[སྔོན་འགྲོའི་དཔར་གཞི།]་ @001A ༄༅། །ཚེ་ཆོག་འཆི་མེད་དཔལ་སྟེར་ཞེས་བྱ་བ་བཞུགས་སོ།། @001B ༄༅༅། །བླ་མ་དང་རྗེ་བཙུན་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །འདིར་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་ཀྱི་དཀྱིལ་འཁོར་གྱི་ཆོ་ག་ལ་གཉིས་ཏེ། ཐོག་མར་བསྙེན་པའི་ཆོ་ག་དང་ བསྙེན་པ་ལས་སུ་རུང་ནས་དཀྱིལ་འཁོར་གྱི་ཆོ་ག་ལ་འཇུག་ཚུལ་ལོ། །དང་པོ་ནི། འདིའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ཅིང༌། དམ་ཚིག་དང་སྡོམ་པ་དང་ལྡན་པས་གནས་དབེན་པར་ཁྲུས་བྱ་ཞིང༌། གཙང་སྤྲ་དང་ལྡན་པས་སྟན་བདེ་བ་ལ་འདུག་སྟེ། རང་ཉིད་སྐད་ཅིག་གིས་མགོན་པོ་ཚེ་དཔག་ཏུ་མེད་པའི་སྐུ་མདོག་དམར་པོ་བྱེ་རུའི་མདོག་ཅན་འོད་ཟེར་དམར་པོ་འཁྲིགས་པ་ཞི་བའི་ཉམས་ཅན་ཞལ་གཅིག་ཕྱག་གཉིས་མཉམ་གཞག་གི་ཕྱག་རྒྱའི་སྟེང་དུ་ འཆི་མེད་ཚེའི་བདུད་རྩིས་གང་བའི་བུམ་པ་བསྣམས་པ། མཚན་དཔེས་སྤྲས་བུའི་ལོངས་སྤྱོད་རྫོགས་པའི་སྐུལ་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང༌། དར་སྣ་ཚོགས་ཀྱི་ན་བཟས་ཀླུབས་པ། བདེ་ ཟླའི་སྟེང་དུ་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པར་གྱུར། yc+པར་བསམས་ལ་མཆོད་པ།-yc་ཨོཾ་བཛྲ་ཨ་མྲ་ཏི་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། yc+ཀྱིས་བསངས།-yc་ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱ་ཤུདྡྷོཉཧཾ། སྟོང་པ་ཉིད་དུ་གྱུར། @002A ༄༅༅། །སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པར་གྱུར། ཨོཾ་ཨརྒྷཾ་ཨཱཿ ཧཱུཾ། ཨོཾ་པཱ་དྱཾ་ཨཱཿ ཧཱུཾ། ཨོཾ་བཛྲ་པུཥྤེ་ཨཱཿ ཧཱུཾ། yc+དེ་བཞིན་དུ།-yc་དྷཱུ་བཾ། ཨཱ་ལོ་ཀེ༌།གནྡྷེ། ནཻ་ཝེ་ཏེ། ཨོཾ་བཛྲ་ཤཔྟ་ཨཱཿ ཧཱུཾ་yc+གིས་བྱིན་གྱིས་བརླབ་ གཏོར་མ།-yc་ཨོཾ་བཛྲ་ཨ་མྲྀ་ཏ་yc+ས་བསངས།-yc་སྭ་བྷཱ་ཝ་ས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་གཏོར་མ་དངས་ཤིང་ཐོགས་པ་མེད་པ་ཟག་པ་མེད་པཱཾ་ བདེ་བ་ཁྱད་པར་ཅན་བསྐྱེད་པར་གྱུར། ཨོཾ་ཨཱ་ཀཱ་རོ་མུ་ཁཾ་སརྦྦ་དྷརྨྨཿ ཎཱཾ་ཨ་དྱ་ནུདྤནྣ་ཏྭ་དྟ་ཨོཾ་ཨཱཿ ཧཱུཾ་ཕཊ་སྭཱ་ཧཱ། yc+ལན་གསུམ་གྱིས་བྱིན་གྱིས་བརླབས།-yc་མགོན་པོ་ཀུན་གཤེགས་གདན་ལ་བཞུགས། །ད་ལྟ་སྙིགས་མ་ལྔ་ཡི་དུས། །གཤེགས་ ཤིང་བཞུགས་པའི་གནས་ངན་ཡང༌། །ཤཱཀྱའི་བསྟན་པ་བསྲུང་བ་དང༌། །བདག་ཅག་རྣམས་ལ་ཕན་གདགས་ཕྱིར། །གནས་འདི་ཉིད་དུ་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱེ་ཧི་ད་ཤ་དི་ཀ་ལོ་ཀ་པཱ་ལས་པ་རི་ཝཱ་ར་ས་མ་ཡེ་ @002B སྭཱ་ཧཱ། yc+ཞེས་སྤྱན་དྲངས།-yc་ཨོཾ་ད་ཤ་དི་ཀ་ལོ་ཀ་པཱ་ལ་ས་བ་རི་ཝཱ་ར་པྲ་ཝ་ར་ས་ད་ཀ་རཾ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱ་ཧཱ། yc+དེ་བཞིན་དུ་སྦྱར་ཏེ།-yc་པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ༌།གནྡྷེ། ནཻ་ཝེ་ཏེ། ཤཔྟ་པྲ་ཏཱིཙྪ་ཧིའུ་སྭཱ་ཧཱ། ཨོཾ་ད་ཤ་དི་ཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ན་མཿ སརྦ་ཏ་ཐཱ་ག་ཏཱ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ ཏ་ད་ཁཾ་ཨུ(TGA) ཏེ་སྥ་ར་ཎ་ཧི་མཾ། ག་ག་ན་ཁཾ་གྲྀཧྣ་ཨི་དཾ་བ་ལིཾ་ཏེ་སྭཱ་ཧཱ། yc+ལན་གསུམ་གྱིས་གཏོར་མ་ཕུལ།-yc་ཤར་ཕྱོགས་རྡོ་རྗེ་ཅན་ཏེ་ལྷ་ཚོགས་བཅས། །གཏོར་མ་ཕུལ་བ་འདི་དག་བཞེས་སུ་གསོལ། །མེ་དང་གཤིན་རྗེ་བདེན་བྲལ་སྲིན་པོའི་བདག །ཆུ་བདག་རླུང་བདག་ནོར་གྱི་བདག་པོ་ སྟེ། །དབང་ལྡན་ལྷ་སྟེ་འབྱུང་པོའི་བདག་པོ་དང༌། །སྟེང་གི་ཉི་ཟླ་ཚངས་པ་ཆེན་པོ་དང༌། །ལྷ་རྣམས་ཀུན་དང་ས་ཡི་ཀླུ་རྣམས་དང༌། །རི་ཡི་ལྷ་དང་གནོད་སྦྱིན་ཚོགས་བཅས་ལ། །སོ་སོ་སོ་སོར་གཏོར་མ་ཕུལ་བ་རྣམས། །རབ་ཏུ་དགྱེས་པ་ཡིས་ནི་བཞེས་ནས་ཀྱང༌། །རང་རང་ཕྱོགས་ སུ་ལེགས་པར་བཞུགས་ནས་སུ། །རང་གི་བུ་སྨད་མཛའ་བཤེས་གཉེན་འདུན་དང༌། །ནང་མི་དམག་དང་དཔུང་བཅས་ཐབས་གཅིག་ཏུ། །མེ་ཏོག་དྲི་དང་བདུག་པ་གཏོར་མར་བཅས། །འདི་རྣམས་བཏུང་ཞིང་ལེགས་པར་གསོལ་ནས་ཀྱང༌། །བདག་གི་ལས་འདི་འབྲས་བུ་ མཆིས་པར་མཛོད། །ཕྱོགས་སྐྱོང་འཁོར་དང་བཅས་པ་རྣམས་ཀྱིས་བདག་གི་དགེ་བའི་བྱ་བ་རྣམས་མཐར་ཕྱིན་པ་དང་དེའི་བར་ཆད་ཞི་བའི་འཕྲིན་ལས་མཛོད་ཅིག། yc+ཅེས་འཕྲིན་ལས་བཅོལ།-yc་ཨོཾ་ཨཱཿ ཧཱུཾ། བཛྲ་མུཿ ཕྱོགས་སྐྱོང་འཁོར་བཅས་རང་གནས་སུ་གཤེགས་པར་གྱུར། yc+འདུལ་འཛིན་དང་ པཎ་ཆེན་གྱི་ཆོ་གར་ཕྱོགས་སྐྱོང་གི་གཏོར་མ་གཏོང་ཚུལ་མི་སྣང་ཡང་འདིར་ཁ་བསྐང་བ་ཡིན་ནོ། །དེ་ནས་ལས་ཀྱི་རྡོ་རྗེ་ཡོད་ན་མཎྜལ་འབུལ་ཞིང༌། གཞན་མ་ཕུལ་ཀྱང་རུང༌། །མཆོད་པ་སྔར་ལྟར་བྱིན་གྱིས་བརླབ། འདི་ང་མཆོད་པ་བྱིན་བརླབ་བྱ་བ་ནི། ཁ་ཅིག་ཚོགས་ཞིང་དང༌། གཞན་དག་བདག་བསྐྱེད་ཀྱི་མཆོད་པ་ཡིན་ཟེར་ཡང༌། །ཚོགས་ཞིང་གི་ཆེད་དུ་བཤམས་པ་ཡིན་ན་མ་གཏོགས་ @003A ༄༅། །བདག་བསྐྱེད་ཀྱི་མཆོད་པར་གསལ་ལོ།-yc༌།སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །བདག་དང་གཞན་དོན་སྒྲུབ་སླད་དུ། །བདག་གིས་བྱང་ཆུབ་སེམས་བསྐྱེད་དོ། །ཕྱོགས་བཅུ་དག་ན་བཞུགས་པ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་ གསོན། །བདག་གིས་རྫོགས་པའི་བྱང་ཆུབ་ཕྱིར། །དེང་ནས་བྱང་ཆུབ་སེམས་བསྐྱེད་དོ། yc+།ཞེས་ལན་གསུམ་གྱིས་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད། དེ་ནས།-yc་རང་ཚེ་དཔག་ཏུ་མེད་པར་གསལ་བའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཧྲཱིཿ དམར་པོ་རིང་ཆ་ཚེག་དྲག་དང་བཅས་པ་ལས་ འོད་ཟེར་འཕྲོས། བདེ་བ་ཅན་ནས་ཚེ་དཔག་མེད་ལྷ་དགུའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ(MKTZI)ཏྟ་བཛྲ་པྲ་ན་མ་མེ་ན་མཿ སརྦྦ་ཏ་ཐཱ་ག་ཏ་བཛྲ་པཱ་ད་བནྡྷ་ནཱཾ་ཀ་རོ་མེ། yc+ཞེས་ཕྱག་བྱ།-yc་རང་ གི་སྙིང་ཁའི་ཧྲཱིཿ ལས་བྱུང་བའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་གྱུར། yc+བར་བསམ་ཞིང་སོ་སོའི་ཕྱག་རྒྱ་དང་བཅས།-yc་ཨོཾ་ཨཱརྱ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། yc+ཞེས་མཆོད་ཡོན་དང༌། དེ་བཞིན་དུ།-yc་པཱ་yc+ཕྱི་ཞབས་བསིལ།-yc་པུ་yc+ཥྤེས་མེ་ཏོག།-yc་དྷཱ་པེས་ yc+འདུག་སྤོས།-yc་ཨཱ་ལོ་ཀེས་yc+སྣང་གསལ།-yc་གནྡྷེས་yc+དྲི་ཆབ།-yc་ནཻ་ཝེ་ཏྱེ་ས་yc+ཞལ་ཟས།-yc་ཤཔྟ་པྲ་ཏཱིཙྪ་པཱ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡ་ཤྲཱི་ཡེ་ཧཱུཾ་yc+།གིས་རོལ་མོ་རྣམས་ཀྱིས་མཆོད། དེ་ནས།-yc་དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་ རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༌། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་བདག་སྐྱབས་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ @003B ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྦྱོང་མཆོག་ཡིད་འོང་བསྐྱེད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག yc+།ལན་གསུམ།-yc་ཨོཾ་ཨཱཿ ཧཱུཾ། བཛྲ་མུཿ ཚོགས་རྟེན་རང་བཞིན་གྱི་གནས་སུ་གཤེགས་པར་གྱུར། yc+དེ་ནས།-yc་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་ དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་ གནས་པར་གྱུར་ཅིག yc+།ཅེས་ལན་གསུམ་མམ་གཅིག་གིས་ཚད་མེད་པ་བཞི་བསྒོམ། དེ་ནས།-yc་ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦྦ་དྷརྨཱཿ སྭ་བྷཱ་ཝ་ཤུདྡྷོ(NYHAm)། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་ཅིང་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ཧཱུཾ་ གིས་མཚན་པ། དེ་ལས་འོད་ཟེར་འོག་ཏུ་འཕྲོས་པས་རྡོ་རྗེའི་ས་གཞི། ལོགས་སུ་འཕྲོས་པས་རྡོ་རྗེའི་ར་བ། སྟེང་དུ་འཕྲོས་པས་རྡོ་རྗེའི་གུར། གུར་གྱི་འོག་ར་བའི་སྟེང་དུ་རྡོ་རྗེའི་བླ་རེ་སྟེ། ཐམས་ཅད་ཀྱང་རྡོ་རྗེ་འབར་བའི་རང་བཞིན་བར་མཚམས་མེད་པ་དུམ་བུ་གཅིག་ཏུ་གྱུར་པའི་ཕྱི་རོལ་ཏུ་ བསྐལ་པ་འཇིག་པའི་མེ་ལྟ་བུའི་ཁ་དོག་སྣ་ལྔའི་མེ་དཔུང་ཕྱོགས་བཅུར་འཕྲོ་བར་གྱུར། yc+བར་བསམ།-yc་ར་བའི་དབུས་སུ་པཾ་ལས་སྣ་ཚོགས་པདྨ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བར་བྷྲུཾ་དཀར་པོ་ཡོངས་སུ་གྱུར་པ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་པ་སྒོ་བཞི་ པ། ཕྱི་ནས་རིམ་པ་བཞིན་སྔོ་སེར་དམར་ལྗང་དཀར་བའི་རྩིག་པ་རིམ་པ་ལྔ་དང་ལྡན་པའི་སྟེང་དུ། རིན་པོ་ཆེ་སྣ་ཚོགས་བས་མཛེས་པར་བྱས་པའི་རིན་པོ་ཆེའི་ཕ་གུ་སེར་པོ། །དེའི་སྟེང་དུ་ཆུ་སྲིན་གྱི་ཁ་ནས་འཕྱང་བའི་རིན་པོ་ཆེའི་དྲ་བ་དང་དྲ་བ་ཕྱེད་པ་ལ། དྲིལ་བུ་དང་རྔ་ཡབ་ལ་སོགས་ @004A ༄༅། །པས་བརྒྱན་པ། དེའི་ཕྱི་ངོས་སུ་བྱ་འདབ་ལས་འཕྱང་བའི་རིན་པོ་ཆེའི་ཤར་བུ། དེའི་སྟེང་དུ་པདྨ་འདབ་མ་ཕྱེད་པའི་དབྱིབས་ཅན་ལ་བ་དན་དང་རྒྱལ་མཚན་ལ་སོགས་པས་མཛེས་པར་བྱས་པ། ཕྱི་ནས་འདོད་ཡོན་གྱི་སྣམ་བུ་དམར་པོ་བཞིས་བསྐོར་བ། སྒོ་ དང་སྒོ་ཁྱུད་ཀྱི་མཚམས་དང༌། གྲྭ་བཞིར་ཟླ་ཕྱེད་རྡོ་རྗེ་རིན་ཆེན་གྱིས་སྤྲས་པ། སྒོ་བཞིའི་མདུན་དུ་ཀ་བ་བཞི་བཞིས་བཏེག་པའི་རྟ་བབས་སྣམ་བུ་བཅུ་གཅིག་དང་ལྡན་པའི་རྩེ་མོར་ཆོས་ཀྱི་འཁོར་ལོའི་གཡས་གཡོན་དུ་རི་དགས་ཕོ་མོ་དང་བཅས་པ། ནང་ཀ་བ་བརྒྱད་ ཀྱིས་བཏེག་པའི་སྟེང་དུ་རྡོ་རྗེའི་གདུང་གིས་མཛེས་པར་ཕུབ་པ། རྩེ་མོར་རྡོ་རྗེ་ནོར་བུ་རིན་པོ་ཆེའི་ཏོག་གིས་སྤྲས་པ། དེའི་ཕྱི་རོལ་དུ་རྡོ་རྗེའི་ར་བ་མེ་རི་དང་བཅས་པ། གཞལ་ཡས་ཁང་གི་ནང་གི་ས་གཞི་ཐམས་ཅད་ཤར་སྔོ། ལྷོ་སེར་ནུབ་དམར་བྱང་ལྗང་དབུས་དཀར་ བ། yc+བྱ་རྒྱུད་ཀྱི་ལྷའི་བསྐྱེད་ཚུལ་ལ་ལྷ་དྲུག་བསྐྱེད་དང་ཆོ་ག་གསུམ་བསྐྱེད་གཉིས་ཡོད་པ་ལས། པཎ་ཆེན་གྱི་དེར་ལྷ་དྲུག་བསྐྱེད་འབྱུང་ཡང༌། འདུལ་འཛིན་པའི་དེར་ཆོ་ག་གསུམ་བསྐྱེད་འབྱུང་བ་ལྟར་འདིར་ཡང་དེ་བཞིན་དུ་བྱ་སྟེ།-yc་དེར་པཾ་ཡོངས་སུ་གྱུར་པ་ལས་པདྨ་འདབ་མ་བརྒྱད་པའི་ལྟེ་བ་དང་འདབ་མ་རྣམས་ཀྱི་ གནས་སུ་ཨ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་རེ་རེ། དེ་རྣམས་ཀྱི་སྟེང་དུ་ཧྲཱིཿ དམར་པོ་རིང་ཆ་ཚེག་དྲག་དང་བཅས་པ་རེ་རེ། དེ་རྣམས་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་སྡིག་སྒྲིབ་སྦྱངས། ཚེ་དཔག་མེད་ཀྱི་གོ་འཕང་ལ་བཀོད། སླར་ འདུས་ཧྲཱིཿ ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་ཚེ་དཔག་མེད་ལྷ་དགུའི་བདག་ཉིད་དུ་གྱུར་པ་ནི། དབུས་སུ་སངས་རྒྱས་ཚེ་དཔག་མེད། ཤར་དུ་རྡོ་རྗེ་ཚེ་དཔག་མེད། ལྷོར་རིན་ཆེན་ཚེ་དཔག་མེད། ནུབ་ཏུ་པདྨ་ཚེ་དཔག་མེད། བྱང་དུ་ལས་ཀྱི་ཚེ་དཔག་མེད། བྱང་ཤར་དུ་ @004B ཀུན་གཟིགས་ཚེ་དཔག་མེད། ཤར་ལྷོར་ཡོན་ཏན་ཚེ་དཔག་མེད། ལྷོ་ནུབ་ཏུ་ཡེ་ཤེས་ཚེ་དཔག་མེད། ནུབ་བྱང་དུ་མི་གཡོ་བ་ཚེ་དཔག་མེད། དེ་ཐམས་ཅད་ཀྱང་སྐུ་མདོག་དམར་པོ་བྱི་རུའི་མདོག་ཅན། འོད་ཟེར་དམར་པོ་འཁྲིགས་པ་ཞི་བའི་ཉམས་ཅན། ཞལ་གཅིག་ཕྱག་གཉིས་ པ་མཉམ་གཞག་གི་ཕྱག་རྒྱའི་སྟེང་དུ་འཆི་མེད་ཚེའི་བདུད་རྩིས་གང་བའི་བུམ་པ་བསྣམས་པ། མཚན་དཔེས་སྤྲས་པའི་ལོངས་སྤྱོད་རྫོགས་པའི་སྐུ་ལ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཞིང༌། དར་སྣ་ཚོགས་ཀྱི་ན་བཟས་ཀླུབས་པ། པད་ཟླའི་སྟེང་ན་རྡོ་རྗེའི་སྐྱིལ་མོ་གྲང་གིས་ བཞུགས་པར་yc+བསམ། ཁ་ཅིག་ཏུ་དབང་བཞེས་འབྱུང་ཡང་འདུལ་འཛིན་པའི་དེར་མི་སྣང་ཞིང༌། ཆོག་ཏུ་དར་སྣ་ཚོགས་ཀྱི་ན་བཟའ་ཞེས་འབྱུང་བས་མི་དགོས་སོ།-yc༌།ལྷ་ཚོགས་དེ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿ དམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། དེའི་སྟེང་དུ་ཟླ་བ་ལ་གནས་པའི་ཧྲཱིཿ དམར་པོ་ ལས་འོད་ཟེར་འཕྲོས། བདེ་བ་ཅན་ནས་ཚེ་དཔག་མེད་ལྷ་དགུའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས། བཛྲ་ས་མཱ་ཛཿ མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༑ །བདུད་སྡེ་དཔུང་བཅས་ མི་ཟད་འཇོམས་མཛད་ལྷ། དངོས་རྣམས་མ་ལུས་ཡང་དག་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེས་རྣམ་སྦྱངས་ཤིང༌། །སྨོན་ལམ་རྒྱ་ཆེན་དགོངས་པ་ ཡོངས་རྫོགས་པ། །ཁྱེད་བཞེད་འགྲོ་དོན་མཛད་དུས་འདིར་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང༌། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡོངས་དག་འཁོར་དང་བཅས་ཏེ་ @005A ༄༅། །གཤེགས་སུ་གསོལ། །ཆོས་རྣམས་ཀུན་གྱི་དབང་ཕྱུག་གཙོ། །བཙོ་མ་གསེར་གྱི་མདོག་འདྲ་ཞིང༌། །ཉི་མ་ལས་ལྷག་གཟི་བརྗིད་ཆེ། །དད་པས་སྤྱན་ནི་དྲང་བར་བགྱི། །ཞི་ཞིང་ཐུགས་རྗེ་ཆེར་ལྡན་པ། །དུལ་ཞིང་བསམ་གཏན་ས་ལ་བཞུགས། ། ཆོས་དང་ཡེ་ཤེས་ཆགས་བྲལ་བ། །ཀུན་ཏུ་མི་ཟད་ནུས་པར་ལྡན། །ཚུར་སྦྱོན་ཚུར་སྦྱོན་ཞི་བདག་ལྷ། །ཐུབ་པའི་སྐྱེས་མཆོག་ཐམས་ཅད་མཁྱེན། །ཤིན་ཏུ་ལེགས་བྱས་གཟུགས་བརྙན་ནི། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། ། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འགྲོ་བའི་དོན་དུ་བཞུགས་ནས་ཀྱང༌། ནད་མེད་ཚེ་དང་དབང་ཕྱུག་དང༌། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །ཛཿ ཧཱུཾ་བཾ་ཧོཿ མ་ཧཱ་ཀཱ་རུ་ཎཱིཀཱ་ཨཏྨ་ཀ་ཨེ་ཧྱེ་ཧི། yc+ཞེས་སྤྱན་དྲངས་ལ།-yc་བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང༌། །ཐུགས་ལ་དགོངས་ཤིང་གནང་བར་མཛོད། །བདེ་བར་གཤེགས་སོ་བཅོམ་ལྡན་འདས། །ཚུར་གཤེགས་འདིར་ནི་བཞུགས་སུ་གསོལ། །བདག་ལ་མཆོད་ཡོན་བཞེས་ནས་ཀྱང༌། །འདི་ཉིད་དུ་ ནི་བཞུགས་སུ་གསོལ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་ག་ག་ན་ས་མ་ཡ་ཤྲཱི་ཡེ་སྭཱ་ཧཱ། yc+ཞེས་མཆོད་ལོན་དབུལ།-yc་ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱིའོ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་ མ་ཡ་ཤྲཱི་ཡེ་ཧཱུཾ། yc+ཞེས་ཁྲུམ་གསོལ།-yc་བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཨོཾ་ཀ་མ་ལ་ཡེ་སྟཾ། །ཨོཾ་ཨ་པ་རི་མི་ཏ་ཨ་ཡུཿ ཛྙ་ན་ས་བ་རི་ཝར་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱ་ཧཱ། yc+ཅེས་པ་ནས-yc་ @005B ཤཔྟ་པྲ་ཏཱི་ཙྪ་ཧཱུཾ་སྭཱ་ཧཱ། ཛཿ ཧཱུཾ་བཾ་ཧོཿ ཡེ་ཤེས་པ་རྣམས་རང་རང་གི་དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧྲཱིཿ ལས་འོད་ཟེར་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས། ཨོཾ་པཉྩ་ཀུ་ལ་ས་པཱ་རི་ཝ་ར་ཨརྒྷཾ་ནས་ཤཔྟ་པྲ་ཏཱིཙྪ་yc+འི་བར་གྱིས་མཆོད།-yc་དེ་བཞིན་གཤེགས་ པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། yc+།ཞེས་པ་ནས།-yc་ཁྲུས་བགྱིའོ། །ཨོཾ་སརྦ་ནས་ཤྲཱི་ཡེ་ཧཱུཾ། ཞེས་དབང་བསྐུར། ལུས་གང༌། དྲིམ་དག །ཆུའི་ ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས། འོད་དཔག་མེད་སྤྲུལ་སྐུའི་ཆ་བྱང་ཅན་གྱིས་དབུབ་རྒྱན་ཅིང༌། དབང་གི་ལྷ་རྣམས་ཀྱང་རང་ཉིད་ལ་ཐིམ་བར་གྱུར། yc+དེ་ནས་མཆོད་པ་སྔར་བྱིན་གྱིས་མ་བརླབས་ན་འདིར་སྔར་ལྟར་བྱིན་གྱིས་བརླབས་ཏེ་འབུལ་བ་ན།-yc་རབ་འབྱམས་རྒྱ་མཚོ་དཔག་མེད་ ན༑ །མཆོད་ཡོན་ཇི་སྙེད་ཡོད་པ་རྣམས། །མགོན་པོ་ཚེ་དཔག་མེད་པ་དང༌། །རྒྱལ་བ་སྲས་དང་བཅས་ལ་དབུལ། །ཅི་བདེར་བར་ནི་བཞེས་ནས་ཀྱང༌། །ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། །ཨོཾ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ས་པཱ་རི་ཝ་ར་ཨརྒྷཾ་yc+ཞེས་པ་ནས།-yc་ནཻ་ཝ་ཏེ་yc+འི་བར་དང༌།-yc་དེ་ལས་གཞན་ ཡང?་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་སིམ་བྱེད་པའི། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །ཨོཾ་ཨཱརྱ?་ཨ་པ་རི་yc+ནས-yc་ཤཔྟ་པྲཏཱིཙྪ་སྭཱ་ཧཱ། yc+དེ་ནས་རྡོར་དྲིལ་དང་བཅས་ཏེ་བསྟོད་པ་ནི།-yc་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར། །སེམས་ ཅན་སྡུག་བསྔལ་མ་ལུས་པ། །སྐད་ཅིག་ཉིད་ལ་སེལ་མཛད་པའི། །སངས་རྒྱས་ཚེ་དཔག་མེད་ཕྱག་འཚལ། །རྡོ་རྗེ་སེམས་དཔའ་ལས་བྱུང་ཞིང༌། །ཉེས་པའི་དྲི་མ་ཀུན་འཇོམས་པ། །རྡོ་རྗེ་ལུས་ཅན་རྡོ་རྗེ་ཅན། །རྡོ་རྗེ་ཚེ་དཔག་མེད་ཕྱག་འཚལ། །བསམ་པའི་དངོས་ཀུན་ @006A ༄༅། །སྐད་ཅིག་གིས། །རང་འདོད་བཞིན་དུ་ཚིམ་མཛད་པ། །མཆོག་གི་བདག་པོ་ཆེན་པོ་སྟེ། །རིན་ཆེན་ཚེ་དཔག་མེད་ཕྱག་འཚལ། །ཇི་ལྟར་ཉོན་མོངས་དྲི་མ་ཡིས། །ཀུན་ནས་སོགས་པར་མི་འགྱུར་ཞིང༌། །ཐུགས་རྗེས་ཆགས་ཚུལ་སྟོན་མཛད་ཅིང༌། ། པདྨ་ཚེ་དཔག་མེད་ཕྱག་འཚལ། །འདོད་པའི་ལས་རྣམས་མ་ལུས་པ། །སྐད་ཅིག་ཉིད་ལ་རྫོགས་མཛད་པ། །བསམ་ཀུན་འཕེལ་བྱེད་དཔག་བསམ་ཤིང༌། །ལས་ཀྱི་ཚེ་དཔག་མེད་ཕྱག་འཚལ། །ཉེས་པ་ཀུན་ལས་རྣམ་གྲོལ་ནས། །སྣ་ཚོགས་ཡོན་ཏན་རྣམས་ཀྱིས་ བརྒྱན། །འཁོར་བའི་སྐྱབས་མཛད་དཔའ་བོ་སྟེ། །ཀུན་གཟིགས་ཚེ་དཔག་མེད་ཕྱག་འཚལ། །སྟོབས་ཆེན་རྣམས་ཀྱིས་རབ་བརྒྱན་ཏེ། །མ་ལུས་མི་མཐུན་ཕྱོགས་འཇོམས་པ། །སྟོན་པ་སྲེད་མེད་བུ་ཡི་མཐུ། །ཡོན་ཏན་ཚེ་དཔག་མེད་ཕྱག་འཚལ། །མེ་ལོང་མཉམ་ ཉིད་ལ་སོགས་པའི། །ཡེ་ཤེས་མང་པོའི་མཛོད་འཛིན་པ། །རྟོག་པ་མ་ལུས་ཁྱོད་ཀྱིས་སྤངས། །ཡེ་ཤེས་ཚེ་དཔག་མེད་ཕྱག་འཚལ། །རྣམ་རྟོག་རླུང་གིས་ཁྱོད་མི་གཡོ། །མཐའ་བྲལ་ཏིང་འཛིན་ཞི་བ་སྟེ། །བདུད་དང་མུ་སྟེགས་འཇོམས་མཛད་པ། །མི་གཡོ་ ཚེ་དཔག་མེད་ཕྱག་འཚལ། །འཁོར་བའི་སེམས་ཅན་མ་ལུས་པ། །ཁྱོད་ཀྱི་མཚན་ཙམ་འཛིན་པ་ལ། །ཚེ་དང་ཡེ་ཤེས་སྦྱིན་མཛད་པའི། །ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །ཁྱོད་ལ་ཆུ་ཐིགས་ལྟར་བསྟོད་པས། །བདག་གི་འདོད་པ་རྫོགས་གྱུར་ཏེ། །བདེ་བ་ཅན་ གྱི་ཞིང་ཁམས་སུ། །རིན་ཆེན་པདྨ་ལས་བྱུང་སྟེ། །སངས་རྒྱས་ཀུན་གྱིས་ལེགས་ཞེས་ཀྱང༌། །སྙན་པའི་བཀའ་དེ་ཐོབ་པར་ཤོག yc+།ཅེས་པ་འམ། ཉི་གཞོན་འཆང་ཀ་མས་བསྟོད་ནའང་ལེགས། རིན་ཆེན་དང་པདྨ་གཉིས་ལ་འཁུར་འཛིན་པའི་དེང་སྔ་ཕྱི་ལྡོག་སྟེ་འགྱུར་ཞིང༌། པཎ་ཆེན་གྱི་ཆོག་རི་བདག?་བརྙེན?་ @006B གཙོ་རྐྱང་ཡིན་ལ། མདུན་བསྐྱེད་ལས་རིན་ཆེན་གྱི་པ་སྟོད་པ་སྔོན་དུ་འབྱུང་བལྟར་འདིར་བཀོད་པ་ནི་ལྷ་བསྐྱེད་ཅིང་སྔགས་བཟླ་བའི་རིམ་པ་དང་ཡང་མཐུན་པས་ལེགས་པར་རྟོགས་སོ། །འོན་ཀྱང་བྱ་རྒྱུད་ཀྱི་བདག་བསྐྱེད་ལ་ནི་གཙོ་བོ་མ་གཏོག་པ་འཁོར་གྱི་བསྙེན་པ་མི་བྱེད་དོ། །དེ་ནས་ལྷའི་སྐུ་ལ་གསལ་བར་དམིགས་ཏེ། སེམས་བཟུང་དེ་ལ་སྐྱོན།-yc་རང་གི་ ཐུགས་ཀར་ཟླ་བ་ལ་གནས་པའི་ཧྲཱིཿ འི་མཐར་བཟླས་བྱའི་སྔགས་ཀྱིས་བསྐོར་བ། དེ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། སངས་རྒྱས་བྱང་སེམས་སོགས་ཀྱི་ཡོན་ཏན་དང་མཐུ་སྟོབས་ཐམས་ཅད་འོད་ཟེར་གྱི་རྣམ་པར་ཧྲཱིཿ ལ་ཐིམ་པར་གྱུར་yc+པར་བསམ། བཟླས་པ་ནི།-yc་ཨོཾ་ན་མོ་བྲུཾ་ཨཱ་ཡུ་རྫྙཱ་ན་ཧྲཱིཿ ཨ་རོལིཀྐ་ཧཱུཾ་ཧྲཱིཿ yc+ཤེས་སྙིང་པོ་དང༌།-yc་ཨོཾ་ཏདྱ་ཐཱ། ཨ་པ་རི་མི་ཏ་ཨཱ་ཡུ་རྫྙཱ་ན་ཧྲཱིཿ ཧཱུཾ་བྷྲུཾ་སྭཱ་ཧཱ། yc+ཞེས་མཚན་སྔགས་དང༌།-yc་ཨོཾ་ན་མོ་བྷ་ག་ཝ་ཏེ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བཾ་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སཾ་མྱཀྶཾ་བུདྡྷ་ཡ། ཏ་དྱ་ཐཱ། ཨོཾ་པུ་(n+YE)་བུ་(n+YE)་མ་ ཧཱ་བུ་(n+YE)། ཨ་པ་རི་མི་ཏ་པུ་(n+YE)། ཨ་པ་རི་མི་ཏ་བུ་(n+YE)། ཛྙཱ་ན་སཾ་བྷ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། yc+ཞེས་གཟུངས་རིང་རྣམས་ཅི་ནུས་བཟླ། འདུལ་འཛིན་དང་པཎ་ཆེན་གྱི་ཆོ་ག་གཉིས་ཀར་འདིར་འཆི་མེད་རྔ་སྒྲའི་གཟུངས་བརླས་ན་ལེགས་བར་བཤད་དོ།། མཐར་ཡི་གེ་བརྒྱ་བས་ལྷག་ཆད་བསྐངས་ནས།-yc་ཨོཾ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ས་པཱ་རི་ཝ་ར་ཨརྒྷཾ་yc+ནས-yc་ཤཔྟའི་yc+བར་གྱིས་མཆོད་དེ།-yc་བསྟོད་པ་རྒྱས་པ་འམ། yc+ཡང་ན།-yc་འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །དུས་མིན་འཆི་བ་མ་ལུས་འཇོམས་པའི་དཔལ། །མགོན་མེད་སྡུག་བསྔལ་གྱུར་བ་རྣམས་ཀྱི་སྐྱབས། སངས་རྒྱས་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། yc+།ཞེས་པས་བསྟོད། སྐབས་འདིར་འདོན་ཆར་མི་སྣང་ཡང་འདུལ་འཛིན་པའི་ཆོ་ག་པས།-yc་རང་གི་སྤྱི་བོར་ཡེ་ཤེས་ཚེ་དཔག་མེད། ཐུགས་ཀར་རིགས་ལྔ་ཚེ་དཔག་མེད་རང་དང་འདྲ་བའི་ཐུགས?་ཀའི་ཧྲཱིཿ ལས་འོད་ཟེར་འཕྲོས། ཚེ་དཔག་ཏུ་མེད་པའི་ལྷ་ཚོགས་དང༌། ། @007A ༄༅། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། ལྷ་མིའི་རིག་འཛིན་ཐམས་ཅད་ཀྱི་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་མ་ལུས་པ་འོད་ཟེར་གྱི་རྣམ་པས་སྤྱན་དྲངས། སྤྱི་བོའི་ཚེ་དཔག་མེད་ལ་ཐིམ། དེ་ཡང་ཞུ་ནས་རྐང་མཐིལ་ནས་སྤྱི་བོའི་བར་གྱི་རྩ་གནས་ ཐམས་ཅད་ལ་ཁྱབ་པས་ལུས་ཀྱི་ཟུང་དང་སེམས་ཀྱི་རྟེན་དུ་གྱུར་ཅིང༌། ཚེ་དཔག་མེད་ཀྱི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་གྱུར་ནས་འཆི་མེད་ཚེའི་རིག་འཛིན་ཐ་བོ་པར་གྱུར། yc+སྙམ་དུ་བ་སམས་ཏེ་བྱིན་རླབས་ཞུ་བར་བཤད་ཅིང༌། པཎ་ཆེན་གྱི་དེར་ཡང་ཕྱོགས་འདྲ་བར་ སྣང་བས་བྱས་ན་བྱད་ཆེའོ། །ཐུན་མཐར་གཏོར་མ་འཕུལ་ན། བྱིན་གྱིས་བརླབས་པ་ལ་ཡེ་ཤེས་སམ་དུན་དུ་སྦྱན་དྲངས་ནས་ཕུལ་ཏེ་མཆོད་བསྟོད་པ་ཟོད་གསོལ་སོགས་བྱའོ། །གཉིས་པ་ལ། རས་བྲིས་ཀྱི་དཀྱིལ་འཁོར་བསྒྲུབ་པའི་ཚེ། བུམ་པ་ལྟ་གོན་མ་གཏོགས་གཞན་རྣམས་ཇི་བཞིན་དགོས་པའི་དེས་པ་མེད་ནའང༌། འདིར་རྡུལ་ཆོན་གྱི་དབང་དུ་བྱས་ནས་འདུལ་ འཛིན་པའི་གསུང་ལྟར་འཆད་པ་ལ་གསུམ། སའི་ཆོ་ག། སྟ་གོན་གྱི་ཆོ་ག །དངོས་གཞིའི་ཆོ་གའོ། །དང་པོ་ནི། སྭ་བྷཱ་ཝས་སྦྱངས-yc་སྟོང་པའི་དང་ལས་རང་yc+ཉིད་གཙོ་ཕོར་བསྐྱེད་ལ། མཆོད་པ་རྣམས་བསང་སྦྱངས་ཏེ།-yc་སྟོང་པའི་དང་ལས་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། yc+ནས-yc་རོལ་མོ་རྣམས་དངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པར་གྱུར། yc+དེ་ནས་གཏོར་མ་བསང་སྦྱངས་བྱིན་གྱིས་བརླབས་ཏེ། ཨ་ཀ་རོས་ཕུལ་ལ།-yc་ཨོཾ་བྷུ་མི་པ་ཏི་ས་པཱ་རི་ཝར་ཨརྒྷཾ་པྲ་ཏཱིཙྪ་ལེ་སྭཱ་ཧཱ། yc+ཞེས་མཆོད་ཡོན་དང༌། ཞབས་ བསིལ་ནས་རོལ་མོའི་བར?་གྱིས་མཆོད། དེ་ནས་ལག་ཏུ་སྤོས་ཐོགས་ཕྲེལ་བུ་གསིལ་ཞིང༌།-yc་གང་ཡང་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོ་གཞན་དག་ལ། །ས་འདི་བདག་གིས་བླང་བར་བགྱི། །དཀྱིལ་འཁོར་དོན་དུ་ཁྱོད་ཀྱིས་སྩོལ། yc+།ཞེས་ལན་གསུམ་གསོལ་བ་བཏབ་པས་གནང་བ་བྱིན་པའི་མོས་པ་བྱ། དེ་ནས་ཨམྲྀ་ཏ་ @007B བཟླས་པའི་ཉུངས་ཀར་དང་ཆུ་དང་ཐལ་བ་གཏོར་ཞིང་སྦྱང་བ་བྱ། དེ་བཟླས་པའི་བ་གྱུར་དང་དྲི་བཟང་གིས་བྱུག། སྤོམ་ཆུས་བསང་གཏོར་བྱའོ། །སའི་ལྷ་མོ་ལ་བླང་བར་འདོད་ནའང་འོག་ནས་འབྱུང་བའི་ཆོགས་བྱའོ། །དེ་ནས་ས་དེ་ལག་བས་མནན་ལ་གཙོ་པོའི་སྔགས་ལན་བདུན་བརྗོད་ཅིང༌།-yc་སའི་ཕྱོགས་འདིར་བཅོམ་ལྡན་འདས་འཆི་མེད་རྔ་སྒྲའི་དཀྱིལ་འཁོར་བྲི་བར་ བྱའོ། yc+།སྙམ་དུ་བློས་བཟུང༌། དེ་ནས་ཤར་དུ་ཕྱོགས་པས་འདུག་ལ། བདག་བསྐྱེད་བཟླས་པ་ལ་ཐུག་གི་བར་དུ་བསྒོམ། དེ་ནས-yc་ཧཱུཾ་བཛྲ་ཨུད་ཏིཥྛ། yc+ཞེས་པ་དང་རྡོ་རྗེ་ཁུ་ཚུར་གྱིས་མཛུབ་མོ་གཉིས་རྩེ་མོ་སྦྱར་བ་འོག་ཏུ་ཕྱོགས་པས་སྤྱི་བོར་བཟུང་ཞིང་དཀྱིལ་འཁོར་ནམ་མཁར་བཏེག།-yc་རང་ཉིད་གཙོ་བོ་ལས་བྱེ་བའི་ཁྲོ་བོ་འཇིག་རྟེན་གསུམ་རྒྱལ་སུ་ མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་(H'RUm)་མཛད་ཀྱི་ཕྱག་རྒྱས་རྡོ་རྗེ་དང་དྲིལ་བུ་འཛིན་པའི་རྐང་མཐིལ་གཉིས་སུ་ཧཱུཾ་ཧཱུཾ་ལས་རྡོ་རྗེ་འབར་བ་རེ་ཇེས་མཚན་པར་གྱུར། yc+པར་བསམ་ཞིང༌།-yc་ཧཱུཾ་ཞེས་བརྗོད་ཅིང་བད-yc་སྐོར་བྱ་ཞིང་རྡོ་རྗེ་གསོར་དྲིལ་བུ་གསོལ་ཞིང་དཀྱིལ་འཁོར་ལ་བསྟོར་ཏེ། དབང་ལྡན་དུ་སློབ་པ་དང༌།-yc་རླུང་གི་ དཀྱིལ་འཁོར་ལ་ཐུག་གི་བར་འོག་གཞི་སྣ་ཚོགས་རྡོ་རྗེའི་རང་བཞིན་དུ་གྱུར་yc+པར་བསམ། རྒྱས་པ་ལ་སྤྲོ་ན།-yc་དཀྱིལ་འཁོར་ཆེན་པོའི་ས་གཞི་ལ་གནས་པའི།། yc+ཞེས་པ་ནས།-yc་བགེགས་རྣམས་བརླག་པར་འགྱུར་པ་གདོན་མི་ཟ། yc+།ཞེས་ལན་གསུམ་བརྗོད་པས་བཀའ་བསྒོ་ཞིང༌། ཨམྲྀ་ཏ་དང་ཁྲོ་པོའི་སྔགས་བརྗོད། དེ་ནས་ ཕུར་བུ་རྣམས་བསང་སྦྱངས།-yc་སྟོང་པའི་དང་ལས་ཧཱུཾ་བཞི་ལས་སྣ་ཚོགས་རྡོ་རྗེ་བཞི། དེ་རྣམས་ཡོངས་སུ་གྱུར་པ་ལས་ཁྲོ་བོ་རྡོ་རྗེ་ཕུར་བུ་སྟོད་བདུད་རྩིའི་འཁྱིལ་བ་ལྗང་སྔོན། །གཡས་སྣ་ཚོགས་རྡོ་རྗེ་ཐུགས་ཀར་འཛིན་ཞིང་གཡོན་དེས་ཡུབ་བྱས་པའི་དྲིལ་བུ་དཀུར་བརྟེན་པ། ལྟེ་བ་མན་ཆང་ མདུང་རྩེ་གཅིག་པའི་དབྱིབས་ཅན་གྱི་ཕུར་བུ་མེད་པུང་རབ་ཏུ་འབར་བར་གྱུར། yc+ཐོབ་བསང་སྦྱངས།-yc་སྟོང་པའི་དང་ལས་རྡོ་རྗེ་དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ཐོ་བ་མེ་རབ་ཏུ་འབར་བར་གྱུར། yc+པར་བསམ།-yc་རང་གི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་བགེགས་ཀྱི་ཚོགས་རྣམས་བཀུག་སྟེ། རྡོ་རྗེའི་ @008A ༄༅། །ར་བའི་ཕྱི་མེ་རིའི་ནང་དུ་ཧཱུཾ་རིང་པོ་ལས་གྲུབ་པའི་ཁྲོན་པ་རྣམས་སུ་བཅུག་པར་གྱུར་yc+པར་བསམ།-yc་ཧཱུཾ་ཞེས་yc+བརྗོད་དེ་སྤྱི་བོ་ནས་ཕུར་དུ་བ་ཙུགས་ལ།-yc་ཨོཾ་གྷ་གྷ་གྷ་ཏ་ཡ་གྷ་ཏ་ཡ། སརྦ་དུཥྚཾ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ། བཛྲ་ཀཱི་ལ་ཡ་བཛྲ་དྷ་རོ་ཨ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། yc+ཞེས་བརྗོད་ དེ་གྲྭ་བཞིར་གདབ།-yc་དབང་ལྡན་ནས་བརྩམས་ནས་བགེགས་རྣམས་ཀྱི་སྤྱི་བོ་ནས་རྐང་མཐིལ་གྱི་བར་དུ་ཕུར་བུས་བཏབ་པས། ལུས་ངག་ཡིད་གསུམ་གཡོ་འགུལ་མེད་པར་གྱུར། yc+དེ་ནས་བསྙེན་པ་དང་སྲུང་འཁོར་བསྒོམ་མོ། །གཉིས་པ་བསྟ་གོན་ལ་བཞི་ལས། དང་པོ་སའི་ལྷ་མོ་སྟ་གོན་ནི། དེ་ནས་དཀྱིལ་ འཁོར་གྱི་དབུས་སུ་དྲིའི་ཐིག་ལེ་བྱས་ལ། མེ་ཏོག་གི་ཚོམ་བུ་དགོད། ཆུ་བཞི་དང་མཆོད་པ་རྣམས་བཤམས་དེ?།།-yc་པཾ་ལས་བྱུང་བའི་སའི་ལྷ་མོ་སེར་མོ་དགའ་བ་དང་ལྡན་པའི་ཐུགས་ཅན་ཞི་བ། ན་བཟའ་དཀར་པོ་བསྣམས་པ། རྒྱན་བཟང་པོ་སྣ་ཚོགས་པས་བརྒྱན་པ། ཞལ་གཅིག་ཕྱག་གཉིས་ཀྱི་གཡས་ པས་སྐྱབས་སྦྱིན་གྱི་ཕྱག་རྒྱ་དང༌། གཡོན་པས་གསེར་གྱི་བུམ་པ་བསྣམས་པ། པདྨའི་གདན་ལ་བཞུགས་པར་བསྐྱེད་ལ། ལག་པ་གཡས་པར་ཟླ་བའི་སྟེང་དུ་ཧཱུཾ་གསུམ་གྱིས་མཚན་པར་གྱུར་yc+པར་བསམ-yc་སྟེ་རྡོ་རྗེ་དང་བཅས་པའི་སོར་མོའི་རྩ་མོས་ས་ལ་ལན་གསུམ་བསྣུན་པ་དང་ དེའི་སྒྲ་དང་ཧཱུཾ་གི་འོད་ཟེར་གྱིས་བསྐུལ་བས། ས་གཡོས་པའི་གསེབ་ནས་སའི་ལྷ་མོ་ཡེ་ཤེས་པ་ཐོན་པ་དང་འདྲེས་ནས། བདག་གིས་ཅི་བགྱི་བ་བཀའ་སྩོལ་ཅིག་ཅེས་གསུང་བར་གྱུར་yc+པར་བསམ། དེ་ནས་མཆོད་པ་བསང་སྦྱངས་སྔོན་དུ་འགྲོ་བས་སོ་སོའི་སྔགས་ཕྱག་རྒྱ་དང་བཅས་ཏེ།-yc་ ཨོཾ་པྲི་ཐི་ཝི་དེ་ཝི་ས་པཱ་རི་ཝར་པྲ་ཝ་ར་སད་ཀ་རཾ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱ་ཧཱ། yc+ཞེས་མཆོད་ཡོན་དང༌། དེ་བཞིན་དུ་བཱ་དྱཾ་གིས་ཞབས་བསེལ་དང༌།-yc་ཨཉྩམ་yc+ཎཾ་གིས་ཞལ་བསིལ་དང༌།-yc་པྲོ་ཀྵ་ཎཾ་གིས་བསང་གཏོར་ཕུལ་ནས། ཨོཾ་པྲི་ཐི་ཝི་དེ་ཝི་ས་པཱ་རི་ཝ་ར་པུཥྤེ་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ལ་ཤྲཱི་ལེ་ཧཱུཾ། yc+ཅེས་ @008B པ་ནས། ཤཔྟའི་བར་གྱིས་མཆོད།-yc་དེ་ནས་དོ་འདྲི་ལ་སྤོས་དང་བཅས་པས། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དང༌། །ས་དང་ཕ་རོལ་ཕྱིན་རྣམས་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་དཔུང་བཅོམ་ལྟར། །དེ་ བཞིན་བདག་གིས་བདུད་ཀྱི་དཔུང༌། །ཕམ་པར་བྱས་ཏེ་དཀྱིལ་འཁོར་བྲི། yc+།ཞེས་ལན་གསུམ་གསོལ་བ་བཏབ་པས།-yc་དེ་ལྟར་བགྱིས་ཤིག་ཅེས་གསུང་སྟེ་དེ་ཉིད་དུ་ཐིམ་ནས་སའི་ངོ་བོར་གནས་པར་གྱུར་yc+པར་བསམ་ལ་ལག་པ་རྡོ་རྗེ་ནང་བསྡམས་བྱ་སྟེ། ས་དེ་མནན་ལ-yc་ཨོཾ་བཛྲི་བྷ་ཝ་ཧཱུཾ། yc+ཞེས་ལན་གསུམ་བརྗོད་ བས།-yc་རྡོ་རྗེ་བསྔམས་པ་ལས་བྱུང་བའི་ཧཱུཾ་ཡིག་འོད་ཟེར་འབར་བ་འཕྲོས་པས་དབང་ཆེན་གསེར་གྱི་ས་གཞི་ལ་ཐུག་གི་བར་རྡོ་རྗེར་བྱས་པར་གྱུར་yc+པར་བསམ།-yc་ཨོཾ་བཛྲ་ཌི་ཌྷ་ཏིཥྛ། yc+ཞེས་ལན་གསུམ་བརྗོད་པས་བྱིན་གྱིས་བརླབ། གཉིས་པ་ལྷ་སྟ་གོན་ནི། ལྷ་གནས་ངེས་པའི་ཕྱིར་ཐིག་གདབ་དགོས་པས། ཐིག་སྐུད་ཀྱི་རྒྱུ་ནི། གཙང་ཞིང་མ་ཉམས་པའི་རས་བལ་ལམ། སྐྲ་མ་འདྲེས་པ་དཔའ་བོའི་རིན་གྱིས་ཉོས་པའམ། གཞོན་ནུ་མ་མ་ཉམས་པས་བཀལ་བའམ།-yc་ཡང་ན་དམ་ཚིག་ཅན་གྱིས་བཀལ་བས་ཀྱང་རུང་སྟེ། དེ་ཡང་ཁ་དོག་དཀར་པོ་སུམ་སྒྲིལ་འཇུར་མདུད་མེད་ཅིང་བཀལ་ལེགས་པ། དཔོན་སློབ་གཉིས་ཀྱི་མཛུབ་མོ་ནས་སོར་མོའི་བར་དུ་བཅུག ཅིང༌། དྲངས་ནས་རྡོ་རྗེ་ཁུ་ཚུར་དུ་བྱས་པ་ལ་མཛུབ་མོའི་རྒྱབ་ས་ལ་སྦྱར་བ་མ་གཏོགས་པ། རིང་བ་དཀྱིལ་འཁོར་གྱི་ཉིས་འགྱུར། སྦོམ་ཕྲ་སྒོའི་ཉི་ཤུའི་ཆ་ཡོད་བ་ལ་དྲི་ཞིམ་པོའི་ཆུ་དང༌། ཕྱིའི་བདུད་རྩི་ལྔ་དང༌། བའི་རྣམ་ལྔ་བྱུགས།-yc་ཐིག་སྐུད་ཀྱི་ནང་གི་མཐའ་གཉིས་དང་དབུས་སུ་ཨོཾ་ཨཱཿ ཧཱུཾ་གིས་མཚན་པར་གྱུར་yc+པར་ བསམ། དྲིས་བྱུགས་པའི་གསེར་ལ་སོགས་པའི་སྣོད་དུ་བཞག །རང་ཉིད་སྔར་ལྟར་གཙོ་བོའི་རྣལ་འབྱོར་དང་ལྡན་པས།-yc་ཐིག་སྐུད་ལ་ཨ་མྲྀ་ཏས་བསང་སྭ་བྷཱ་ཝ་ས་སྦྱངས། ཐིག་སྐུད་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ཧཱུཾ་གིས་མཚན་བ་དེ་ཡོངས་སུ་གྱུར་པ་ལས་ཁྲོ་བ་བདུད་ @009A ༄༅། །རྩི་འཁྱིལ་བ་སྐུ་མདོག་ལྗང་སྔོན་ཞལ་གཅིག་ཕྱག་གཉིས་པ། གཡས་སྣ་ཚོགས་རྡོ་རྗེ་ཐུགས་ཀར་འཛིན་ཞིང༌། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་པ། སྤྱན་གསུམ་པ། ཞལ་མཆེ་བ་ཅུང་ཟད་གཙིགས་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་ བརྒྱན་པ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཧཱུཾ་གི་འོད་ཟེར་གྱིས་རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཛཿ ཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། yc+པར་བསམ།-yc་ཧཱུཾ་ལས་འོད་འཕྲོས་ དབང་གི་ལྷ་རྣམས་སྤྱན་དྲངས། ཨོཾ་ནས་ཤྲཱི་ཡེ་ཧཱུཾ། ཞེས་དབང་བསྐུར་དོན་ཡོད་གྲུབ་པས་དབུ་བརྒྱན་པར་གྱུར། yc+དེ་ནས་མཆོད་པ་རྣམས་བསང་སྦྱངས་ཏེ།-yc་ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཨརྒྷཾ་yc+ནས་ཤཔྟའི་བར་གྱིས་མཆོད་ལ།-yc་རང་གི་རང་བཞིན་ཞི་བ་ལས། yc+།ཞེས་པ་ནས།-yc་བདུད་རྩི་འཁྱིལ་ལ་ ཕྱག་འཚལ་བསྟོད། yc+།ཅེས་བསྟོད། དེ་ནས་ལག་པས་རེག་ཅིང༌། འཁྱེལ་བ་བཟླས་ཏེ་བསྲུང༌།-yc་མིག་གཉིས་མ་དང་ཊ་ལས་ཉི་མ་དང་ཟླ་བ་སེར་པོར་གྱུར། བཛྲ་ཌིཥྚི་མ་ཊ། yc+ཞེས་བརྟན་པར་བྱས་སྟེ། འཁྱིལ་པ་བཟླས་པའི་ཕྱིའི་བདུད་རྩི་ལྔའི་ཆུ་དང༌། ཉུངས་ཀར་དང་དྲིའི་ཚུས་གཏོར་ལ། རྡོ་རྗེ་དང་བཅས་པའི་ལག་པ་གཡས་པས་རེག་སྟེ།-yc་ཨོཾ་ བཛྲ་ས་མ་ཡ་སུ་ཏྲ་མ་ཏི་ཀྲ་མ་ཧཱུཾ། yc+ཞེས་པ་གསུམ་དང༌།-yc་ཨོཾ་ཨཱཿ ཧཱུཾ། yc+ཞེས་བརྒྱ་རྩ་བརྒྱད་བཟླས་ནས་ལྷ་གནས་བྱའོ།-yc༌།ཨོཾ་སརྦ་སཾ་ཤོ་དྷ་ནི་ཧཱུཾ། yc+ཅེས་དྲིའི་ཆུས་བསང་གཏོར་བྱ། དེ་ནས།-yc་རང་གི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་བཅོམ་ལྡན་འདས་ཚེ་དཔག་མེད་ཀྱི་དཀྱིལ་འཁོར་མདུན་གྱི་ནམ་མཁར་སྤྱན་དྲངས། yc+པ་ལ་མཆོད་ཡོན་ ནས་རོལ་མོའི་བར་གྱིས་མཆོད། སྔར་གྱི་བསྟོད་པ་བྱ། དེ་ནས་རང་གཙོ་བོའི་རྣལ་འབྱོར་དང༌། སྒྲུབ་གྲོགས་བདུད་རྩི་འཁྱིལ་བར་བསྐྱེད། དེ་ནས་སློབ་དཔོན་ནུབ་དང་སློབ་མ་ཤར་ནས་ཕན་ཚུན་མནོར་བར་ཕྱོགས་ཏེ།-yc་ཕྱོགས་ཐམས་ཅད་རང་བཞིན་མེད་པ་མཉམ་པ་ཉིད་དུ་གྱུར་yc+པར་མོས་ནས་རང་དང་སློབ་མའི-yc་མིག་གཉིས་ཛཱ་ཛཱ་ལས་ཉི་མ་དང་ཟླ་བ་འོད་ཟེར་ @009B སེར་པོ་ཅན་དུ་གྱུར་yc+པར་བསྒོམས་ཏེ་སློབ་དཔོན་གྱིས་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་ལྟེ་བར་ཐིག་སྐུང་བཟུང་ལ།-yc་ཛྫཿ ཛྫཿ ཛྫཿ yc+ཞེས་བརྗོད་ཅིང་སློབ་མས་ཀྱང་དེ་དག་བརྗོད་དེ་དྲངས་ལ་གཡོན་པའི་རྡོ་རྗེ་འཚུར་གྱིས་བཟུང༌། རང་རྐང་པ་གཡོན་པ་སྐྱིལ་ཀྲུང་ཕྱེད་པ་དང༌། གཡས་བ་ས་ལ་བཙུགས་སློབ་མ་དེ་ལས་ཟློག་སྟེ་བསྡད་ནས།-yc་ཨོཾ་ཨཱཿ ཧཱུཾ་yc+ཞེས་ཤར་ནུབ་ཀྱི་ཚངས་ཐིག་གདབ། དེ་ནས། རྐང་མཐིལ་གཉིས་སུ་ཧཱུཾ་ཧཱུཾ་ལས་རྡོ་རྗེ་འབར་བ་རེ་རེས་མཚན་པར་གྱུར་yc+བར་བསམ་སྟེ། གཡས་སྐོར་དུ་ཕྱིན་ནས་སློབ་དཔོན་ལྷོ་དང་སློབ་མ་བྱང་དུ་གནས་པས་ལྷོ་བྱང་གི་ཚངས་ཐིག་གདབ། དེ་ནས་སློབ་དཔོན་མེ་དང་སློབ་མ་རླུང་དུ་གནས་པས་ཟུར་ཐིག་དང་པོ་དང༌། སློབ་དཔོན་བདེན་བྲལ་དང་སློབ་མ་དབང་ལྡན་དུ་གནས་པས་ཟུར་ཐིག་གཉིས་པ་གདབ། སློབ་དཔོན་མེ་ དང་སློབ་མ་དེ་ཉིད་དུ་གནས་པས་ཤར་གྱི་རྩ་ཐིག་དང༌། སློབ་དཔོན་རླུང་དང་སློབ་མ་བདེན་བྲལ་དུ་གནས་པས་ནུབ་ཀྱི་རྩ་ཐིག་དང༌། སློབ་དཔོན་དེ་ཉིད་དང་སློབ་མ་དབང་ལྡན་དུ་གནས་པས་བྱང་གི་རྩ་ཐིག་དང༌། སློབ་དཔོན་མེ་དང་སློབ་མ་བདེན་བྲལ་དུ་གནས་པས་ལྷོའི་རྩ་ཐིག་དང༌། དེ་ནས་ངང་གཙོ་བོར་གསལ་བའི-yc་མིག་གཉིས་སུ་ཧཱི་ཧཱི་ལས་ཉི་མ་དང་ཟླ་བ་འོད་ཟེར་འབར་ བཅན་གྱི་ལྷའི་སྐུ་སྒྱུ་མ་ལྟ་བུར་གྱུར་yc+པར་བསམ་ཞིང་ནུབ་ནས་ཤར་དུ་ཕྱོགས་ཏེ་གཡོན་རྐྱང་དུ་གནས་པའི་ལག་པ་གཉིས་ཀྱིས་རྡོ་རྗེ་དྲིལ་བུ་དཀུར་བཟུང་ནས།-yc་ཧཱི་ཧཱི་yc+ཞེས་བརྗོད་ཅིང་གཡོན་དང་གཡས་སུ་འགྱིང་བ་རེ་བྱ།-yc་ཐར་པའི་སྒོའི་བགེགས་སུ་གྱུར་བའི་སྒྲིབ་པ་རྣམས་དབྱི་བར་བྱའོ། yc+།སྙམ་དུ་མོས་ལ་དྲི་བཟང་པོའི་ཆུས་སྒོའི་ཆོངས་ཐིག་དང་རྩ་ཐིག་གཉིས་ ཕྲད་པའི་གཡས་གཡོན་ལ་ཆ་ཆུང་གཉིས་གཉིས་ཚང་སེ་ཐིག་དང་བཅས་པ་ཕྱིས་ལ་སྒོ་བཞིན་བྱི་བར་བྱའོ། །དེ་ནས་ཐིག་ལྷག་མ་རྣམས་སྐོར་ཕྱོགས་ལ་སོགས་པ་སྤྱི་དང་མཐུན་པར་བཏབ་ལ། དེ་ནས་ཟླུམ་ཐིག་གི་ཚེ་ཕུ་དབུ་བསང་སྦྱངས།-yc་སྟོང་པའི་ངང་ལས་སེང་ལྡེང་གི་ཕུར་བུ་སྟོད་རྡོ་རྗེ་རྩེ་ལྔ་པ་སྨད་རྡོ་རྗེ་རྩེ་གཅིག་པའི་རྣམ་པ་ཅན་དུ་གྱུར་yc+བར་བསམ་ བ་སྔར་གྱི་རྡུང་བའི་སྔགས་ཀྱིས་དབུས་སུ་གདབ། ཕུར་བུ་མེད་ནའང་བསྒོམས་ནས་དེ་ལྟར་བྱའོ། །དེ་ལ་ཐིག་སྐུད་བཏགས་ཏེ་རྟ་བབས་ནས་མཆེན་གཅིག་སོང་བར། དྭ་རྩེ་ནས་སྐོར་ཐིག་དང༌། དེ་ནས་ཆ་ཕྲན་གཉིས་སོང་བར་པདྨ་དང༌། དེ་ནས་ཆ་ཕྲན་གཉིས་ཀྱིས་རྡོར་དང༌། དེ་ནས་ཆ་ཆེན་གཅིག་གིས་འོད་འཕྲེང་དང༌། ནང་ཐིག་ནི། ཚངས་ཐིག་ནས་ཆ་ཕྲན་ལྔ་སོང་བར་ལྟེ་བའི་དོན་དང-yc་ @010A ༄༅། །དེ་ནས་ཆ་ཕྲན་བཅུ་སོང་བ་ནས་འདབ་མ་དང༌། དེ་ནས་ཆ་ཕྲན་གཅིག་གི་མུ་ཁྱུད་དེ་འདབ་མ་རྣམས་ཀྱི་གཅུས་ཐིག་ནི་གཞན་དང་མཐུན་ནོ། །ཐིག་རྣམས་ཐེབས་ནས་ཐིག་སྐུད་ལ་ཆུ་གཉིས་ནས་རོལ་མོའི་བར་གྱིས་མཆོད། འོག་ནས་འབྱུང་བ་ལྟར་བགེགས་གཤེགས་གསོལ་བྱའོ། །དེ་ནས་ལྷ་གནས་རྣམས་སུ་རང་རང་གི་ སྔགས་བརྗོད་ཅིང་དྲི་བཟང་པོའི་ཆུས་གཙོ་བོའི་གནས་སུ་གྲུ་བཞི་དང༌། གཞན་རྣམས་སུ་ཟླུམ་པོ་བྱའོ། །མེ་ཏོག་གི་ཚོམ་བུ་དགོད། མཆོད་པ་ལྷ་གྲངས་དང་མཉམ་པའམ། རེ་རེ་ཡང་བཅུ་ལས་མི་ཉུང་བར་བྱ། རང་ཉིད་དཀྱིལ་འཁོར་གྱི་ཤར་ནས་ནུབ་ཏུ་ཕྱོགས་བར་འདུག་ཅིང༌། བདག་བསྐྱེད་རྫོགས་བའམ། ཡང་ན་གཙོ་བོ་བསྐྱེད། དེ་ནས་མདུན་གྱི་དཀྱིལ་འཁོར་ལ་ཨ་ མྲྀ་ཏས་བསང་སྭ་བྷཱ་ཝས་སྦྱངས་ནས་གཞལ་ཡས་ཁང་གདན་བཅས་ཀྱི་བར་བསྐྱེད། ལྷ་རྣམས་ཀྱི་གནས་གསུམ་བྱིན་བརླབ་ཀྱི་བར་སྒྲུབ་ཐབས་བཞིན་བྱ།-yc་ཐུགས་ཀའི་ཧྲཱིཿ དམར་པོ་ལས་འོད་འཕྲོས། སྒོམ་པའི་དཀྱིལ་འཁོར་ནམ་མཁར་བཏེག་བ་སྤྱན་དྲངས། ཛཿ ཧཱུཾ་བཾ་ཧོཿ དམ་ཚིག་བརྟེན་དང་བརྟེན་པའི་དཀྱིལ་འཁོར་ ལ་ཡེ་ཤེས་བརྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་དབྱེར་མེད་དུ་ཐིམ་པར་གྱུར་yc+པར་བསམས་ལ། དེ་ནས་སྒྲུབ་ཐབས་ལྟར་དབང་བསྐུར་རྒྱས་བཏབ་ལ་མཆོད་བསྟོད་རྒྱས་པ་བྱའོ། །གསུམ་པ་བུམ་པ་སྟ་གོན་ནི། རྒྱས་པར་ན་བུམ་པ་བཅུའམ། མེད་ན་རྣམ་རྒྱལ་དང་ལས་བུམ་གཉིས་སུ་བསྡུ་ཞིང་ཧཱུཾ་ལན་བདུན་བཟླས་པའི་སྐུད་པ-yc་ དཀར་པོ་བདུན་གྱིས་རས་བལ་ལ་སོགས་པའི་མགུལ་འཆིངས་ཀྱི་སྟེང་དུ་དཀྲི། འཁྱིལ་བའི་སྔགས་བཟླ་ཞིང་གུ་གུལ་གྱིས་བདུག། ཉུངས་ཀར་གྱིས་བརྡེག་རྟ་གླང་བོང་བུས་མ་བགྲོད་པའི་ཆུ་གཙང་མས་རན་པར་དགང༌། གསེར་དངུལ་མུ་ཏིག་བྱི་རུ་པདྨ་ར་ག་སྟེ་མེད་ན་ཟངས་སམ། དུང་སྟེ་རིན་པོ་ཆེ་ལྔ། གྲོ་ནས་ཏིལ་ཡོན་སྲན་འབྲས་སོ་ བ་སྟེ་འབྲུ་ལྔ། བྲི་ཧ་ཏི། ཀ་ནཱ་ཀ་རི། ཧ་ས་དེ་བ། ཨ་བ་ར་ཛི་ཏ། ཌཎྜ་ཨུ་བ་ལ་སྟེ་སྨན་ལྔ། ག་བུར། གུར་ཀུམ། ཙནྡན་དཀར་དམར། ཛ་ཏི་སྟེ་དྲི་ལྔ་རྣམས་བུམ་པའི་ནང་དུ་གཞུག །འབྲས་བུ་ཅན་གྱི་ཤིང་གིས་ཁ་བརྒྱན། རྣམ་རྒྱལ་གྱི་སྟེང་དུ་ཧཱུཾ་གིས་བསྔགས་པའི་དུང་ཆོས་སམ། རྫ་ཕོར་དུ་ཕྱིའི་བདུད་རྩི་ལྔ་དང་བཅས་པའི་དྲི་བཟང་གིས་ @010B ཆུས་དགང༌། དེའི་སྟེང་དུ་མེ་ཏོག་གི་ཕྲེང་བ་དབུས་སུ་བཅིངས་པའི་རྡོ་རྗེ་བཞག །སྟ་གོན་གྱི་དཀྱིལ་འཁོར་གྱི་བྱང་ཤར་གྱི་ཀུ་ཤའི་གདན་ལ་འཁོད། དེ་ནས་བུམ་པ་རྣམས་ཨ་མྲྀ་ཏས་yc+བསང༌།-yc་སྭ་བྷཱ་ཝ་yc+ས་སྦྱངས།-yc་བུམ་པ་གཉིས་སོགས་ཡོད་ན་རྣམས་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་yc+གཅིག་ལས་མང་ན།-yc་བཾ་བཾ་ལས་ བྱུང་བའི་རིན་པོ་ཆེའི་བུམ་པ་དཀར་པོ། ལྟོ་བ་ཆེ་བ། མགྲིན་པ་རིང་བ། མཆུ་འཕྱང་བ་ལ་སོགས་པ་མཚན་ཉིད་ཐམས་ཅད་དང་ལྡན་པར་གྱུར། ཨོཾ་ཏ་པྟེ་ཏ་པྟེ་མ་ཧཱ་ཏཔྟེ་སྭཱ་ཧཱ། ལྷའི་ཆུ་བོ་གངྒཱ་དང་བུམ་པའི་ཆུ་དབྱེར་མི་ཕྱེད་པར་གྱུར། yc+བསྡུན་ངེས་ཆོག་ལ། རྒྱས་པ་ལ་སྤྲོན་བྷྲུཾ་ལས་གཞལ་ ཡེས་ཁང་གདན་བཅས་ཀྱི་བར་སྒྲུབ་ཐབས་ལྟར་བསྐྱེད།-yc་རྣམ་རྒྱལ་བུམ་པའི་དབུས་སུ་པཾ་ལས་པདྨ་འདབ་མ་བརྒྱད་པའི་ལྟེ་བ་དང་འདབ་མ་རྣམས་ཀྱི་གནས་སུ། yc+ཅེས་པ་ནས།-yc་སྐྱིལ་མོ་ཀྲུང་གིས་བཞུགས་པ། yc+ཁ་ཅིག་ལྷ་དགུའི་བདག་ཉིད་དུ་གྱུར་བ་ན་ཞེས་པ་བདག་བསྐྱེད་ལ་སྦྱོར་ཞིང༌། བུས་བསྐྱེད་ལ་ངོ་བོར་གྱུར་ཞེས་ དང༌། མདུན་བསྐྱེད་ལ་དཀྱིལ་འཁོར་དུ་གྱུར་ཞེས་བསྒྱུར་དགོས་ཟེར་བ་མི་འཐད་དེ། བདག་ཉིད་དུ་གྱུར་པ་ནི་ངོ་བོར་གྱུར་བའམ་བདག་ཉིད་ཅན་དུ་གྱུར་ཞེས་པའི་དོན་ཡིན་གྱི་བདག་བསྐྱེད་དུ་གྱུར་པའི་དོན་མ་ཡིན་པའི་ཕྱིར་རོ། །བུམ་པ་གཉིས་ཡོད་ན།-yc་ལས་བུམ་གྱི་ནང་དུ་དང་མེད་ན། གཙོ་བོའི་གཡོན་དུ་པཾ་ལས་པདྨ་དང་ཨཱཿ ལས་ཟླ་བའི་དཀྱིལ་ འཁོར་གྱི་སྟེང་དུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཧཱུཾ་གིས་མཚན་པ། དེ་ཡོངས་སུ་གྱུར་པ་ལས་ཁྲོ་བོ་བདུད་རྩི་འཁྱིལ་པ་སྐུ་མདོག་ལྗང་སྔོན་ཞལ་གཅིག་ཕྱག་གཉིས་པ་གཡས་སྣ་ཚོགས་རྡོ་རྗེ་ཐུགས་ཀར་འཛིན་ཅིང༌། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་པ། སྤྱན་གསུམ་ བ་མཆེ་བ་ཅུང་ཟད་གཙིགས་པ་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང༌། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ལྷ་ཚོགས་དེ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། yc+ཅེས་པ་ནས།-yc་ཚེ་དཔག་མེད་ལྷ་དགུ་དང་ཁྲོ་བོ་བདུད་རྩི་འཁྱིལ་པ་ལ་སངས་རྒྱས་དང་yc+ཅེས་པ་ནས། བཛྲ་ས-yc་ @011A ༄༅། །མཱ་ཛཿ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། yc+།ཞེས་སོགས་སྤྱན་འདྲེན་རྒྱས་བསྡུས་ཅི་རིགས་དང༌།-yc་ཨོཾ་པདྨ་ཀ་མ་ལ་ཡ་སྟྭཾ། yc+ཞེས་པ་ནས།-yc་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་yc+ཞེས་བཅས།-yc་དབུ་བརྒྱན་བ་དང༌། ཁྲོ་བོ་བདུད་རྩི་འཁྱིལ་པ་ ལ་དོན་ཡོད་གྲུབ་པས་དབུ་བརྒྱན་ཅིང༌། དབང་གི་ལྷ་རྣམས་ཀྱང་དེ་ཉིད་ལ་ཐིམ་པར་གྱུར། yc+དེ་ནས་མཆོད་པ་སྔར་ལྟར་བྱིན་གྱིས་བརླབས་ལ་འབུལ་བ་ནི།-yc་ཆུ་བོ་གངྒཱའི་རྒྱུན་བཞིན་དུ། །ཡོན་ཆབ་རྒྱུན་ཡང་མི་ཆད་པ། །བུམ་པའི་ལྷ་ཡི་ཚོགས་ལ་འབུལ། །འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཨོཾ་ཨཱ་ཧཱ་ ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ས་པཱ་རི་ཝ་ར་ཨརྒྷཾ་yc+ནས་ཤཔྟའི་བར་དུ་མཆོད། བསྟོད་པ་རྒྱས་བའམ། ཡང་ན-yc་འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད།། yc+ཅེས་སོགས་དང༌།-yc་འཁོར་བའི་སེམས་ཅན་མ་ལུས་པ། yc+།ཅེས་སོགས་དང༌།-yc་རང་གི་རང་བཞིན་ཞི་བ་ལས། །གདུག་པ་འདུལ་ཕྱིར་ཁྲོ་བོའི་སྐུ།། མ་རུང་ཚར་གཅོད་རྡོ་རྗེ་ཅན། །བདུད་རྩི་འཁྱིལ་ལ་ཕྱག་འཚལ་བསྟོད། yc+།དེ་ནས་དུང་ཆོས་ཀྱི་ཆུ་ལ།-yc་ཨོཾ་བཛྲ་ཨ་མྲྀ་ཏ་ཨུ་ང་ཀ་ཧཱུཾ། yc+ཞེས་པ་ཅི་འགྲུབ་དང༌།-yc་ཨོཾ་ཨཱཿ ཧཱུཾ། yc+ཡན་བདུན་བཟླས་ནས།-yc་དུང་ཆོས་ཀྱི་ཆུ་ཡེ་ཤེས་ཀྱི་བདུད་རྩིར་བྱས་པའི་རྡོ་རྗེའི་རྡུལ་ཕྲ་རབ་ཀྱི་རང་བཞིན་དུ་གྱུར། ལྷ་ སོ་སོའི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདུད་རྩི་བཀུག་ནས་བུམ་པའི་ལྷ་རྣམས་ཀྱི་ཐུགས་རྒྱུད་བསྐུལ་ཏེ། སྐུའི་ཆ་ནས་བདུད་རྩིའི་རྒྱུན་བབས་པ་རྣམས་བུམ་པའི་ཆུ་དང་དབྱེར་མེད་པར་གྱུར། ཨོཾ་བཻ་ ཁོ་ན་ན་ཨཱ་ཡུརྫྙཱ་ན་སིདྡྷི་ས་མ་ཡ་ཧཱུཾ། yc+ཞེས་པར་བརྒྱ་རྩ་བརྒྱད་དང༌།-yc་བཛྲ་ཨཱ་ཡུརྫྙཱ་ན་(X)་རཏྣ་(X)་པདྨ་(X)་ཀརྨཱ་(X)་སརྦ་ལོ་ཀེ་ཏེ་(X)་གུ་ཎ་(X)་ཛྙཱ་ན་(X)་ཨ་ཙ་ལ་(X)་yc+རྣམས་བཅུག་སྟེ། བརྒྱ་རྩ་རེའམ་ཡང་ན་ཉེར་གཅིག་རེ་བཟླའོ། །དེ་ནས་ལས་བུམ་ལ།-yc་ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། yc+ཞེས་བརྒྱ་རྩ་བརྒྱད་བཟླ་ཞིང་ @011B ཐུན་མོང་དུ་ཨོཾ་ཨཱཿ ཧཱུཾ། yc+བརྒྱ་རྩ་དང༌། གཟུངས་རིང་ཡང་བཟླ་ཤིང་ཡིག་བརྒྱ་ལན་བདུན་ནམ་གསུམ་བཟླའོ།-yc༌།དེ་ནས་ཨོཾ་བཻ་རོ་ཙ་ན་ཨཱ་ཡུརྫྙཱ་ན་སིདྡྷི་ས་མ་ཡེ་ཧཱུཾ། དང་yc+ཧཱུཾ་ལན་བདུན་བཟླས་པའི་མཆོད་ཡོན་ཕུལ། འཁྱིལ་བ་བཟླས་པའི་མེ་ཏོག་གསུམ་གཞུག །དེ་ནས་ཉེར་སྤྱོད་ལྔ་དང་རོལ་མོས་མཆོད་ཅིང༌། འཁྱིལ་བའི་སྔགས་དང༌། ལས་བུམ་གྱི་ཆུས་བསང་ཞིང༌།-yc་ཇི་སྲིད་དཀྱིལ་འཁོར་གྱི་བྱ་བ་ རྣམས་མ་རྫོགས་པ་དེ་སྲིང་དུ་བགེགས་རྣམ་པར་བཟློག་པའི་འཕྲིན་ལས་མཛོད་ཅིག yc+།ཅེས་གསོལ་བ་གདབ། བསྟོད་བརྒྱས་བསྡུས་གང་རུང་བྱའོ། །དེ་ནས་ཨོཾ་ཨཱཿ ཧཱུཾ།-yc་བཛྲ་མུཿ བུམ་ལྷ་ཡེ་ཤེས་པ་རྣམས་རང་བཞིན་གྱི་གནས་སུ་གཤེགས་ཤིང༌། དམ་ཚིག་པ་རྣམས་བུམ་པའི་ཆུ་དང་རོ་གཅིག་ཏུ་ གྱུར་yc+བར་བསམ་མོ། །བཞི་པ་གཞན་ལ་དབང་བསྐུར་བའི་ཚེ་སློབ་མ་སྟ་གོན་ནི། མཚན་ཉིད་དང་ལྡན་པའི་སློབ་མས་མཎྜལ་ཕུལ།-yc་དགའ་ཆེན་ཁྱོད་བདག yc+ཅེས་སོགས་ཀྱིས་གསོལ་གདབ་ལན་གསུམ་དང༌།-yc་དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། yc+།ཞེས་སོགས་གསུམ་གྱིས་སྐྱབས་སེམས་འཛིན་དུ་འཇུག །དེ་ནས་སློབ་མའི་གནས་གསུམ་བྱིན་བརླབ་ བྱའོ༑ སོ་ཤིང༌། སྲུང་སྐུད། ཀུ་ཤ?་སྦྱིན་པ་རྣམས་བྱས་ལ།-yc་འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། yc+།ཞེས་སོགས་ཀྱིས་སྤྲོ་བ་བསྐྱེད་པ་དང༌། སྙན་གམས་འབེབས་པ། དཀྱིལ་འཁོར་ནམ་མཁར་འདེགས་པའི་བར་རྣམས་འདུལ་འཛིན་པའི་ཆོ་གར་བཤད་པ་ལྟར་བྱའོ། །གསུམ་པ་དངོས་གཞིའི་ཆོ་ག་ལ་གསུམ། ཡི་ཐིག་གདབ་ཅིང་ཚོན་དགྱི་བ། བུམ་ པ་དགོད་ཅིང་རྒྱན་དགྲམ་པ། བསྒྲུབ་ཅིང་མཆོད་ནས་དབང་བསྐུར་བའོ། །དང་པོ་ནི། དེ་ནས་ཐིག་སྐུད་དཀར་པོ་ལྔ་ཚན་ཚོན་སོ་སོས་ཁ་སྒྱུར། སྣོད་སོ་སོར་དབུས་དང་ཕྱོགས་བཞིར་དགོད། བསང་སྦྱངས་ནས་རྣམ་སྣང་ལ་སོགས་པ་རིགས་ལྔར་བསྐྱེད། དེ་ནས་རང་གཙོ་བོ་དང་སློབ་མ་འཁྱིལ་པར་བསྐྱེད་པ་གཉིས་ཀའི་ལག་པ་གཡོན་པའི་སོར་མེའི་རྩེ་མོ་ནས་མཐེ་བོའི་ བར་དུ་སྔོ་དཀར་དམར་སེར་ལྗང་པའི་རིམ་པས་ཁ་ཀོང་ནས་ཀྱང་རྫི་མ་བདེགས་ཤིང་རྡེབས་པ་འབར་བའི་ལྟ་བ་མ་རིགས་ལྔ་བསྐུལ་བར་བསམ་ཞིང༌།-yc༌།ཨོཾ་དཱ(PtA) ཏིཥྛ་ཨཾ་གུ་ཤ་ཛཿ བཅོམ་ལྡན་འདས་དཀྱིལ་འཁོར་ཆེན་པོའི་ཐིག་གདབ་བའི་ཕྱིར། རྡོ་རྗེའི་ཐིག་བདག་ལ་སྩོལ་ཅིག །འབར་བའི་ལྟ་སྟངས་ལྕགས་ཀྱུ་ལྟ་བུས་བཀུག @012A ༄༅། །པའི་ཡེ་ཤེས་ཀྱི་ཐིག་སྐུད་སྟ་གོན་གྱི་ལྷའི་ཐུགས་ཁ་ནས་བཏང་བ་ལག་པའི་ཐིག་སྐུད་སོ་སོ་ལ་ཐིམ་པར་གྱུར་yc+པར་བསམ། དེ་ནས-yc་ཨོཾ་ཨ་ནྱོ་ནྱ་ཨ་ནུ་ག་ཏ་སརྦྦ་དྷརྨྨཱཿ ཨ་ཏྱ་ན་ཏ་ཨ་ནུ་པྲ་བིཥྚ་སརྦ་དྷརྨྨཱཿ yc+ཞེས་གཉིས་ཀས་བརྗོད་ཅིང་དེ་རྣམས་སོ་སོར་སྒྲིལ། དེ་ནས་གཅིག་ཏུ་སྒྲིབ། དེ་ནས་དྲིའི་ ཆུ་སོགས་ཀྱིས་བྱུགས་པ་ངང་ཡི་གེ་གསུམ་བཀོད་པ་ལ་སོགས་པ་ལས་ཐིག་ལྟར་བྱ། དྲིས་བྱུགས་པའི་གསེར་ལ་སོགས་པའི་སྣོད་དུ་བཞག་སྟེ། ཆུ་གཉིས་ནས་རོལ་མོའི་བར་གྱིས་མཆོད་ནས། ལག་པས་རེག་ཅིང་འཁྱིལ་པ་བཟླས་ལ་བསྲུང༌། ཞེས་པ་ནས་སློབ་མས་ཀྱང་བརྗོད་ཅིང་དྲངས། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་བཟུང་ཞེས་བའི་བར་ ལས་ཐིག་ལྟར་བྱས་ལ། རྡོ་རྗེ་དང་བཅས་པའི་ལག་པ་གཡས་པའི་མཐེ་བོང་དང་འཛུབ་མོས་ཐིག་སྐུད་གཟུང་ལ། སེ་གོལ་གྱི་སྦྲ་དང་བཅས་པས་ནམ་མཁའ་ལ་གདབ་ཅིང༌།-yc་ཨོཾ་བཛྲ་ས་མ་ཡ་སུ་ཏྲཾ་མ་ཏི་ཀྲ་མ་ཧཱུཾ། yc+།ཞེས་བརྗོད།-yc་སྐྲ་དེས་ནམ་མཁའ་ཁྱབ་པའི་སངས་རྒྱས་རྣམས་བསྐུལ་ཏེ་བྱོན་ནས་ཐིག་སྐུད་ལ་ཐིམ་ པར་གྱུར་yc+པར་བསམ། དེ་ནས་ལག་པ་གཉིས་མཉམ་པར་ཐབ་ལ། སྔགས་དེ་ཉིད་བརྗོད་ཅིང༌། ཚངས་ཐིག་དང་པོས་ལ་གདབ།-yc་ངོ་བོ་ཡེ་ཤེས་ལ་རྣམ་པ་སྲད་བུ་ཁ་དོག་ལྔར་སྣང་བའི་ཐིག་སྐུད་རེ་ཆད་ནས་ལས་ཐིག་ལ་ཐིམ་པར་གྱུར་yc+པར་བསམ། དེ་ནས་རྐང་པ་བྱིན་གྱིས་བརླབས་ཏེ་གཡས་བསྐོར་དུ་ཕྱིན་ནས། ལྷོ་བྱང་གི་ ཚངས་ཐིག་ནམ་མཁའ་དང་ས་གཞི་ལ་འདེབས་པ་གོང་ལྟར་བྱ། དེ་ནས་ནམ་མཁའ་ལ་གདབ་པ་མ་གཏོགས་སྐོར་ཕྱོགས་ལ་སོགས་པ་སྔར་ལྟར་བྱ་སྟེ། ལས་ཐིག་གང་ཡོད་དུ་གདབ། ཐིག་ཐེབས་བ་དང་ཐིག་སྐུད་པ་སྔར་ལྟར་མཆོད་ནས།-yc་ཨོཾ་ཨཱཿ ཧཱུཾ། བཛྲ་མུཿ ཐིག་སྐུད་ཀྱི་ཡེ་ཤེས་པ་ནམ་མཁར་བཞུགས་པའི་རྒྱལ་བ་རྣམས་ཀྱི་ ཐུགས་ཀར་གཤེགས་ཤིང༌། དམ་ཚིག་པ་རང་ལ་ཐིམ་པར་གྱུར་yc+བར་བསམ་མོ། །དེ་ནས་ཚོན་རྣམས་ལ་ཧྲཱིཿ ཡིག་བྲི་ཞིང་གནས་མ་འཚོལ་བར་དགོད། ཚོན་རྣམས་བསང་སྦྱངས་ནས་རྣམ་སྣང་ཚེ་དཔག་མེད་ལ་སོགས་པ་རིགས་ལྔར་བསྐྱེད།-yc་ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ། ཨོཾ་དཱིཔྟ་ཏིཥྛ་ཨཾ་གུ་ཤ་ཛཿ འབར་བའི་ལྟ་སྟངས་ @012B ལྕགས་ཀྱུ་ལྟ་བུས་སྟ་གོན་གྱི་ལྷའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་ཚོན་བཀུག་སྟེ་དམ་ཚིག་པ་སོ་སོ་དང་ངོ་བོ་གཅིག་ཏུ་གྱུར། yc+དེ་ནས་ཚོན་རྣམས་ལ་ཧི་ཞེས་པ་བྲིས་ལ་ཧི་ཞེས་བརྗོད་པས།-yc་ཚོན་རྣམས་མང་པོར་སྦྱར་བར་གྱུར་yc+བར་བསམས་ལ། མེ་ཏོག་ནས་རོལ་མོའི་བར་གྱིས་མཆོད་དེ། དེ་ནས་འོག་ནས་འབྱུང་བའི་སྔགས་ཀྱིས་ཕུར་བུ་ བཏོན་ཏེ་ཕུར་ཁུང་ཚོན་སྣ་ལྔས་དགང༌། དེ་ནས་རྡོ་རྗེ་ཤུགས་ཀྱི་འཇུག་པས་དཀྱིལ་འཁོར་གྱི་ནང་དུ་ཞུགས་ཏེ། དེ་ཡང་རྩིག་པ་ལྔ་ནི་ཕྱི་ནས་སྔོ་སེར་དམར་ལྗང་དཀར་བ། ཕྱོགས་ཚོན་ནི་ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང༌། དབུས་དཀར་བ། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ། yc+ཞེས་བཟློས་ཤིང་དབང་ལྡན་ནས་བརྩམས་ཏེ་ག་ལས་སྐོར་གྱིས་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་ སོར་བཅུ་གཉིས་ཀྱི་ཚད་དུ་བྲི་ཞིང༌། དེ་ནས་རང་རམ་གཞན་གྱིས་ཅི་བདེར་བྲིའོ། །ནང་པདྨ་འདབ་བརྒྱད་དམར་པོ་ལྟེ་བ་ལྗང་གེ་སར་སེར་མུ་ཁྱུད་སྔོན་པོ་ལ་རྡོ་རྗེ་དཀར་པོ། རྩིག་པའི་སྙིང་གི་ཕ་གུ་སེར་པོ་ལ་རིན་པོ་ཆེའི་ཕྲེང་བས་སྤྲས་པ། དྲ་ཕྱེད་ཀྱི་གཞི་ནག་པོ་ལ་ཤར་བུ་དང་མདའ་ལབ་དཀར་པོ། རྟ་བབས་ཀྱི་གསེར་སྣམ་སེར་པོ། ཤར་བུ་རིན་པོ་ཆེ་སྔར་བཞིན། རྟ་ རྨིག་དང་ཝ་ར་ན་ཌ་མཛེས་ཚོན། མུན་པ་གཉིས་ནག་པོ། འཁོར་ལོ་དང་རི་དགས་སེར་པོ། སྣ་ཚོགས་རྡོ་རྗེའི་རྭ་དབུས་མ་དང་གླང་རྒྱབ་ཀྱི་ནང་ཕྱོགས་མདོག། ཕྱོགས་ཀྱི་རྭ་རྒྱལ་བའི་མདོག །ཁྱམས་ལྗང་ཁུ། པད་འདབ་སྣ་ཚོགས་པ། རྡོ་རྗེར་བའི་གཞི་སྔོན་པོ་ལ་རྡོ་རྗེ་དཀར་པོ། འོད་ཕྲེང་ཁ་དོག་སྣ་ཚོགས་པ། དབུས་ཀྱི་པདྨའི་ལྟེ་བ་དང་འདབ་མ་བརྒྱད་ཀྱི་སྟེང་དུ་ཟླ་བ་ལ་ གནས་པའི་ཧྲཱིཿ དམར་པོ་རེ་བྲིའོ། །དེ་ལྟར་བྲིས་ཟིན་པ་དང་ཚོན་ལྷག་མ་རྣམས་བསྡུས་ཏེ། ཡེ་ཐིག་ལྟར་མཆོད་བ་དང་གཤེགས་གསོལ་བྱའོ། །གཉིས་པ་ནི། དཀྱིལ་འཁོར་གྱི་མཐར་མཆོད་པ་ལྷ་གྲངས་དང་མཉམ་པ་དབང་ལྡན་ནས་བརྩམས་ཏེ་གཡས་བསྐོར་དུ་བཤམས། གདུགས་དང་རྒྱལ་མཚན་ལ་སོགས་པས་བརྒྱན་པ་དང༌། གཏོར་མ་རྣམས་སྟ་གོན་བྱ། འཆི་བླུ་བྱེད་ན་ ཇི་ལྟར་བྱ་དགོས་པ་གཞན་དུ་ཤེས། གསུམ་པ་ནི། བདག་བསྐྱེད་བཟླས་པ་དང་བཅས་པ་སྔར་ལྟར་བྱས་ལ།-yc་རང་གི་ཐུགས་ཀའི་ཧྲཱིཿ ལས་འོད་འཕྲེས། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་རྣམས་བསྡུས་ཏེ་རང་ཉིད་ལ་ཐིམ་པར་གྱུར་yc+ཅེས་བརྗོད་ཅིང་བསམ། འདི་རས་བྲིས་ཀྱི་དཀྱིལ་འཁོར་བསྒྲུབ་བའི་སྔོན་དུ་བདག་བསྐྱེད་བསྒོམ་ @013A ༄༅། yc+།བའི་མཐར་ཡང་བྱའོ། །དེ་ནས-yc་ཨོཾ་བཛྲ་བེ་ག་ཨ་ཀྲ་མ་ཧཱུཾ། ཞེས་འབྱུང་བ་ནི་དཀྱིལ་འཁོར་དུ་འཇུག་པའི་སྐབས་སུ་རྡོ་རྗེའི་ཤུགས་ཀྱིས་འཇུག་པའི་དོན་ཡིན་བས། དཀྱིལ་འཁོར་བསྒྲུབ་པའི་ཐོག་མར་འདོན་དགོས་ཀྱི། ཁ་ཅིག་བདག་བསྐྱེད་དང་བུམ་བསྐྱེད་གང་རུང་གི་མཇུག་ཉིང་དུ་སྦྱོར་རྒྱུ་ཡིན་སྙམ་པ་ནི་དོན་ མིན་ནོ། །འོན་ཀྱང་དེ་འདུལ་འཛིན་བའི་ཆོ་གར་འབྱུང་གི །པཎ་ཆེན་གྱི་དེར་མི་འབྱུང་ངོ། །དེ་ནས་སྔར་གྱི་སྔགས་དེ་བརྗོད་ནས་རྡོ་རྗེ་ཤུགས་ཀྱི་འཇུག་བས་དཀྱིལ་འཁོར་གྱི་ནང་དུ་ཞུགས་པར་མོས་ཏེ། དཀྱིལ་འཁོར་ཨཱ་མྲྀ་ཏ་yc+ས་བསངས-yc་སྭ་བྷཱ་ཝ་yc+ས་སྦྱངས།-yc་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་ཅིང་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཧཱུཾ་གིས་མཚན་པ། yc+ཅེས་པ་ནས།-yc་དབང་གི་ལྷ་རྣམས་ཀྱང་དེ་ཉིད་ལ་ཐིམ་པར་གྱུར། དཀྱིལ་འཁོར་བསྒྲུབ་པའི་ཉི་མ་དང་པོའི་དུས་སུ་སྟ་གོན་གྱི་ལྷ་འབེབས་དགོས་བས། དེའི་སྐབས་ཀྱང་ཤེས་པར་བྱའོ། །མཆོད་པ་ཨ་མྲྀ་ ཏ་yc+ས་བསང་སྦྱངས-yc་སྟོང་པའི་ངང་ལས་ཨོཾ་yc+ཞེས་པ་ནས།-yc་མཉམ་པར་གྱུར། ཨོཾ་ཨརྒྷཾ་ཨཱཿ ཧཱུཾ། yc+ཞེས་པ་ནས།-yc་བཛྲ་ཤཔྟ་ཨཱཿ ཧཱུཾ། དང་ཨོཾ་རཱུ་པ་བཛྲ་ཨཱཿ ཧཱུཾ། yc+ནས-yc་ཨོཾ་སྤརྴ་བཛྲ་ཨཱཿ ཧཱུཾ། yc+གི་བར་གྱིས་བྱིན་བརླབ་བྱ་ཞིང༌། དེ་ནས།-yc་མཆོད་ཡོན་ཕལ་ཆེར་མཆོད་ཡོན་བླ་རེ་དང༌། །མཆོད་ཡོན་བཀོད་པའི་འོད་ཟེར་རབ་ བཀྱེ་ཞིང༌། །མཆོད་ཡོན་སྣ་ཚོགས་ཀུན་ཏུ་བཀྲམ་བྱས་ནས། །བདག་ཉིད་ཆེན་པོ་རྒྱལ་བ་སྲས་བཅས་མཆོད། །ཨོཾ་ཨ་པ་རི་མི་ཏཱ་ཡུ་རྫྙཱ་ན་ས་པཱ་རི་ཝ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱ་ཧཱ། yc+དེ་བཞིན་དུ་ཤཔྟའི་བར་དུ་སྦྱར་ལ་མཆོད།-yc་ཨོཾ་སརྦ་བི་ད་པཱུ་ར་པཱུ་ར། སུ་ར་སུ་ར་ཨ་བརྟ་ཡ་ཨ་བརྟ་ཡ་ཧོཿ yc+འདུལ་འཛིན་བའི་དེར་ མཆོད་ཡོན་གྱི་མཐར་སྔགས་འདི་ཙམ་ལས། མཆོད་པ་གཞན་མི་འགྱུར་བ་ནི་བསྡུས་འཛིན་ཡང་དུ་བྱས་ཞིང༌། རྒྱས་པ་བྱེད་ན་སྔགས་དེ་མ་བརྗོད་ཀྱང་ཆོག་ལ། པཎ་ཆེན་གྱི་དེར་རོལ་མོའི་རྗེས་སུ། སྣ་ཚོགས་དབང་པོ་སོགས་ཀྱིས་གོས་དང༌། རྒྱལ་བ་མཚན་དཔེ་སོགས་ཀྱིས་རྒྱན་ཕུལ་བའི་རྗེས་སུ་འདོད་ཡོན་ལྔ། རྒྱལ་སྲིད་བདུན་བུམ་པ་བཀྲ་ཤིས་རྟགས་བརྒྱད་རྣམས་རིམ་བར་ @013B འབུལ་བར་བཤད། ལྷན་ཐབས་ལ་ལར་འདོད་ཡོན་རྒྱལ་སྲིད་ཀྱི་རྗེས་སུ་འབྱུང་ཡང༌། གཞུང་གཞན་ཕལ་ཆེར་ལས་འདོད་ཡོན་རྒྱལ་སྲིད་ཀྱི་སྔོན་དུ་འབྱུང་བ་མང་བས་འདིར་ཡང་དེ་ལྟར་བྱའོ། །དེས་ན།-yc་འཛམྦུའི་གླིང་དང་གླིང་གཞན་དུ། །གཟུགས་མཆོག་ཚོགས་ཀྱིས་བཀང་བ་ཡང༌། །སྟོང་གསུམ་ལ་སོགས་ཇི་བཞིན་དུ། །ཞུམ་པ་ མེད་པར་བཅས་ཏེ་འབུལ། །ཨོཾ་ཨ་པ་རི་yc+ནས-yc་ཝ་ར་རཱུ་པ་པྲ་ཏཱིཙྪ་ཧཱུཾ་སྭཱ་ཧཱ། yc+དེ་བཞིན་དུ་སྦྱར་ཏེ།-yc་སྒྲ་སྙན་ཚོགས་(X)་དྲི་མཆོག་(X)་རོ་མཆོག་(X)་རེག་བྱའི་(X)་ཤཔྟ་(X)་གནྡྷེ་(X)་ར་ས་(X)་སྤརྴ་དང༌། འཁོར་ལོ་(X)་ནོར་བུ་(X)་བཙུན་མོ་(X)་བློན་པོ་(X)་གླང་པོ་(X)་རྟ་མཆོག་(X)་དམག་དཔོན་(X)་ཙཀྲ་(X)་མ་ཎི་(X)་ སྟི་(X)་པུ་རུ་ཥ་(X)་ཧསྟི་(X)་ཏུ་རཾ་ག་ཨ་ཤྭ་(X)་ཁངྒ་རཏྣ་yc+སྦྱར་བས་འདོད་ཡོན་དང་རྒྱལ་སྲིད་འབུལ་ཞིང༌། དེ་ནས་རྒྱས་པར་ན་བཀྲ་ཤིས་རྟགས་བརྒྱད་དང་གོས་རྒྱན་དང་བུམ་པ་རྣམས་ཀྱང་ཚིགས་བཅད་ཅི་རིགས་ཀྱིས་འབུལ་བར་བྱའོ། །དེ་ནས་རྡོར་དྲིལ་བཟུང་ལ།-yc་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར། yc+།ཞེས་པ་ནས།-yc་སྙན་པའི་བཀའ་དེ་ཐོབ་ པར་ཤོག yc+།ཅེས་བསྟོད། དེ་ནས་བསྙེན་པ་བྱེད་དམ་མ་བྱས་ཀྱང་མི་འགལ་ལོ།། དེ་ནས། ཡི་དམ། ཆོས་སྐྱོང༌། རྒྱལ་པོ་བཞིའི་གཏོར་མ་རྣམས་བྱིན་བརླབ་བྱ་བ་ནི། ཨ་མྲྀ་ཏས་yc+བསངས།-yc་སྭ་བྷཱ་ཝ་yc+ས་སྦྱངས།-yc་སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བས་ལས་བྱུང་བའི་ལྷ་རྫས་ ལས་གྲུབ་པའི་གཏོར་མདངས་ཤིང་ཐོགས་པ་མེད་པ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པར་གྱུར་yc+བར་བསམ་ཞིང༌། ཨ་ཀ་རོས་བྱིན་གྱིས་བརླབས་ནས། དང་པོ་ནི།-yc་མགྲོན་རྣམས་ཀྱི་ལྗགས་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དཀར་པོ་འོད་ཀྱི་སྤུ་གུ་ཅན་རྣམས་སུ་གྱུར། ཏདྱ་ཐཱ། ཨོཾ་ཨ་ པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ཧྲཱིཿ ཧཱུཾ་བྷྲཱུཾ་སྭཱ་ཧཱ། ན་མཿ སརྦ་ཏ་ཐཱ་ག་ཏ་བྷྱོ། yc+ཅེས་པ་ནས།-yc་གྲི(HDRA) ཨི་དཾ་བ་ལཾ་ཏ་ཡེ་སྭཱ་ཧཱ། yc+ཞེས་ལན་གསུམ་གྱིས་ཚེ་དཔག་མེད་ཀྱི་ལྷ་ཚོགས་ལ་ཕུལ་ནས། ཆུ་གཉིས་ནས་རོལ་མོའི་བར་གྱིས་མཆོད་ལ། བསྟོད་པ་རྒྱས་བསྡུས་གང་རུང་བྱ། །གཉིས་པ་ནི། སྒོས་ཀྱི་ཆོས་སྐྱོང་ལ་རང་གི་འབུལ་ཚུལ་ལྟར་བྱའོ། །གསུམ་བཞི་ @014A ༄༅། །ཨོཾ་ཨེ་ཧྱེ་ཧི་ཙ་ཏུ་ར་ཤྲཱི་མ་ཧཱ་རཱ་ཛཱ་ས་པཱ་རི་ཝ་ར་ས་མ་ཡེ། yc+ཞེས་པས་སྤྱན་དྲངས།-yc་ཀ་མ་ལ་ཡེ་སྟཾ། yc+གྱིས་གདན་ཕུལ།-yc་རྒྱལ་པོ་ཆེན་པོ་བཞི་འཁོར་དང་བཅས་པའི་ལྗགས་ཧཱུཾ་ལས་yc+ཅེས་པ་ནས།-yc་ཅན་རྣམས་སུ་གྱུར། ཨོཾ་ཌྷི་ཌ་རཥྚཱ་ཡེ། ཨོཾ་བཻ་རུ་ཌྷ་ཀ་ཡེ། ཨོཾ་བི་རུ་པཀྵ་ཡེ།། ཨོཾ་བཻ་ཤྲ་མ་ཎ་ཡེ། ན་མཿ སརྦ་ཏ་ཐཱ་ག་ཏ་བྷྱོ། yc+ཅེས་པ་ནས།-yc་པ་ལིཾ་ཏ་ཡེ་སྭཱ་ཧཱ། yc+ཅེས་ལན་གསུམ་གྱིས་དབུལ།-yc་ཨོཾ་ཙ་ཏུ་ར་ཤྲཱི་yc+ནས-yc་ཝ་ར་ཨརྒྷཾ་yc+ནས་ཤཔྟའི་བར་གྱིས་མཆོད།-yc་རྒྱལ་པོ་ཆེན་པོ་དཔལ་ལྡན་པ། །མ་རྒད་མདོག་མཚུངས་པི་ཝང་འཛིན། །དྲི་ཟའི་ཚོགས་ལ་དབང་བསྒྱུར་བའི། །ཡུལ་ འཁོར་སྲུང་ལ་ཕྱག་འཚལ་ལོ། །དཔའ་བོ་ཆེན་པོ་སྟོབས་པོ་ཆེ། །ཁ་དོག་སྔོན་པོ་རལ་གྲི་འཛིན། །གྲུལ་བུམ་ཚོགས་ལ་དབང་བསྒྱུར་བའི། །འཕགས་སྐྱེས་པོ་ལ་ཕྱག་(+)། །མངའ་བདག་ཆེན་པོ་མཐུ་བོ་ཆེ། །ཁ་དོག་དམར་སེར་སྤྲུལ་ཞགས་འཛིན། །ཀླུ་ཡི་ཚོགས་ ལ་མངའ་མཛད་པའི། །མིག་མི་བཟང་ལ་ཕྱག་(+)། །དེད་དཔོན་ཆེན་པོ་གསེར་མདོག་ཅན། །བེ་ཅོན་དང་ནི་ནེའུ་ལེ་འཛིན། །གནོད་སྦྱིན་ཚོགས་ལ་དབང་བསྒྱུར་བའི། །རྣམ་ཐོས་སྲས་ལ་ཕྱག་འཚལ་ལོ། །རྒྱལ་ཆེན་བཞི་པོ་འཁོར་བཅས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་ བསྣམས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང༌། །དཔལ་དང་གྲགས་དང་སྐལ་བ་བཟང༌། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང༌། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་ བདག་ལ་སྲུངས། །དངོས་གྲུབ་ཅན་གྱི་སྟོངས་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང༌། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཇོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །འབྲུ་རྣམས་ @014B འཕེལ་ཞིང་ཆོས་འཕེལ་དང༌། །བདེ་ལེགས་ཕུན་སུམ་ཚོགས་པ་དང༌། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཤར་ཕྱོགས་དྲི་ཟའི་གདོན་དང༌། ལྷོ་ཕྱོགས་གྲུལ་བུམ་གྱི་གདོན་དང༌། ནུབ་ཕྱོགས་ཀླུའི་གདོན་དང༌། བྱང་ཕྱོགས་གནོད་སྦྱིན་གྱི་གདོན་ལས་གྱུར་པའི་ནད་དང་གནོད་པ་ ཐམས་ཅད་ཉེ་བར་ཞི་བའི་འཕྲིན་ལས་མཛོད་ཅིག yc+།ཅེས་འཕྲིན་ལས་བཅོལ་ལ།-yc་ཨོཾ་ཨཱཿ ཧཱུཾ་བཛྲ་མུཿ རྒྱལ་པོ་ཆེན་པོ་བཞི་རང་གནས་སུ་གཤེགས་པར་གྱུར། yc+ཅེས་བརྗོད་ཅིང༌། གཞི་བདག་གཏོར་མ་ཡང་སྤྱི་ལྟར་གཏོང་ངོ། །དེ་ནས་སྒྲུབ་གྲོགས་ཨ་མྲྀ་ཏ་བཟླ་ཞིང༌། དཀྱིལ་འཁོར་སྲུང་དུ་བཅུག་སྟེ། རང་སྒྲུབ་ཁང་གི་ཕྱི་རོལ་ ཏུ་ཕྱིར་ནས། ཆ་གསུམ་གཏོང་བ་ལ། གཏོར་མ་མཆོད་པ་བཅས་བྱིན་གྱིས་བརླབ་པ་ནི།-yc་ཨ་མྲྀ་ཧ་yc+ས་བསངས། སྭ་བྷཱ་ཝ་yc+ས་སྤྱངས།-yc་སྟོང་པའི་ངང་ལས་ཨོཾ་ལས་yc+ཞེས་པ་ནས།-yc་ཨོཾ་བཛྲ་ཤཔྟ་ཨཱཿ ཧཱུཾ་yc+གི་བར་དང༌།-yc་ཨོཾ་སྭ་བྷཱ་ཝ་བི་ཤུདྡྷེ་དྷརྨཱ་ཏེ་བཛྲ་སིདྡྷི་ཧཱུཾ། ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱོ། བི་ཤྭ་མུ་ཁེ་བྷྱཿ སརྦ་ཏ(DKHAm) ཨུ(TGA) ཏེ་ སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཿ ཎཾ་ཨ་དྷཱ་ནུདྤནྣ་ཏྭད། ན་མཿ སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུཾ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་ བྱིན་སྟོབས་དང༌། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །དོན་རྣམས་གང་དག་བསམ་བ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པར། །ཐོགས་པ་མེད་པར་འབྱུང་གྱུར་ཅིག yc+།ཅེས་བདེ?་ན?་སྟོབས་བརྗོད། དེ་ནས་སྤྱན་དྲང་བ་ནི།-yc་མགོན་པོ་ཀུན་གཤེགས་yc+ཅེས་པ་ནས།-yc་གསོལ། །ཕྱོགས་སྐྱོང་འཇིག རྟེན་སྐྱོང་བའི་དབང་དང་ལྡན། །སྙིང་རྗེ་ཐབས་མཁས་ཐུགས་དམ་དཀྱེལ་པོ་ཆེ། །ལྷ་དང་དྲང་སྲོང་ཡི་དགས་སྲིན་པོ་ཀླུ། །རིགས་འཛིན་རྒྱལ་པོ་དང་ནི་གདོན་གྱི་བདག །དེ་དག་སོ་སོའི་དབང་པོའི་སྐུར་སྟོན་པ། །ཕྱོགས་བཅུའི་འཇིག་རྟེན་སྐྱོང་བ་བཞུགས་སོ་འཚལ། །བསྟན་པ་ @015A ༄༅། །རྒྱས་པའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །ཨོཾ་ཨེ་ཧྲེ་ཧི་ད་ཤ་དི་ཀ་ལོ་ཀ་པཱ་ལ་ས་པཱ་རི་ཝ་ར་ས་མ་ཡེ་སྭཱ་ཧཱ། ཨོཾ་རུ་ཏྲ་ཡེ། ཨོཾ་ཤ་ཏ་ས་ཧ་སྲ་ཨོཾ་ཨ་ཀྵི་ཡེ། ཨོཾ་ཨ་ཀྣེ་ཡེ། ཨོཾ་ཡ་མ་ཡེ། ཨོཾ་ནི་རེ་ཏེ་ཡེ། ཨོཾ་བ་རུ་ཎ་ཡེ། ཨོཾ་བ་ཡ་ བཻ་ཡེ། ཨོཾ་ཀུ་བཻ་ར་ཡེ། ཨོཾ་ཨུརྡྷཾ་པྲ་ཧ་མ་ན་ཡེ། སུ་རྱ་གྲ་ཧ་ཨ་དྷི་པ་ཏ་ཡེ། ཙནྡྲ་ན་ཀྵ་ཧྲ་ཨདྷི་བ་ཏ་ཡེ། ཨོཾ་ཨརྡྷྭ་པྲི་ཐི་ཝི་བྷྱཿ ཨ་སུ་རེ་བྷྱཿ ནཱ་གེ་བྷྱཿ ས་བ་རི་ཝཱ་ར་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱ་ཧཱ། yc+ཞེས་མཆོད་ཡོན་དང༌།-yc་ཀ་མ་ལ་ཡེ་སྟྭཾ། yc+གདན་ཕུལ།-yc་ཨོཾ་རུ་ཏྲ་ཡེ། yc+ནས-yc་ནཱ་གེ་བྷྱཿ ས་པཱ་རི་ཝ་ར་པཱ་ ཝ་ར་སད་ཀ་རཾ་ཨརྒྷཾ་yc+ནས་ཤཔྟའི་བར་གྱིས་མཆོད་ལ།-yc་དབང་པོ་རྡོ་རྗེ་འཆང་པའི་ལྷ། །ལྷ་ཡི་རྒྱལ་པོ་གདོན་གྱི་བདག །ཤར་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་(+)། །ཤར་ལྷོ་མེ་ ལྷའི་ཚོགས་(+)། །མཆོད་ཅིང་(+)། །གཤིན་རྗེ་ལ་ག་ན་བེ་ཅོན་འཆང༌། །མ་མོའི་རྒྱལ་པ་གདོན་གྱི་(+)། །ལྷོ་ཕྱོགས་གདོན་(+)། །མཆོད་ཅིང་(+)། །བདེན་དང་བྲལ་བ་ལེགས་ལྡན་ལྷ། །སྲིན་པོའི་རྒྱལ་པོ་གདོན་(+)། །ལྷོ་ནུབ་སྲིན་པོའི་ཚོགས་(+)། །མཆོད་ཅིང་(+)། །ཞགས་པ་ཐོགས་པ་ཆུ་ཡི་ ལྷ། །ཀླུ་ཡི་རྒྱལ་པོ་གདོན་(+)། ནུབ་ཕྱོགས་གདོན་(+)། །མཆོད་ཅིང་(+)། །རླུང་སྟེ་སྲོག་ཀྱང་འཛིན་པའི་ལྷ། །རིག་འཛིན་རྒྱལ་པོ་(+)། །ནུབ་བྱང་རླུང་ལྷའི་(+)། །མཆོད་ཅིང་(+)། །གནོད་སྦྱིན་ལག་ནང་བྱུག་བ་ཐོགས། །ནོར་སྐྱོང་གདོན་གྱི་བདག་པོ་སྟེ། །བྱང་ཕྱོགས་(+)། །མཆོད་(+)། ། དབང་དང་ལྡན་པ་འདྲེན་པའི་ལྷ། །འབྱུང་པོའི་རྒྱལ་པོ་(+)། །བྱང་ཤར་དབང་ལྡན་(+)། །མཆོད་(+)། །སྟེང་གི་ཚངས་པ་ཆེན་པོ་དང༌། །ཉི་མ་ཟླ་བ་གཟའ་ཆེན་པོ། །གཟའ་དང་རྒྱུ་སྐར་བཅས་པ་ལ། །མཆོད་(+)། །འོག་གི་ཀླུ་སྟེ་ས་ཡི་ལྷ། །ས་འཛིན་ལག་པ་ཆེན་པོ་དང༌། །དམ་ @015B ཚེ་གཤེས་པའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། yc+།ཞེས་བསྟོད་དོ། །གཏོར་མ་སྦྱིན་པ་ནི།-yc་ཨོཾ་རུ་ཏྲ་ཡེ། yc+ནས།-yc་ནཱ་གེ་བྷྱཿ ས་པཱ་རི་ཝ་ར་ན་མཿ སརྦ་ཏ་ཐཱ་ག་ཏ་བྷྱོ། yc+ཞེས་སོགས་ལན་གསུམ་དང༌།-yc་ཤར་ཕྱོགས་རྡོ་རྗེ་ཅན་གྱི་ལྷ་ཚོགས་བཅས། yc+།ཅེས་པ་ནས།-yc་བདག གི་ལས་འདིའི་འབྲས་བུ་མཆིས་པར་མཛོད། yc+།ཅེས་པས་བསྔོ།-yc༌།མཆོད་སྦྱིན་གཏོར་མ་འདི་བསྣམས་ལ། yc+།ནས།-yc་ཡིད་ལ་འདོད་པ་ཀུན་འགྲུབ་ཤོག yc+།ཅེས་འཕྲིན་ལས་བཅོལ། གདོན་གྱི་རེགས་སྤྱན་འདྲིན་པ་ནི། ལུས་ཀྱི་སྤྱོད་ལམ་སྔར་ལྟར་བྱས་ལ།-yc་ལྷ་དང་ལྷ་མིན་གནོད་སྦྱིན་ལྟོ་འཕྱེ་གྲུལ། །ནམ་མཁའ་ ལྡིང་དང་འདབ་བཟང་ལུས་སྲུལ་པོ། །དྲི་ཟ་སྲིན་པོ་གདོན་གྱི་རིགས་རྣམས་དང༌། །གང་དག་ས་ལ་གནས་པའི་རྫུ་འཕྲུལ་ཅན། །བུ་སྨད་བཅས་ཤིང་གཡོག་འཁོར་ཚོགས་བཅས་ལ། །བདག་གི་བུས་མོ་ས་ལ་བཙུགས་ནས་ནི། །ཐལ་མོ་སྦྱར་ནས་ཁྱེད་ལ་གསོལ་འདེབས་ཀྱིས། །གསན་ ནས་ཕན་གདགས་སླད་དུ་འདིར་སྤྱོན་ཅིག །ཨོཾ་ཨེ་ཧྱེ་ཧི་ལོ་ཀ་ཀཱ་ར་ཡ། དེ་བ། ནཱ་ག །ཡཀྵ། གནྡྷར་པ། ཨ་སུ་ར། ག་རུ་ཌ། ཀིནྣ་ར། མ་ཧོ་ར་ག །མ་ནུ་ཥ། ཨ་མ་ནུ་ཥ། ས་པཱ་རི་ཝ་ར་ས་མ་ཡེ་སྭཱ་ཧཱ། ཨོཾ་དེ་བ། yc+ནས-yc་ཝ་ར་པྲ་ཝ་ར་སད་ཀ་རཾ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱ་ཧཱ། yc+ཞེས་མཆོད་ཡོན་དང༌།-yc་ ཀ་མ་ལ་ཡེ་སྟྭཾ། yc+གྱིས་གདན་ཕུལ།-yc་ཨོཾ་དེ་བ། yc+ནས-yc་ཨརྒྷཾ་yc+ནས-yc་ཤཔྟའི་yc+བར་གྱིས་མཆོད་ལ།-yc་ཨོཾ་དེ་བ། yc+ནས།-yc་ཝ་ར་ན་མཿ སརྦ་ཏ་ཐཱ་ག་ཏ་བྷྱོ། yc+ཞེས་སོགས་གསུམ་གྱིས་གཏོར་མ་ཕུལ་ནས།-yc་འབྱུང་པོ་གང་དག་རི་རབ་སྟེང་གནས་དང༌། །དགའ་བའི་ཚལ་དང་ལྷ་ཡི་གནས་རྣམས་དང༌། །ཤར་ནུབ་ རི་དང་ཉི་ཟླའི་ཁྱིམ་རྣམས་དང༌། །རི་བོ་ཀུན་ལ་གང་དག་གནས་པ་དང༌། །རིན་ཆེན་གླིང་ན་ལྷག་པར་གང་གནས་དང༌། །ཆུ་བོ་ཀུན་དང་ཆུ་བོའི་མདོ་རྣམས་དང༌། །མཚོ་དང་རྗིང་པུ་ལྟེང་ག་ཆུ་ངོགས་དང༌། །གཡའ་ཆུ་སིལ་མ་ཅན་ན་གང་གནས་དང༌། །གྲོང་དང་ཕྱུགས་ལྷས་གྲོང་ @016A ༄༅། །ཁྱེར་སྟོང་པ་དང༌། །ཁང་སྟོང་དག་དང་ལྷ་ཡི་ཁང་པ་དང༌། །གཙུག་ལག་ཁང་དང་མཆོད་རྟེན་གནས་རྣམས་དང༌། །དཀའ་ཐུབ་གནས་དང་གླང་ཆེན་བྲེས་རྣམས་དང༌། །རྒྱལ་པོའི་དཀོར་ཁང་དག་ན་གང་གནས་དང༌། །ཡམ་སྲང་སུམ་མདོ་དང་ནི་བཞི་མདོ་དང༌། གང་དག་ལམ?་ཆེན་དང་ནི་ཤིང་གཅིག་དྲུང༌། །དུར་ཁྲོད་ཆེན་པོ་ནགས་ཚལ་ཆེན་པོ་དང༌། །སེང་གེ་དྲེད་དང་གཅན་གཟན་གནས་དག་དང༌། །འབྲོག་ཆེན་འཇིགས་སུ་རུང་བར་གང་གནས་དང༌། །གང་དག་གླིང་མཆོག་དག་ན་གནས་པ་དང༌། །ལྷུན་པོ་དུར་ཁྲོད་དག་ན་གནས་པ་ རྣམས། །རབ་ཏུ་དགྱེས་ཤིང་མགུ་བར་གྱུར་ནས་སུ། །ཕྲེང་བ་མེ་ཏོག་དྲི་དང་བདུག་པར་བཅས། །བསྟོད་དང་གཏོར་མ་མར་མེ་གུས་འབུལ་ན། །འདི་དག་བཏུང་ཞིང་ལེགས་པར་གསོལ་ནས་ཀྱང༌། །བདག་གི་ལས་འདི་འབྲས་བུ་མཆིས་པར་མཛོད། yc+།ཅེས་གནས་སྨོས་པའི་སྒོ་ནས་ འཕྲིན་ལས་བཅོལ་ལོ།-yc༌།རང་ཉིད་སྐད་ཅིག་གིས་ཧཱུཾ་མཛད་དུ་གྱུར་yc+པར་བསམས་ལ། དེའི་ང་རྒྱལ་གྱིས་ཕྱག་རྒྱ་བྱས་ཏེ།-yc་ཛཿ སངས་རྒྱས་ཀྱི་བདེན་པ་དང༌། ཆོས་ཀྱི་(+)་དགེ་འདུན་(+)་དེ་བཞིན་གཤེགས་པ་དང༌། རྡོ་རྗེ་དང༌། རིན་པོ་ཆེ་དང༌། པདྨ་དང༌། ལས་ཀྱི་རིགས་སུ་གྱུར་པ་ཐམས་ཅད་དང༌། སྙིང་པོ་དང༌། ཕྱག་རྒྱ་དང༌། གསར་སྔགས་དང༌། རིག་སྔགས་ཀྱི་ལྷའི་ཁྱད་པར་ཅན་ཐམས་ཅད་དང༌། ཁྱད་པར་དུ་ཡང་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་ལྷ་ཚོགས་ཀྱི་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་པ་ལ་བརྟེན་ནས་ ཆེ་གེ་མོ་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བར་བྱེད་པའི་གདོན་གྱི་ཚོགས། བགེགས་ཀྱི་རིགས་གང་ཡིན་པ་དེ་དག་ཐམས་ཅད་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ཉིད་ལ་འདིར་མཆིས་པར་གྱུར་ཅིག །ཨོཾ་ཊཀྐི་ཧཱུཾ་ཛཿ yc+ཞེས་བགེགས་འཁོར་བཅས་མདུན་དུ་བཀུག་པར་བསམ།-yc་ཨོཾ་གུར་ @016B ཀ་རི་གུང་ཀ་རི་སྭཱ་ཧཱ། ཨོཾ་པཾ?་ཙི་པི་ཙི་སྭཱ་ཧཱ། ཨོཾ་གུང?་གུང་སྭཱ་ཧཱ། ས་པཱ་རི་ཝ་ར་པྲ་ཝ་ར་སད་ཀ་རཾ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། yc+ཞེས་མཆོད་ཡོན་དང༌། གསལ་?ཡེ་སྟཾ། yc+གྱིས་གདན་དབུལ།-yc་ཨོཾ་གུར་ཀ་རི་གུང་ཀ་རི་སྭཱ་ཧཱ། yc+ནས-yc་ཨརྒྷཾ་ནས་ཤཔྟའི་yc+བར་གྱིས་མཆོད།-yc་ཨོཾ་གུར་ག་རི་yc+ནས-yc་ཝ་ར་ན་མཿ སརྦ་ཏ་ཐཱ་ ག་ཏ་བྷྱོ། yc+ཞེས་སོགས་གསུམ་གྱིས་གཏོར་མ་དབུལ།-yc་གང་ཞིག་མཚན་མོ་རྒྱུ་བ་ཡེ། །འབྱུང་པོ་རྣམས་དང་ཤ་ཟ་དང༌། །སྲིན་པོ་ཤ་རྗེན་ཟ་བ་དང༌། །སེམས་ཅན་རྣམ་པ་སྣ་ཚོགས་དང༌། །ལྗོན་ཤིང་གེལ་བ་སོགས་གནས་པ། །དེ་དང་དེ་ལ་གཏོར་མ་ནི། །བཟའ་བ་ཤ་ཆང་ལ་ཕུག་བཅས།། འབྲས་ཆན་འབྲས་བུ་མང་པོ་དང༌། །མཆོད་པ་འདི་ཡིས་མགུ་བྱོས་ལ། །གནོད་པའི་བསམ་བཞི་བ་དང༌། །བདག་ཅག་རྣམས་ལ་ཕན་པའི་ཡིད། །དེ་རིང་ཕན་ཆད་སྤྱད་པར་གྱིས། །རྒྱན་གྱིས་བརྒྱན་པར་བྱས་ཀྱང་ཆོས་སྤྱོད་ཅིང༌། །དུལ་ཞིང་ཡང་དག་བསྡོམ་པ་ཚངས་པར་སྤྱོད། །འབྱུང་པོ་ ཀུན་ལ་ཆད་པ་སྤངས་པ་སྟེ། །དགེ་སློང་དགེ་སྦྱོང་དེ་ཡི་བྲམ་ཟེ་དེ། །མཚོན་ཆས་མི་འཇིགས་གང་ཡང་མེད། །འཚོ་བའི་སྲོག་ལ་ཀུན་ཀྱང་འཛེམ། །རང་གི་ལུས་ལ་དཔེ་ལོང་ལ། །གཞན་ལ་གནོད་པར་མ་བྱེད་ཅིག །ཨོཾ་ཆེན་པོ་འམ་ཆུང་དུ་གང་དག་གི །ལུས་ལམ་ངོན་པར་ གནོད་གྱུར་པའི། །ནད་དེ་ཉེ་བར་ཕྱུང་ནས་སུ། །གདོན་དེ་རང་གི་གནས་སུ་དེངས། །དེ་ལྟར་བདག་གིས་ཅི་ནུས་ཀྱིས། །མཆོད་དང་བསྙེན་བཀུར་བྱས་པ་ཡིས། །དམ་ཚིག་གནས་ལ་གནས་ནས་སུ། །བདག་གི་འདོད་པ་སྐོང་བར་མཛོད། །རྟག་ཏུ་དམ་ཚིག་ལ་གནས་ཤིང༌། །འདིར་ནི་ཆེ་ གེ་མོ་ཞིག་གི །ནད་དེ་ཉེ་བར་སོལ་མཛོད་ལ། །གདོན་རྣམས་རང་གི་གནས་སུ་དེངས། །ས་རྦ་བི(GHNY'A)ན་གཙྪ། བགེགས་འཁོར་བཅས་རང་གནས་སུ་གཤེགས་པར་གྱུར། ཨོཾ་དེ་བ། yc+ནས-yc་ཝ་ར་པྲ་ཝ་ར་སད་ཀ་རཾ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱ་ཧཱ། གཙྪ། སྡེ་བརྒྱད་འཁོར་བཅས་(+)་ཨོཾ་རུ་ཏྲ་ཡེ། yc+ནས-yc་ @017A ༄༅། །ཀ་རཾ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱ་ཧཱ། གཙྪ། ཕྱོགས་སྐྱོང་འཁོར་བཅས་རང་གནས་སུ་(X)་ན་མཿ ས་མནྟ་བུདྡྷ་ནཾ། སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀེ་ཏེ། ཨོཾ་སམྦྷ་ར་སམྦྷ་ར་ཧཱུཾ། yc+ཞེས་པ་ལན་གསུམ་གྱིས་ཡི་དགས་ལ་གཏོར་མ་སྦྱིན། དེ་ནས་ཉེ་རེག་བྱ་སྟེ། དེའི་ཚུལ་ནི། ལག་པ་གཡོན་པའི་ཁུ་ཚུར་གྱིས་ ཆུ་བཟུང༌། གཡས་པའི་གུང་མོ་དང་སྲིན་ལག་ཅུང་ཟད་བཀུག་པས་ཆུ་བླངས་ཏེ། ཁ་རྣ་བ་མིས་སྣ་ཁ་ལག་ལྟེ་བ་མགོ་རྣམས་སུ་རེག་ཅིང་ཆུ་ཧུབ་གསུམ་འཐུར་སྟེ། ཁུ་ཚུར་གྱིས་མཆུ་ལ་ལན་གཉིས་འཕྱི་བར་བྱའོ། །དེ་ནས་ནང་དུ་འོངས་ཏེ།-yc་རང་ཉིད་སྐད་ཅིག་གིས་ཧཱུཾ་མཛད་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་འཆིང་བ། གཡོན་བརྐྱང་པའི་སྟབས་ཀྱིས་བཞུགས་པ། རྡོ་རྗེའི་ཤུགས་ཀྱི་འཇུག་པས་དཀྱིལ་འཁོར་གྱི་ནང་དུ་ཞུགས་པར་གྱུར། ཨོཾ་བཛྲ་སཏྭཱ་ས་མ་ཡ། yc+ཞེས་སོགས་ཡི་གེ་བརྒྱ་པ་བཟླ་ཞིང་བསྐོར་བ་ལན་གསུམ་བྱ།-yc་ཨོཾ་མཆོག་ཏུ་བདེ་བའི་སེམས་ནི་རོལ་པར་ལྡན། །སྒེག་པའི་ཕྱག་གིས་བཅོམ་ལྡན་ འདས་ལ་འདུད། ཛཿ ཧཱུཾ་བཾ་ཧོཿ ཧི་ཧི་ཧི་ཧི་ཧཱི། མགོན་པོ་སྙིམ་པའི་མེ་ཏོག་བཞེས་སུ་གསོལ། །ཨོཾ་པྲ་ཏཱིཙྪ་ཧཱུཾ། yc+གིས་མེ་ཏོག་འདུལ།-yc་ཨོཾ་བཛྲོད་གྷ་ཊ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ། yc+ཞེས་ལན་བཞི་བརྗོད་ལ་སྒོ་དབྱེ།-yc་ཨོཾ་ས་མ་ཡ་བྲ་བེ་ཤ་ཡ་མི། yc+ཞེས་བས་མེ་ཏོག་རང་གི་མགོ་ལ་བཅིང༌།-yc་ཨོཾ་པྲ་ན་མ་མི་སརྦྦ་ཏ་ཐཱ་ ག་ཏཾ། yc+ཞེས་པས་ཕྱག་བྱ།-yc་བདག་དང་སེམས་ཅན་ཐམས་ཅད་ལ་དངོས་གྲུབ་ཐམས་ཅད་ཀྱི་བཀའ་དྲིན་སྩོལ་ཅིག yc+།ཞེས་གསོལ་བ་གདབ། འཆི་བླུ་བྱེད་པར་འདོད་ན་འདུལ་འཛིན་དང་པཎ་ཆེན་གྱི་ཆོ་ག་ལས་འབྱུང་བ་ལྟར་བྱ་ལ། དེ་ཡང་འདུལ་འཛིན་པའི་དེར་སྐབས་འདི་དང༌། པཎ་ཆེན་གྱིས་དབང་གི་མཇུག་ཏུ་བྱ་བར་བཤད་པས་གང་བདེའོ།།?་ དེ་ནས་སློབ་མ་དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་བ་ནི། རང་ངམ་སློབ་མ་ཁྲུས་བྱས། མེ་ཏོག་ཐོགས་ཏ། ཡོན་དང་མཎྜལ་ཕུལ་ནས།-yc་དགའ་ཆེན་ཁྱེད་བདག་སྟོན་པ་པས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་ @017B བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་བ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་འཇུག་ཏུ་གསོལ། yc+།ཞེས་རྗེས་ཟློས་ལན་གསུམ་བྱས་ཏེ་གསོལ་བ་གདབ།-yc་ཨོཾ་བཛྲ་ཨ་མྲྀ་ཏ་yc+ས་བསང་བའི་མིག དང༌།-yc་ཨོཾ་ཙཀྵུ་བན་དྷ་བར་མན་ཡེ་ཧཱུཾ། yc+ཞེས་བས་བཅིང༌།-yc་ཨཱཿ ཁཾ་བི་ར་ཧཱུཾ། yc+ཞེས་མེ་ཏོག་གི་ཕྲེང་བ་གཏོད་ཅིང༌། དཀྱིལ་འཁོར་གྱི་ཤར་སྒོར་བཞག །དེ་ནས་སྡོམ་པ་སྦྱིན་པ་ནི། སེམས་ཅན་ཐམས་ཅད་གྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་བོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་བྱང་ཆུབ་སེམས་དཔའི་སྡོམ་པ་བླངས་ལ། དེའི་སྤང་བྱ་མཐའ་དག་སྤོང་ཞིང༌། བསླབ་བྱ་མཐའ་དག་ལ་ བསླབ་པར་བྱ་སྙམ་པའི་མོས་པ་བྱས་ལ་རྗེས་ཟློས་མཛོད་ཅེས་བརྔ་སྤྲད།-yc་དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། yc+།ཅེས་པ་ནས།-yc་འགྲུབ་པར་ཤོག yc+།ཞེས་ལན་གསུམ་གྱིས་སྡོམ་པ་བཟུང༌། བྱ་རྒྱུད་ལ་རིགས་ལྔའི་སྡོམ་བཟུང་མེད་པས། ཐམས་ཅད་རྣལ་འབྱོར་དང་ལྡན་པའི་སེམས་བསྐྱེད་པ་ནི།-yc་ཨོཾ་སརྦ་ཡོ་ག་ཅིཏྟ་ཨུད་པ་ཏ་ཡ་མི། yc+ཞེས་བརྗོད་དུ་གཞུག?་ དེ་ནས-yc་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱའོ། །སྙམ་པའི་སྨོན་པའི་སེམས་ཀུན་རྫོབ་པ་དེ་ཉིད་སྙིང་ཁར་ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ། དེའི་སྟེང་དུ་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་སྟོང་པ་ཉིད་དང་སློབ་མའི་སེམས་རོ་གཅིག་ཏུ་ གྱུར་པའི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཟླ་བའི་སྟེང་དུ་རྡོ་རྗེ་དཀར་བོ་རྩེ་ལྔ་པར་གྱུར། yc+ཅེས་བརྗོད་དོ་བརྡ་སྤྲད། རང་གིས?་ལེན་པའི་སྐབས་ཡིན་ན། སློབ་མའི་དོད་ལ་རང་ཞེས་སྦྱོར་བ་འོག་མ་ཀུན་ལ་འགྲོ།-yc་ཨོཾ་སུ་ར་ཏེ་ས་མ་ཡ་སྟྭཾ་ཧོཿ སིད་དྷི་བཛྲ་ཡ་ཐཱ་སུ་ཁཾ། yc+ཞེས་དང༌།-yc་དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ ཀྱིས་བྱིན་གྱིས་རློབ་པར་འགྱུར་གྱི། ཁྱོད་ཀྱིས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དཀྱིལ་འཁོར་འདི། དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། མ་དད་པ་རྣམས་ལའང་མ་ཡིན་ནོ། yc+།ཞེས་བརྗོད།-yc་ཨོཾ་ཨཱཿ ཁཾ་བི་ར་ཧཱུཾ། yc+གིས་ @018A ༄༅། །?བསྲིད།-yc་ཨོཾ་བཛྲ་ས་མ་ཡ་ཧཱུཾ། yc+ཞེས་བརྗོད་དུ་བཅུག་ལ་ནང་དུ་ཞུགས་པར་མོས་ཏེ།-yc་ན་མཿ ཏེ་ཧཱུཾ། ན་མཿ མེ་ཧཱུཾ། ན་མོ་ན་མ་ཧཱུཾ། yc+ཞེས་ཕྱག་བྱ། གསུམ་པོ་ལ་འདུལ་འཛིན་པའི་དེར་སྭཱ་ཧཱ་ཡང་འབྱུང༌།-yc་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག །བདག་ལ་འཆི་ མེད་ཚེའི་དངོས་གྲུབ་སྩལ་དུ་གསོལ། yc+ཞེས་གསོལ་བ་ལན་གསུམ་གདབ། དེ་ནས་སློབ་མ་འམ་རང༌།-yc་ཨ་མྲྀ་ཏ་yc+ས་བསང་སྭཱ་བྷཱ་ཝས་སྦྱངས།-yc་སྟོང་བའི་ངང་ལས་ཧྲཱིཿ ལས་པདྨ་ཧྲཱིཿ མཚན་པ། དེ་ཡོངས་སུ་གྱུར་པ་ལས་སློབ་མ་འམ་རང་ཉིད་ཚེ་དཔག་མེད་སྐུ་མདོག་དམར་པོ་ བྱི་རུའི་མདོག་ཅན་འོད་ཟེར་དམར་པོ་yc+ཅེས་པ་ནས།-yc་ཀྲུང་གིས་བཞུགས་པའི་སྙིང་ཁར་ཧྲཱིཿ དམར་པོས་མཚན་པར་གྱུར་yc+པའི་མོས་པ་མཛོད་ཞེས་དང༌།-yc་བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཁ་ནས་འོད་ཟེར་འཕྲོས། བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པའི་ དཀྱིལ་འཁོར་གྱི་ལྷ་ཚོགས་དང༌། གཞན་ཡང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། འཕགས་པ་ཉན་ཐོས་དང༌། འཆི་མེད་ཚེའི་དངོས་གྲུབ་ཐོབ་པ་རྣམས་ཀྱི་ཕུན་སུམ་ཚོགས་པ་ཐམས་ཅད་ཧྲཱིཿ དམར་པོའི་རྣམ་པར་སྤྱན་དྲངས་ནས་yc+ཁྱེད་རང་རྣམ་པའམ-yc་ རང་གི་ལུས་ལ་ཐིམ་པར་གྱུར་yc+ཅེས་བརྡ་སྤྲད། རོལ་མོའི་སྒྲ་དང་བཅས་པས་ངག་ཏུ-yc་ཧྲཱིཿ ཧྲཱིཿ ཧྲཱིཿ བཛྲ་ཨ་བེ་ཤ་ཡ་ཨཱཿ ཨཱཿ ཨཱཿ yc+ཅེས་བརྗོད་ཅིང་རྡོ་རྗེ་མགོར་བཟུང་སྟེ།-yc་ཏིཥྛ་བཛྲ། yc+ཞེས་བརྟན་པར་བྱ།-yc་ཨོཾ་པྲ་ཏཱི་ཙྪ་ཧཱུཾ། yc+ཞེས་ལྷ་ལ་མེ་ཏོག་དབུལ།-yc་ཨོཾ་པྲ་ཏི་གྲྀཧྣ་སྟྭཾ་ཨིཾ་མ་སཏྭ་མ་ཧཱ་བ་ལ། སེམས་ དཔའ་སྟོབས་པོ་ཆེ་སློབ་མ་འམ་བདག་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རྗེས་སུ་གཟུང་ཤིག yc+།ཞེས་མེ་ཏོག་མགོ་ལ་བཅིང༌།-yc་ཨོཾ་ཛྙཱ་ན་ཙཀྵུ་བྷན་དྷ་ཧཱུཾ་ཨཱཿ སྭཱ་ཧཱ། yc+ཞེས་པས་མིག་དར་དབྱེ།-yc་ཧེ་བཛྲ་པ་ཤྱ། yc+ཞེས་བརྗོད་དེ་རྟེན་བརྟེན་པའི་དཀྱིལ་འཁོར་མཐའ་དག་སྟོན། སྟོན་ཚུལ་ནི། རྡོར་ར་མེ་རི་ནས་གཙོ་བོའི་ @018B བར་རིམ་པར་བྱའོ། །དེ་ནས་དབང་བསྐུར་བ་དངོས་གཞི་ནི། མཎྜལ་ཕུལ་ཏེ།-yc་བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་བསྩལ་བ་ལྟར། །བདག་ཀྱང་རབ་ཏུ་བསྐྱབ་པའི་ཕྱིར། །ནམ་མཁའི་རྡོ་རྗེས་དེང་བདག་སྩོལ། yc+།ཞེས་ལན་གསུམ་གསོལ་བ་གདབ། དེ་ནས་བུམ་པ་སྤྱི་བོར་བཟུང་ནས།-yc་ ལུས་ལ་རྣམ་སྣང་ཚེ་དབང་བསྐུར། །བུ་ཁྱོད་འཆི་བདག་ལས་གྲོལ་སྟེ། །བསྐལ་པ་སྟོང་དུ་ཚེ་འཕེལ་ནས། །སྲོག་གཅོད་སྡིག་པ་དག་གྱུར་ཅིག །ཨོཾ་བཻ་རོ་ཙ་ན་ཨཱ་ཡུ་རྫྙཱ་ན་སིད་དྷི་ས་མ་ལ་ཨ་བྷི་ཥཱིཉྩ་ཧཱུཾ། yc+འདིར་བུ་ཁྱོད་ཞེས་པ་རང་ལ་དབང་བསྐུར་བའི་སྐབས་ཡིན་ན། བླ་མ་དང་གཙོ་བོ་ ཐ་མི་དད་པས་གསུང་བར་མོས་དགོས་སོ།-yc༌།སྦྱིན་པའི་སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས། །མི་ཡི་སེང་གེ་སྦྱིན་པའི་སྟོབས་རྟོགས་ཏེ། །སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། །སྦྱིན་པའི་སྟོབས་ཀྱི་སྒྲ་ནི་གྲགས་པར་འགྱུར། །སྦྱིན་པ་མཐར་ཕྱིན་ཚེ་ནི་འཕེལ་ བར་ཤོག yc+།ཞེས་བརྗོད་དེ་བུམ་ཆུ་བླུད་ཅིང༌།-yc་ཨོཾ་ན་མོ་བྷ་ག yc+ཞེས་པ་ནས།-yc་ཝཱ་རེ་སྭཱ་ཧཱ། དེ་ལྟར་བུམ་པའི་ཆུས་དབང་བསྐུར་བས་སྡིག་སྒྲིབ་ཐམས་ཅད་དང༌། ཁྱད་པར་དུ་ཡང་གཏི་མུག་གི་དབང་གིས་སྲོག་གཅོད་པའི་སྡིག་པ་མ་ལུས་པ་དག །ལུས་རྣམ་སྣང་ཚེ་དཔག་མེད་ཀྱི་ངོ་བོར་ གྱུར། ཆུ་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས། རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པར་གྱུར། yc+དེ་ནས-yc་ལུས་ལ་རྡོ་རྗེའི་ཚེ་དབང་བསྐུར།། yc+ནས-yc་ཅིག །ཨོཾ་བཛྲ་ཨཱ་ཡུརྫཉཱ་yc+ནས-yc་ཧཱུཾ། ཚུལ་ཁྲིམས་yc+ནས-yc་ཞེ་སྡང་གི་དབང་གིས་(X)་ལུས་རྡོ་རྗེ་ཚེ་དཔག་མེད་ཀྱི་yc+ནས-yc་ མི་བསྐྱོད་པས་(X)་ལུས་ལ་རིན་ཆེན་ཚེ་དབང་yc+ནས-yc་ཅིག །ཨོཾ་རཏྣ་ཨཱ་ཡུརྫྙཱ་yc+ནས-yc་ཧཱུཾ། བཟོད་པའི་yc+ནས-yc་ང་རྒྱལ་དང་སེར་སྣའི་དབང་གིས་(X)་ལུས་རིན་ཆེན་ཚེ་དཔག་མེད་ཀྱི་yc+ནས-yc་རིན་ཆེན་འབྱུང་ལྡན་(X)་ལུས་ལ་པདྨའི་ཚེ་དབང་yc+ནས-yc་ཅིག །ཨོཾ་པདྨ་ཨཱ་yc+ནས-yc་ཧཱུཾ། @019A ༄༅། །བརྩོན་འགྲུས་yc+ནས-yc་འདོད་ཆགས་ཀྱི་དབང་གིས་(X)་ལུས་པདྨ་ཚེ་དཔག་མེད་yc+ནས-yc་འོད་དཔག་མེད་(X)་ལུས་ལ་ལས་ཀྱི་ཚེ་དབང་yc+ནས-yc་ཅིག །ཨོཾ་ཀརྨ་ཨཱ་yc+ནས-yc་ཤོག yc+།ཅེས་དང-yc་ཤེས་རབ་སྟོབས་ཀྱིས་yc+ནས-yc་ཕྲག་དོ་གི་ དཔང་གིས་སྲོག་གཅོད་པའི་སྡིག་པ་(X)་ལུས་ལས་ཀྱི་ཚེ་དཔག yc+ནས-yc་དོན་ཡོད་གྲུབ་པས་དབུ་བརྒྱན་པར་གྱུར། yc+ཞེས་དབང་བསྐུར་རོ། །འདིར་འདུལ་འཛིན་པའི་པདྨ་ཚེ་དཔག་མེད་རིན་ཆེན་གྱི་སྔོན་དུ་འབྱུང་ལན་པཎ་ཆེན་གྱི་དེར་རིན་ཆེན་སྔོན་དུ་འགྱུར་ལས་རགས་པ་མེད་པར་སྣང་ཡང༌། སྤྱི་འགྲོང་དང་བསྟུན་ན་ཕྱེ་མ་བདེ་བར་ སེམས་པས་དེ་ལྟར་བྱའོ། །འོ་ན་འདུལ་འཛིན་པས་གོ་རིམ་དེ་ལྟར་འཆད་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། དེ་ནི་དྲུག་གསུམ་སྦྱོར་ཚུལ་ལྷན་ཅིག་ཏུ་བཀོད་པའི་དབང་དུ་བྱས་པ་ཡིན་ནའང་གོ་རིམ་དེ་ཁོ་ན་བཞིན་བྱེད་པར་མ་ངེས་པ་གཞུང་དུ་མ་ལས་ཤེས་སོ། །ཡང་ན་ཅིག་ཤོས་ལྟར་བྱའོ། །དེ་ནས་བུམ་པ་གཉིས་སོགས་ཡོད་ན་རྣམ་རྒྱལ་བུམ་པ་ནས་ལས་བུམ་ དུ་ཆུ་ཅུང་ཟད་བླུགས་ཏེ།-yc་ཅི་ལྟར་བལྟམས་པ་ཙམ་གྱིས་ནི། yc+ཞེས་སོགས་ཀྱིས་དཀྱིལ་འཁོར་གྱི་ལྷ་ལ་ཁྲུས་གསོལ་ཞིང་དེའི་ཆུའང་ལས་བུམ་དུ་ཅུང་ཟད་བླུགས་ཏེ། དེ་སློབ་མོའི་སྡིག་སྒྲིབ་སོགས་བཀྲུས་པར་བསམས་ནས། སྙིང་པོ་དང་ལས་ཐམས་ཅད་པའི་གཤམ་དུ་ཆེ་གེ་མོའི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་ པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟི་དཀུ་རུ་ཡེ་སྭཱ་ཧཱ། ནད་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། yc+དེ་བཞིན་དུ་སྦྱར་ཏེ།-yc་རིམས་ཐམས་ཅད་(X)་གདོན་(X)་ཉེ་བར་འཚེ་བ་(X)་དུས་མ་ཡིན་པའི་འཆི་བ་(X)་འཁོན་(X)་གྲིབ་(X)་བདུད་(X)་བྱུར་དང་སྐལ་བ་དན་པ་(X)་ལྟས་ངན་པ་(X)་མཚན་མ་(X)་རྨི་ལམ་(X)་བཀྲ་མི་ ཤིས་(X)་མཚན་མོ་ན་ག་མོའི་གདོན་(X)་བདུད་ཀྱི་ཞགས་པ་(X)་གཤིན་རྗེའི་ཕོ་ཉ་(X)་བགེགས་དད་ལོག་འདྲེན་ཐམས་ཅད་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱ། yc+ཞེས་བརྗོད་ཅིང་པན་མང་དུ་བཀྲུའོ། །དེ་ནས་ཁ་རུ་ཅུ་ཅུང་ཟད་བཟུང་ཞིང༌། བཀྲུས་པའི་ལྷག་མ་ལུས་པ་རྣམས་ཆུ་དེང་འཕོ་བར་བསམ་ནས། རྨ་བྱའི་སྒྲོས་བྱ་བས་ཤིང༌། སྙིང་པོ་དང་ལས་སྔགས་བརྗོད་ @019B པའི་རྗེས་སུ།-yc་ཆེ་གེ་མོའི་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཨ་པཎ་ཡེ་སྭཱ་ཧཱ། yc+དེ་བཞིན་དུ་གཞན་རྣམས་ལ་ཐམས་ཅད་ཅེས་པ་རེ་རེའི་མཐར-yc་ཨ་པཎ་ཡེ་སྭཱ་ཧཱ། yc+ཞེས་སྦྱར་ཏེ་བརྗོད་པའི་རྗེས་སུ་ཁའི་ཆུ་དེ་སྔར་བཅུས?་པའི་ཆུ་ནང་དུ?་འདོར་རོ། །དེ་ནས་སློབ་དཔོན་གྱིས།-yc་ཛཿ སངས་རྒྱས་ ཀྱི་བདེན་པ་དང༌། yc+ནས-yc་ལ་བརྟེན་ནས། སློབ་མ་འདི་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་གནོད་ཅིང་འཚེ་བར་བྱེད་པའི་འབྱུང་པོ་གདོན་བགེགས་ཀྱི་རིགས་སུ་གྱུར་པ་ཐམས་ཅད་ཁྲུས་ཆུ་འདི་དང་ལྷན་ཅིག་ཏུ་རང་རང་སོ་སོའི་གནས་སུ་སོང་ཞིག །གལ་ཏེ་མི་འགྲོ་ན་ཁྲོ་བོ་ཡེ་ཤེས་ཀྱི་མེ་རབ་ཏུ་ འབར་བ་རྣམས་ཀྱིས་སྲེག་ཅིང་རྣམ་པར་འཇོམས་པ་གདོན་མི་ཟའོ། yc+།ཨ་མཱི་ཏ་དང༌།-yc་ཨོཾ་སུཾ་བྷ་ནི་སུཾ་བྷ་ཧཱུཾ། yc+ཅེས་པ་ནས།-yc་བཛྲ་ཧཱུཾ་ཕཊ། yc+ཅེས་བརྗོད་ཅིང༌། གུ་གུལ་གྱིས་བདུག །རོལ་མོའི་སྒྲ་དྲག་ཏུ་བྱ་ཞིང༌། བཀྲུས་པའི་ཆུ་ཕྱིར་འདོར་རོ། །དེ་ནས-yc་སངས་རྒྱས་རྣམས་ནི་བདུད་ལས་རྒྱལ། །ཆོས་ནི་ཆོས་མ་ཡིན་ལས་ རྒྱལ། །དགེ་འདུན་མུ་སྟེགས་རྣམས་ལས་རྒྱལ། །དབང་པོ་ལྷ་མིན་རྣམས་ལས་རྒྱལ། །ལྷ་མིན་ཟླ་བ་རྣམས་ལས་རྒྱལ། །ནམ་མཁའ་ལྡིང་ནི་རྒྱ་མཚོ་ལས། །མེ་ནི་ཤིང་རྣམས་ཀུན་ལས་རྒྱལ། །ཆུ་ནི་མེ་ལས་རྒྱལ་བར་འགྱུར། །རླུང་ནི་སྤྲིན་ལས་རྒྱལ་བར་འགྱུར། །རྡོ་རྗེ་ཡིས་ ནི་རིན་ཅེན་ཕུག །ལྷ་རྣམས་བདེན་པར་རབ་ཏུ་གནས། །ས་ཡང་བདེན་པར་གནས་པ་ལས། །སངས་རྒྱས་དད་ནི་ཆོས་ཀྱང་བདེན། །བདེན་པ་རྒྱལ་འགྱུར་རྫུན་མ་ལགས། །བདེན་པ་དང་བདེན་པའི་ཚིག?་འདི་དག་གིས་བདུད་དང་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་བར་ གྱུར་ཅིག །ཛ་ཡ་ཛ་ཡ། སིདྡྷི་སིདྡྷི། ཕ་ལ་ཕ་ལ་ཧོཿ yc+ཞེས་བརྗོད་ཅིང༌། དེ་ནས་སྔགས་ཀྱི་རྗེས་སུ།-yc་ཆེ་གེ་མའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ལས་རཀྵ་རཀྵ། yc+ཞེས་སོགས་ཀྱི་མཐར།-yc་རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང༌། །མགོན་པོ་ཚེ་དཔག་མེད་པའི་བྱིན་རླབས་ཀྱིས། །འགྲོ་ @020A ༄༅། །བ་འདི་ལ་བདག་གིས་བསྲུངས་ཟིན་གྱིས། །འདི་ལ་སུས་ཀྱང་གནོད་པ་མ་བྱེད་ཅིག །རཀྵ་ར་ཀྵ་ལེ་སྭཱ་ཧཱ། yc+རཀྵ་ནི་སྲུང་བའི་དོན་ཡིན་པས་ཐམས་ཅད་ལས་ཞེས་བྱས་ན་བདེའོ། །དབུ་རྒྱན་ཡོད་ན་བསྐྱེད་ཚུལ་ནི། པཎ་ཆེན་གྱི་གསུང་ལྟར། དེ་བསངས་སྦྱངས།-yc་ཅོད་པན་སྟོང་པ་ཉིད་དུ་ གྱུར༑ སྟོང་པའི་ངང་ལས་ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿ ཨཱཿ ཡོངས་སུ་གྱུར་པ་ལས། དེ་བཞིན་གཤེགས་པ་རིགས་ལྔའི་ངོ་བོར་གྱུར་པའི་ཅོད་པན་དུ་གྱུར་yc+ཅེས་བསྐྱེད་བར་བྱ་དགོས་སོ། །མེད་ན་སོ་སོའི་ཕྱག་རྒྱ་བྱས་ཏེ།-yc་དེ་བཞིན་གཤེགས་པའི་དབུ་རྒྱན་ཅོང་པན་འདིས། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་ བསྐུར་བས། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་རབ་རྫེགས་ཏེ། །རིགས་ལྔའི་སངས་རྒྱས་མྱུར་དུ་ཐོབ་པར་ཤོག །ཨོཾ་བཛྲ་ཨ་བྷི་ཥཱི་ཉ་ཧཱུཾ། ཨོཾ་བུད་དྷ། ཨོཾ། ཨོཾ་རཏྣ་(+)་ཏྲཱཾ། ཨོཾ་པདྨ་(+)་ཧྲཱིཿ ཨོཾ་ཀརྨཱ་(+)་ཨཱཿ yc+ཞེས་དང༌།-yc་མཇེས་ཤིང་ཡིད་འོད་དར་གྱི་ཅོད་པན་འདིས། །སྐལ་ལྡན། ཤེས་བྱ་ཀུན་ལ་ཐོགས་པ་མེད་པ་དང༌། །འགྲོ་བའི་དོན་ལ་མཐུ་དང་དབང་ཐོབ་ཤོག །ཨོཾ་བཛྲ་པ་ཏྲ་ཨ་ཝ་ལམ་བྷ་ན་ཨ་བྷི་ཥཱིཉྩ་ཏྲཾ། yc+འདུལ་འཛིན་པའི་དེར་དབུ་རྒྱན་དང་དར་དབྱངས་གཉིས་ཀལ་སྔགས་ཙམ་གྱིས་འགྲུབ་པར་བཤད་ཅིང༌། པཎ་ཆེན་གྱི་དེར་ཡང་རྒྱལ་སྲིད་མ་གཏིགས་ཚིགས་བཅད་མེད་ཀྱང༌། འདིར་ མཛད་པ་ནི་རྒྱས་པའི་ལུགས་སོ། །དེ་ནས་རིན་ཆེན་སྣ་བདུན་གྱི་གཟུགས་བྲིས་པ་ཡོད་ན། འདུལ་འཛིན་པའི་དེར་བསྐྱེད་ཚུལ་བཤད་པ་ནི། བསང་སྦྱངས།-yc་སྟོང་པའི་དད་ལས་ཨོཾ་ལས་རིན་པོ་ཆེའི་སྣ་བདུན་རྣམ་པ་འཁོར་ལོ་སོགས་དངས་ཤིང་ཐོགས་པ་མེད་པ་ངོ་བོ་ཡེ་ཤེས་ལས་གྲུབ་པར་གྱུར་yc+པར་བསམ་ལ།-yc་ ལྷ་རྫས་ལས་བྱས་ལྷེ་བ་ཤིན་ཏུ་ཟླུམ། །རྩིབས་སྟོང་ལྡན་ཞིང་མུ་ཁྱུད་རབ་མཉམ་བཟང༌། །སྡང་བའི་དགྲ་ལས་རྣམ་པར་རྒྱལ་གྱུར་བའི། །འཁོར་ལོ་རིན་ཆེན་དམ་པས་དབང་བསྐུར་རོ། །ཨོཾ་ཙཀྲ་རཏྣ་ཨ་བྷི་ཥཱིཉྩ་མཾ། yc+ཞེས་འཁོར་ལོ་སྦྱིན། དེ་བཞིན་དུ-yc་རིན་ཆེན་ངོ་བོ་ལྷ་ @020B རྗེས་བཻཌཱུརླ། །ཀུན་ཏུ་དཔག་ཚད་ཙམ་དུ་སྣང་བྱེད་ཅིང༌། །དྲི་མེད་ཉིན་མོ་ཇི་བཞིན་མཚན་དེ་བཞིན། །ནོར་བུ་རིན་ཆེན་དམ་པས་(+)། །ཨོ་མ་ཎི་ཏ་ཏྣ་(+)། གཟུགས་མཛེས་པ་ལྟན་སྡུག་ཅིང་ཚུལ་བཟང་ལ། །པགས་པའི་མདོག་ལེགས་འཇམ་ཞིང་དྲི་མཆོག་ལྡན། །ཡིད་འོང་འདོད་ དགུའི་རེག་བྱ་དང་ལྡན་པའི། །བཙུན་མོ་རིན་ཆེན། ཨོཾ་སྟེ་(+)། གང་ཡང་རྒྱལ་བ་མུ་ཏིག་མདངས་ལྡན་བས། །གསོར་སོགས་མང་པོ་ཐུབ་ལ་ཕུལ་བལྟར། །བཟོད་ལྡན་མཚུངས་པའི་ཁྱིམ་བདག་ནོར་ལྡན་ཏེ། །བློན་པོ་རིན་ཆེན་(+)་ཨོཾ་པུ་རུ་ཥ་(+)་ཡན་ལག་ཐམས་ཅད་ལེགས་སྐྱེས་ས་ལ་ནི། རབ་གནས་གངས་ཆེན་རི་འདྲ་གླང་པོ་ཆེ། །རྒྱལ་པོ་ལ་ལ་འོས་མཁའ་ལ་རབ་འགྲོ་བའི། །གླང་པོ་(+)་ཨོཾ་ཧ་སྟི་(+)་ཐོ་རངས་དུས་སུ་ཕྱོགས་རྣམས་མ་ལུས་པའི། །ས་རྣམས་བསྐོར་ཏེ་སླར་ཡང་ལྡོག་འགྱུར་བ། །མ་བྱའི་མགྲིན་བའི་སྡུ་ལྟར་ཡིད་འོད་པའི། །རྟ་མཆོག་(+)་ཨོཾ་ཏུ་རཾ་ ག་ཨ་ཤྭ་(+)་འགྲོ་དང་ལྡོག་དང་ཀུན་ནས་འོང་འགྱུར་བའི། །བདུད་དཔུང་མ་ལུས་འཇིགས་པར་བྱེད་པ་སྡེ། །དཔལ་ལྡན་འབྱོར་བའི་དཔུང་དང་བཅས་པ་ཡི། །དམག་དཔོན་རིན་ཆེན་དམ་པས་(+)་ཨོཾ་ཁཌྒ་རཏྣ་(+)་མཾ། yc+ཞེས་རིན་ཆེན་སྨ་བདུན་གྱིས་དབང་བསྐུར་རོ། །དེ་ནས་ཉུངས་ཀར་ལ་སོགས་ བའི་བཀྲ་ཤིས་ཀྱི་རྫས་བརྒྱད་རས་དཀར་པོ་སོགས་བཞི་གཙི་གཙང་མའི་སྟེང་དུ་བཞུག་ལ། ཨ་མྲཾ་ཏ་ས་བསངས། སྭ་བྷཱ་ཝས་སྦྱངས།-yc་སྟོང་པའི་ངང་ལས་ཨོཾ་ལས་གྲུབ་པའི་བཀྲ་ཤིས་ཀྱི་རྫས་ལུངས་ཀར་ལ་སོགས་པ་བརྒྱད་ལ་རེག་པ་ཙམ་གྱིས་བཀྲི་མི་ཤེས་པ་སེལ་བའི་རྫས་སུ་གྱུར་པར་བསམ་ཞིང༌། ཨོཾ་མངྒ་ལ་ཨཥྚ་ བྲ་བྱ་སྭཱ་ཧཱ། yc+ཞེས་སྙིང་པོས་བྱིན་གྱིས་བརླབས་ཏེ། ཡུངས་ཀར་ལག་ཏུ་ཐོགས་ནས།-yc་སྔོན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་གསང་སྔགས་དང་རིག་སྔགས་ཀྱི་བདག་པོ་དཔལ་ཕྱག་ན་རྡོ་རྗེས་གྲུབ་པའི་རྫས་ཡུངས་ཀར་ཕྱག་ཏུ་ཕུལ་ཏེ། བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པ་དེ་བཞིན་དུ། @021A ༄༅། །དེད་འདིར་ཡང་སློབ་མ་རྣམས་ཉུངས་ཀར་གྱི་རྫས་ལ་བརྟེན་ནས་ཚེ་རིང་ཞིང་བཀྲ་ཤིས་པར་གྱུར་ཅིག །ཡུངས་ཀར་རྡོ་རྗེའི་རིགས་ཏེ་ཐམས་ཅད་དུ། །བགེགས་རྣམས་མ་ལུས་འཇོམས་པར་བྱེད་པ་ཡི། །མཐུ་སྟོབས་ཡོན་ཏན་ཕུན་སུམ་ཚོགས་གྱུར་བའི། བཀྲ་ཤིས་དེས་ཀྱང་བགེགས་རྣམས་ཞིལ་རང་ཤོག yc+།ཅེས་སྦྱིན་ནོ།-yc༌།དེ་བཞིན་དུ་རབ་ཐོགས་ཏེ། སྔོན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ། རྩྭ་འཚེད་གི་ཁྱེའུ་བཀྲ་ཤིས་ཀྱིས་རྩུ་དུར་བ་yc+ཅེས་པ་ནས།-yc་གྱུར་ཅིག །དུར་བས་ཚེ་ནི་འཕེལ་བར་བྱེད་པ་སྟེ། །རྡོ་རྗེ་སེམས་དཔའི་ཚེ་ནི་རབ་བསྒྲུབས་ ནས། །ཉོན་མོངས་སྐྱེ་ཤི་རྒྱན་ཆད་གྱུར་བ་ཡི། །བཀྲ་ཤིས་དེས་ཀྱང་ཚེ་རྣམས་འཕེལ་བར་ཤོག yc+།ཞེས་སྐྱེན་ནོ། །བའི་ལ་ཐོགས་ཏེ། སྡོན་བཅོམ་ལྡན་ནས་ལྷ་ཚངས་པས་ཤིང་ཐོག་ཐིལ་བ་ཅེས་པ་ནས། ཅི་ག། བིལ་བརྒྱུ་རྐྱེན་འབྲས་བུར་ལྡན་པ་སྟེ། །འཇིག་རྟེན་འཇིག་རྟེན་འདས་པའི་ སྤྱོད་པ་རྣམས། །བྱང་ཆུབ་སྙིང་པོ་མཆོག་ཏུ་གྱུར་བ་ཡི། །བཀྲ་ཤིས་དེས་ཀྱང་དོན་རྣམས་ཀུན་འགྲུབ་ཤོག yc+།ཞེས་སྦྱིན་ནོ། །གྷྲི་ཧང་ཐོགས་ཏེ།-yc་སྔོན་(+)་གླང་པོ་ཆེ་ནོར་སྐྱོང་གི་སྨན་གྷི་ཏང་yc+ཅེས་པ་ནས།-yc་གྷི་ཧཾ་དུག་གསུམ་འཇོམས་པ་ནད་ཀྱི་སྨན། །སྨན་མཆོག་ཆོས་ཉིད་རབ་ཏུ་ རྟགས་གྱུར་ནས། །ཉོན་མོངས་ཟུག་རྡུ་མེད་པར་གྱུར་བ་ཡི། །བཀྲ་ཤིས་དེས་ཀྱང་སྡུག་བསྔལ་དག་གྱུར་ཅིག yc+།ཅེས་སྦྱིན་ནོ། །ལི་ཁྲི་ཐོགས་ཏེ།-yc་སྔོན་(+)་བྲམ་ཟེ་སྐར་རྒྱལ་ཕྱི་བུས་སྨན་ལི་ཁྲི་yc+ཅེས་པ་ནས།-yc་ལི་ཁྲི་དམར་པོ་དབང་གི་རང་བཞིན་ཏེ། །ཆོས་རྣམས་མ་ལུས་དབང་དུ་ བསྡུས་ནས་ཀྱང༌། །ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་གྱུར་པའི། །བཀྲ་ཤིས་དེས་ཀྱང་ཁྱེད་སྲིད་བརྟན་གྱུར་ཅིག yc+།ཅེས་སྦྱིན་ནོ། །ཞོ་ཐོགས་ཏེ།-yc་སྔོན་(+)་ཞིང་བའི་བུ་མོ་ལེགས་སྐྱེས་མས་ཞོ་(+)་yc+ཅེས་པ་ནས།-yc་ཞོ་ནི་ཀུན་གྱི་སྙིང་བོར་འགྱུར་པ་སྟེ། །སྙིང་པོ་ཡང་དག་ཡེ་ཤེས་མཆོག་རྟོགས་ནས། ། @021B ཡོན་ཏན་ཀུན་གྱི་དབྱིངས་སུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དུག་གསུམ་ཞི་བར་ཤོག yc+།ཅེས་སྦྱིན་ནོ། །མེ་ལོང་ཐོགས་ཏེ། སྔོན་(+)་གཟུགས་ཀྱི་ལྷ་མོ་འོད་འཆང་མས་མེ་ལོང་yc+ཅེས་པ་ནས།-yc་མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་ཡིས། །ཡེ་ཤེས་རྒྱ་མཚོ་མཆོག་ཏུ་དག་གྱུར་ཏེ། །རྣམ་དག་ཆོས་ལ་ ཐོགས་མེད་ལོངས་སྤྱོད་བའི། །བཀྲ་ཤིས་དེས་ཀྱང་སྒྲིབ་པ་དག་གྱུར་ཅིག yc+།ཅེས་སྦྱིན་ནོ། །དུར་ཐོགས་ཏེ།-yc་སྔོན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ། ལྷའི་དབང་པོ་བརྒྱ་བྱིན་གྱིས་དུང་དག་ར་གཡས་སུ་འཁྱིལ་བ་ཕྱག་ཏུ་ཕུལ་ཏེ། yc+ཅེས་བ་ནས།-yc་གྱུར་ཅིག །དུང་ནི་ཆོས་ཀྱི་སྒྲ་རྣམས་སྒྲོགས་པའི་ཚུལ་ ཡེ་ཤེས་རྒྱ་མཚོ་ཉིད་དུ་དག་གྱུར་ནས། །ཆོས་རྣམས་མ་ལུས་སྟོན་པར་བྱེད་པ་ཡི། །བཀྲ་ཤིས་དེས་ཀྱང་ཚིག་དབང་ཐོབ་པར་ཤོག yc+།ཅེས་སྦྱིན་ནོ། །དེ་ནས་རང་ངམ-yc་ཁྱེད་རང་རྣམས་ཐ་མལ་དུ་གནས་པའི་སྙིང་ཁར་པདྨ་འདབ་མ་བཞི་ཡོད་པའི་ལྟེ་བར་རྣམ་སྣང་ཆོ་དཔག་མེད། མདུན་དུ་རྡོ་རྗེ་ཚེ་དཔག མེད། གཡས་སུ་རིན་ཆེན་ཚེ་(+)་རྒྱབ་ཏུ་པདྨ་ཚེ་(+)་གཡོན་དུ་ལས་ཀྱི་ཚེ་(+)་སྤྱི་བོར་ཡེ་ཤེས་ཚེ་དཔག་མེད་རྣམས་བཞུགས་པར་གྱུར། ཡང་སྐུ་མདོག་སོགས་རྒྱས་པར་བརྡ་སྤྲད། བླ་མ་གཙོ་བོ་འམ་རྣམ་སྣང་ཚེ་དཔག་མེད་དུ་གསལ་བའི་ཐུགས་ཀ་ནས་མེད་ཤེས་ཏེ་དཔག་མེད་('PRO)ས་ཏེ། རང་དམ་ཁྱེད་རང་རྣམས་ ཀྱི་སྤྱི་བོའི་ཡེ་ཤེས་ཚེ་དཔག་མེད་ལ་ཐིམ་པས་འཆི་བ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་དུ་གྱུར། ཚད་ས་བུག་ནས་ཞུགས། སྙིག་པའི་རིགས་ལྔའི་ཚེ་དཔག་མེད་ལ་ཐིམ་པས། དེ་རྣམས་ཀྱང་ཞུ་བའི་ཡེ་ཤེས་ཀྱི་བདུད་རྩིས་ལུས་ཐམས་ཅད་ཁྱབ་ཅིང་གང་བས་ལུས་ཀྱི་ཟུང་དང་སེམས་ཀྱི་རྟེན་དུ་ གྱུར་བའི་མོས་པ་མཛོད་ཅེས་བརྡ་སྤྲད་དེ། ཨོཾ་ན་མོ་བྷ་ག་ཝ་ཏེ། yc+ཅེས་པ་ནས།-yc་ཝཱ་རེ་སྭཱ་ཧཱ། yc+དེ་ལྟར་ལན་གསུམ་མམ་གཅིག་བྱས་ཏེ། རང་དམ་སློབ་མའི་སྦྱི་བོར་རྡོ་རྗེ་བཟུང་མ། ཡེ་ཤེས་ཚེ་དཔག་མེད་ཀྱི་ང་རྒྱལ་དང་ལྡན་པས།-yc་ང་ནི་ཡེ་ཤེས་ཚེ་དཔག་མེད། །ཀུན་དུ་བརྙས་བ་སྤང་བར་གྱིས། །འཆི་བ་དག་ཆེན་པོ་ངས་བཅོམ་པས། ། @022A ༄༅། །བུ་ཁྱོད་ཚེ་ཡི་རིག་འཛིན་པ་རྙེས། །ཅེས་བརྗོད་དེ་བྱིན་གྱིས་བརློབ་བོ། །དེ་ནས་བགའ་དྲིན་གྱི་ཆེད་དུ་མ(nDA)ལ འབུལ། སྤྱིར་རྒྱུད་སྡེ་བཞི་བོ་གང་གིའང་དཀྱིལ་འཁོར་ལ་བརྟེན་?ནས་དབང་བསྐུར་བར་མ་ཟད། ལྷོ་སྒོའི་ཆོ་ག་ཡང་བྱར་རུང་སྟེ། ཀུན་རིག་ཏཱ་ཀ་ཆེན་ལས། རྣལ་འབྱོར་བླ་མེད་སོགས་ཀྱི་དཀྱིལ་འཁོར་གཞན་གྱི་སྒོ་ནས་གཞིན་པོའི་དོན་དུ་ཆོ་ག་བྱེད་ བར་འདོད་ན་ཡང༌། རྣམ་ཤེས་དགུག་བ་སོགས་ཀྱི་བདེན་སྟོབས་བརྗོད་བའི་ཚེ། དཀྱིལ་འཁོར་གྱི་གཙོ་བོ་གང་ཡིན་པའི་མཚན་དང༌། རྩ་རིག་གི་གནས་སུ་རང་རང་གི་ཡེ་གེ་བརྒྱ་བ་བརྗོད་ཅིང༌། ལྷོ་སྒོའི་ཆོ་ག་གཞན་ཐམས་ཅད་འདི་བཞིན་དུ་བྱས་ལ་བདག་མདུན་གྱི་དཀྱིལ་འཁོར་བསྒྲུབ་པ་དང༌། དབང་བསྐུར་བ་སོགས་རང་རང་གི་གཟུང་ལས་འབྱུང་བལྟར་བྱའོ། །ཞེས་གསུངས་པས། ཚོ་དཔག་མེད་ལ་བརྟེན་ནས་ ལྷོ་སྒོ་བྱེད་ན་བདེན་སྟོབས་བརྗོད་བའི་ཚེ། བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་ལྷ་ཚོགས་ཞེས་བདོན་པ་བསྒྱུར་ཞིང༌། ཚེ་ལྡན་གྱི་དོན་དུ་ཡིན་ན། རྩ་རིག་གི་དོད་ལ་གཟུངས་འདོན་པ་དང༌། ཆོ་འདས་ཡིན་ན་ཡིག་བརྒྱ་སྤྱི་འགྲོ་ལྟར་བཟླ། བྱ་ག་འཆལ་བ་ནི། ཆོས་ཀྱི་འཁོར་ལོ་ཞེས་སོགས་ལྟ་བུ་དང༌། ཚེ་འདས་ལ་ཤི་ནས་ཚེ་དཔག་མེད་ཀྱི་ཞབས་དྲུང་དུ་སྐྱེས་ཞེས་དང༌། སརྦ་ འདི་ཨོཾ་སོགས་ཀྱི་དོད་དུ་ཚེ་འདས་ཀྱི་སྤྱི་བོར་ཨོཾ་སོགས་ཀྱང་འཐད། ལྷག་མ་གཞན་ཕྱག་ལེན་མཐོར་རྒྱུད་ལྟར་བྱའོ། །དེ་ཡང་ཊཱི་ཀ་ཆེན་གྱི་བླ་མེད་རྣལ་འབྱོར་སོགས་ཞེས་པའི་སོགས་སྒྲས་རྒྱུད་སྡེ་གཞན་གསུམ་སྡུད་པར་གོ་དགོས་ཤིང༌། ཅང་གྱཱ་ཞབས་དྲུང་གིས་ཀྱང་དེའི་དགོངས་པ་བླངས་ནས་གསང་བདེ་འཇིགས་གསུམ་དང་ཚེ་དཔག་མེད་ཀྱི་སྒོ་ནས་ལྷོ་སྒོའི་ཆོ་ག་བྱ་དགོས་ཚུལ་ བཤད་པས། ཁ་ཅིག་བྱ་རྒྱུད་ཀྱི་སྐབས་སུ་ལྷོ་སྒོ་བྱར་མི་རུང་སྙམ་པ་ནི། རང་ཉིད་མང་དུ་ཐོས་པ་དང་མི་ལྡན་པའམ། བླ་མའི་མན་ངག་མེད་པའི་ནང་རྟགས་སྟོན་པའོ། །དེ་ངམ་ཟད། ལྷོ་སྒོ་བྱེད་པའི་ཚེ་བདག་མདུན་བུམ་གསུམ་ཚང་བར་དགོས་ཡོད། དམིགས་བསལ་བདག་བསྐྱེད་དང་བུམ་བསྐྱེད་ཙམ་གྱིས་བྱང་རུང་ངོ། །བུམ་བསྐྱེད་རྒྱས་པ་མ་ལྕོགས་པའི་ ཚེའང་གཟུངས་བུམ་བསྒྲུབ་པར་བྱ་སྟེ། ཁྲུས་བུམ་ཙམ་ཡང་མ་བསྒྲུབ་པར་ལྷོ་སྒོའི་ཆོ་ག་བྱེད་པ་ནི་སླ་ཆོས་སུ་སོང་བའོ། །དེའི་ཕྱིར་ཚེ་འདས་ཀྱི་དོན་དུ་དཀྱིལ་འཁོར་དེ་དང༌། དེའི་ཆོ་ག་བྱས་ནས་ལྷོ་སྒོ་མི་བྱེ་པ་ནི་དགོས་པའི་བཙོ་བོ་སྟོར་བ་ཡིན་ཏེ། ཅང་གྱཱ་ཞབས་གྱིས། གཤིན་པོའི་དགེ་བ་ལ་གསང་འདེ་འཇིགས་གསུམ་སོགས་ཀྱི་ཆོ་ག་ཞེ་དགུའི་བར་ཏུ་གསུངས་ @022B བ་ཕན་ཡོན་ཤིན་ཏུ་ཆེ་ལ། དེ་དང་འབྲེལ་བའི་ལྷོ་སྒོའི་ཆོ་ག་བྱས་ན་སྡིག་སྒྲིབ་སྦྱོང་བ་སོགས་ཀྱི་ནུས་པ་དང་ཕན་ཡོན་ལྷག་པར་ཆེ་བས་ཚེ་འདས་ལ་སྙིང་བརྩེ་བ་དག་གིས་ནི་ཚུལ་འདི་ལྟ་བུ་ལ་བརྩོན་བར་རིགས་སོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ནས་གཏང་རག་གི་མཆོད་པ་སྔར་བཞིན་བསང་སྦྱངས་བསྐྱེད་དེ། འབུལ་བ་ནི། འཇིག་རྟེན་ཁམས་ ནི་དཔག་མེད་ན། །མཆོད་ལོན་ཇི་སྙིང་ཡོད་པ་དང༌། །བདག་གིས་གུས་པར་བཤམས་འདི། །རྒྱལ་བ་སྲས་དང་བཅས་ལ་འབུལ། །ཨོཾ་ཨ་བ་རི་ནས་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། བསྟོད་པ་རྒྱས་བསྡུས་གང་རུང་བྱས་ནས། ཡི་གེ་བརྒྱ་པས་ལྷག་ཆད་བསྐང༌། དེ་ནས་ཐལ་མོ་སྦྱར་ཏེ། གང་ཡང་བདག་བློ་རྨོངས་པ་ཡིས། །ཉེས་བྱས་ཅུང་ཟད་གང་བགྱིས་པ། །གང་ཕྱིར་ལུས་ཅན་སྐྱབས་ཡིན་ཕྱིར། །མགོན་ཁྱེད་དེ་ཀུན་བཟོད་པར་མཛོད། །མ་རྙེད་ཡོངས་སུ་མ་ཤེས་དང༌། །གང་ཡང་ནུས་པ་མ་མཆིས་པར། །འདིར་ནི་བྱུ་བ་གང་བགྱིས་པ། །དེ་ཀུན་ཁྱོད་ ཀྱིས་བཟོད་མཛོད་རིགས། yc+།ཅེས་བས་བཟོད་གསོལ་བྱ། སྤྲོ་ན། འགའ་ཞིག་ནས་འབྱུང་བ་ལྟར།-yc་ལྷག་པ་དང་ནི་ཆད་པ་དང༌། །ཆོ་གའི་ཡན་ལག་ཉམས་པ་དང༌། །བདག་གིས་བརྗེད་ངས་ཅི་མཆིས་པ། །དེ་ཡང་བཟོད་པར་མཛད་དུ་གསོལ། །བཅོམ་ལྡན་འདས་མགོན་པོ་ཚེད་ང་ཡེ་ཤེས་ དཔག་ཏུ་མེད་པའི་ལྷ་ཚོགས་འཁོར་དང་བཅས་པ་ཁྱེད་རྣམས་ལ་ཐུགས་མཁྱེན་པའི་ཡེ་ཤེས་བརྩེ་བའི་ཐུགས་རྗེ། མཛད་པའི་འཕྲིན་ལས། སྐྱོབ་པའི་ནུས་མཐུ། བསམ་གྱིས་མི་ཁྱབ་པ། མངའ་བ་ལགས་པས། ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་ དར་བ་དང༌། སེམས་ཅན་ལ་བདེ་སྐྱེད་འབྱུང་བ། ཁྱད་པར་དུ་ཡང་དཔག་སོགས་སྦྱིན་པའི་བདག་པོའི་ནད་གདོན་བར་ཆད་ཐམས་ཅད་ཉེ་བར་ཞི་བ་དང༌། མཐུན་རྐྱེན་ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་ཐམས་ཅད་ཟླ་བ་ཡར་གྱི་ངོ་བཞིན་དུ་གོང་ནས་གོང་དུ་ @023A ༄༅། །འཕེལ་ཞིང་རྒྱས་པ་དང༌། ཕྱི་མར་ཡང་བདེ་བ་ཅན་དུ་སྐྱེས་ནས་འཚང་རྒྱ་བར་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ། གནས་སྐབས་སུ་བདག་ལ་དགོངས་སུ་གསོལ། བདག་ཅག་ལས་དང་པོ་པ་སེམས་བྱིང་རྒོད་ཀྱི་དབང་གིས་ཆོ་ག་ལྷག་པ༌། ཆད་པ། མཆོད་པའི་ཡོ་བྱད་ངན་ཞིང་མ་ཚང་བ། སྔགས་མ་དག་པ། ཏིང་ངེ་འཛིན་མ་གསལ་བ་ལ་སོགས་པ། འཁྲུལ་ཞིང་ནོངས་པའི་ཚོགས་ཅི་བགྱིས་པ་དེ་དག་ཐམས་ཅད་མགོན་པོ་ཐུགས་རྗེ་ཆེན་པོ་ཁྱེད་རྣམས་ཀྱིས་ཐུགས་བཟོད་པ་དམ་པ་མཛོད་ལ་བདག་ཅག གི་ཚེ་འདི་ལ་བར་ཆད་མེད་ཅིང༌། ཕྱི་མ་ལ་གནོད་པའི་སྡིག་སྒྲིབ་མི་འབྱུང་བར་བྱིན་གྱིས་བརློབ་ཏུ་གསོལ། བདག་ལ་དངོས་གྲུབ་མཆོག་སྩལ་ལགས། །ཏིང་འཛིན་ཀུན་གྱི་འབྲས་བུ་སྩོལ། །སེམས་ཅན་ཀུན་ལ་ཅི་འདོད་པའི། །དངོས་གྲུབ་བླ་ན་མེད་པ་སྩོལ། yc+།ཅེས་ འདོད་དོན་ལ་གསོལ་བ་གདབ། རྡུལ་ཚོན་ཡིན་ན། ཉིན་སྔ་མ་རྣམས་ལ་བརྟན་བཞུགས་དང༌། ཕྱི་མའི་ཚེ་ཡི་གེ་བརྒྱ་པ་བརྗོད་ཅིང་དཀྱིལ་འཁོར་ལ་ལན་གསུམ་བསྐོར་བ་བྱས་ལ།-yc་ཨོཾ་ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། yc+།ཅེས་སོགས་ཀྱིས་མཐར།-yc་ཨོཾ་ཨཱཿ བཛྲ་མུཿ yc+ཞེས་པས-yc་ཡེ་ཤེས་པ་གཤེགས་ཤིང་དམ་ཚིག་པ་ རང་ལ་བསྡུ། yc+དགེ་བའི་རྩ་བ་རྣམས་བསྟན་པ་རྒྱས་པ་ལ་སོགས་པའི་དོན་དུ་བསྔོ་ཞིང༌། དེ་ནས་ཨ་ཀ་རོ་བརྗོད་ཅིང་དྲིལ་བུ་གསིལ་ཏེ། དང་པོ་ལྷ་མཚན་རྣམས་བསྡུ། དེ་ནས་ཚངས་ཐིག་ནས་བརྩམས་ཏེ་ལྟེ་བའི་བར་དང་དེ་ཁ་རྡོ་རྗེའི་རྩེ་མོས་བཤིག་རྡུལ་ཆོན་རྣམས་ཕྱགས་ཏ་བུམ་པར་བླུགས་ལ་མཆོད་པ་དང་བཅས་ཁྱེར་ནས་རྒྱ་མཚོར་འབབ་པའི་ཆུ་བོར་འདོར་རོ།། བུམ་པ་ཆུས་བཀང?་ལ་འོངས་ཏེ། དཀྱིལ་འཁོར་གྱི་ཁང་པ་ལ་ཞི་བ་ཤིས་པའི་དོན་དུ་གཏོར་རོ།-yc༌།ཨོཾ་བཛྲ་ཀཱི་ལ་ཨུད་ཀཱི་ལ་ཡ་སརྦ་ཀཱི་ལན་བཛྲ་དྷ་ར་ཨད་ཛྙཱུ་བ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཧོཿ yc+ཅེས་བརྗོད་དེ་ཕུར་བུ་རྣམས་འབྱུང་ངོ།-yc༌།ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིད་དྷ་ལོ་ཙ་ནེ་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། yc+ཞེས་འོ་མ་ལ་བཟླས་ཏེ་ཕུར་བུ་ @023B རྣམས་བཀྲུས་བས་བགེགས་རྣམས་སོས་ཏེ་སངས་རྒྱས་པར་གྱུར་ཅིག yc+།ཅེས་བརྗོད། རས་བྲིས་ཡིན་ན།།-yc་ཨོཾ་ན་མོ་བྲུ་ཨཱ་ཡུ་ཛྙཱ་ན་ཧྲཱིཿ ཨ་རོ་ལིཀྐ་ཧཱུཾ་ཧྲཱིཿ མདུན་བསྐྱེད་ཀྱི་སྤྱན་དྲངས་པའི་ཡེ་ཤེས་པ་རྣམས་རང་རང་གི་བྲིས་སྐུའི་རྣམ་པར་གྱུར་ནས་ཇི་སྲིད་འབྱུང་བཞིའི་གནོད་པ་མ་བྱུང་གི་ བར་དུ་བརྟན་པར་བཞུགས་སུ་གསོལ། ཨོཾ་སུ་པྲ་ཏཱིཥྛ་བཛྲ་ཡེ་སྭཱ་ཧཱ། yc+ཞེས་མེ་ཏོག་འཐོར་རོ། །ཤིས་བརྗོད་རྒྱས་པའམ། བསྡུ་ན།-yc་ཆེ་བའི་ཆེ་མཆོག yc+སོགས་དང༌།-yc་དུས་མིན་འཆི་བའི་yc+སོགས་དང༌། འདབ་བཟང་གཙུག་ཕུང་སོགས་དང༌།-yc་ཚངས་དང་ལྷ་དབང་yc+སོགས་ཀྱིས་ཅིས་བརྗོད་བྱའོ། ། ཅེས་ཚེ་དཔག་མེད་ཀྱི་ཆོ་གའི་འདོན་ཆ་ནག་འགྲོས་སུ་བཀོད་པ་ནི། དད་པ་དང་རྣམ་དཔྱོད་ཟུང་དུ་འབྲེལ་བའི་དགའ་བཅུ་པ་བློ་བཟང་བསམ་འགྲུབ་དང༌། དགེ་སློང་བློ་བཟང་དབང་ཕྱུག་གཉིས་ཀྱིས་རང་གཞན་ལ་ཕན་འདོད་ཀྱི་འདུན་པས་བསྐུལ་བའི་ཚེ། ཤཱཀྱའི་དགེ་སློང་གྲགས་པ་བཤད་སྒྲུབ་ཀྱིས། འདུལ་འཛིན་བས་མཛད་པའི་ཚེ་དཔག་མེད་ ཀྱི་དཀྱིལ་འཁོར་གྱི་ཆོ་ག་འཆི་བདག་ཀུན་འཇོམས་ཞེས་གྲགས་པ་ལ། པར་མ་གཉིས་སྣང་བ་ལས། གཅིག་འདུལ་འཛིན་ཉིད་ཀྱིས་མཛད་པའི་ཆོ་ག་དངོས་དང༌། གཅིག་ནི་དེ་ལ་ཅུང་ཟད་ཁ་སྐོང་བྱས་པ་ཞིག་ཏུ་སྣང་བས། འདིར་སྔ་མ་དེ་གཞིར་བྱས་པ་ཡིན་ན་ལས།?་དེ་ཉིད་ནས་འབྱུང་བའི་འཆི་སླུའི་སྐོར་དོར། པཎ་ཆེན་གོང་མས་མཛད་པའི་ཚེ་དཔག་མེད་ ཀྱི་ཆོག་སོགས་ནས་ལེགས་ཆ་བླངས་ཏེ། སྔར་དགོན་འདིར་མཆིས་པའི་འདོན་ཆ་དང་མཐུན་པར་ཅོ་རེ་བཤད་སྒྲུབ་གླིང་དུ་བསྒྲིགས་པ་སྟེ་ཆོ་ག་འདི་ཚུལ་བཞིན་དུ་བྱས་ན། གནས་སྐབས་ཚེའི་བར་ཆད་ཞི་ཞིང་སྡིག་སྒྲིབ་འདག་པ་དང༌། ཕྱི་མར་བདེ་བ་ཅན་དུ་སྐྱེས་ནས་སངས་རྒྱས་ཚེ་དཔག་མེད་ཀྱིས་རྗེས་སུ་འཛིན་པ་སོགས་ཕན་ཡོན་ཤིན་ཏུ་ @024A ༄༅། །ཆེ་བའོ། །སྨྲས་པ། །སྙིགས་མའི་འགྲོ་བ་ཀུན་གྱི་སྐྱབས་ཀྱི་ཕུལ། །བདེ་ལྡན་ཞིང་གི་འདྲེན་པ་ཚེ་དཔག་མེད། །གང་དེའི་དཀྱིལ་འཁོར་ཆོག་འོང་དཀར་ཅན། །མཐའ་ཡས་འགྲོ་འདིའི་ཕན་བདེའི་དཔལ་དུ་ཤར། །ཚུལ་འདིར་སྒོ་གསུམ་འབད་ལས་རྣམ་དཀར་དགེ། །གངས་རིའི་ཏོག་འདྲ་ཇི་སྙེད་ཐོབ་དེ་ཡང༌། ། གནས་སྐབས་ཚེ་ཡི་བར་ཆད་ཀུན་ཞི་ཞིང༌། །ཕྱི་མར་བདེ་བ་ཅན་དུ་སྐྱེ་ཕྱིར་བསྔོ། །ཅེས་པ་འདི་ཡང་གནས་བརྟན་བློ་བཟང་དབང་ཕྱུག་གིས་ཆོ་ག་འདི་བར་དུ་བརྐོ་བར་བཞེད་པའི་ཚེ་བསྐུལ་བལྟར་བགྱིས་ཤིང༌། བར་རྐོ་བ་པོ་ནི་དེ་ཉིད་ཀྱི་གཅུད་འཇམ་དབྱངས་ཚུལ་ཁྲིམས་དང༌། ཨ་བ་མཎི་འབུམ་གཉིས་སོ། །འདིས་ཀྱང་རྒྱལ་བའི་བསྟན་པ་ལ་ཕན་ཐོགས་པར་གྱུར་ཅིག །སརྦ་མངྒ་ལཾ།།-yc་ @024B [BLANK PAGE]