སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་ཆོས་འབྱུང་ལོ་རྒྱུས་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ་
Herein contained is the String of Jewels, A Religious History of the Jewel Park for Study and Contemplation, Sera Mey Monastic College
བརྗོད་བྱཿ
གྲྭ་ཚང་གི་ལོ་རྒྱུས་ཕྱོགས་བསྡུས་
Content:
A Collected History of this Monastic College
མཛད་པ་པོཿ
སེར་སྨད་སྤོམ་ར་དགེ་བཤེས་ཡེ་ཤེས་དབང་ཕྱུག་
Author:
Sera Mey Pomra House Geshe Yeshe Wangchuk
*****
ཤར་ཕྱོགས་བསྟན་པའི་སྒྲོན་མེ་ཅོ་ནེ་རྗེ་བཙུན་གྲགས་པ་བཤད་སྒྲུབ་ནི། དུས་རབས་བཅོ་བརྒྱད་ནང་ཨ་མདོ་ཅོ་ནེ་ཡུལ་དུ་སྐུ་འཁྲུངས། དབུས་སུ་ཕེབས་ནས་སེར་སྨད་གྲྭ་ཚང་དུ་ཐོས་བསམ་སློབ་གཉེར་གནང་སྟེ་གཞུང་ཆེན་མོར་སྦྱང་པ་མཐར་ཕྱིན་པར་མཛད། དེ་ནས་རང་ཡུལ་དུ་ཕྱིར་ཕེབས་ཅོ་ནེ་དགོན་ཆེན་གྱི་བླ་མ་གནང་སྟེ་བསྟན་པའི་བྱ་བ་རྒྱ་ཆེན་པོ་མཛད། དེའི་གསུང་འབུམ་པོད་ཉི་ཤུ་སྐོར་ཡོད། དེའི་ནང་ནས་དབུ་ཕར། འདུལ་མཛོད། ཚད་མ། རྒྱུད་སྡེ་བཞིའི་སྐོར་སོགས་ཡོད།།
From the east there was a lamp of the teachings named the holy one, Chone Lama Drakpa Shedrup. He was born in the 18th century, in a place in Amdo known as Chone. He went to Sera Mey college in central Tibet to study and learn: to thoroughly master the teachings of the great scriptures. After that he returned to his birthplace and was a teacher at the great Chone Monastery where he gave extensive teachings. Of those, we have about twenty volumes. Among these are teachings on Middle Way philosophy, the Perfection of Wisdom, Discipline, Higher Knowledge, Valid Perception, the four classes of Secret teachings, as well as others.