[སྔོན་འགྲོའི་དཔར་གཞི།]་ @001A ༄༅། །སྐྲ་ཆོག་སྡིག་སྒྲིབ་ཀུན་འཇོམས་ཞེས་བྱ་བ་བཞུགས་སོ། ། @001B ༄༅༅། །མཚན་ཙམ་དྲན་པ་ཡིས་ཀྱང་ངན་འགྲོ་ཡི། །སྡུག་བསྔལ་རྒྱུ་བཅས་དྲུང་ནས་རབ་འབྱིན་པ། །མངོན་དགའི་ཞིང་གི་དཔལ་གྱུར་བཅོམ་ལྡན་འདས། །རྒྱལ་བ་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། yc+།འདིར་ཚེ་ལྡན་གྱི་སྐྲ་འམ། ཚེ་འདས་ཀྱི་དོན་དུ་རུས་ཆོག་བྱེད་པར་འདོད་ན། བུམ་རྫས་དང་ལྡན་པའི་བུམ་པ་མགུལ་འཆིང་ཅན་དང་མཆོད་པ་སྟ་གོན་བྱས་ལ། སྐྱབས་འགྲོ་སོགས་སྔོན་དུ་བཏང་ནས།-yc་རང་ཉིད་སྐད་ཅིག་གིས་རྒྱལ་བ་མི་འཁྲུགས་པ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པར་གསལ་བར་གྱུར། yc+བུམ་པ།-yc་ཨ་མྲྀ་ཏས་yc+བསངས།-yc་སྭཱ་བྷཱ་ཝ་yc+ས་སྦྱངས།-yc་སྟོང་པའི་ངང་ལས་བཾ་ལས་ བྱུང་བའི་བུམ་པ་ལྟོ་བ་ཆེ་བ་མགྲིན་པ་རིང་བ་མཆུ་འཕྱང་བ་ལ་སོགས་པའི་མཚན་ཉིད་ཐམས་ཅད་དང་ལྡན་པའི་ནང་དུ་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གྱིས་མཚན་པ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ ཡོངས་སུ་གྱུར་པ་ལས་རྡོ་རྗེ་མི་འཁྲུགས་པ་སྐུ་མདོག་སྔོན་པོ། ཞལ་གཅིག་ཕྱག་གཉིས་གཡས་ས་གནོན་དང༌། གཡོན་མཉམ་གཞག་གི་ཕྱག་རྒྱའི་སྟེང་ན་རྡོ་རྗེ་རྩེ་ལྔ་པ་བསྣམས་པ། དར་གྱི་ན་བཟའ་དང་དབུ་རྒྱན་ལ་སོགས་པ་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་སྤྲས་ཤིང༌། འོད་ཀྱི་ཕུང་པོའི་དབུས་ན་ ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿ དམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་རྒྱལ་བ་མི་འཁྲུགས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་ མཱ་ཛཿ ཛཿ ཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས། ཁྱེད་རྣམས་ཀྱིས་འདི་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་དེ་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ནས། @002A ༄༅། །ཨོཾ་སརྦ་yc+ནས-yc་ཤྲཱི་ཡེ་ཨཱཿ ཧཱུཾ། ཞེས་དབང་བསྐུར། ལུས་ཐམས་ཅད་གང༌། དྲི་མ་ཐམས་ཅད་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་གྱུར། yc+མཆོད་པ-yc་ཨ་མྲྀ་ཏ་yc+ས་བསངས།-yc་སྭ་བྷཱ་ཝ་yc+ས་སྦྱངས།-yc་སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་ སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་ཡོན་yc+ནས-yc་ནམ་མཁའ་དང་མཉམ་པར་གྱུར། ཨོཾ་ཨརྒྷཾ་ཨཱཿ ཧཱུཾ་yc+ནས-yc་ཤཔྟ་ཨཱཿ ཧཱུཾ་yc+གིས་བྱིན་གྱིས་བརླབས་ལ།-yc་ཨོཾ་ཨཀྵོ་བྷྱཿ ས་པཱ་རི་ཝཱ་ར་ཨརྒྷཾ་yc+ནས-yc་ཤཔྟའི་yc+བར་གྱིས་མཆོད།-yc་ཆོས་དབྱིངས་རང་བཞིན་ཨིནྟྲ་ནཱི་ལའི་ མདོག །ཞལ་གཅིག་ཕྱག་གཉིས་ས་གནོན་མཉམ་གཞག་ཅན། །ལྷ་ཡི་གོས་དང་རིན་ཆེན་རྒྱན་མང་མཛེས། །བཅོམ་ལྡན་མི་འཁྲུགས་པ་ལ་ཕྱག་འཚལ་བསྟོད། །བཅོམ་ལྡན་འདས་ཀྱི་ཐུགས་ཀའི་ཟླ་གདན་གྱི་སྟེང་དུ་ཧཱུཾ་གི་མཐར་སྔགས?་ཕྲེང་གིས་བསྐོར་བ་ལས་འོད་འཕྲོས། སེམས་ཅན་ ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། སངས་རྒྱས་བྱང་སེམས་རྣམས་ཀྱི་བྱིན་རླབས་ཐམས་ཅད་འོད་དང་བདུད་རྩིའི་རྣམ་པར་བཀུར་ནས་སྔགས་ཕྲེང་ལ་ཐིམ་པར་གྱུར་yc+པར་བསམས་ལ།-yc་ན་མོ་རཏྞ་ཏྲ་ཡཱ་ཡ། ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧན་ པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་ཕ་རཱ་ཎི་མེས་རྦ་སཏྭཱ་ནཉྩ་སྭཱཧཱ། yc+ཅི་དུས?་བཟླའོ།། ཡིག་བརྒྱ་བརྗོད་དེ་མཆོད་བསྟོད་བྱས་ནས།-yc་བཛྲ་སུཿ བུམ་ལྷ་ཡེ་ཤེས་པ་གཤེགས་ཤིང་དམ་ཚིག་པ་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར། yc+བར་བསམ། དེ་ནས་སྐྲ་འམ་རུས་པ་གང་ཡིན་ཀྱང༌།-yc་ཨ་མྲྀ་ཏ་yc+ས་བསངས། སྐྲ་འམ-yc་རུས་པ་རྣམས་ ཀྱི་སྟེང་དུ་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུཾ་ཡིག་གི་མཐར་བཟླས་བྱའི་སྔགས་ཀྱིས་བསྐོར་བ་ལས་བདུད་རྩིའི་རྒྱུན་བབས་པ་བུམ་པའི་ཆུ་དང་འདྲེས་ཏེ། yc+སྐྲ་འམ།-yc་རུས་པ་རྣམས་ལ་ཐིམ་པས་ཆེ་གེ་མོའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་སྦྱངས་པར་གྱུར་yc+པར་བསམས་ལ།-yc་ཀཾ་ཀ་yc+ནི་དང༌། རྣམ་སྣང་གི་ @002B ?གསུངས་རིང་ཐུང་གཉིས་དང༌།-yc་ཨོཾ་བཛྲ་གྲ་མརྡྷ་ན་ཡེ་སྭཱ་ཧཱ། yc+ཞེས་པ་རྣམས་ཅི་ནུས་བཟླས་ལ། བུམ་པའི་མུས་ཁྲུལ་བྱ། བར་བར་དུ་སྔགས་ཀྱི་མཐར། ཆེ་གེ་མོའི-yc་སྡིག་སྒྲིབ་ཐམས་ཅད་དག་ནས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག ། yc+ཅེས་བརྗོད། རྒྱས་པར་བྱན།-yc་འདི་ནི་སྦྱིན་པའི་རང་བཞིན་ཆུ། yc+།སོགས་དང༌།།-yc་ འདོད་ཆགས་ཞེ་སྡང་གཏི་མུག་རྣམས། yc+།སོགས་དང༌།-yc་ས་ནི་དུག་གི་མ་ཡིན་ཏེ། yc+།ཞེས་སོགས་རེ་རེའི་མཐར་སྔགས་སྤེལ་ཚིག་དང་བཅས་པ་བརྗོད་ཅིང་ཁྲུས་བྱའོ། །འདི་ནི་ཅུང་ཟད་རྒྱས་པའི་ལུགས་ཡིན་ལ། བསྡུས་པ་ནི་གཞན་དུ་བཤད་ཟིན་ཏོ། །སྐྲ་དང་རུས་པ་ཙམ་དུ་མ་ཟད་ཚེ་ལྡན་ནམ་ཚེ་འདས་ཀྱི་སོ་དང་སེན་མོ་སོགས་ལའང་དེ་བཞིན་བྱ་ བར་གསུངས་སོ། །བཀྲུས་པའི་ཆུ་གཙང་སར་འདོར་རམ། རུས་པ་སོགས་ཞིབ་པར་བརྡུང་བའམ། སྐྲ་ལྟ་བུ་བསྲེག་པའི་ཐལ་བ་དང་སྦྱར་ནས་སཱཙྪ་འདེབས་པའི་སར་བསྲེས་ལ། སཱ་ཙྪ་འདེབས་ཆོག་ལྟར་བྱའོ། །ཡང་ན་རུས་པ་སོགས་ཆུ་བོ་ཆེན་པོ་དང༌། རིའི་རྩེ་ནས་རླུང་ལ་བསྐུར་བར་གསུང༌། དེ་ལྟར་རུས་ཆོག་ཚུལ་བཞིན་དུ་བྱས་པའམ། གཟུངས་ སྔགས་མིན་སྣེལ་དང་བཅས་པ་བྲིས་ཏེ་མཆོད་རྟེན་ཆེན་པོ་དང༌། སཙྪའི་ནང་དུ་བཅུག་པ་མང་དུ་བྱས་ན་གང་ཟག་དེ་ངན་འགྲོ་ལས་གྲོལ་བར་འགྱུར་ཞེས་མི་འཁྲུགས་པའི་རྒྱུད་ལས་བཤད་དོ།།-yc༌།།ན་མོ་བཻ་རོ་ཙ་ན་ཡེ། yc+རྣམ་པར་སྣང་མཛད་ཀྱི་སྒོ་ནས་སྐྲའམ་རུས་ཆོག་བྱེད་པར་འདོད་ན། བུམ་པ་སོགས་སྟ་གོན་བྱས་ཏེ། སྐྱབས་སེམས་སྔོན་དུ་ བཏང?་ནས།-yc་རང་ཉིད་སྐད་ཅིག་གིས་རྣམ་སྣང་དཀར་པོ་ཞལ་གཅིག་ཕྱག་གཉིས་པར་གསལ་བར་གྱུར་yc+བར་བསམས། བུམ་པ་སྔར་བཞིན་བསངས་སྦྱངས།-yc་སྟོང་པའི་ངང་ལས་བྷྲུཾ་ལས་བྱུང་བའི་བུམ་པ་མཚན་ཉིད་ཐམས་ཅད་དང་ལྡན་པའི་ནང་དུ་པད་ཟླའི་གདན་ལ་ཨོཾ་ལས་འཁོར་ལོ་ཨོཾ་གྱིས་མཚན་པ། དེ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས་འདུས་ཡོངས་སུ་གྱུར་པ་ལས། རྣམ་སྣང་དཀར་པོ་ཞལ་བཞི་དཀར་བ། ཕྱག་གཉིས་མཉམ་གཞག་གི་ཕྱག་རྒྱས་འཁོར་ལོ་བསྣམས་པ། དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་ཤིང༌། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་ @003A ༄༅། །སྤྱི་བོར་ཨོཾ་དཀར་པོ། yc+ནས-yc་ཧཱུཾ་སྔོན་པོ། དེ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲས་མཱ་ཛཿ ཛཿ ཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་yc+ནས-yc་ བུའི་??་ཡང་རྩད་པ་ལས་རྡོ་རྗེ་སེམས་དཔེས་དབུ་བརྒྱན་པ་དགུབ། yc+པར་བསམས་ལ། མཆོད་པ་བྱིན་གྱིས་བརླབས་ཏེ།-yc་ཨོཾ་པཻ་རོ་ཙ་ན་ཨཤཾ་yc+ནས-yc་ཤཔྟའི་yc+བར་གྱིས་མཆོད།-yc་ཆོས་དབྱིངས་ཡེ་ཤེས་yc+རྣམ་པར་དག །རྣམ་པར་སྣང་མཛད་བཅོམ་ལྡན་འདས། །ཏིང་ངེ་འཛིན་ལྡན་ཕྱག་རྒྱ་ཅན། །རྣམ་པར་ སྣང་མཛད་ལ་ཕྱག་འཚལ། yc+།ཅེས་པས་བསྟོད།-yc་བཅོམ་ལྡན་འདས་གྱི་ཐུགས་ཀའི་ཨོཾ་ཡིག་གི་མཐར་yc+སྔགས་འཕྲེང་གིས་བསྐོར་བ-yc་ལས་འོད་འཕྲོས། སེམས་ཅན་ཐམས་ཅད་ཀྱི་ངན་སོང་གི་སྡུག་བསྔལ་རྒྱུ་དང་བཅས་པ་ཞི་བར་བྱས། འོད་ཟེར་སླར་འདུས་ནས་དེ་ཉིད་ལ་ཐིམ་པར་yc+བསམས་ལ།-yc་ཨོཾ་ སརྦ་བིད་སརྦ་ཨཱ་ཝ་ར་ཎ་བི་ཤོ་དྷ་ན་ཧ་ན་ཧཱུཾ་ཕཊ། yc+ཅེས་གཟུངས་ཐུང་དང༌།-yc་ཨོཾ་ན་མོ་བྷ་ག་ཝ་ཏེ་སརྦ་དུརྒ་ཏེ་པ་རི་ཤོ་དྷ་ན་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་སཾམྱཀྶཾ་བུད་དྷཱ་ཡ། ཏདྱ་ཐཱ། ཨོཾ་ཤོ་དྷ་ནེ་ཤོདྷ་ནེ་སརྦ་པཱ་པཾ་བི་ཤོ་དྷ་ནེ་ཤུད་དྷེ་བི་ཤུད་དྷེ། སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤོདྷ་ནེ་སྭཱ་ཧཱ། yc+ཞེས་གཟུངས་རིང་ ཅི་ནུས་བཟླ། མཇུག་ཏུ་ཡིག་བརྒྱ་དང་མཆོད་བསྟོད་བྱས་ཏེ།-yc་བཛྲ་མུཿ ཡེ་ཤེས་པ་གཤེགས་ཤིང༌། དམ་ཚིག་པ་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར་yc+པར་བསམ་མོ། །དེ་ནས་ཁྲུས་ཀྱི་ཚེ་སྒྲ་དང་རུས་པ་སོགས་གང་ཡིན་ཀྱང་སྔར་མི་འཁྲུགས་པའི་སྐབས་སུ་བཤད་བ་ཇི་ལྟ་བ་བཞིན་བྱ་ལ། འདོད་ན་གཟུངས་དང་སྤྲེལ་ཏེ་ཀ་ཀ་ནི་བཟླས་ནའང་ཕུན་སུམ་ ཚོགས་པར་འགྱུར་རོ། །དེའི་ཚེ་ཁྱད་པར་ནི་སྒྲའམ་རུས་པའི་སྟེང་དུ་ཨོཾ་ཡིག་གི་མཐར་ཞེས་བསྒྱུར་བར་བྱའོ། །ཀུན་རེག་གི་ཆོག་སྦྱོང་བ་དང་བཅས་པ་བྱེད་བཞིན་པ་ཡིན་ན་འདི་ལྟར་མ་བྱས་ཀྱང་འགྲུབ་ལ། བྱས་ནའང་མ་འགེལ་བར་མ་ཟད་ཤིན་ཏུ་ལེགས་པ་ཡིན་ནོ། །མཐར་སྒྲ་དང་རུས་པ་སོགས་ཇི་ལྟར་བྱ་བའང་མི་འཁྲུགས་པའི་སྐབས་ @003B སུ་བཤད་པ་ལྟར་རོ།།-yc༌།།ན་མོ་ཨུ(shTH'A)ཥཱ་བི་ཛ་ཡེ། yc+འདིར་རྣམ་པར་རྒྱལ་མའི་སྒོ་ནས་སྒྲ་འམ་དུས་ཆོག་བྱེད་པར་འདོད་ན། བུམ་པ་སོགས་སྟ་གོན་བྱས་ལ། སྐྱབས་སེམས་སྡུན་དུ་བཏང་ནས། རང་ཉིད་སྐད་ཅིག་གིས་རྗེ་བཙུན་རྣམ་པར་རྒྱལ་པར་གསལ་བར་གྱུར། yc+བུས་པ་སྔར་བཞེན་བསངས་སྦྱངས།-yc་སྟོང་ པའི་ངང་ལས་བྷྲུཾ་ལས་བྱུང་བའི་བུམ་པ་མཚན་ཉིད་ཐམས་ཅད་དང་ལྡན་པའི་ནང་དུ་པད་ཟླའི་གདན་ལ་བྷྲུཾ?་ཡིག་དཀར་པོ། དེ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས། འདུས་ཡོངས་སུ་གྱུར་བས་རྗེ་བཙུན་རྣམ་པར་རྒྱལ་མ་སྐུ?་མ་དོག་དཀར་མོ་ཞལ་གསུམ་ཕྱག་བརྒྱད་མ། རྩ་ཞལ་དཀར། གཡས་ཞལ་སེར། གཡོན་ཞལ་སྡོན་པོ་ཡིང་ཙམ་ཁྲོ་བ། ཞལ་རེ་རེ་ལའང་སྤྱན་གསུམ་གསུམ་དང་ལྡན་ཞིང༌། yc+མཆེ་བ་ཅུང་ཟད་གཙིགས་པ།-yc་ཕྱག་བརྒྱད་ཀྱི་གཡས་དང་པོས་སྣ་ཚོགས་རྡོ་རྗེ། གཉིས་པས་འོད་དཔག་མེད། གསུམ་པས་མདའ། བཞི་པས་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་ པ༑ གཡོན་དང་པོས་སྡིགས་མཛུབ་དང་བཅས་ཏེ་ཞགས་པ་འཛིན་པ། གཉིས་པས་མི་འཇིགས་པའི་ཕྱག་རྒྱུ། གསུམ་པ་ན་གཞུ། བཞི་པས་མཉམ་གཞག་གི་ཕྱག་རྒྱའི་སྟེང་ན་བདུད་རྩིས་གང་བའི་བུམ་པ་བསྣམས་མ། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་བརྒྱན་ཅིང༌། ཞབས་ རྡོ་རྗེའི་སྐྱིལ་གྲུང?་གིས་བཞུགས་པ། དེའི་སྤྱི་བོར་ཨོཾ་དཀར་པོ། yc+ནས-yc་ཧཱུཾ་སྔོན་པོ། དེ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་པས་རྗེ་བཙུན་རྣམ་པར་རྒྱལ་མ་ལ་སངས་རྒྱས་དང་བྱང་རྒྱུབ་སེམས་དཔའི་ཚོགས་ཀྱིས་བསྐོར་ཐ་སྤྱན་དྲངས། ཛཿ ཧཱུཾ་པྲཾ་ཧོཿ གཉིས་སུ་མེད་པར་ གྱུར། སླར་ཡང་yc+ནས།-yc་རྣམ་པར་སྣང་མཛད་ཀྱི་དབུ་བརྒྱན་པར་གྱུར་yc+པར་བསམས་ལ།-yc་མཐོད་པ་སར་བཞིན་བྱིན་གྱིས་བརླབས་ནས།-yc་ཨོཾ་ཨཱརྱ་ཨུའི?་ཥཱ་བི་ཛ་ཡ་མ་པཱ་རི་ཝ་ར་ཨརྒྷཾ་yc+ནས-yc་ཤཔྟའི་བར་གྱིས་མཆོད། དཔལ་ལྡན་ལྷ་མོ་སྟོན་གའི་བླ་བའི་མདོག །ཞལ་གསུམ་ཕྱག་བརྒྱད་རབ་མཛེས་ @004A ༄༅། །ཞི་བའི་སྐུ། །ཡེ་ཤེས་དཔག་ཡས་ཚེ་ཡི་མཆོག་སྩོལ་མ། །རྣམ་པར་རྒྱལ་མའི་ཞབས་ལ་ཕྱག་འཚལ་བསྟོད། yc+།ཞེས་པས་བསྟོད།-yc་རྗེ་བཙུན་མའི་ཐུགས་ཀའི་ས་བོན་སྔགས་འཕྲེད་དང་བཅས་པ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་ལས་སྒྲིབ་མ་ལུས་པ་སྦྱངས་ གྱལ་བ་སྲས་བཅས་ཀྱི་བྱིན་རླབས་ཐམས་ཅད་བསྡུས་ནས་སྔགས་འཕྲེང་ལ་ཐིམ་པར་གྱུར་པར་yc+བསམས་ལ། གཟུངས་རིང་ཅི་ནུས་བཟླ། མཇུག་ཏུ་ཡིག་བརྒྱ་བརྗོད་དེ། མཆོད་བསྟོད་བྱས་ལ།-yc་བཛྲ་མུཿ ཡེ་ཤེས་པ་གཤེགས་ཤིང༌། དམ་ཚིག་པ་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར་yc+བར་བསམ། དེ་ནས་སུས་ ཕྱི་ཚེ། སྐྲའམ།-yc་རུས་པའི་སྟེང་དུ་བྷྲུཾ་ཡིག་གི་མཐར་ཞེས་བསྒྱུར་བ་མ་གཏོགས། སྔར་མི་འཁྲུགས་པའི་སྐབས་སུ་བཤད་པ་ཇི་ལྟ་བ་བཞིན་ཏེ། འདོད་ན་གཟུངས་ཀྱི་འཕྲོར་མི་འཁྲུགས་པ་དང༌། རྣམ་སྣང་གི་གཟུངས་རིང་ཐུང་གཉིས་བཟླས་ནའང་ཕུན་སུམ་ཚོགས་བར་འགྱུར་ལ། མཇུག་ཏུ་སྐྲ་སོགས་ཇི་ལྟར་བྱ་བའང་སྔར་མི་འཁྲུགས་ པའི་སྐབས་སུ་བཤད་པ་ལྟར་རོཾ།། །།སྔར་བཤད་པ་དེ་ལས་ཅུང་ཟད་བསྡུས་པ་བྱེད་ན། རང་ཉིད་ལྷ་གང་འདོད་པ་དེར་བསྐྱེད་དེ། བུམ་པ་དྲི་བཟང་གི་ཆུས་ཕྱེད་ཙམ་བཀང་བ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས།-yc་སྟོང་པའི་ངང་ལས་བཾ་ལས་བྱུང་བའི་བུམ་པའི་ནང་དུ་ཟླ་བའི་གདན་ལ་ཧཱུཾ་ཡིག་གི་མཐར་ ཡི་གེ་བརྒྱ་པ་ལ་སོགས་པའི་སྔགས་འཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། རྒྱལ་བསྲས་བཅས་ཀྱི་བྱིན་རླབས་ཐམས་ཅད་འོད་དང་བདུད་རྩིའི་རྣམ་པར་བསྡུས་ནས་སྔགས་འཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས་པས་ བུམ་པ་གང་བར་གྱུར་yc+བར་བསམས་ཏེ། ཡིག་བརྒྱ།-yc་ཀཾ་ཀ་ནི། དུར་ག་ཏེ། རྣམ་རྒྱལ་གྱི་གཟུངས་རིང༌། གཙུག་ཏོར་དྲི་མེད། པདྨ་ཨུཥྞཱི་(shRA)་རྣམས་ཅི་འགྲུབ་བཟླ། དེ་ནས་སྤ་འམ་རུས་པ་ཨ་མྲྀ་ཏས་བསངས། སྐྲ་འམ-yc་རུས་པའི་སྟེང་དུ་ཟླ་གདན་ལ་ཧཱུཾ་ཡིག་དཀར་པོ། དེ་ལས་བདུད་རྩིའི་རྒྱུན་དཀར་ཆིལ་ཆིལ་ @004B བབས་པས། ཆེ་གེ་མོའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་སྦྱངས་ཤིང་དག་བར་གྱུར། yc+ཅེས་བརྗོད་ཅིང༌། གཟུངས་དེ་རྣམས་བཟླ་ཞིང་མཐར་སྦེལ་ཚིག་སྦྱར་ལ་བཀྲུ་བར་བྱའོ། །སྤྱིར་སྡིག་སྒྲིབ་སྦྱོར་བའི་ཐམས་མངན་ནའང?་ངན་སོང་སྦྱོར་བ་ལ་བསྔགས་པའི་གཟུངས་སྔགས་ཁྱད་བར་ཅན་ལ་བརྟེན་ནས་འདི་ལྟར་བྱེད་པ་ནི་ འཇུག་པ་བདེ་ཞིང༌། གང་ལ་དམིགས་པ་དེ་ཉིད་ངན?་སོང་ལས་ཐར་བར་འགྱུར་བ་སོགས་ཕག་ཡོན་ཅད་?ཞིང་གུ་ཆེས་སན། རང་གཞན་དང་ལའང?་ཕན་པའི་ཉི་བམ་ཡིན་ནོ།། །།སྨྲས་པ། ངན་འགྲོར་འབེན་བྱེད་སྡིག་སྒྲིབ་གྱི། །དྲི་མ་བག་ཆགས་བཅས་པ་ཀུན། །དྲུང་འབྱིན་སྐྲ་ཆོག་བདུད་རྩིའི་རྒྱུན། །འདི་ ཀོ་སྔོན་མེད་གངྒཱའོ། །ཞེས་སྒྲ་ཆོག་སྡིག་སྡིག་སྒྲིབ་?་འཇོམས་ཤེས་བྱ་བ་འདི་ཡང?། ཤཱཀྱའི་ཞིག?་སློང་བཤད་སྒྲུབ་མིང་ཅན་གྱིས་གཞན་ཕན་བར་བྱུང་ན་སྙམ་པའི་འདུན་པ་ཁོ་ནས་དམ་བའི་མན་ངག་དང་མཐུན་བར་སྦྱར་བའོ།། བཀྲ་ཤིས།། །།