨཱཿ། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ། ཨོཾ་བཛྲ་པཱ་ཤཱ་ཧཱུཾ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་ བཛྲ་གཎྜ་ཧོཿ། ཨོཾ་སརྦ་སཾ་སྐཱ་རི་བ་རི་ཤོ་དྷཱ་ན་དྷརྨཱཿ ཏ་ག་ག་ན་ས་མུ་དག་ཏེ་མ་ཧཱ་ན་ཡ་བ་རི་ཝ་རེ་སྭཱ་ཧཱ། ཨོཾ་ན་མོ་བྷ་ག་ཝ་ཏེ། སརྦ་དུ་རྒ་ཏི་བ་རི་ཤོདྷ་ན་རཱ་ཛཱ་ལ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སཾ་མྱ་ཀ་སཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ། སརྦ་བཱ་པཾ་བི་ཤོ་དྷ་ནི། ཤུང་དྷེ་བི་ཤུད་དྷེ། སརྦ་ཀརྨཱཿ ཨཱ་ཝ་ར་ཎཱ་བི་ཤོདྷ་ནེ་སྭཱཧཱ། yc+རྣམས་ཅི་འགྲུབ་བཟླས་ཏེ། ཡིག་ལ་ བརྗོད།-yc་དགེ་བ་འདི་ཡིས་མྱུར་དུ་བདག །རྣམ་སྣང་འཁོར་བཅས་འགྲུབ་གྱུར་ནས། yc+ནས།-yc་འགོད་པར་ཤོག yc+།ཅེས་བའི་པར་གྱིས་བསྔོ་སྨོན་བྱའོ། །གཞན་ངན་སོང་ནས་འདྲེན་པའི་སྔོན་དུ་རང་ཉིད་དེ་རི་མི་ལྟུང་བའི་ཐབས་བྱེད་དགོས་པས་ཀུན་རིག་གི་ཆོ་ག་རྒྱས་པ་མ་ལྕོགས་ནའང་ཚུལ་དེ་ལྟར་ཉིན་རེ་བཞིན་ཉམས་སུ་བླངས་ན་ངན་སོང་ལས་ཐར་ཏེ་ལྷ་མིའི་རྟེན་ཁྱད་བར་ ཅན་འགྲུབ་པར་འགྱུར་བ་གདོན་མི་བའོ། །ཞེས་པ་འདིའང་ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་རང་གི་ཉམས་ལེན་ལྟར་བགྱིས་པའི་ཡི་གེ་པ་ནི་དད་དང་རྣམ་དཔྱོད་ལྡན་པའི་གནས་བརྟན་ཀུན་དགའ་ཆོས་འབྱོར་ཏེ།། འདིས་ཀྱང་རང་གཞན་ལ་ཕན་ཐོགས་པར་གྱུར་ཅིག། །དགེ་ལེགས་འཕེལ། yc+བཀྲ་ཤིསཿ།-yc་ @003B [BLANK PAGE]