[སྔོན་འགྲོའི་དཔར་གཞི།]་ @001A yc+༄༅། །སྐྱབས་འགྲོའི་ཁྲིད་ཡིག་མདོར་བསྡུས་གམས་པ་བཞུགས།-yc་ @001B ༄༅། །སྤངས་རྟོགས་མཐར་ཕྱིན་རྫོགས་སངས་རྒྱས། །བདེན་གཉིས་ཟུང་འཇུག་དམ་པའི་ཆོས། །ཚོགས་གཉིས་ཉམས་ལེན་དགེ་འདུན་ཏེ། །དཀོན་ཅོག་གསུམ་ལ་ཕྱག་འཚལ་ལོ། །འདིར་སྐྱབས་འགྲོ་བྱེད་ཚུལ་གྱི་རིམ་པ་ཉམས་ལེན་ དུ་འཁྱེར་བདེ་བར་འགོད་པ་ལ་བཞི། སྐྱབས་སུ་འགྲོ་བའི་དགོས་པ༑ ཕན་ཡོན༑ འགྲོ་ཚུལ༑ བསླབ་བྱའོ། །དང་པོ་ནི། དཀོན་ཅོག་ལ་སྐྱབས་སུ་འགྲོ་དགོས་ཏེ། སངས་རྒྱས་ཀྱི་བསྟན་པ་དང་མཇལ་མ་མཇལ་དང༌། བསྟན་པ་ལ་ཞུགས་མ་ཞུགས་ནི་དཀོན་ ཅོག་ལ་སྐྱབས་སུ་སོང་མ་སོང་བའི་སྒོ་ནས་འཇོག་པའི་ཕྱིར་ཏེ། དཀོན་ཅོག་ལ་སྐྱབས་སུ་འགྲོ་བའི་སྐྱབས་འགྲོ་ནི་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པའི་སྒོ་ཡིན་པའི་ཕྱིར་རོ། །གཉིས་པ༑ སྐྱབས་སུ་སོང་བའི་ཕན་ཡོན་ཡོད་དེ། ནང་པ་སངས་རྒྱས་པར་ ཆུད་པ༑ སྡོམ་པ་ཐམས་ཅད་སྐྱེ་བའི་རྟེན་བྱེད་པ། སྡིག་ལྟུང་འདག་པ། ཚོགས་རྫོགས་པ། ངན་སོང་ལས་ཐར་བ། མྱུར་དུ་འཚང་རྒྱ་བ་སོགས་ཀྱི་ཕན་ཡོན་ཡོད་བའི་ཕྱིར་རོ། །གསུམ་པ༑ སྐྱབས་སུ་འགྲོ་ཚུལ་ལ། བསམ་པ་ནི་འཁོར་བ་དང་ངན་སོང་གི་སྡུག བསྔལ་གྱིས་འཇིགས་ནས་དེ་ལས་སྐྱོབ་པའི་ནུས་པ་དཀོན་ཅོག་ལ་ཡོད་པར་ཡིད་ཆེས་ཏེ། ཁྱེད་མཁྱེན་སྙམ་དུ་སྙིང་ཐག་པ་ནས་རེ་ལྟོས་འཆའ་བའི་བློས་སྐྱབས་སུ་འགྲོ་དགོས་སོ། ། གཞན་དུ་ན་བླ་མ་ལ་སྐྱབས་སུ་མཆིའོ་ཞེས་སོགས་ཀྱི་ཚིག་ཙམ་མང་དུ་བརྗོད་པ་ལས་ ཕན་ཡོན་ཙམ་འབྱུང་ཡང༌། དཀོན་ཅོག་ལ་སྐྱབས་སུ་སོང་བའི་སྐྱབས་འགྲོ་མཚན་ཉིད་པར་འགྱུར་བ་མ་ཡིན་ཏེ། སྐྱབས་འགྲོ་ཁྱད་པར་ཅན་དངོས་ནི་རྗོད་པའི་ཚིག་ཙམ་མ་ཡིན་པར། དཀོན་ཅོག་ལ་དཔུང་གཉེན་དུ་རེ་ལྟོས་འཆའ་བའི་བློ་ཞིག་གི་སྟེང་ནས་འཇོག་དགོས་ @002A ༄༅། །པའི་ཕྱིར་རོ། །སྐྱབས་སུ་འགྲོ་བའི་ཡུལ་ནི། སྤྱིར་ཕྱོགས་བཅུའི་ཞིང་རབ་འབྱམས་ན་བཞུགས་པའི་དཀོན་ཅོག་གསུམ་དམིགས་ཡུལ་དུ་བྱེད་པའམ། ཚོགས་ཞིང་དུ་སྤྱན་དྲངས་ནས་ཡན་ལག་བདུན་པ་ཕུལ་ཏེ། སྐྱབས་སུ་ འགྲོ་བའང་རུང་མོད། འཇུག་པ་བདེ་ཆེད་འདི་ལྟར་བྱ་བར་གསུངས་ཏེ། ༈ དེ་ཡང༑ མདུན་གྱི་ནམ་མཁར་སེང་ཁྲི་པདྨ་ཉི་ཟླའི་གདན་ལ་རྩ་བའི་བླ་མ་དང་དབྱེར་མེད་པའི་རྒྱལ་བ་ཤཱཀྱ་ཐུབ་པ་ལ་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཉན་རང་ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དཔག་ཏུ་མེད་པས་བསྐོར་ནས་འཁྲིགས་སེ་བཞུགས་པར་གྱུར། ཅེས་བརྗོད་དམ། མ་ཡིན་ཀྱང་དེའི་མོས་པ་ཤུགས་ཅན་བྱ། དེ་ནས་རང་དང་སེམས་ཅན་ཐམས་ཅད་མཉམ་དུ། ཕྱོགས་བཅུ་ནས༑ བླ་མ་ལ་ སྐྱབས་སུ་མཆིའོ།། སོགས་སྐྱབས་འགྲོ་བཞི་སྐོར་གང་མང་དང༌། ཡི་དམ་དཀྱིལ་འཁོར་སོགས་བཏགས་པའི་སྐྱབས་འགྲོ་དྲུག་སྐོར། ལན་བདུན་ནམ་གསུམ་སོགས་བྱ་ཞིང་དེའི་ཚེ། སྐྱབས་གནས་དེ་རྣམས་ཀྱི་ཐུགས་ཀ་ནས་འོད་དཀར་པོ་དཔག་ཏུ་མེད་པ་བྱུང་ ནས་རང་གཞན་སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་ཐམས་ཅད་དག་པར་གྱུར་སོང་སྙམ་དུ་བསམ། དེ་ནས་ཡང༑ བླ་མ་དང་དཀོན་ཅོག་རིན་པོ་ཆེ་རྣམ་པ་གསུམ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཁྱེད་རྣམས་གྱིས་བདག་གི་རྒྱུད་བྱིན་གྱིས་ རློབ་ཏུ་གསོལ། ཞེས་ལན་གསུམ་སོགས་བརྗོད་པས། སྐྱབས་ཡུལ་རྣམས་དགྱེས་བཞིན་འོད་དུ་ཞུ་ནས་རང་ལ་ཐིམ་པས་བྱིན་གྱིས་བརླབས་པར་བྱས་སོ། །སྙམ་དུ་བསམ་མོ། །བཞི་པ༑ བསླབ་བྱ་བསྡུ་ན། བྲིས་འབུར་གྱི་སྐུ་གཟུགས་གང་ཡིན་ཀྱང་ @002B སངས་རྒྱས་དངོས་ཀྱི་འདུ་ཤེས། ཆོས་ཚིགས་བཅད་གཅིག་ཡན་ལ་ཆོས་དཀོན་ཅོག་གི་འདུ་ཤེས། རབ་བྱུང་གི་རྟགས་ཙམ་འཛིན་པ་ལའང་དགེ་འདུན་དཀོན་ཅོག་དངོས་ཀྱི་འདུ་ཤེས་འཇོག་ཅིང༌། སངས་རྒྱས་ལ་སྐྱབས་སུ་སོང་ནས་འཇིག་རྟེན་པའི་ལྷ་ལ༌། སྐྱབས་སུ་མི་འགྲོ། ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་གནོད་འཚེ་སྤོང༌། དགེ་འདུན་ལ་སྐྱབས་སུ་སོང་ནས་གྲོགས་དཀོན་ཅོག་ལ་མི་གུས་པ་དང་མཛའ་མཐུན་བྱས་ནས་མི་འགྲོགས་ཤིང༌། ཅི་ཟ་ཅི་འཐུང་གི་ཕུད་ཀྱིས་མཆོད་པ་སོགས་ལ་བསླབ་ དགོས་སོ། །དེ་ནས་སེམས་བསྐྱེད་སོགས་བྱེད་ན། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱའོ་སྙམ་སྟེ། སངས་རྒྱས་ཆོས་ཚོགས་མ་དང༌། དཀོན་ཅོག་གསུམ་ལ་སོགས་གཉིས་ཀའམ་གང་རུང་ལན་གསུམ་གྱིས་སེམས་ བསྐྱེད། སེམས་ཅན་ཐམས་ཅད་བདེ་བ་ལ་འགོད་འདོད་ཀྱི་བྱམས་པ་དང༌། སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ་དང༌། བདེ་བ་དང་མི་འབྲལ་བར་འདོད་པའི་དགའ་བ་དང༌། ཉེ་རིང་ཆགས་སྡང་དང་བྲལ་འདོད་ཀྱི་བཏང་སྙོམས་ལ་གནས་པར་བྱའོ་སྙམ་སྟེ་ བསམ་པ་ཐག་པས༑ སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་གྱུར་ཅིག་སོགས་ལན་གསུམ་བརྗོད་ནས་ཚད་མེད་བཞི་བསྒོམ་མོ། །དེ་ལྟར་ཚུལ་བཞིན་དུ་ཉམས་སུ་བླངས་ནས་ཆོས་ཀྱི་གནད་བསྡུས་པའི་སྡོམ་ཉམས་སུ་བླངས་པར་འགྱུར་བས་དོན་ ཤིན་ཏུ་ཆེ་ལ། ཚིག་ཙམ་གྱིས་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བྱེད་པ་ལ་ནི་སྙིང་པོ་ཆུང་ངོ། །སྐྱབས་འགྲོ་ཁྱད་པར་ཅན་ལ་ཕན་ཡོན་སྔར་བཤད་པ་ལྟར་མ་ཟད། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། ཚད་མེད་བཞི་བསྒོམས་པ་ལའང་ཕན་ཡོན་མང་དུ་ཡོད་ @003A ༄༅། །ཚུལ་མདོ་བསྟན་བཅོས་ལས་གསུངས་པ་རྣམས་ཀྱང་ཤེས་དགོས་སོ། །དེའི་ཕྱིར་སྐྱབས་འགྲོ་སེམས་བསྐྱེད་སོགས་ཉམས་ལེན་གྱི་སྙིང་པོར་བྱེད་པར་རིགས་སོ། །ཅེས་པ་འདི་ནི། ཤཱཀྱའི་བཙུན་པ་བཤད་སྒྲུབ་མིང་ཅན་གྱིས་གཞན་ལའང་ཕན་སྲིད་སྙམ་ ནས་དམ་པའི་མན་ངག་བཞིན་སྦྱར་བའོ།། ༈ yc+།།སྡིག་སྒྲིབ་འཇོམས་བྱེད་སྟོབས་བཞིའི་ཉི་མ་བཞུགས།།-yc་ན་མོ་ཤཱཀྱ་མུན་ཡེ། yc+འདིར་ཡན་ལག་བདུན་པ་དང་འབྲེལ་བའི་སྟོབས་བཞིའི་བཤགས་པ་བྱེད་ཚུལ་འཆང་བ་ལ། གནས་ཁང་བྱི་དོར་བྱས་ནས་སྐུ་གསུང་ཐུགས་ཀྱི་རྟེན་དགྲམ། མཆོད་པ་ཅི་ནུས་བ་ཤམས་ཏེ། སྐྱབས་སེམས་རྒྱུད་དང་འདྲེས་པ་ཞིག་སྔོན་དུ་བཏང་ ནས༑ གཟུག?་ལ་བདེ་ཆེད་འདི་ལྟར་བྱ་སྟེ།-yc་བླ་མ་མཆོག་གསུམ་བདེ་གཤེགས་མཆེད་བདུན་དང༌། །ཤཱཀ་ཐུབ་ལ་སོགས་རྒྱལ་བ་སུམ་ཅུ་ལྔ། །སངས་རྒྱས་སྟོང་དང་སེམས་དཔའ་བརྒྱད་ལ་སོགས། །སྐྱབས་གནས་འཁོར་བཅས་འདིར་གཤེགས་བཞུགས་སུ་གསོལ། ། yc+ཞེས་སོགས་ཚིགས་བཅད་ཅི་རིགས་ཀྱིས་སྤྱན་དྲངས་ནས་མདུན་གྱི་ནམ་མཁར་མངོན་སུམ་དུ་བཞུགས་པའི་མོས་བདུང་དུ་དཔྱ།-yc་སངས་རྒྱས་ཐམས་ཅད་འདུས་པའི་སྐུ། yc+སོགས་དང༌།-yc་མགོན་པོ་ཐུགས་རྗེ་yc+སོགས་དང༌།-yc་ཇི་སྙེད་སུ་དག yc+སོགས་ཀྱིས་ཡན་ལག་བདུན་བ་བྱ་ཞིང༌། བསམ་ཤེས་ན་འདི་ལའང་སྟོབས་བཞི་དོན་གྱིས་ཚང་བར་འགྱུར་མོད། སྡིག་པ་བཤགས་པའི་ཚེ་སྒོས་སུ་བྱས་ན་ ལེགས་པས།-yc་རྩ་བརྒྱུད་ཀྱི་བླ་མ་རྣམས་དང་དཀོན་ཅོག་རིན་པོ་ཆེ་རྣམ་པ་གསུམ་དང་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བདག་འཁོར་བ་དང་ངན་སོང་གི་འཇིགས་པ་ལས་བསྐྱབ་ཏུ་གསོལ། yc+ཞེས་ལན་གསུམ་སོགས་བརྗོད་ པས་སམ།-yc་གཙོ་བོ་རྒྱལ་བ་yc+སོགས་ཀྱིས་ཀྱང་དེ་དག་གི་སྐྱབས་འོག་ཏུ་ཚུད་པར་བྱ། དེ་ནས་བསམ་པ་ཐག་པས།-yc་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་གྱུར་ཅིག། ལྡན་ན་ཅི་མ་རུང༌། ལྡན་པར་བདག་གིས་བྱའོ། །སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བར་གྱུར་ཅིག། བྲལ་ན་ཅི་མ་རུང་ @003B བྲལ་བ་བདག་གིས་བྱའོ། །དེའི་ཆེད་དུ་བདག་ཉིད་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པར་བྱའོ། yc+།ཞེས་ལན་མང་དུ་བརྗོད་ཅིང་བསམ་པར་བྱ་སྟེ། དེ་གཉིས་ཀའང་རྟེན་གྱི་སྟོབས་སོ།།-yc་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་གིས་ཚེ་རབས་འཁོར་ བ་ཐོག་མ་མེད་པ་ནས་ད་ལྟ་ལ་ཐུག་གི་བར་དུ་ཉོན་མོངས་པའི་དབང་དུ་གྱུར་ཏེ། མི་དགེ་བ་བཅུ་དང༌། མཚམས་མེད་པ་ལྔ་དང༌། དེ་དང་ཉེ་བ་ལྔ་བགྱིས་པ་དང༌། འཕགས་པ་ལ་བསྐུར་བ་བཏབ་པ་དང༌། སེམས་ཅན་ལ་གནོད་པའི་ལས་བགྱིས་པ་དང༌། དམ་པའི་ ཆོས་སྤངས་པ་དང༌། སྡོམ་པ་གསུམ་གྱི་བཅས་པ་དང་འགལ་བས་མཚོན་ཏེ། བཅས་རང་གི་ཁ་ན་མ་ཐོ་བའི་སྡིག་པའི་ལས་བདག་གིས་བགྱིས་པ་དང༌། གཞན་ལ་བགྱིད་དུ་སྩལ་བ་དང༌། བགྱིས་པ་ལ་རྗེས་སུ་ཡི་རང་པ་ལ་སོགས་པ་མདོར་ན་མཐོ་རིས་དང་ཐར་པའི་གེགས་ སུ་གྱུར་ཅིང༌། འཁོར་བ་དང་ངན་སོང་གི་རྒྱུར་གྱུར་པའི་ཉེས་པའི་ཚོགས་ཅི་མཆིས་པ་ཐམས་ཅད་མཐོལ་ལོ།། འཆགས་སོ། །མི་འཆབ་བོ། །མི་སྦེད་དོ། yc+།ཞེས་རང་གི་ཉེས་པ་རྣམས་ནོངས་ཤིང་འགྱོད་བའི་ཡིད་ཀྱིས་ལན་གསུམ་སོགས་བསྒྲགས་པ་ནི། རྣམ་པར་སུན་འབྱིན་པའི་སྟོབས་སོ།།-yc་དེ་ལྟ་བུའི་ ཉེས་པའི་ཚོགས་ཐམས་ཅད་ཀྱང་སླན་ཆད་མི་བྱེད་པར་གཅོད་ཅིང་སྡོམ་པར་བགྱིའོ། yc+།ཞེས་ལན་གསུམ་གྱིས་གྱིན་ཆད་ཅི་འོས་སུ་མི་བྱེད་པའི་སྡོམ་སེམས་བྱ་སྟེ། སླར་ལྡོག་པའི་སྟོབས་སོ།-yc༌།བཤགས་པ་པོ་དང་བཤགས་ཡུལ་དང་བཤགས་བྱ་ལ་སོགས་པའི་ཆོས་ཐམས་ཅད་ཀྱང༌། རང་ རང་གི་གདགས་གཞི་དང་ཆ་ཤས་ལ་བརྟེན་ནས་རྟོག་པས་བཞག་པའི་རྟེན་འབྲེལ་ཡིན་པའི་ཕྱིར། རྨི་ལམ་དང་སྒྱུ་མ་དང་ཆུའི་ཟླ་བ་ལྟར་སྣང་བ་ལས་རང་བཞིན་གྱིས་གྲུབ་པ་མེད་དོ། yc+།ཞེས་བརྗོད་ཅིང༌། དེའི་དོན་ཅི་ནུས་བསམས་ལ༑ ཤེར་སྙིང་ལན་གསུམ་དང་བསྔོ་སྨོན་བྱའོ། །རྒྱས་པ་དང༌།-yc་ @004A ༄༅། yc+།མདོ་སྡེ་ཟབ་མོ་གཞན་འདོན་པ་དང༌། སངས་རྒྱས་བྱང་སེམས་ཀྱི་མཚན་བརྗོད་པ་དང༌། མི་འཁྲུགས་པ། རྣམ་རྒྱལ།-yc་ངན་སོང་སྦྱོང་བའི་གཟུངས་སོགས་བཟླ་བ་དང༌། རྟེན་བཞེངས་པ། མཆོད་པ་འབུལ་བ། ཚ་ཚ་གདབ་པ་སོགས་གང་འགྲུབ་བྱ་བར་གསུངས་ལ། ལྟ་བ་དྲན་པ་དང༌། yc+ཉེས་པ་ལས་ལྡོག་པ་གཉིས་ ཚིག་གིས་མ་བརྗོད་པར་བསམས་ཀྱང་ཆོག་མོད། སྐབས་ཕྱེད་པའི་ཕྱིར་དེ་ལྟར་བཤད་དོ།། ལྟུང་བཤགས་དང་སྒྲེལ་ནས་བྱེད་ནའང༌། ཕྱག་འཚལ་བ་རྣམས་ནི། ཡན་ལག་བདུན་པའི་ཕྱག་གི་སྐབས་དང༌། བཤགས་བ་དང་སླར་ལྡོག་གཉིས་རྣམ་པར་སུན་འབྱིན་པ་སོགས་ཀྱི་སྐབས་གཉིས་སུ་སྦྱར་ཞིང༌། བསྔོ་བ་ནི། མཐར་བྱས་ན་ལེགས་སོ།། སྟོབས་བཞིའི་དང་པོ་དང་ཐ་མ་གཉིས་ལ་ངོས་འཛིན་ལུགས་ཅུང་མི་འདྲ་བ་རེ་ཡོང་ཀྱང༌། སྔར་བཤད་པའི་རིམ་བ་དེ། མདོ་ཉིད་དང་རྗེ་རིན་པོ་ཆེའི་དགོངས་པའོ།། དེ་ལྟར་སྟོབས་བཞིའི་སྒོ་ནས་བཤགས་པ་ལན་མང་དུ་བྱས་ན། ངན་སོང་མྱོང་ངེས་ཀྱི་ལས་སྟོབས་ཆེན་ཡང་འདག་པར་གསུངས་སོ། །མི་བཟད་སྡུག་བསྔལ་འབྱུང་བའི་སྒོ། །སྡིག་ལྟུང་མུན་ནག སྟུགས་པོ་ཀུན། །སྟོབས་བཞིའི་འོད་སྟོང་འབར་བའི་མེས། །འཇོམས་ཕྱིར་ཚུལ་འདིར་འབད་པ་གནད། །ཅེས་པ་འདི་ཡང་ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་གཞན་ལའང་ཕན་སྲིད་སྙམ་ན་སྦྱར་བའོ།། ༈ །།ན་མོ་ལོ་ཀེ་ཤྭ་ར་ཡ། yc+ཚོགས་གཉིས་བདེ་བླག་ཏུ་ཚོགས་པའི་ཐབས་དམ་པ་བརྒྱ་རྩའི་རིམ་པ་མདོར་བསྡུས་བྱ་བར་འདོད་ན་ ཕྱག་ལེན་མཐོང་བརྒྱུད་ལྟར་ཤེས་པར་བྱས་ཏེ།-yc་སངས་རྒྱས་ཆོས་དང་yc+སོགས་ཀྱིས་སྐྱབས་སེམས་སྔོན་དུ་བཏང་ནས།-yc་རང་ཉིད་སྐད་ཅིག་གིས་ཐུགས་རྗེ་ཆེན་པོ་ཞལ་གཅིག་ཕྱག་བཞི་པར་གྱུར། རང་གི་ཐུགས་ཀའི་ཧྲཱིཿ ལས་འོད་ཟེར་འཕྲོས། རང་འདྲའི་ཡེ་ཤེས་པ་ཨོཾ་བཛྲ་ས་མ་ཛཿ ཛཿ ཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧྲཱིཿ ལས་འོད་ཟེར་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས། ཨོཾ་སརྦ་yc+ནས-yc་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། ཨོཾ་ལོ་ཀེ་ཤྭ་ར་ཨརྒྷཾ་yc+ནས༑-yc་ཤཔྟའི་yc+པར་གྱིས་མཆོད།-yc་སྐྱོན་གྱིས་མ་གོས་yc+སོགས་ཀྱིས་བསྟོད་པ། ཡིག་དྲུག @004B བགྲང?༑ མཆོད་པ༑-yc་ཨ་མྲྀ་ཏ་yc+ས་བསངས༑-yc་སྭ་བྷཱ་ཝ་yc+ས་སྦྱངས༑-yc་སྟོང་པའི་ངང་ལས་མཆོད་པ་རྣམས་ཕུལ་དུ་བྱུང་བའི་ལྷ་རྫས་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿ ཧཱུཾ་yc+གསུམ་གྱིས་བྱིན་བརླབས་བྱས་ལ༑-yc་རང་གི་ཐུགས་ཀའི་ཧྲཱིཿ ལས་འོད་ཟེར་འཕྲོས་འཇིག་རྟེན་དང་འཇིག་རྟེན་ལས་འདས་ པའི་མགྲོན་རྣམས་སྤྱན་དྲངས། བླ་མ་ཡི་དམ་མཆོག་གསུམ་སོགས། །གཏོར་མགྲོན་འཁོར་དང་བཅས་པ་རྣམས། །མཆོད་སྦྱིན་ཆེད་དུ་སྤྱན་འདྲེན་གྱི། །འདིར་གཤེགས་གདན་ལ་བཞུགས་སུ་གསོལ། །ཕྱག་བྱར་འོས་པ་ཐམས་ཅད་ལ།། yc+ཞེས་སོགས་ཀྱིས་ཕྱག་བྱས་ལ༌།-yc་ ཨོཾ་བཛྲ་ཨརྒྷཾ་yc+སོགས་ཀྱིས་མཆོད།-yc་ཞལ་ཟས་རོ་བརྒྱ་ལྡན་པའི་yc+སོགས་ཀྱིས་ཞལ་ཟས་དང༑-yc་ཇི་ལྟར་བལྟམས་པ་yc+སོགས་ཀྱི་མཐར༑-yc་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་yc+ནས༑-yc་ཧཱུཾ་yc+གིས་ཁྲུས་བྱ༑-yc་འཕགས་པ་སྤྱན་རས་གཟིགས་དབང་གི yc+།ཞེས་སོགས་དང༑-yc་ཨོཾ་ཨཱཿ ཧྲཱིཿ ཧཱུཾ་yc+དང༌།-yc་ཨོཾ་མ་ཎི་པདྨེ་ཧཱུཾ་yc+དང༑-yc་ ཨོཾ་ཛཱ་ལ་མེ་དམ་སརྦ་པྲེ་ཏ་བྷྱཿ སྭཱ་ཧཱ། yc+དང༑-yc་ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀེ་ཏེ་ས་མནྟ་སྥ་ར་ཎ་ར་སྨི་བྷ་ཝ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲྀ་ད་ཡ་ཛཱ་ཡ་ནི་སྭཱ་ཧཱ། yc+དང༑ འདོད་ན༑-yc་ཀཾ་ཀ་ནི་yc+སོགས་ཀྱིས་ཀྱང་ཆུ་སྦྱིན་བྱ༑-yc་ཆུའི་སྦྱིན་པ་འདི་ལ་བརྟེན་ནས་ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་ལ་སོགས་པ་ སྲིད་པ་ཆུ་ཀླུང་གི་བདག་པོ་དང༌། གཞི་བདག་གཉུག་མར་གནས་པ་དང༌། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སྦྱིན་པ་དམ་པ་སེམས་ཀྱི་རྒྱན་དུ་གྱུར་ནས་དོན་གྱི་མཆོག་ཐོབ་པར་གྱུར་ཅིག yc+།དེ་ནས་གཏོར་མ་རྣམས་ཐུན་མོང་དུ༑-yc་ཨ་མྲྀ་ཏ་yc+ས་བསངས༑-yc་སྭ་བྷཱ་ཝ་yc+ས་སྦྱངས༑-yc་སྟོང་པའི་ངང་ལས་ བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་yc+བར་བསམས་ཏེ༑-yc་ཨོཾ་ཨཱཿ ཧཱུཾ། yc+ལན་གསུམ་བརྗོད་དེ་བྱིན་གྱིས་བརླབ༌།-yc་ན་མཿ སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀེ་ཏེ་ @005A ༄༅། །ཨོཾ་སམྦྷ་ར་སམྦྷ་ར་ཧཱུཾ། yc+ཞེས་པ་བདུན་ནམ་གསུམ་གྱིས་བསྔོ༑ མགྲོན་ཚན་བཞི་པ་ཡན་ལ༑-yc་སམྦྷ་རའི་yc+མཇུག་ཏུ།-yc་ཨོཾ་བཛྲ་ཨརྒྷཾ་yc+སོགས་ཀྱིས་མཆོད། ལྔ་པ་མན་ཡ༑ ཨརྒྷཾ་སོགས་ཀྱི་ཚབ་ཏུ་དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད། དང་པོའི་མཆོད་པའི་མཇུག་ཏུ།-yc་བདུད་ རྩིའི་རྒྱ་མཚོའི་གཏོར་མ་འདི། །བླ་མ་སངས་རྒྱས་བྱང་སེམས་དང༌། །ཡི་དམ་མཁའ་འགྲོའི་ཚོགས་ལ་འབུལ། །བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ། yc+།གཉིས་པའི་ཚེ༑-yc་བདུད་རྩིའི་(X)་ཡེ་ཤེས་མགོན་པོ་ལ་སོགས་པ། །ཆོས་སྐྱོང་སྲུང་མའི་ ཚོགས་ལ་འབུལ། །བཞེས་ནས་འཕྲིན་ལས་རྣམ་བཞི་སྒྲུབས། yc+།གསུམ་པའི་ཚེ༑-yc་བདུད་རྩིའི་(X)་དྲང་སྲོང་ཆེན་པོ་མཆོག་བརྒྱང་སོགས། །བདེན་ཚིག་གྲུབ་པ་རྣམས་ལ་འབུལ། །བཞེས་ནས་བསམ་དོན་འགྲུབ་པར་མཛོད། yc+།བཞི་བའི་ཚེ༑-yc་ བདུད་རྩིའི་(X)་ཛམྦྷ་ལ་སོགས་ནོར་ལྷ་དང༌། །ལྷན་ཅིག་སྐྱེས་པའི་ལྷ་ལ་འབུལ། །བཞེས་ནས་འདོད་རྒྱུ་ཆར་བཞིན་ཕོབ། yc+།ལྔ་པའི་ཚེ༑-yc་བདུད་(X)་ས་ཡི་ལྷ་མོ་བརྟན་མ་སོགས། །ཡུལ་ལྷ་གཞི་བདག་རྣམས་ལ་འབུལ། །བཞེས་ནས་སྟོང་གྲོགས་བཟང་པོ་མཛོད། yc+དྲུག་པའི་ཚེ༑-yc་བདུད་(X)་རྟ་བདག་བརྒྱད་སོགས་གནོད་སྦྱིན་དང༌། །ལྷ་ཀླུ་སྡེ་བརྒྱད་ཚོགས་ལ་འབུལ། །བཞེས་ནས་བདེ་སྐྱིད་འབྱུང་བར་མཛོད། yc+།བདུད་བའི་ཚེ༑-yc་བདུད་རྩིའི་(X)་འཕྲོག་མ་བུ་ལ་སོགས་པ་ཡི། །གདོན་བགེགས་འབྱུང་པོ་རྣམས་ལ་འབུལ། ། བཞེས་ནས་གནོད་སེམས་ཞི་བར་མཛོད། yc+།བརྒྱད་པའི་ཚེ༑-yc་བདུད་རྩིའི་(X)་སྐྱེ་གནས་རྣམ་པ་བཞིས་བསྡུས་པའི། །རིགས་དྲུག་འགྲོ་བའི་ཚོགས་ལ་འབུལ། །བཞེས་ནས་སྡུག་བསྔལ་ལས་གྲོལ་ཤོག yc+།དགུ་པའི་ཚེ༑-yc་བདུད་རྩིའི་(X)། བའི་བར་རྒྱལ་མོས་ @005B གཙོ་བྱས་པའི། །ཡི་དགས་ཚོགས་yc+རྣམས-yc་ཀུན་ལ་འབུལ། །བཞེས་ནས་བཀྲེས་སྐོམ་ཞི་གྱུར་ཅིག yc+།བཅུ་པའི་ཚེ༑-yc་བདུད་རྩིའི་(X)་ཐོག་མ་མེད་ནས་ལན་ཆགས་པའི། །ཤ་ཁོ་ན་གཉེར་བ་རྣམས་ལ་འབུལ། །བཞེས་ནས་བུ་ལོན་ཁྱེར་གྱུར་ཅིག yc+།བཅུ་གཅིག་པའི་ཚེ༑-yc་ བདུད་རྩིའི་(X)་སྐལ་ཆད་དབང་ཆུང་གྱུར་པ་ཡི། །ལྷག་ལ་རེ་བ་རྣམས་ལ་འབུལ། །བཞེས་ནས་ལུས་སེམས་ཚིམ་གྱུར་ཅིག yc+།ཞེས་བསྔོས་ལ༑-yc་ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང༌།། yc+ཞེས་སོགས་དང༌།-yc་སྐར་མ་རབ་རིབ་yc+སོགས་ཀྱིས་ཆོས་སྦྱིན་དང༌།-yc་བདག་གི་བསམ་ པའི་yc+སོགས་ཀྱི་མཐར༑-yc་བཛྲ་མུཿ གཏོར་མགྲོན་རྣམས་རང་གནས་སུ་གཤེགས་པར་གྱུར། yc+ཅེས་བརྗོད་ལ༑ སེང་གོལ་གདབ་ཅིང༑ བསྔོ་སྨོན་བྱའོ།།-yc་ཚིག་གི་ལོ་མའི་སྤྲོས་བྲལ་ཡང༌། །བརྒྱ་རྩའི་དོན་གྱི་སྙིང་པོ་ཀུན། །མ་ཚང་མེད་པར་གཅིག་དྲིལ་བ། །འདི་ཀོ་ཡིད་བཞིན་ནོར་བུའོ། yc+།ཅེས་པ་ འདི་ཡང༑-yc་པཎ་ཆེན་ཐམས་ཅད་མཁྱེན་པས་མཇད་པའི་བརྒྱ་རྩ་བསྡུས་པ་དང་མཐུན་པར་ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས། བརྒྱ་རྩ་གཏོང་འདོད་ཀྱང་རྒྱས་པ་མ་ལྕོགས་པ་འགའ་ལའང་ཕན་སྲིད་སྙམ་ནས་སྦྱར་བའོ།། ༈ །།ཆ་བཞི་དང་ལན་ཆགས་གཏོར་མ་གཏོར་བར་འདོད་ན། གཏོར་སྣོད་ལྔ་རིལ་བུ་ཆུ་གཙང་བཅས་སྟ་གོན་བྱས་ལ། སྐྱབས་སེམས་མདོར་བསྡུས་སྔོན་དུ་བཏང་ནས༑-yc་རང་ཉིད་སྐད་ཅིག་གིས་ཐུགས་རྗེ་ཆེན་པོ་ཞལ་གཅིག་ཕྱག་བཞི་བར་གསལ་བར་གྱུར། yc+གཏོར་མ་རྣམས་ཐུན་མོང་དུ༑-yc་ཨ་མྲྀ་yc+ཏས་བསངས༑-yc་སྭ་བྷཱ་ཝས་སྦྱངས༑ སྟོང་པའི་ ངང་ལས་བྷྲཱུཾ་ལས་རིན་པོ་ཆེའི་སྣོད་yc+ནས༑-yc་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿ ཧཱུཾ། yc+ལན་གསུམ་གྱིས་བྱིན་བརླབ་བྱ་བའམ༑-yc་ཡང་ན་ཕྱི་མ་རྣམས་ཀྱི་ཚེའང་ཡི་གེ་གསུམ་ལན་གསུམ་རེ་བརྗོད་ནས་བྱིན་གྱིས་བརླབ།-yc་རང་གི་ཐུགས་ཀའི་ཧྲཱིཿ ལས་འོད་ཟེར་འཕྲོས་པས། བླ་མ་ཡི་ @006A ༄༅། །དམ་སངས་རྒྱས་བྱང་སེམས་ཉན་རང་དཔའ་པོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ལྷ་ཀླུ་གཞི་བདག་རིགས་དྲུག་དང་ལན་ཆགས་ཀྱི་མགྲོན་རྣམས་མ་ལུས་པ་གནས་འདིར་སྤྱན་དྲངས། ཨེ་ཧྱེ་ཧི། ཀ་མ་ལཱ་ཡེ་སྟྲཾ། yc+མགྲོན་ཚན་དང་པོ་ གཉི་མ་སོ་སོལ༑-yc་སམྦྷ་ར་yc+ས་ལན་འདུན་ནམ་གསུམ་གྱིས་ཕུལ་ལ༑-yc་ཨོཾ་བཛྲ་ཨརྒྷཾ་yc+སོགས་ཀྱིས་མཆོད། དང་པོའི་མཐར།-yc་མཆོད་སྦྱིན་གྱི་གཏོར་མ་འདི་ནི། རྩ་བརྒྱུད་ཀྱི་བླ་མ་ཡི་དམ་ལྷ་ཚོགས་སངས་རྒྱས་བྱང་སེམས་ཉན་རང་དཔའ་བོ་མཁའ་འགྲོའི་ཚོག་རྣམས་ ལ་འདུལ་ལོ། །བཞེས་ནས་བདག་ཅག་འཁོར་དང་བཅས་པ་ཐམས་ཅད་ཀྱི་ཚོགས་གཉིས་རྫོགས། སྒྲིབ་གཉིས་བྱང་བ་སོགས་མཆོག་ཐུན་གྱི་དངོས་གྲུབ་མ་ལུས་པ་འགྲུབ་པར་ཕྱིན་གྱིས་རློབ་ཏུ་གསོལ། yc+གཉིས་པའི་ཚེ༑-yc་མཆོད་(X)་མྱུར་མཛད་ ཡེ་ཤེས་ཀྱི་མགོན་པོ།། དམ་ཅན་ཆོས་ཀྱི་རྒྱལ་པོ།། འདོད་ཁམས་ཀྱི་དབང་ཕྱུག།། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ལ་སོགས་པ་ཆོས་སྐྱོང་སྲུང་མའི་ཚོགས་རྣམས་ལ་འབུལ་ལོ། །བཞེས་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང༌། བདག་ཅག་སྲུང་ཞིང་ སྐྱོབ་པ་དང་འགལ་རྐྱེན་ཞི་ཞིང་མཐུན་རྐྱེན་ཐམས་ཅད་ཆོས་བཞིན་དུ་འགྲུབ་པར་མཛད་དུ་གསོལ། yc+ཕྱི་མ་གསུམ་ལ༑-yc་སམྦྷ་ར་yc+ས་བསྔོས་ནས། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད། དང་པོའི་མཇུག་ཏུ།-yc་མཆོད་(X)་སྲིད་པ་བར་དོར་གནས་པ་དང༌། ཡི་དགས་ཀྱི་ཚོགས་ ཐམས་ཅད་དང༌། རིགས་དྲུག་གི་སེམས་ཅན་རྣམས་ལའང་སྦྱིན་ནོ། །བཞེས་ནས་སྡུག་བསྔལ་མཐའ་དག་ལས་གྲོལ་ཏེ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག yc+།གཉིས་པའི་ཚེ༑-yc་མཆོད་(X)་ལྷ་ཀླུ་སྡེ་བརྒྱད་རྣམས་དང་ཡུལ་ལྷ་གཞི་བདག་གི་ @006B ཚོགས་ཐམས་ཅད་ལ་འབུལ་ལོ། །བཞེས་ནས་བདག་ཅག་གིས་ལས་དང་བྱ་བ་ཅི་བྱས་ཀྱང་ཀོ་ལོང་དང་ཕྲག་དོག་མི་མཛད་པར་མཐུན་རྐྱེན་རྣམས་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། yc+གསུམ་པའི་ཚེ༑-yc་མཆོད་སྦྱིན་གྱི་གཏོར་མ་འདི་ནི༌། ཐོག་མ་མེད་པ་ནས་ད་ལྟའི་བར་དུ་གཞན་གྱི་འདྲོག་བཅད་པ་དང༌། འཕྲོག་པ་དང༌། བརྐུས་པ་ལ་སོགས་པའི་དབང་གིས་བུ་ལོན་ལན་ཆགས་སུ་གྱུར་ནས་ཤ་ཁོ་ན་གཉེར་བར་བྱེད་པ་རྣམས་ལ་འབུལ་ལོ། །བཞེས་ནས་ལན་ཆགས་བུ་ལོན་མཐའ་དག ཁྱེ་བ། ཤ་ཁོ་ན་གནོད་པ་ཐམས་ཅད་ཞི་ནས་བྱམས་པའི་སེམས་དང་ལྡན་པར་གྱུར་ཅིག །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང༌། །དེ་རྒྱུ་དེ་བཞིན་གཤེགས་པས་གསུང༌། །རྒྱུ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་དེ་སྐད་གསུང༌། ། yc+ཞེས་དང༑-yc་བདག་གི་བསམ་པའི་yc+སོགས་དང-yc་མགྲོན་རྣམས་མཉེས་ཤིང་ཚིམ་ནས་རང་གནས་སུ་གཤེགས་པར་གྱུར། yc+ཅེས་བརྗོད་ལ༑ སེ་གོལ་གདབ་ཅིང༑ བསྔོ་སྨོན་བྱའོ། །ལན་ཆགས་གཏོར་མ་མང་དུ་གཏོང་བར་འདོད་ནའང༌།-yc་བྱིན་རླབས་སྔར་ལྟར་བྱས་ལ། སམྦྷ་རས་ ལན་ཉེར་གཅིག་ར་ཕུལ་བའི་མཐར༑ དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད་པ་སོགས་བྱའོ། །ཡང་ན༑ རང་གི་ཐུགས་ཀའི་ཧྲཱིཿ ལས་འོད་ཟེར་འཕྲོས་གདོན་བགེགས་ལན་ཆགས་ཀྱི་མགྲོན་རྣམས་མ་ལུས་པ་གནས་འདིར་སྤྱན་དྲངས་yc+སོགས་བརྗོད་ལ༑-yc་སྔར་ལྟར་ བྱིན་གྱིས་བརླབས་ནས་འབུལ་བ་སོགས་བྱས་ཏེ། མཐར་གཤེགས་པར་བྱའོ། །མཆོད་སྦྱིན་དག་པའི་ཞིང་ས་ལ། །དགེ་ཚོགས་ས་བོན་བཏབ་པ་ཡི། །ཉེར་འབྲས་ཕན་བདེའི་དགའ་སྟོན་ཆེར། །སྤྱོད་པའི་སྐལ་བཟང་མྱོང་བར་ཤོག།། །། @007A ༄༅། །ན་མོ་ཨཱརྱ་ཏཱ་ར་ཡེ། yc+འབྱུང་བཞིའི་གཏོར་མ་གཏོང་བར་འདོད་པས། ཟན་ལེབ་ལ་ཟླ་གམ་གྲུ་གསུམ་ཟླུམ་པོ་གྲུ་བཞི་ཟན་རིལ་རྣམས་དང༌། ངར་གླུད་མཐེབ་ཀྱུ་ཆང་བུ་རྣམས་ཅི་ཙམ་དགོས་པ་སྟ་གོན་བྱས་ལ། རང་གི་མདུན་གྱི་གཡོན་ཕྱོགས་ནས་འགོ་བརྩམས་ཏེ། སྣོད་སོ་སོའི་ནང་དུ་རིམ་པར་བཤས་ པ་འམ། སྣོད་གཅིག་ཏུ་བྱེད་ན་རླུང་གཏོར་དབུས་དཔལ?་དུན་ནས་གཡས་སྐོར་དུ་ཟླ་གམ་སོགས་རིམ་བཞིན་དང༌། ངར་མི་མཐེབ་ཀྱུ་ཆང་བུ་བཅས་ལོགས་སུ་བཞག་སྟེ། སྐྱབས་སེམས་རྒྱས་བསྡུས་སྤྱི་ལྟར་བྱས་ལ།-yc་སྭ་བྷཱ་ཝ་yc+ས་སྦྱངས།-yc་སྟོང་བའི་ངང་ལས་སྣ་ཚོགས་པདྨ་ཟླ་བ་ཀྲྀཥྞ་yc+ས་རའི་པགས་པའི་སྟེབ་དུ་རང་ཉིད་ སྐད་ཅིག་གིས་དམ་པ་རྒྱ་གར་ཞལ་གཅིག་ཕྱག་གཉིས་པ། མཚན་དཔེས་སྤྲས་ཤིང་ཞབས་གཉིས་སྐྱིལ་ཀྲུང་གིས་བཞུགས་པར་གྱུར། མཆོད་པ་ཨ་མྲྀ་yc+ཏས་བསངས།-yc་སྭ་བྷཱ་ཝས་yc+སྦྱངས།-yc་སྟོང་པའི་ངང་ལས་མཆོད་གཏོར་རྣམས་ལྷ་རྫས་དམ་པ་ཕུན་སུམ་ཚོགས་པ་ནམ་མཁའི་ ཁམས་གང་བར་གྱུར། ཨོཾ་ཨཱཿ ཧཱུཾ། yc+ལན་གསུམ་གྱིས་བརླབ། མཆོད་ཡུལ་བསྐྱེད་པ་སོགས་ནི།-yc་ཆོས་ཀུན་རང་བཞིན་སྟོང་པ་ཉིད་དུ་གྱུར། །སྟོང་པའི་ངང་ལས་མདུན་གྱི་མཁའ་དབྱིངས་སུ། །རིན་ཆེན་ཁྲི་སྟེང་པད་ཉི་ཟླ་གདན་དང༌། །ཀྲྀཥྞ་ས་རའི་པགས་སྟེང་དུས་གསུམ་གྱི། ། རྒྱལ་ཀུན་ངོ་བོ་དམ་པ་རྒྱ་གར་ནི། །མཆོག་གསུམ་རིགས་ལྔ་ཡི་དམ་མཁའ་འགྲོ་དང༌། །བསྟན་སྲུང་རྒྱ་མཚོས་བསྐོར་ནས་རབ་བཞུགས་པའི། །གནས་གསུམ་རྡོ་རྗེ་གསུམ་མཆན་ཧཱུཾ་ཡིག་ལས། །འོད་འཕྲོས་རང་བཞིན་གནས་ནས་རང་འདྲ་བའི། །ཡེ་ཤེས་པ་རྣམས་ སྤྱན་དྲངས་དབྱེར་མེད་གྱུར། །བསོད་ནམས་ཡེ་ཤེས་ཚོགས་ལས་ཉེར་འཁྲུངས་ཤིང༌། །ལུང་རྟོགས་ཡོན་ཏན་དུ་མའི་ཚོགས་ཀྱིས་བརྒྱན། །ཡིད་འོང་མཚན་དང་དཔེ་བྱད་དཔལ་འབར་བ། །གྲུབ་པའི་དབང་ཕྱུག་ཞབས་ལ་ཕྱག་འཚལ་ལོ། །དཔག་མེད་ལུས་ @007B སྤྲུལ་སྒོ་གསུམ་གུས་ཕྱག་འཚལ། །དངོས་བཤམས་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོ་འབུལ། །སྡིག་སྟུང་ཉེས་པའི་ཚོགས་རྣམས་སོ་སོར་བཤགས། །རང་གཞན་ཀུན་གྱི་དགེ་ལ་རྗེས་ཡི་རང༌། །མྱ་ངན་མི་འདའ་རྟག་པར་ལེགས་བཞུགས་ནས། །འགྲོ་ལ་ཆོས་ཀྱི་ འཁོར་ལོ་བསྐོར་བར་བསྐུལ། །དགེ་ཀུན་རྫོགས་པའི་སངས་རྒྱས་ཐོབ་ཕྱིར་བསྔོ། །རྩོད་མེད་གྲུབ་ཆེན་དམ་པ་རྒྱ་གར་དང༌། །མཆོག་གསུམ་རྒྱལ་བ་སྲས་བཅས་ཐམས་ཅད་ལ། །གསོལ་བ་འདེབས་སོ་བདག་དང་སྦྱིན་བདག་སོགས། །བསྲུང་སྐྱོབ་མཛད་ཅིང་མཆོག ཐུན་དངོས་གྲུབ་སྩོལ། yc+།གཏོར་མ་རྣམས་སྔར་ལྟར་བསངས་སྦྱངས།-yc་སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཡཾ་རཾ་བཾ་ལཾ་བཞི། དེ་ཡོངས་སུ་གྱུར་པ་ལས་འབྱུང་བཞིའི་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་འདོད་ཡོན་ ལྔ་ལྡན་གྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿ ཧཱུཾ། yc+གསུམ་གྱིས་བརླབས་ལ། བསྔོ་བ་ནི། དང་པོ་ཟླ་གམ་ལ་དམིགས་ཏེ།-yc་ཨོཾ་ཙ་ཚ་ཛ་ཛྷ་ཉ་ཡཾ་ཨོ་ཨཽ་སྭཱ་ཧཱ། yc+ཞེས་ལན་གསུམ་མམ་བདུན་གྱིས་བསྔོས་ལ།-yc་ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་yc+སོགས་ཀྱིས་མཆོད།-yc་ལཾ་ལས་བྱུང་བའི་ རླུང་རྫས་ཡངས་ཤིང་གཡོ། །རབ་སྔོ་འདོད་ཡོན་ལྔ་ལྡན་གཏོར་མ་འདི། །བླ་མ་སངས་རྒྱས་བྱང་སེམས་ཡི་དམ་ལྷ། །ཉན་རང་དཔའ་བོ་མཁའ་འགྲོ་ཆོས་སྐྱོད་དང༌། །ཁྱད་པར་རྡོ་རྗེའི་རིགས་རྣམས་འཁོར་བཅས་ལ། །འབུལ་ལོ་བཞེས་ནས་རྣལ་འབྱོར་སྦྱིན་ བདག་གི །རླུང་ནད་རྒྱལ་འགོང་ཤར་ཕྱོགས་གདོན་རྣམས་དང༌། །ཞེ་སྡང་སོགས་ཞི་འབྱུང་བཞི་སྙོམས་པར་མཛོད། yc+།གཉིས་པ་བྲུ་གསུམ་ལ་དམིགས་ཏེ།-yc་ཨོཾ་ཊ་ཋ་ཌ་ཌྷ་ཎ་རཾ་ཨེ་ཨཻ་རྀ་རཱྀ་སྭཱ་ཧཱ། yc+ལན་གསུམ་མམ-yc་བདུན་དང༌། སྔར་བཞིན་མཆོད། རཾ་ལས་བྱུང་བའི་མེ་རྫས་ཚ་ @008A ༄༅། །ཞིང་བསྲེག །རབ་དམར་འདོད་ཡོན་(X)། །བླ་མ་(X)། །ཉན་རང་(X)། །ཁྱད་པར་རིན་ཆེན་རིགས་རྣམས་(X)། །འབུལ་ལོ་(X)། །མཁྲིས་ནད་བདུད་བཙན་ལྷོ་ཕྱོགས་གདོན་རྣམས་དང༌། །ང་རྒྱལ་སོགས་ཞི་འབྱུང་བཞི་(X)། yc+།གསུམ་པ་ཟླུཾ་པོ་ལ་དམིགས་ཏེ།-yc་ཨོཾ་བ་པཾ་བྷ་མ་བཾ་ ཨུ་ཨཱུ་སྭཱ་ཧཱ། yc+ལན་གསུམ་མམ་བདུན་དང༌། སྔར་བཞིན་མཆོད།-yc་པཾ་ལས་བྱུང་བའི་ཆུ་རྫས་བརླན་ཞིང་གཤེར། །རབ་དཀར་འདོད་ཡོན་(X)། །བླ་མ་(X)། །ཉན་རང་(X)། །ཁྱད་པར་པདྨའི་རིགས་རྣམས་(X)། །འབུལ་ལོ་(X)། །གྲང་ནད་དམ་སྲི་ནུབ་ཕྱོགས་གདོན་རྣམས་དང༌། །འདོད་ཆགས་ སོགས་ཞི་འབྱུང་བཞི་(X)། yc+།བཞི་པ་གྲུ་བཞི་ལ་དམིགས་ཏེ།-yc་ཨོཾ་ཏ་ཐ་ད་དྷ་ན་ཨེ་ལྀ་ལཱི་ཨི་ཨཱི་སྭཱ་ཧཱ། yc+ལན་གསུམ་མམ་བདུན་དང༌། སྔར་བཞིན་མཆོད།-yc་ལཾ་ལས་བྱུང་བའི་ས་རྫས་སྲ་ཞིང་འཐས། །རབ་སེར་འདོད་ཡོན་(X)། །བླ་མ་(X)། །ཉན་རང་(X)། །ཁྱད་པར་ལས་ཀྱི་རིགས་རྣམས་(X)། ། འབུལ་ལོ་(X)། །བད་ཀུན་ས་བདག་བྱང་ཕྱོགས་གདོན་རྣམས་དང༌། །བྲག་དོག་སོགས་ཞི་འབྱུང་བཞི་སྙོམས་པར་མཛོད། །ལྔ་པ་གཏོར་མ་བྱིན་བརླབས་སྤྱི་ལྟར་བྱ་བ་འམ། ཨོཾ་ཨཱཿ ཧཱུཾ། yc+ལན་གསུམ་གྱིས་བརླབས་ལ།-yc་རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། གནོད་བྱེད་གདོན་ བགེགས་ལན་ཆགས་ཀྱི་མགྲོན་རྣམས་མ་ལུས་པ་འདིར་སྤྱན་དྲངས། ཨ་ཀཱ་རོ་yc+ལན་གསུམ་གྱིས་བསྔོ། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད་དེ།-yc་ཕུན་ཚོགས་འདོད་ཡོན་ལྔ་ལྡན་པའི། །བདུད་རྩིའི་རྒྱ་མཚོའི་གཏོར་མ་འདི། །སྟེང་འོག་བར་གྱི་གདོན་ཀུན་དང༌། །བུ་ལོན་ཆགས་ པ་རྣམས་ལ་བསྔོ། །བཞེས་ནས་གནོད་འཚེའི་སེམས་བོར་ཏེ། །བྱམས་པའི་སེམས་དང་ལྡན་པར་མཛོད། yc+།རྒྱུན་པར་ཡིན་ན་ཆོས་སྦྱིན་དང་གཤེགས་གསོལ། བསྔོ་སྨོན་བྱས་ནས་མཇུག་བསྡུ་བའང་རུང་ལ། ནད་པའི་ཆེད་དུ་གླུད་ཡོད་ན་ལེགས་པས། དེ་སྔར་ལྟར་བསངས་སྦྱངས།-yc་སྟོང་པའི་ངང་ @008B ལས་འདོད་ཡོན་ལྔ་ལྡན་གྱི་ངར་མི་མཁོ་དགུའི་ཡོ་བྱད་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར། ཨོཾ་ཨཱཿ ཧཱུཾ། yc+ལན་གསུམ་བརྗོད་དེ།-yc་ཨ་ཀཱ་yc+རོས་བསྔོ། དེ་ནས-yc་ཀྱཻ་འབྱུང་བའི་ཁྱད་པར་རྒྱས་པ་ལས། །རུས་པའི་གླུད་འདི་རྡོ་ལ་གཏོང༌། །ཤ་ཡི་གླུད་འདི་ས་ལ་(X)། །ཁྲག་གི་གླུད་འདི་ ཆུ་(X)། །དྲོད་ཀྱི་གླུད་འདི་མ་(X)། །དབུགས་ཀྱི་གླུད་འདི་རླུང་ལ་(X)། །སེམས་ཀྱི་གླུད་འདི་མཁའ་ལ་(X)། །རྡོ་དང་ས་ཆུ་མེ་རླུང་དང༌། །མཁའ་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་གཏོར་མ་འདི་ལོང་ལ། །གནོད་འཚེའི་བསམ་སྦྱོར་གཏན་བོར་ལ། །ཕྱིན་ཆད་ཁོན་དང་གནོད་ མ་བྱེད། །ཕྱི་ལྟར་བལྟས་ནས་དྲི་སྨན་ལྔ། །ནང་ལྟར་བལྟས་ན་རིན་ཆེན་ལྔ། །གསང་བ་ཡེ་ཤེས་མཁའ་འགྲོ་ལྔ། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི། །གླུད་དང་གཏོར་མ་འདི་ལོང་ལ། །ཁོན་དང་གནོད་པ་མ་བྱེད་ཅིག །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང༌། yc+།ཞེས་སོགས་ ཀྱིས་ཆོས་སྦྱིན་བྱ། མཐར་སེ་གོལ་དང་བཅས་ཏེ།-yc་མགྲོན་རྣམས་མཉེས་ཤིང་ཚིམ་ནས་རང་གནས་སུ་གཤེགས་པར་གྱུར། yc+ཅེས་བརྗོད་ལ། གཏོར་མ་རྣམས་ཕྱོགས་བཞིར་བསྐྱལ་ལོ། །བསྡུ་ན་སྣོད་གཅིག་ཏུ་དབུས་སུ་ངར་གླུད་འཇོག་པ་སོགས་བྱས་ཀྱང་རུང་བར་བཤད། ལོ་གྲངས་ཡིན་ན་སྔར་ལྟར་བྱས་པ་རེར་ཚར་དེང་བརྩི་ཞིང༌། གལ་ཏེ་ མི་ཐུབ་ན། གཏོར་མ་རྣམས་རེ་རེ་ནས་ལོ་གྲངས་བྱས་པ་རང་རང་གི་སྟེང་དུ་བརྩིགས་ནས་བསྔོ་སྔགས་ཚིགས་བཅད་གཉིས་ལོ་གྲངས་དང༌། དེ་ཡང་མ་ལྕོགས་ན་ཚར་གཅིག་བཤམས་ཏེ་སྔགས་ལོ་གྲངས་དང་ཚིགས་བཅད་ལན་ཅིག་བརྗོད་ནས་བསྔོ་བའི་ཚུལ་ཡང་བཤད་དོ། །ཇི་སྐད་བརྗོད་པ་དེ་དག་དམ་པ་གཞན་གྱི་མན་ངག་དང༌། གཙོ་བོར་པཎ་ཆེན་རིན་ པོ་ཆེའི་གསུང་ལ་བརྟེན་པ་ཡིན་ནའང༌། འདིར་རླུང་དང་མེའི་འབུལ་སྔགས་ཀྱི་གསལ་བྱེད་དེ་ལས་གོ་བཟློག་སྟེ་བཤད་པ་ནི་སྔགས་ཀྱི་བཟླག་ཐབས་མང་པོ་ལས་ཙེ་སྡེ་རླུང་ཁམས་དང༌། ཊ་སྡེ་མེ་ཁམས་སུ་བཤད་པ་དང་མཐུན་པར་བྱས་པའོ།།-yc༌།།ན་མོ་ཨུཥྞཱི་ཥ་བི་ཛ་ཡེ། yc+བསུར་གཏོང་བར་འདོད་ན། དྲི་བསུང-yc་ @009A ༄༅། །སྟ་གོན་བྱས་ལ། yc+སྐྱབས་འགྲོ་སེམས་བསྐྱེད་རྒྱས་བསྡུས་ཅི་རིགས་སྔོན་དུ་བཏང་ནས།-yc་ཨོཾ་སྭ་བྷཱ་ཝ་yc+ས་སྦྱངས།-yc་སྟོང་པའི་ངང་ལས་པད་ཟླའི་གདན་ལ་རང་ཉིད་སྐད་ཅིག་གིས་རྗེ་བཙུན་སྤྱན་རས་གཟིགས་དབང་ཕྱུག་ཞལ་གཅིག་ཕྱག་བཞི་བར་གསལ་བར་གྱུར། རང་གི་ཐུགས་ ཀའི་ཧྲཱིཿ ལས་འོད་འཕྲོས་པས། །བླ་མ་ཡི་དམ་དཀོན་མཆོག་སྲིད་ཞུའི་མགྲོན། །གདོན་བགེགས་ལན་ཆགས་རིགས་དྲུག་སྙིང་རྗེའི་མགྲོན། །མ་ལུས་སྤྱན་དྲངས་འདོད་པའི་གདན་ལ་བཞུགས། །ཨོཾ་བཛྲ་ཨ་མྲྀ་yc+ཏས་བསངས།-yc་སྭ་བྷཱ་ཝ་yc+ས་སྦྱངས།-yc་སྟོང་པའི་ངང་ལས་ བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་འདོད་ཡོན་ལྔ་ལྡན་གྱི་དྲི་ཕུན་སུམ་ཚོགས་པ་ས་དང་བར་སྣང་ནམ་མཁའི་ཁྱོན་ཐམས་ཅད་གང་བར་གྱུར། །ཨོཾ་ཨཱཿ ཧཱུཾ། yc+ལན་གསུམ།-yc་ན་མཿ སརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀེ་ཏེ་ཨོཾ་སམྦྷ་ ར་སམྦྷ་ར་ཧཱུཾ། yc+ཞེས་པ་བདུན་གྱིས་བསྔོ།-yc་ཨོཾ་བཛྲ་ཨརྒྷཾ་པྲ་ཏིཙྪ་yc+ནས།-yc་ཤཔྟའི་yc+བར་གྱིས་མཆོད། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད།-yc་དྲི་མཆོག་འདོད་ཡོན་ལྔ་ལྡན་པའི། །ཟག་མེད་བསུར་གྱི་མཆོད་པ་འདི། །བླ་མ་ཡི་དམ་དཀོན་ཅོག་གསུམ། །མཁའ་འགྲོ་ཆོས་སྐྱོང་ཐམས་ ཅད་དང༌། །དྲི་ཟའི་ཚོགས་དང་རིགས་དྲུག་མགྲོན། །ལྷ་ཀླུ་གཞི་བདག་ཐམས་ཅད་དང༌། །ལན་ཆགས་ཤ་ཁོན་གཉེར་བའི་གདོན། །ཁྱད་པར་བར་དོའི་འགྲོ་བ་ལ། །འབུལ་ལོ་བཞེས་ཤིང་ཚིམ་གྱུར་ཏེ། །གནས་སྐབས་བར་ཆད་ཀུན་ཞི་ཞིང༌། །ཚེ་རིང་ནད་མེད་འབྱོར་ པ་རྒྱས། །མཐར་ཡང་བདེ་བ་ཅན་ལ་སོགས། །དག་པའི་ཞིང་དུ་སྐྱེས་ནས་ཀྱང༌། །འགྲོ་དོན་རིས་མེད་བྱེད་གྱུར་ཅིག །བཛྲ་མུཿ མགྲོན་རྣམས་རང་གནས་སུ་གཤེགས་པར་གྱུར། yc+ཅེས་བརྗོད་ལ་བསྔོ་སྨོན་བྱའོ། །དེ་ལྟར་བྱས་ན་ཕན་ཡོན་མང་དུ་ཡོད་པར་གསུངས་སོ།།-yc་དགེའོ།། @009B །། ༈ །།ན་མོ་གུ་རུ། yc+སཱཙྪ་གདབ་པར་འདོད་ན།-yc་ཨོཾ་བཛྲ་ཁ་ན་ཁ་ན་ཧཱུཾ་yc+གིས་བརྐོས་པའི་ས་ལ་རིན་པོ་ཆེ་དང་དྲི་བཟང་གི་ཕྱེ་མ་བསྲེས་པ་ལས་འཇིམ་པ་གཙང་མ།། ལག་པ་གཡོན་པའི་མཐེ་བོས་མཐེའུ་ཆུང་བསྣན་ལ་ཁ་ཡར་བསྟན་གཡས་པ་ཡང་དེ་བཞིན་དུ་བྱས་ལ་ཁ་བུག་པའི་བར་དུ་བཟུབ་སྟེ།-yc་རང་ཉིད་སྐད་ཅིག་གིས་ དཔལ་རྡོ་རྗེ་འཇིགས་བྱེད་yc+ཅེས་པ་ནས།-yc་ཡུམ་དང་བཅས་པའི་སྐུར་བཞེངས་བར་གྱུར། yc+འཇིམ་པ-yc་ཧྲཱིཿ ཥྚྲིཿ yc+ས་བསངས།།-yc་སྭ་བྷཱ་ཝ་yc+ས་སྦྱངས།-yc་སྟོང་པའི་ངང་ལས་བྷྲུཾ་ལས་འཇིམ་པ་རིན་པོ་ཆེའི་ཕུང་པོར་གྱུར། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རྣམ་པར་སྣང་མཛད་ཀྱི་ཐུགས་རྒྱུད་བསྐུལ་ཏེ། དེའི་ ཐུགས་ཀ་ནས་འོད་དང་བདུད་རྩི་དཔག་ཏུ་མེད་པ་བྱུང༌། འཇིམ་པ་ལ་ཐིམ་པར་བྱིན་གྱིས་བརླབས་པར་yc+བསམས་ལ།-yc་ན་མོ་བྷ་ག་ཝ་ཏེ་བཻ་རོ་ཙ་ན་པྲ་བྷ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སཾ་མྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་སུ་ཀྵ་མེ་སུ་ཀྵ་མེ། ས་མེ་ས་མེ། ཤཱནྟེ་དནྟེ། ས་མ་རོ་པེ། ཨ་ ན་ལམྦྷེ། ཏ་རམྦྷེ། ཡ་ཤོ་ཝ་ཏེ། མ་ཧཱ་ཏེ་ཛེ། ནི་རྐུ་ལེ། ནི་ར་ཝ་ཏེ། སརྦ་བུད་དྷ་ཨ་དྷིཥྛ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ། yc+ཞེས་པ་ཉེར་གཅིག་གམ་བདུན་སོགས་བཟླ།-yc་ན་མཿ ས་མནྟ་བུད་དྷཱ་ནཾ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། yc+ཞེས་པས་འཇིམ་པ་བཅད།-yc་ཨོཾ་བཛྲ་ཨུད་བྷ་ཝཱ་ཡེ་ སྭཱ་ཧཱ་yc+ས་འབི་འབི་བྱ།-yc་ཨོཾ་ཨ་ར་ཛི་བི་ར་ཛེ་སྭཱ་ཧཱ་yc+ས་སྣུམ་འབྱུག-yc༌།ཨོཾ་དྷརྨ་དྷཱ་ཏུ་གརྦྷེ་སྭཱ་ཧཱ་yc+ས་བར་དུ་འཇུག-yc༌།ཨོཾ་བཛྲ་མུད་ག་ར་ཨ་ཀོ་ཊ་ཡ་ཨ་ཀོ་ཊ་ཡ་ཧཱུཾ་yc+གིས་བརྡུང༌།-yc་ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་ད་ཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་ཝཱ་དཱི་མ་ཧཱ་ཤྲཱ་མ་ཎ་ཡོ་སྭཱ་ ཧཱ་yc+ས་མེ་ཏོག་འབུལ།-yc་ཨོཾ་དྷརྨ་ཏ་རེ་སྭཱ་ཧཱ་yc+ས་དབྱུང༌།-yc་ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ་yc+ས་བརྟན་བཞུགས་བྱའོ། །སཱཙྪའི་ནང་དུ་གཟུངས་ཁྱད་པར་ཅན་དབུ་ནས་ནང་དུ་བསྒྲིལ་ཏེ་བཅུག་ན་ལས་སྒྲིབ་འདག་པ་སོགས་ཕན་ཡོན་ལྷག་པར་ཆེ་བར་བཤད་པས། དེ་ལྟར་བྱས་ན་ལེགས་སོ། །སཱཙྪ་ལ་རབ་གནས་རྒྱས་པ་མ་གྲུབ་ན།-yc་ཨོཾ་སརྦ་ཏ་ཐཱ་ག་ཏཱ་མ། @010A ༄༅། །ཎི་ཤ་ཏཱ་དཱིཔྟ་ཛྭ་ལ་ཛྭ་ལ་དྷརྨ་དྷཱ་ཏུ་གརྦྷེ་སྭཱ་ཧཱ། ཇི་སྲིད་མེ་དང་ཆུ་དང་ནི། །རླུང་གིས་བསྐལ་བ་འཇིག་གི་བར། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བཅོམ་ལྡན་ཁྱོད་ནི་བཞུགས་བར་མཛོད། yc+།ཞེས་ལན་གསུམ་དང༌།-yc་སུ་པྲ་ཏིཥྛ་yc+བརྗོད་ནའང་རབ་ཏུ་གནས་བའི་གོ་ཆོད་ བར་བཤད་དོ། །དེ་ལྟ་བུའི་སཱཙྪ་ནི་རྟེན་གྲལ་ལམ། འབུམ་ཁར་དང༌། མཆོད་རྟེན་སོགས་ཀྱི་ནང་ངམ། གནས་གཙང་མ་བླ་གབ་ཅན་དུ་བཞུགས་བ་དང༌། བཞུགས་པའི་གནས་མི་བདེ་ན་ཆུ་བོ་ཆེན་པོར་འདོར་བར་ཡང་གསུངས་སོ།-yc༌། སྨྲས་པ། རྗོད་བྱེད་ཚིག་གི་ལོ་འདབ་རྒྱས་མིན་ཀྱང༌། །བརྗོད་བྱའི་འབྲས་བུའི་ཁུར་གྱིས་ རབ་དུད་པའི། །གཟུར་གནས་རེ་སྐོང་ཡོངས་འདུའི་དབང་འདི་ཡང༌། yc+།དམ་པའི་ལེགས་བཤད་དགའ་བའི་ཚལ་ལས་འོངས། །ཞེས་ཆ་བཞི། འབྱུང་བཞིའི་གཏོར་མ་བསུར་གཏོང་ཚུལ། སཱཙྪ་གདབ་པའི་རིམ་པ་རྣམས་མདོར་བསྡུས་ཏེ་བརྗོད་པ་འདི་ཡང༌། དམ་པ་སྔ་མའི་མན་ངག་ལས་འབྱུང་ པའི་དོན་བཞིན་གཞན་ལ་ཕན་སྲིད་སྙམ་པའི་འདུན་པས་ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་མཛེས་བྱེད་ཀྱི་ཡོར་སྦྱར་བའི་ཚེ།-yc་དཔོན་སྲས་དབོན་ཆུང་རིན་པོ་ཆེས་པར་ཤིང་གི་གནང་སྦྱིན་སྩལ་བ་ལ་བརྟེན་ནས་པར་དུ་བསྒྲུབས་པའོ།། །།མངྒ་ལཾ༌།། ༧་yc+རུས་ཆོག་མདོར་བསྡུས་བྱེད་ན།-yc་རང་ཉིད་སྐད་ཅིག་གིས་དཔལ་རྡོ་རྗེ་འཇིགས་བྱེད་yc+ནས-yc་བཞེངས་པར་གྱུར། བུམ་པ་དྲི་བཟང་གི་ཆུས་བཀར་བ་ལ་དམིགས་ཏེ། ཀཾ་ཀ་ནི་དང་ཀུན་རིག་གི་གཟུངས་ཅི་ནུས་བཟླས་ལ། རུས་པ་ཨ་མྲྀ་ཏས་བསངས། རུས་པའི་སྟེང་དུ་ཨ་ལས་ཟླ་བའི་ དཀྱིལ་འཁོར་གྱི་སྟེང་དུ་ཨ་དཀར་པོས་མཚན་པ། དེ་ལས་བདུད་རྩིའི་རྒྱུན་བབས་པས་དམིགས་ཡུལ་གྱི་སྡིག་སྒྲིབ་ཐམས་ཅད་སྦྱངས་ཤིང་དག་པར་གྱུར་པར་བསམས་ལ་སྔགས་གཉིས་བརྗོད་ཅིང་སྤེལ་ཚིག་དང་བཅས་པས་བཀྲུ་བར་བྱའོ།། ཤུ་བཾ།། @010B [BLANK PAGE]